Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼ གཞོན་ནུའི་འགྱུར་ཁུགས་ ༽ དྲ་བ་ཤར་གཏོང་བྱས་པ།

Posted on 2011-04-20 By ཁ་བརྡ་ 19 Comments on ༼ གཞོན་ནུའི་འགྱུར་ཁུགས་ ༽ དྲ་བ་ཤར་གཏོང་བྱས་པ།

web-logo
བཀུར་འོས་པའི་ཀློག་མཁན་རྣམ་པ། ཕྲན་གྱིས་ཡུན་རིང་འབད་པ་བྱས་མཐར་གཞོན་ནུའི་འགྱུར་ཁུགས་ཞེས་པའི་བོད་སྐད་ཡིག་གི་ལས་དབང་དང་ཐད་ཀར་འབྲེལ་བའི་དྲ་བ་གསར་བ་ཞིག་སྒྲིག་བཟོ་ལེགས་འགྲུབ་བྱུང་ཡོད། དྲ་ཚིགས་འདི་ནི་ཆེད་དུ་བསམ་བློ་གསར་བ་དང་ལྟ་བ་གསར་བ། མཆོང་སྐྱོད་གསར་བའི་རྗེས་སུ་སྙེག་གིན་པའི་དུས་རབས་འདིའི་ན་གཞོན་རྣམས་ཀྱི་ཆེད་དུ་དམིགས་ཏེ་བཟོ་སྒྲིག་བྱས་པ་དང་། དྲ་ཚིགས་འདི་བརྒྱུད་དེང་རབས་ཀྱི་ན་གཞོན་རྣམས་ཀྱིས་ཕན་ཚུན་ལ་གློ་རྒྱུ་མའི་སྐད་ཆ་བཤད་པ་དང་སེམས་དང་བསམ་པའི་རི་མོ་ཇི་བཞིན་བརྗོད་ཆོག་པར་མ་ཟད། ཁ་བཙོག་བཤད་པ་དང་དགའ་རོགས་འཚོལ་བ། ལ་གཞས་ལེན་པ། འཁྲིག་གཏམ་བརྗོད་པ། ཀུ་རེ་རྩེད་པ་སོགས་ཕྱོགས་གང་ས་ཅི་ཐད་ནས་ཀྱང་རང་དབང་ཆེས་ཆེར་ལྡན་པ་ཡིན།
གཞོན་ནུའི་འགྱུར་ཁུགས་དྲ་ཚིགས་ནི་སྤྱིར་བཏང་ནས་ཚོད་ལྟ་བྱེད་ཀྱིན་པའི་དྲ་ཚིགས་ཤིག་ཡིན་མོད། ངེད་རྩོམ་སྒྲིག་ཁང་གིས་འབད་འབུངས་དང་ཧུར་ཐག་སྒོས་དྲ་ཚིགས་འདི་སྒེར་གཉེར་དྲ་ཚིགས་ཤིག་ལས་བྱེས་འབྱོར་བོད་མིའི་སྤྱི་ཚོགས་ལ་གལ་ཆེའི་ནུས་པ་འདོན་ཐུབ་པའི་དྲ་ཚིགས་ཤིག་ཏུ་འགྱུར་རྒྱུར་རེ་བ་འཆང་བཞིན་པ་དང་། དེ་ལྟ་བུའི་དྲ་ཚིགས་ཤིག་ཆགས་ཉིན་ད་ལྟའི་དྲ་ངོས་ལས་ཚད་ལྡན་གྱི་དྲ་ངོས་ཤིག་ཏུ་བརྗེ་སྤོར་བྱས་ཀྱང་ཆོག་པས་དེ་ནི་ད་ལྟའི་རྨི་ལམ་ཐན་ཐུན་དང་རེ་བ་རབ་རིབ་ཙམ་ཡིན།
དྲ་ཚིགས་འདིར་ངེད་ཀྱི་སྐོར་དང་གསར་འགྱུར། རྩོམ་རིག གསལ་བསྒྲགས། ཁ་བཙོག དམིགས་བསལ་ལེ་ཚན། གསར་འགྱུར་རིག་པ། བོད་ཀྱི་སྐད་ཡིག ཨ་རིག་ཚང་། ཀློག་འཕྲིན་བཅས་ལེ་ཚན་ཆེན་པོ་བཅུས་གྲུབ་ཡོད་པར་མ་ཟད། ལེ་ཚན་རེ་རེའི་ནང་དུའང་ནང་གསེས་སྡེ་ཚན་མང་དུ་ཕྱེས་ཡོད་དེ། དཔེར་ན། གསར་འགྱུར་ལེ་ཚན་ནང་དུ་༧གོང་ས་མཆོག་དང་བཙན་བྱོལ། བོད་ནང་། རྒྱལ་སྤྱི། བོད་དོན། ཁྱད་མཚར། བཅར་འདྲི། རྒྱ་ནག་སོགས་སྣ་འཛོམས་རང་བཞིན་ཅན་ཡིན་པར་མ་ཟད། ཀློག་མཁན་གྱི་རེ་བ་ལྟར་ལེ་ཚན་སྣོན་འཇོག་དང་དྲ་ཚིགས་བསྐྱར་སྒྲིག་སྣ་ཚོགས་བྱ་རྒྱུར་གྲ་སྒྲིག་ཀྱང་ཡོད།
ལྷག་པར་དུ་འདི་རུ་ངེད་ཅག་གི་རེ་བ་ཆེ་ཤོས་ ༼ དམིགས་བསལ་ལེ་ཚན་ ༽ དེ་ཡིན་ལ། དེའི་ནང་དུ་ངེད་རྩོམ་སྒྲིག་ཁང་གིས་བོད་བྱེས་འབྱོར་སྤྱི་ཚོགས་ཁྲོད་ཀྱི་ཕོ་ཧྲེང་མོ་རྐྱང་རྣམས་ལ་མི་ཚེ་གཅིག་གི་བཟའ་ཟླ་འཚོལ་བའི་ཟམ་པ་ལྟ་བུའི་ལས་འགན་ཞིག་གཉེར་ཐུབ་ན་བསམ་པ་དེ་ཡིན། དེ་བཞིན་དུས་རབས་འདིའི་གཞོན་ནུའི་སེམས་འགྱུ་ལྟར་དུ་དང་དུས་རབས་འདིའི་མི་རྣམས་ཀྱིས་དགའ་ཕྱོགས་ལྟར་ ༼ ཁ་བཙོག་ ༽ ལེ་ཚན་ཡང་། མིའི་རང་བྱུང་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་དང་བོད་ཀྱི་ན་གཞོན་རྣམས་ཀྱི་དགའ་ཁ་འཁྱེར་ཕྱོགས་ལྟར་གལ་ཆེན་དུ་འཛིན་འདོད་པར་མ་ཟད། དེ་དང་དེ་ལྟ་བུའི་བོད་སྐད་ཡིག་གི་སྟོང་ཆ་མང་བོ་ཞིག་ཁ་སྐོང་བྱ་ཐུབ་པ་བྱུང་ཚེ། ད་གཟོད་དེང་གི་ན་གཞོན་རྣམས་བོད་ཡིག་ལ་མི་དགའ་བའི་སྡུག་སྐད་འདོན་པའི་དུས་རབས་མཇུག་སྒྲིལ་ཐུབ་པ་དང་། ན་གཞོན་རྣམས་ཀྱིས་ནམ་ནམ་ཞར་ཞར་ལ་ཆོས་དང་སྲིད། སྙན་ངག་མཁྲེགས་པོ་དག་ཀློག་སྟེ་བོད་ཡིག་ཟེར་དུས་མགོ་ན་བའི་སྐལ་བའང་མཇུག་བསྡུ་ཐུབ་པར་སྙམ་པས། ལེ་ཚན་དེ་གཉིས་ལ་དམིགས་བཀར་གྱིས་ཤུགས་རེ་རྒྱག་ཐུབ་ན་སྙམ་གྱིན་ཡོད།
དེ་བཞིན་བོད་ཀྱི་སྐད་ཡིག་ལ་མཚོན་ནའང་ད་ལྟའི་འཆི་ཉེན་ལ་ཐུག་ཡོད་པའི་བོད་སྐད་ཡིག་གི་ལས་དབང་གླེང་མཁན་རྣམས་གནས་འདིར་འཛོམས་ཏེ། ང་ཚོ་དང་ལྷན་དུ་བོད་སྐད་ཡིག་གི་ལས་དབང་ལ་མི་རང་རང་ཚོད་ཀྱིས་ཐུགས་འགན་འཁུར་རྒྱུ་དང་། བོད་སྐད་ཡིག་འདི་བཞིན་ད་ལྟའི་ཛ་དྲག་དང་རྒུད་བཞིན་པའི་གནས་བབ་ལས་བསྐྱབ་སྟེ་སླར་ཡང་བོད་གངས་ཅན་ལྗོངས་ཀྱི་རྒན་མགོ་དཀར་ནས་གཞོན་སོ་དཀར་ཚུན་གྱི་ལུས་ངག་ཡིད་གསུམ་ལ་འཇགས་པར་བྱ་རྒྱུ་ནི། ད་ལྟའི་འུ་ཅག་གི་མི་རབས་འདིའི་ཕྲག་ཏུ་བབ་པའི་ལས་འགན་རང་དུ་འདོད་ཡོད།
དེ་ལྟར་ ༼ གཞོན་ནུའི་འགྱུར་ཁུགས་ ༽ ནི་ལམ་བདེ་ས་ཞིག་དང་ཁོད་ཡངས་ས་ཞིག་ནས་ལམ་ལ་ཆས་ནའང་། ས་གཟར་ས་ཞིག་དང་འགག་དོག་མོ་ཞིག་བརྒྱུད་འདོད་པར་མ་ཟད། རང་དང་རིགས་མཐུན་གཅིག་པའི་སྤུན་ཟླ་ཁྱུ་གཅིག་གི་ལས་དབང་བསམ་ཞོར། འབད་འབུངས་ཁྲི་ཕྲག་དང་དཀའ་ངལ་ཁྱད་བསད་ཀྱིས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་དང་གོང་འཕེལ་གྱི་ལམ་དུ་ཁ་ཕྱོགས་ཏེ། གང་མགྱོགས་སྒོས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཡོད་པའི་བྱེས་གྱར་བོད་མིའི་སྤྱི་ཚོགས་ལ་གལ་ཆེའི་ནུས་པ་འདོན་ཐུབ་རྒྱུའི་རྨི་ལམ་ཐན་ཐུན་ཞིག་གཏོང་བཞིན་པ་ཡིན།
རེད་ཡ། ཀློག་མཁན་རྣམ་པ། ཞིབ་ཕྲའི་གནས་ཚུལ་ཤེས་འདོད་པ་རྣམས་ཐད་ཀར་གཞོན་ནུའི་འགྱུར་ཁུགས་དྲ་ཚིགས་ www.gyurmey.webnode.com ཞེས་པར་སོང་སྟེ་ཉུལ་ཞིབ་ཅིག་གནོངས་དང་། དེ་རུ་ཐད་ཀར་ཁྱེད་ཀྱི་མིག་གི་དགའ་སྟོན་དུ་བཤམས་ཡོད།
ངེད་རྩོམ་སྒྲིག་ཁང་གིས་ཟླ་གཅིག་རིང་ཚོད་ལྟ་བྱས་རྗེས་ཅུང་ལེགས་པོ་བྱུང་ཚེ་དྲ་བྱང་ www.gyurmey.webnode.com ཞེས་པ་བཅོས་སྒྲིག་གིས་ www.gyurmey.com ཞེས་པར་བསྒྱུར་ཐུབ་པ་བྱ་རྒྱུ་མ་ཟད། དེ་སྔོན་ཐོ་འགོད་བྱེད་དུས་མཉམ་མ་བཞག་པར་ gyurmey མིང་འདི་བེད་སྤྱོད་བཏང་ཚར་བས། མིང་འདི་ལམ་སེང་བཟོ་བཅོས་རྒྱག་ཐུབ་ཀྱི་མི་འདུག་ཀྱང་། གང་མགྱོགས་སྒོས་རབ་བྱུང་ན་དྲ་རྒྱ་དངོས་ཀྱི་མིང་སྟེ་ ༼ གཞོན་ནུའི་འགྱུར་ཁུགས་ ༽ ལ་བསྒྱུར་ཐབས་བྱ་རྒྱུ་ནི་ཞོར་འཕྲོས་ཙམ་ཡིན།
མཇུག་མཐར། ལས་དོན་འདི་བརྒྱུད་ངེད་རྩོམ་སྒྲིག་ཁང་གི་ལས་མི་རྣམས་ཀྱིས་རང་རང་ས་ནས་བོད་མི་རིགས་ཀྱི་ཉག་ཕྲ་བའི་སྐད་ཡིག་གི་གནས་བབ་ལ་སྲི་ཞུ་ཅུང་རེ་བསྒྲུབ་ཐུབ་པ་འཛམ་གླིང་གི་ཤར་ལྷོ་ནུབ་བྱང་ན་ཡོད་པའི་བོད་སྐད་ཡིག་གི་ཀློག་མཁན་ཁྲི་སྟོང་མང་བོའི་རེ་འདུན་ཅུ་རེ་སྐོང་ཐུབ་པའི་སྨོན་འདུན་བཅས།
གཞོན་ནུའི་འགྱུར་ཁུགས་རྩོམ་སྒྲིག་ཁང་གིས། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༤ ཚེས་ ༢༠ ཉིན་ཕུལ།

གསར་འགྱུར།

Post navigation

Previous Post: གནམ་འོག་འདི་ན་སྐད་ཆ་བཤད་ས་མི་འདུག
Next Post: ད་ལྟ་རྔ་བའི་ཡུལ་མི་ཚོའི་སྙིང་ལེན་གྱིན་པ་རེད།

Comments (19) on “༼ གཞོན་ནུའི་འགྱུར་ཁུགས་ ༽ དྲ་བ་ཤར་གཏོང་བྱས་པ།”

  1. དེ་ཉིད་ says:
    2011-04-20 at 8:27 am

    དགའ་ཡང་དགའ སྤྲོ་ཡང་སྤྲོ རྒྱབ་སྐྱོར་ཡང་ཡོད
    དབྱིན་ཡིག་དང་རྒྱ་ཡིག་གི་དྲ་ཚིགས་ཚོགས་ལ་གཟིགས་དང་མི་འཛོམས་དགུ་འཛོམས་རེད་།
    དེ་ན་ཚུར་ལེན་བྱ་རྒྱུ་མང་མང་འདུག

  2. ཀརྡོ་རབ་འབྱམས་པ་ says:
    2011-04-20 at 8:57 am

    དགའ་བསུ་དང་། ཕེབས་བསུ་ཡོད་ཀྱང་། བོད་གཟུགས་ཁ་འཐོར་ནས་ཀློག་དཀའ་བའི་གནས་སུ་འདུག དགེའོ། །

  3. ཨ་རིག་འགྱུར་མེད། says:
    2011-04-20 at 9:27 am

    དྲ་གྲོགས་རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། དེ་མིན་གོང་གི་རྩོམ་ཡིག་གི་གཞུག་ཏུ། ཉག་ཕྲ་བའི་སྐད་ཡིག་གི་གནས་བབ་ལ་སྲི་ཞུ་ཅུང་རེ་བསྒྲུབ་ཐུབ་པ་འཛམ་གླིང་གི་ཤར་ལྷོ་ནུབ་བྱང་ན་ཡོད་པའི་བོད་སྐད་ཡིག་གི་ཀློག་མཁན་ཞེས་པའི་བར་དུ། བསྒྲུབ་ཐུབ་པ་དང་ཞེས་པའི་དང་སྒྲ་ཆད་འདུག་པས་དགོངས་དག་ཞུ་བ་ཡིན་ནོ། །

  4. འབྲོག་ཆོས། says:
    2011-04-20 at 10:48 am

    དཀའ་བ་བརྒྱ་ཕྲག་ཁུར་དུ་བཞེས་ནས་མི་རིགས་ཀྱི་དོན་དང་སྐད་ཡིག་གི་ཆེད། ད་དུང་གཞོན་ནུ་རྣམས་ཀྱི་སླད་དུ་དྲ་ཚིགས་འདི་འདྲ་ཞིག་གཙོ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ།

  5. ས་མཐའི་བུ་ says:
    2011-04-20 at 11:18 am

    ངོ་མ་ཐུགས་རྗེ་ཆེ། མི་རིགས་ཀྱི་གནད་དོན་ཁ་ནས་གླེང་བ་ལས་ལག་པས་སྒྲུབ་པ་བཟང་བས་ངོ་མ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  6. ལུང་རྟོགས། says:
    2011-04-20 at 11:44 am

    དམིག་ཡུལ་ཤིན་ཏུ་བཟང་གི། ཐུགས་རྗེ་ཆེ། ད་ནི་བག་འཁུམ་ནས་སྡོད་པའི་དུས་མ་རེད།

  7. བཟོད་པ་ལྷ་རྩེ་ says:
    2011-04-20 at 12:20 pm

    དུང་ཞེན་དང་རིགས་ཞེན་གྱིས་བསྐྲུན་པའི།
    མ་ཡུམ་གྱི་ཞབས་རྗེས་འཚོལ་བཞིན་པའི་གངས་ཕྲུག
    དཀའ་སྡུག་ལ་བཟོད་སྲན་གྱིས་གདོང་ལེན་གནང་ནས།
    རླབས་ཆེན་གྱིས་བྱ་བཞག་འདི།
    ཁྱོད་ཀྱིས་བདག་ལ་སྦྱིན་པའི་བླ་ན་མེད་པའི་གནང་སྦྱིན་དང།
    མེས་པོར་ཕུལ་བའི་འབུལ་རྟེན་གསེར་སྲང་ཁྲི་ལས་ལྷག
    འདི་ནི་མི་རབ་ནས་མི་རབ་ཀྱིས་འབད་དགོས་པའི་དོན་ཆེན་དང་།
    གཅེས་དགོས་པའི་ནོར་བུ་ཞིག་ཡིན།
    རྩོམ་བསྒྲིགས་པ་རྣམས་པས་དཀའ་བ་ཁྱད་དུ་བསད་ནས་སྒྲུབ་པའི་འབྲས་བུ་དེས་བོད་འབངས་ཡོངས་ལ་མཉམ་དུ་ལོངས་སྤྱོད་ཞིག་གནང་བ་སྙིང་ནས་ཐུགས་རྗེ་ཆེ་ཞུ།།

  8. ཨ་གངས་ཞེན། says:
    2011-04-20 at 1:00 pm

    དཀའ་སྤྱད་དང་འབད་འབོང་གྱིས་ཁྲོད་ནས་གཞོན་ནུའི་འགྱུར་ཁུགས་ཞེས་བའི་དྲ་རྒྱ་འདི་སྤེལ་བར་ཐུགས་རྗེ་བླ་ལྷག་མེད་པར་ཞུ།

  9. བཀྲ་ཤིས། says:
    2011-04-20 at 2:59 pm

    བཀྲ་ཤིས་བདེ་ལེགས་ཞུ།

  10. བོད། ལྷ་ཀླུ་གཉན་གསུམ། says:
    2011-04-20 at 4:57 pm

    འགྱུར་མེད་ལགས། ཉིད་ཀྱི་དྲ་ཚིགས་ཤར་གཏོང་བྱས་པ་དེར་དགའ་བསུ་ཞུ། དེ་རིང་བདག་གིས་དུས་དང་བསྟུན་ནས་ཉིད་ཀྱི་དྲ་ངོས་འདི་ཡི་ཡིག་གཟུགས་ཕྱོགས་ཁ་ཤས་ནས་ཡིག་གཟུགས་འཐོར་ནས་བསྡད་ཡོད་པ་མཐོང་གི་ཡོད་པ་དེ་ཡི་གནད་དོན་རྙེད་སོང་། དེ་ནི་སྔོན་ཆད་གཡུ་ཞུན་དྲ་བ་ཡང་དེ་འདྲ་རེད། ཕྱིས་སུ་བསྐྱར་བཅོས་གནང་སོང་། ད་དུང་། གསལ་ལེ་རྒྱལ་གྱི་རོགས་ཆུང་ལོ་ལ་ཡང་གནད་དོན་དེ་འཕྲད་པ་རེད། ཁྱེད་རང་གི་དྲ་ཚིགས་འདི་ལྟ་མཁན་སུ་ཞིག་ཡིན་ན། དེ་ཡི་དྲ་རྒྱའི་བརྡ་རྟགས་འདི་internet explorer བརྒྱུད་མཁན་དག་གིས་ཡག་པོ་ཀློག་ཐུབ་ཀྱི་ཡོད། དེ་མིན་firefox འདི་རྟགས་ཅན་བརྒྱུད་མཁན་དག་གིས་ཉིད་ཀྱི་དྲ་ཚིགས་ཀྱི་ཡིག་གཟུགས་དག་འགྱུར་ནས་ཡོད། དེ་ཡི་སྐོར་ལ་ཉིད་ནས་ཇི་ལྟར་བཟོ་བཅོས་བྱེད་ཐུབ་མིན་ལ་བརྟག་པར་ཞུ། དེ་ནས་རེད། འཚམ་འདྲི་ཡོད། ངས་འདི་ནས་ཡང་བསྐྱར་བཤད། ངས་རྒྱུན་དུ་གྲོགས་པོ་དག་ལ་བྱ་བ་ཞིག་འགོ་འཛུགས་པ་ལས། མཇུག་སྐྱེལ་བར་དཀའ་ལས་ཡོད་ཅེས་བཤད་ཀྱི་ཡོད། དེ་དོན་ཐུགས་སུ་འཇག་རོགས་ཞུ།

  11. ལ་སྟོད་བུ། says:
    2011-04-20 at 5:28 pm

    ཁྱེེད་རྣམས་ནས་འདི་ལྟའི་ལྷག་བསམ་དང་དོ་ཁུར་ཚད་མེད་ཀྱིས་མི་རིགས་རང་ཉིད་ཀྱི་སྐད་ཡིག་གི་ཚེ་སྲོག་སྐྱོབས་པའི་བྱ་བར་ངོས་ནས་དགའ་བསུའི་བཀྲ་ཤིས་བདེ་ལེགས་ཡོད།
    ཁྱེད་རྣམས་ཀྱིས་དགོངས་བཞེད་ལྷུན་གྱིས་འགྲུབ་སྟེ་བོད་རིགས་ན་གཞོན་དག་མི་རིགས་ཀྱི་ཚེ་སྲོག་སྐྱོབས་པའི་སྐྱེད་ཚལ་འདིར་ཚང་ཁ་ཤིག་ཤིག་ཏུ་ཕེབས་ཏེ་འདས་དང་མ་འོང་ད་ལྟ་ངེད་ཅག་གི་མདུན་ལམ་གྱི་སྐོར་ལ་བགྲོས་གླེང་ལྷུག་པོར་གནང་བའི་རེ་བ་ཡོད།

    དྲ་བདག་ལགས་ངོས་ཀྱི་གློག་ཀླད་ཀུ་ཤུའི་རྟགས་ཅན་གྱི་གློག་ཀླད་ནས་ཁྱེད་ཀྱི་དྲ་བར་འཚམས་འདྲི་གཏོང་ཐབས་བྱས་མོད་Safari་སྒོ་ཕྱེ་མི་ཐུབ་ཀི།

  12. ཚེ་བསམ་ says:
    2011-04-21 at 9:31 am

    བཀྲ་ཤིས་བདེ་ལེགས་ཞུ

  13. ང་དུར་ཁྲོད། says:
    2011-04-21 at 2:09 pm

    གངས་རིའི་གསེང་ནས་འོ་མས་བསྐྱངས་པའི་བུ།།
    གཞན་གྱི་ཡུལ་ནས་བློ་རིག་རྒྱས་པའི་བུ།།
    དྲ་གསར་གཞོན་ནུའི་འགྱུར་ཁུགས་འདིས་ཁྲིད་ནས།།
    ཤེས་བྱའི་མཛོད་ཀྱི་སྒོ་བརྒྱ་ཕྱེ་གྱུར་ཅིག།

  14. ཨ་རིག་འགྱུར་མེད། says:
    2011-04-21 at 2:34 pm

    འདིར་ཕེབས་པའི་དྲ་གྲོགས་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན་ལགས། ཚང་མར་ཞལ་བྲོ། བཀྲ་ཤིས་བདེ་ལེགས་ཡོད།

  15. ལྷ་མོ་འཚོ་ says:
    2011-04-23 at 11:18 am

    དགོས་མེད་ཀྱི་ཚིག་ཉོག་བཤད་པའི་ཕན་པ་མི་འདུག་ཡ

  16. ལྷ་མོ་འཚོ་ says:
    2011-04-23 at 11:18 am

    ངདྔསྔྶསངྶདངྶ

  17. དགེ་འདུ་ཚང་ says:
    2011-04-23 at 4:30 pm

    ངོ་མ་བྱ་བ་དེ་འདྲ་ལས་ན་བཀྲི་ཤིས་བདེ་ལེགས་གྲངས་མེད་ཞུ་ཡ་་་་་་་་་་

  18. ཁང་ཟླ་སྲས། says:
    2011-04-24 at 5:16 pm

    བཀྲ་ཤིས་བདེ་ལེགས།

  19. ཚེ་རིང་། says:
    2011-08-17 at 6:33 am

    ལགས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ག་ཡིན་ཟེར་ན་བོད་རང་ཉིད་ཀྱི་སྐད་ཡིག་གི་ཚེ་སྲོག་གཉན་འཕྲང་ལས་སྐྱོབ་པའི་ཐབས་སུ་གཞོན་ནུ་འགྱུར་ཁུག་གི་ལམ་བུ་ཚོལ་ནས་སྐད་ཡིག་ལ་དོ་སྣང་མི་དམན་པ་ཞིག་འོང་སྲིད། ན་གཞོན་ལོ་ཆུང་རྣམས་བརྩེ་དུང་དང་། འཁྲིག་སྤྱོད་ཀྱི་ལས་ལ་རྔམས་བཞིན་པའི་དུས་སྐབས་ཤིག་རེད། སྐད་ཡིག་གཞན་ཐོག་ཏུ་ཕོ་མོའི་བརྩེ་དུང་དང་། འཁྲིག་སྤྱོད་རིགས་སོགས་གང་དགའ་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད། དེ་ལ་འགོ་འཁོར་ནས་རང་ཉིད་ཀྱི་སྐད་ཡིག་གི་ལམ་ཁ་མེད་དུས་ག་ལེར་མཇའ་ཡལ་བའི་ཉེན་ཁ་ཡོད་སྲིད་པས་འདི་ཡག་པོ་འདུག རེ་སྐུལ་ལ་ཕྱི་རོལ་སྐད་དུ་ཡོད་པའི་འཁྲིག་གཏམ་སྙན་མོའི་སྐོར་ཞིག་རང་སྐད་དུ་བསྒྱུར་ཐུབ་ན་ཕན་ངེས་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme