Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼ ནང༌གི༌ཨ༌མ༌དྲན༌པ།། ༽

Posted on 2018-01-282018-01-29 By ཁ་བརྡ No Comments on ༼ ནང༌གི༌ཨ༌མ༌དྲན༌པ།། ༽

རྒྱ༌ཤོད༌བུ༌ཆུང༌དར༌རྒྱས།

 

བརྩེ༌ལྡན༌ཟླ༌མོ༌ཕྱོགས༌ལ༌སོང༌ཤུལ།།
ཟླ༌མེད༌ཨ༌བུ༌ཁེར༌མ༌ལྷག༌དུས༎
ནང༌གི༌ཨ༌མ༌དྲན༌པའི་རྦ༌རླབས།།
ཡིད་ཀྱི་མཚོ་ལས་རབ་ཏུ་འཕྱུར་སོང་།།

རྒྱ༌མཚོའི༌གཏིང༌ལ༌རིན༌ཆེན༌དོ༌ཤལ༎
སྙིང༌གི༌མཐིལ༌ལ༌ནོར༌བུ༌ཆ༌གཅིག།
ཚེ༌སྐལ༌འདི༌ཡིི༌ནོར༌བུ༌རང༌འགྲིག།
མ༌དང༌བུ༌མོ༌ཚེ༌འདིའི༌སྙིང༌པོ།།

སྲི༌ཞུའི༌བྱ༌བའི༌ལས༌རྫོབ༌ཅུང༌གིས༎
ཡུལ༌སྐོར༌སྤྲོ༌བསང༌ཁོམ༌ལོང༌མ༌བྱུང༌༎
མ༌སྨད༌གཉིས༌པོ༌ལྷོ༌མཐར༌བུད༌ཐལ༎
མ༌འོངས༌ལྷན༌དུ༌སྤྲོ༌འཁྱམ༌སྒུག༌ཡོད༎

ཁྲུང༌ཁྲུང༌མ༌སྨད༌ལྷོ༌ལ༌འཕུར༌ཏེ༎
རྨི༌ལམ༌ཞིང༌གི༌ལུང༌གཤོངས༌ཕུ༌ནས༎
བྲག༌ཆ༌སྡེབ༌པའི༌གསུང༌སྙན༌གྲག༌བྱུང༌༎
མ༌དང༌བུ༌མོའི༌དགོད༌སྒྲ༌ཡིན༌སོང༌༎

ཨ༌མ༌ཡོལ༌བའི༌དགུན༌གཞུང༌དེ༌ལ༎
མལ༌ཆས༌འཇམ༌པོ༌ཤོ༌ལྟར༌བསྒྲིགས༌པ༎
རྨི༌ལམ༌རོལ༌བའི༌མི༌བུ༌གན༌གིས༎
གང༌འཚམ༌དམག༌གི༌ཤུལ༌ལྟར༌བརྫད༌སོང་༎

ནང༌གི༌ཨ༌མ༌རྩིབ༌ན༌མེད༌དུས༎
ནངས༌དུས༌སྔ༌མོའི༌འོ༌ཇ༌ཆད༌ཐལ།།
དུས༌གསུམ༌ཉིན༌མོའི༌ལྟོ༌དུས༌འཁྲུག༌ཐལ།།
ཐབ་ཀ་དྲོན་མོའི་ཚ་དྲོད་ཡལ་ཐལ།།

ཐབ༌ཚང༌གྲུ༌བཞིའི༌ཟུཪ༌ཁུག༌དེ་ལ༎
ལྟོ༌སྣོད༌དཀྲུ་སའི་ལྕག་གཞོང་མེར་སོང༎
ཕྱི་བཤོལ་ལས་ཀྱི་གོམས་འདྲིས་ངན༌པས༎
ཨ་མའི་མེ་ཁྱིམ་ཡོངས་སུ་བརྫད་སོང་།།

འབྱུང་བཞིའི་ལུས་ལ་དྲོ་ཞིང་འཇམ་པ།།
དྲི་ཞིམ་ཐུལ་བའི་སྟོད་གོས་དོར་མ།།
རིམ༌བཞིན༌ལེ༌ལོས༌ཁུག༌སོར༌སྤུངས་པ།།
འགྱ༌ཕོས༌མི༌འཇོན་བྱི་དོར་གཙང༌བཟོ།།

རྒྱ་རྫོང་འདབ་ཆགས་སྲིབ་ལ་ཕུར་ཡང་།།
ས་སྲོད་མཚམས་སུ་ཚང་ལ་འཁོར་ཡོང་།།
སྒོར་ཁར་གསོས་པའི་ཁེར་ཀྱང་བྱ་ཕོས།།
ཉིན་ཞག་དུས་དང༌འགྲོ༌འདུག༌གོ༌ལོག།

ཁྱིམ༌བདག༌དྲིན༌ཅན༌གནས༌ལ༌མེད༌ན༎
སྒོ༌ཁྱི༌རྒྱ༌བོ༌རྟེན༌ས༌མེད༌རེད༎
ནོར༌བུ༌ཆ༌འགྲིག༌ནང༌ལ༌མེད༌ན༎
ནང༌མི༌ལ༌ལ༌འཁོར༌འདོད༌མེད༌རེད༎

ལས་ཀྱིས་བསྐོས་ཏེ་བགྲངས་བྱ་བཅུ་ལྷག།
ཡུད་ཙམ་གྱེས་བའི༌མྱོང་བ་ཟབ་མོ།།
བཅོས་མིན་རང་བཞིན་སྙན་པའི་སྒྲ་རུ།།
བརྩེ་བས་རྒྱན་ཏེ་ཕྱོགས་བཅུར་ཤོར་སོང་།།

དལ༌འབྱོར༌ལུས༌འདིའི༌སྲོག༌གི༌དོ༌ཡ༎
གཅེས༌ཕྲུག༌འཛིན༌འཛིན༌ཚེ༌རིང༌ལོ༌བརྒྱ།
ཁ༌སྒོ༌སྐྱེ༌འབྲས༌མིག༌ལམ༌འཆར༌བཞིན།།
ཁ༌བརྡ༌བསླབ༌བྱའི༌སྐད༌འཕྲིན༌བསྐུར༌ཡོད༎

ཕ༌མས༌བསྐྱུར༌བའི༌བཙན༌གྱི༌དྭ༌ཕྲུག།
ཆ༌མེད༌ལ༌ལུང༌ཉུལ༌བའི༌འགག༌ཏུ།།
རྒྱ༌སེའི༌མེ༌ཏོག༌རྐང༌གཅིག༌བཞད༌པ༎
མཐོན༌པོའི༌ལ༌རྩེར༌ང༌ཡིས༌འདྲེན༌ཆོག།

ས༌མཐར༌འཁྲུངས༌པའི༌རྒྱ༌ཤོད༌སྲས༌མོ༎
མ༌སྲུ༌སྟོང༌གི༌མགྲིན༌ཚབ༌ཆགས༌ཡོད༎
རིག༌པའི༌སྟོབས༌ཀྱི༌གཉོམ༌ལག༌རྒྱས༌ཤོག།
ཕ༌མ༌གཉེན༌གྱི་རེ༌བའི༌འདུན༌མ༎

དཔེ༌སྟོན༌རིག༌ཚལ༌མེ༌ཏོག༌ལྡུམ༌རྭར༎
བུང༌བ༌འདུས༌པའི༌སྦྲང༌ཚང༌གསུམ༌པའི།།
སྦྲང༌ཆུང༌དཀྱིལ༌ནས༌ལྡིང༌རྩལ༌རྩེར༌སོན༎
ཨ༌མའི༌བུ་མོས༌སྤོབས༌པ༌ངོམས༌བྱུང༌༎

ཁྱིམ༌བདག༌ཨ་ཇོ༌སྣང༌བ༌རྒྱ་ཡན༎
བྱམས༌ལྡན༌མཛའ༌མོའི༌གཡང༌རྟེན༌བརྩིས༌འདུག།
གཡང་རྟེན་སྐུ་འདྲ་མགུལ༌ཙམ༌བྱས་དུས།།
གཟུངས་གཞུག་མཛའ་བརྩེ་ཕྱིར་རུ་བརྡོལ༌སོང་།།

ཆུ་འཛིན་དཀར་པོས་ཇི་ཙམ་ཉུག་ཡང་།།
ནམ་མཁའ་ཡངས་པོའི་མཚམས་དེ་མི་རེག།
མ༌དང༌བུ༌མོར༌བཅངས་པའི་བརྩེ༌དུང་༎
འཇལ༌བའི༌ཚད༌དེ༌སྲིད༌ན༌མེད༌དོ༎

མཇའ༌མོའི༌བརྩེ༌སེམས༌དུང༌ཟླ༌དཀར༌པོ༎
མཚན༌མོའི༌མུན༌ནག༌ཇི༌ཙམ༌སེལ༌ཡང༌༎
ལོག༌པར༌ལྟ༌བའི༌རང༌ཤེད༌ཅན༌པོ༎
ཐན༌བྱ༌འུག༌པས༌སྐད༌ངན༌མ༌རྒྱག།

རླབས༌ཆེན༌སྐྱེས༌མ༌ནོར༌བུ༌འོད༌འབར༎
རྒྱང༌དུ༌སོང༌ཡང༌འོད༌ཟེར༌འཕྲོ༌ཡོང༌༎
ལོང༌བའི༌མདུན༌ལ༌དགོས༌འདོད༌ཀུན༌འབྱུང༌༎
མ༌ཚོར༌རྡོག༌ཞབས༌མ༌འགྲོ༌ཤོག༌ཅིག།

རང༌བཞིན༌བརྗོད༌པའི༌རང༌དཔེའི༌ཚུལ༌དུ༎
རབ༌བཏགས༌གབ༌ཚིག༌གཞན༌ལ༌རྒྱན༌ཡོད༎
སྲོག༌ལྡན༌སྙན༌ངག༌མཐུ༌རྩལ༌ཡོད༌ན༎
འབྱུང༌པོའི༌ཚོགས༌ལ༌འོད༌སྣང༌སྦྱིན༌ཤོག།

ངེས༌མེད༌མི༌རྟག༌འཁོར༌བའི༌རང༌བཞིན༎
གནས༌སྐབས༌མགྲོན༌པོ༌ཞུགས༌པའི༌ཚེ༌ན༎
དགའ༌སྡུག༌ཟང༌ཟིང༌ཁ༌དོག༌སྣ༌ཚོགས།།
འདོད༌ཆུང༌ཆོག༌ཤེས༌སྐྱིད༌ཀྱི༌རྩ༌བ༎

བཅུ༌དྲུག༌ལང༌ཚོའི༌སྙན༌ངག༌ས༌སྟེང༌གང༌༎
ཆགས༌སྲེད༌དགའ༌མའི༌སྙན༌ངག༌གནམ༌འོག༌རྨད།
ཨ༌མར༌བསྟོད༌པའི༌སྙན༌ངག༌ཁམས༌གསུམ༌ཁྱབ༎
ཁྱིམ༌གཞིའི༌བདག༌མོར༌སྙན༌ངག༌མི༌འོས༌སམ༎

རང༌སེམས༌ངོགས༌ཀྱི༌ཡིད༌འོངས༌པདྨ༌ཞིག།
དེ༌ལས༌འཁྲུངས༌པའི༌གེ༌སར༌འབྲས༌བུ༌ཞིག།
འདམ༌གྱི༌དྲི༌མ༌ཟད༌ཅིང༌འཚར༌ལོངས༌རྒྱས༎
ཅི༌བསམ༌འདོད༌དགུ༌དགའ༌བདེའི༌དཔལ༌ཡོན༌རྒྱས༎

རྒྱ༌ཤོད༌བུ༌ཆུང༌དར༌རྒྱས།

རེས་གཟའ་ཉི་མ། 2018/01/23

སྙན་ངག

Post navigation

Previous Post: ནམ་ཟླ་དབྱེར་མེད་ཀྱི་བརྩེ་དུང་།
Next Post: གླུ་མ་གཡང་ཕྱུག་མཚོའི་དགའ་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme