Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼སྒྲ་སྒྲུབ་རིག་པ༽དཔེ་དེབ་གསར་ཐོན།

Posted on 2012-06-202012-06-20 By ཁ་བརྡ་ 40 Comments on ༼སྒྲ་སྒྲུབ་རིག་པ༽དཔེ་དེབ་གསར་ཐོན།

འཇམ་དཔལ་ཚུལ་ཁྲིམས་ནས།

བདག་གིས་ལོ་འགའ་ཞིག་གི་གོང་ནས་བྲིས་ཟིན་པའི་(ངག་རིག་པའི་བསྟན་བཅོས་ཀྱི་བྱེ་བྲག)་<སྒྲ་སྒྲུབ་རིག་པ>་ཞེས་པ་འདི་ད་ལྟ་དངོས་སུ་དཔར་སྐྲུན་ཞུ་ཐུབ་སོང་། འདིའི་ཁྱད་ཆོས་གལ་ཆེ་བ་ནི་བདག་གིས་<སྒྲ་སྒྲུབ་རིག་པ>་འདིར་འགྲོ་བ་མིའི་ངག་ལས་སྒྲ་ཇི་ལྟར་དབྱུང་བའི་ཚུལ་ཞིབ་པར་བཤད་ཡོད་འདི་དེབ་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ཡིན། འདིར་བོད་ཀྱི་སྐད་ཆ་ལ་མཁོ་བའི་ཀ་མད་245་དང་དབྱངས་གྲངས་20་ཙམ་ལ་དངོས་སུ་ཚིག་ཟིན་ཀྱིས་རེ་རེ་བཞིན་ཞིབ་པར་བཤད་ཡོད་པ་ནི་སྔར་རྒྱལ་ཕྱི་ནང་ཀུན་ཏུ་སུས་ཀྱང་མ་ཤོད་པའི་འགྲེལ་བཤད་རྒྱས་པ་ཞིག་ཡིན།

དེ་ལྟར་ཁོ་བོའི་དེབ་འདིར་སྤྱིར་འགྲོ་བ་མི་དང་། བྱེ་བྲག་བོད་མིའི་ངག་ལས་དབྱུང་བའི་སྒྲ་ལ་འདི་ལྟར་དབྱེ་ཞིབ་བྱས་ནས་བཤད་ཡོད་སྟབས་འདི་ལ་བརྟེན་ནས་ང་ཚོས་ང་ཚོ་བོད་ཀྱི་ཡིག་གཟུགས་གང་ཞིག་ལ་སྒྲ་གང་ཞིག་འདོན་འོས་པ་དང་མ་འོས་པ་དེ་རིགས་འགྲོས་ཀྱིས་ཧ་ལམ་ཐག་གིས་གཅོད་ཐུབ་པ་དང་། དེ་ལྟར་ཆོད་པས་ཆོལ་ཁ་གང་གིས་གཟུགས་གང་ཞིག་ལ་སྒྲ་གང་ཞིག་འདོན་པ་དེ་དག་མ་དག་གམ་ཡང་ན་འོས་པ་དང་མི་འོས་པ་དེ་ཡང་རིགས་འགྲོས་ཀྱིས་ཧ་ལམ་དཔོགས་ཐུབ་ལ། དེ་ལ་བརྟེན་ནས་དེབ་འདིས་ཆོལ་གསུམ་སྤྱི་སྐད་ཅིག་འགྲུབ་ཐུབ་འམ་འགྲུབ་པར་ཞབས་འདེགས་ནུས་ལྡན་ཞིག་འབུལ་ཐུབ་པར་སྙམ། དམའ་མཐར་ཡང་དེབ་འདི་ལ་བརྟེན་ནས་གཟུགས་གང་ཞིག་ལ་ཆོལ་ཁ་གང་གིས་སྒྲ་གང་ཞིག་འདོན་གྱིན་ཡོད་པ་གསལ་པོར་བརྗོད་ཐུབ་པར་འགྱུར་བས་བོད་ཀྱི་དག་ཡིག་ཚད་ལྡན་ཞིག་འགྲུབ་པར་ཞབས་འདེགས་བླ་ན་མེད་པ་ཞིག་སྒྲུབ་ཐུབ་པར་སྙམ་མོ།

སྤྱིར་གཞུང་འདིའི་ནང་དུ་ངག་སྒྲ་མི་འདྲ་བ་གྲངས་295,327,900་ཙམ་གྱི་རྣམ་བཞག་བཤད་ཡོད། འདིའི་ཐོག་ཏུ་ཕྱི་རྒྱལ་སྐད་ལ་མཁོ་བའི་ངག་སྒྲ་3,970,680་ཙམ་ཁ་སྣོན་དུ་བྱས་ནས་ཞིབ་པར་ཤུགས་ལ་རྟོགས་ཐུབ་པར་བྱས་ཡོད། གྲངས་འདི་ནི་ཁོ་བོས་བཤད་པའི་མིའི་ངག་སྒྲའི་གྲངས་དབྱེ་ཚུལ་རྒྱས་བསྡུས་རིམ་པ་བཞི་བཤད་ཡོད་པ་ལས་བསྡུས་ཤོས་ཀྱི་བརྩི་ལུགས་ལྟར་ཡིན། རྒྱས་ཤོས་ལྟར་ན་འཇིག་རྟེན་མི་ལ་ངག་སྒྲ་མི་འདྲ་བ་གྲངས་47,300,838,480་ཙམ་ཡོད་པ་དཔོགས་ཐུབ། རྩི་ལུགས་འདིའི་དབང་དུ་བྱས་ན་སློབ་དཔོན་ཐོན་མིས་ཀྱང་ཀ་མད་སུམ་ཅུ་ལས་ངག་སྒྲ་མི་འདྲ་གྲངས་111720་ཙམ་བཟོ་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད། འོན་ཀྱང་ད་ལྟ་ལག་ལེན་དངོས་ལ་དེའི་ཕྱེད་ཀའི་ཕྱེད་ཀ་ཡང་བཟོ་མི་ཐུབ་པར་གྱུར་ཡོད། རྒྱུ་མཚན་ནི་རང་རེས་འགོ་འདོགས་དང་འཇུག་ཡང་འཇུག་ལ་ཚད་བཀག་བཞག་ཡོད་པའི་དབང་གིས་རེད། ད་དུང་ས་མགོ་དང་ས་མཐའི་ཀློག་ཉམས་པ་འདིས་བོད་ཡིག་བོད་ཡིག་ལ་གཏོར་སྐྱོན་ཇི་ཙམ་བཏང་བ་ནི་བློ་ཡུལ་ལ་མི་ཤོངས་པ་ཞིག་རེད། འདིས་ནི་བོད་ཡིག་འདི་ཡན་ལག་བཅད་པའི་ཕུང་པོ་ཞིག་བཞིན་ཧ་ཅང་ནུས་ཞན་དུ་བཏང་ཡོད།

དེབ་འདི་བདག་གིས་ལོ་མང་པོའི་རིང་ལ་བསམ་གཞིགས་དང་དབྱེ་ཞིབ་བྱས་ནས་ཧ་ཅ་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་བྲིས་པ་ཞིག་ཡིན།ལོ་གཉིས་གསུམ་ཞིག་གི་གོང་ནས་ཇུས་འགོད་དང་བཅས་པ་ཡོངས་སུ་ཟིན་ཡང་དཔལ་འབྱོར་གྱི་མཐུན་རྐྱེན་མ་འཛོམས་པར་ད་བར་དུ་ལུས་སོང་། ད་ལན་སེར་སྨད་ཚ་བ་འོད་ཟེར་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལས་དཔེ་དེབ་འདི་དངོས་སུ་འགྲེམས་ཐུབ་པ་བྱུང་བས་གོ་སྐབས་འདི་བརྒྱུད་ནས་ཁོང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ལན་བརྒྱར་ཞུ་རྒྱུཡིན།

 

ཕྱི་ལོ་༢༠༡༢་ཟླ་༦་ཚེས་༢༠་ལ།

གསལ་བསྒྲགས།

Post navigation

Previous Post: བོད་མི་ ༢ ཀྱིས་མེར་བསྲེགས།
Next Post: ༸གོང་ས་མཆོག་དང་ལྕམ་ཨང་སང་སུ་ཀི་མཇལ་འཕྲད་མཛད་པ།

Comments (40) on “༼སྒྲ་སྒྲུབ་རིག་པ༽དཔེ་དེབ་གསར་ཐོན།”

  1. མེ་ཏོག་དཀར་པོ། says:
    2012-06-20 at 8:16 am

    འདི་འདྲ་བྲིས་པར་ཐུགས་རྗེ་ཆེ།
    གོང་ཚད་ག་ཚོད་རེད། ག་བ་ནས་ཐོབ་གི་རེད།

  2. འཇམ་དཔལ་ཚུལ་ཁྲིམས། says:
    2012-06-20 at 8:59 am

    དྲ་གྲོགས་ལགས།
    འདི་གཙོ་བོ་མཁས་པ་ཁག་ལ་དཔྱད་འབུལ་བསམ་པ་ཡིན་པས་གོང་བརྒྱབས་མེད། ཧིན་སྒོར་ལྔ་བརྒྱ་འདྲ་བྱས་ན་འགྲིག་པ་མིན་ནམ། ངོ་མ་དགོས་ན་བདག་ལ་འབྲེལ་བ་གནོངས་དང་ཆོག
    jampel.tsultrim@gmail.com

  3. འཇམ་དཔལ་ཚུལ་ཁྲིམས། says:
    2012-06-20 at 9:02 am

    ཀློག་པ་པོ་རྣམས་པ་ཚོས་ངའི་དེབ་ཀྱི་སྔོན་གླེང་དང་གླེང་བརྗོད་བཀླགས་ན་འགྲིག དེ་ནི་གོང་གི་དྲ་གནས་ལས་གཟིགས་ཐུབ།
    http://www.amchod.com

  4. མིག་བརྒྱད་པ། says:
    2012-06-20 at 9:41 am

    རྗེས་སུ་ཡི་རང་ཞུ། བོད་ཆོལ་གསུམ་མ་ཟད་ཧི་མ་ལའི་མི་རིགས་འབྲུག་དང་ལ་དྭགས། ཟངས་དཀར། །འབྲས་ལྗོངས། མོན། གར་ཞ། སྤེ་ཏི། ཁུ་ནུ་སོགས་ཀྱི་སྐད་ཀྱི་གདངས་ལས་སྔོན་གྱི་བརྡ་དག་གི་ཐ་སྙད་རང་སོར་གནས་པ་དང་སྒྲ་མཚོན་ཡི་གེ་འདི་ཙམ་མ་ཟད། ཡུལ་གྲུ་གཞན་དང་གཞན་གྱི་མིང་གི་ཐ་སྙད་བོད་སྐད་དུ་འཇགས་པ་དུ་མ་ཞིག་ཡོད་པ་དང་། བོད་ལ་གཟུགས་མཚོན་ཡི་གེ་དང་སྒྲ་མཚོན་ཡི་གེ་དུ་མ་ཞིག་བྱུང་ཡོད་མེད་དང་རང་རེའི་བོན་དག་གིས་བོད་ཡིག་ཐོན་མིས་གསར་གཏོད་མཛད་པ་མིན་པའི་ཁུངས་ལུང་འདྲེན་པ་སོགས་སྒྲ་སྒྲུབ་རིག་པའི་སྟེང་ནས་དོགས་སེལ་བྱེད་ཐུབ་པར་རེ་བ་ཡོད།

  5. མེ་ཏོག་དཀར་པོ། says:
    2012-06-20 at 10:16 am

    འཇམ་དཔལ་ལགས། ཐུགས་རྗེ་ཆེ། འབྲེལ་བ་ཞུ་གི་ཡིན།

  6. གངས་སྤྲེལ་ཚ། says:
    2012-06-20 at 11:07 am

    ཁ་སྐད་གཅིག་གྱུར་གཡཀང་རྒྱུ་གལ་ཆེ། བོད་ནང་དུ་མདོ་དབུས་ཁམས་གསུམ་གྱི་མཁས་ཚོས་བརྩམ་པའི་ར་བ་ལས་མ་འདས་ན་བསམ།

  7. ཀླུ་སྨྱོན། says:
    2012-06-20 at 11:17 am

    མཁས་པ་ཁྱེད་ལ་རྟེན་འབྲེལ་ཞུ། དཔེ་དེབ་ས་སྟེང་ཁྱབ་པར་སྨོན།

  8. རྡོ་དོན་ says:
    2012-06-20 at 1:56 pm

    དངོས་གནས་དེབ་འདི་འདྲ་ཞིག་རྩོམ་འབྲི་ཞུ་རྒྱུ་སླ་ཆོས་ཤིག་རྩ་བ་ནས་མིན། སྒྲ་སྒྲུབ་རིག་པའི་ཕྱག་དཔེ་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱས་པར་རྟེན་འབྲེལ་ཞུ། རིན་བབ་དང་སྤུས་ཚད། བཀོད་ཁྱབ་སོགས་ཀྱི་ཚད་གཞི་རྗེས་ནས་དེབ་ཀློག་རྒྱུའི་གོ་སྐབས་བྱུང་རྗེས་འབྲི་འགོད་ཆོག་པ་ཞུ། དཔེ་དེབ་འདིའི་འབྲེལ་ཐོགས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  9. བསྟན་འོད་ says:
    2012-06-20 at 7:27 pm

    དངོས་གནས་ཡག་པོ་རྟེན་འབྲེལ་ཞུ་བ་དང་ཆབ་གཅིག་རིང་མིན་དེབ་དེ་ལག་སོན་ཡོང་བའི་རེ་སྨོན་ཡང་ཡོད་།

  10. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2012-06-21 at 12:07 am

    རྒན་འཇམ་དཔལ་ཚུལ་ཁྲིམས་ལགས་སུ་ཐུགས་རྗེ་ཆེ་ཞུ་བ་དང་། དེབ་དེ་མགྱོགས་པོར་རག་ཐུབ་པ་དང་། རག་ནས་ཀྱང་མགྱོགས་པོར་གོ་ཐུབ་པར་སྨོན། བོད་ཀྱི་བརྡ་སྤྲོད་པའི་དཀའ་གནད་མང་པོ་ཞིག་སྒྲ་སྒྲུབ་རིག་པའི་སྟེང་ན་ཡོད་པར་མཁས་པའི་ངག་ལས་གོ་བས། སྒྲ་སྒྲུབ་རིག་པ་འདི་བོད་ཀྱི་བརྡ་སྤྲོད་ཁུངས་འཕེར་ཞིག་ཤེས་པ་ལ་ངེས་པར་དུ་ལྟོས་བཅས་ལ་གྱུར་ཡོད་པར་འདོད། ཡིན་ནའང་། ཁོ་བོ་ནི་དེའི་ཕྱོགས་ཀྱི་རྒྱུན་ཤེས་ཙམ་ཡང་མེད་ཕྱིར་རྒྱས་བཤད་ཀྱི་བློ་ཁོག་མ་ལྡན་མོད་དེབ་འདི་འགྲུབ་པར་ཧ་ཅང་དགའ་བོ་བྱུང་། ད་དུང་སེར་སྨད་འོད་ཟེར་རིན་པོ་ཆེ་ལའང་ཐུགས་རྗེ་ཆེ་ཞུ། ཁོང་མེད་ན་ང་ཚོ་ལ་དེབ་འདི་བཀླགས་པའི་སྐལ་བ་ལྡན་མི་སྲིད།

  11. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-06-21 at 12:25 am

    དགའ་བསུ་གྲངས་མེད་ཡོད་དཔེ་དེབ་ཀྱི་མཛད་འཕྲིན་བོད་ལྗོངས་ཡོངས་སུ་ཁྱབ་པར་སྨོན་་་་་་་་་་་་་བོད་ནང་གི་མང་མཛོད་དང་ཚིག་མཛོད་སོགས་སུ་ཅི་ཐུབ་གང་ཐུབ་བསྟུན་གྱི་ཧ་ཅང་གལ་གནད་ཆེན་པོ་ཞིག་རེད་ནམ་རྒྱུན་དྲན་གྱིན་ཡོད་་་་་་་་་་་་་་་་་དེ་ལུགས་ཐུགས་ལ་འཇགས་པར་འཚལ་་་་་་་་་་་་

  12. མི་བུ་ says:
    2012-06-21 at 1:08 am

    རྩོམ་པ་པོ་ལ་བཀྲིས་རྟེན་འབྲེལ་མཚོན་པའི་སྙན་ཤལ་དཀར་གཙང་གཅིག་འབུལ་རྒྱུ་དང་འདིར་ཡོད་ཚང་མས་དེ་ལྟའི་བོད་ཀྱི་རིག་གནས་རྒྱུན་འཛིན་་འཕེལ་རྒྱས་ལ་སྨན་པའི་ལེགས་སྐྱེས་དེ་བས་མང་བ་འབུལ་་ཐུབ་པའི་རེ་བ་ཡོད།།

  13. ཆུ་ཐིགས་སྔོན་མོ says:
    2012-06-21 at 3:09 am

    བཀའ་དྲིན་ཆེ་་་་་་་རྗེས་སུ་ཡི་རང་ཡོད་

  14. འཇམ་དཔལ་ཚུལ་ཁྲིམས། says:
    2012-06-21 at 4:17 am

    དྲ་གྲོགས་བོན་རྒྱ་ལགས་ཀྱིས་གཙོས་དྲ་གྲོགས་ཡོངས་ཀྱིས་མཆན་བཞག་པར་བཀའ་དྲིན་ཆེ།
    བདག་གི་དེབ་དེའི་ནང་དུ་འགྲོ་བ་མིའི་ངག་ལས་དབྱུང་བའི་སྒྲ་རྣམས་ལ་ངོས་འཛིན་གསལ་བོ་ཐོབ་ཆེད་ཞིབ་བཤད་བྱས་ཡོད། དེ་བྱེད་དགོས་དོན་ནི་རང་རེའི་ངག་ལས་བྱུང་བའི་སྒྲ་རྣམས་ངོས་ཟིན་ཆེད་དུ་ཡིན། དེ་ལེགས་པར་ངོས་ཟིན་ན་རང་རེའི་སྤྱི་སྐད་འགྲུབ་པར་ཕན་ཐོགས་འབྱུང་བའི་རེ་བ་བྱེད་བཞིན་ཡོད།
    མི་རིང་བར་སྒྲ་རྟགས་དེ་གྲ་སྒྲིག་བྱེད་ཐུབ་པའི་སྨོན་འདུན་ཡང་བྱེད་བཞིན་ཡོད། སྒྲ་རྟགས་དེ་བཟོས་ཚར་ན་ངའི་དེབ་དེའི་ལྷུ་ལག་ཚང་བར་གྱུར་བ་རེད།
    དྲ་གྲོགས་རྣམས་ལ་སྐྱར་དུ་ཞུ་རྒྱུར་། བདག་གི་དེབ་ཀྱི་སྔོན་གླེང་དང་། ངོས་སྤྲོད་གཉིས་ཀ་དབྱིན་བོད་གཉིས་ཐོག་ཏུ་བདག་གི་དྲ་ཚིགས་ཐོག་ཏུ་བཞག་ཡོད་པ་དེར་གཟིགས་པར་ཞུ། དེ་ལས་བདག་གི་དེབ་དེའི་ངོ་བོ་རོབ་ཙམ་མཁྱེན་པར་འགྱུར་། བདག་གི་དྲ་གནས་ནིཿ http://www.amchod.com
    ཡིན། དེར་ཕེབས་པར་ཞུ།

  15. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-06-21 at 4:50 am

    ཁྱོད་མཐའི་རྒྱ་མཚོ་ནང་ལྷུང་བའི་ལྕང་ལོ་བཞིན་དུས་བབ་ཚང་ནས་གང་ཞིག་ལ་ཁུར་སོང་བ་མ་ཤེས་ཐལ། སེམས་ཡང་སྐྱོ་སྐྱོ་འདྲ་ཞིག་བྱུང་། དགའ་འོས་པ་ཞིག་ལ་ཁྱེད་ཀྱིས་ལྐོག་ནས་དཀའ་ལས་འདི་འདྲ་ཞིག་བརྒྱབ་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེབ་གསར་ལ་རྟེན་འབྲེལ་ཞུ།

  16. འཇམ་དཔལ་ཚུལ་ཁྲིམས། says:
    2012-06-21 at 5:07 am

    དྲ་གྲོགས་ཐེ་བོ་ལགས།
    དུས་བབ་ཚང་ལ་མཆན་འཇོག་རྒྱུ་དཀའ་བ་མ་ཟད་ཟིན་བྲིས་འདེབས་རྒྱུ་ཡང་དཀའ་ལས་ཆེན་པོ་འདུག རྒྱུ་རྐྱེན་དེ་འདྲ་ཞིག་གི་དབང་གིས་རེ་ཞིག་ཇེ་དལ་དུ་སོང་བ་ཙམ་རེད།

  17. ལུང་རྟོགས། says:
    2012-06-21 at 6:06 am

    རྒན་འཇམ་ཚུལ་ལགས་ལ་ཐུགས་རྗེ་ཆེ་ཞུ།

  18. མདའ་བ་ཚང་། ལྷ་མོ། says:
    2012-06-21 at 8:55 am

    བཀྲ་ཤིས་རྟེན་འབྲེལ་ཞུ། དཔེ་དེབ་འདི་རྒྱལ་ཕྱི་ནང་ཀུན་དུ་ཁྱབ་པར་སྨོན།

  19. གནམ says:
    2012-06-21 at 9:25 am

    བོད་སྤྱི་སྐད་ཞེ་འུར་རྒྱག་མཁན་ཚང་མ་དུས་རབས་འདིའི་སྨྱུག་འཛིན་པ་འགས་རང་སྣང་གང་དྲན་དུ་མཁས་རྟགས་སྟོན་ཁུལ་བྱས་པ་ཙམ་རེད། ང་ཚོའི་མདོ་དབུས་ཁམས་གསུམ་ན་སྐད་དང་ཡི་གེ་འདི་འདྲའི་ཕྱུག་པོ་ཞིག་ཡོད་བཞིན་པ་འདིར་སྦྱང་བ་མི་བྱེད་པར་་འདིའི་ཕྱོགས་གཉིས་མེད་པར་བཟོ་བ་ནི་བསམ་བློ་ཞིག་བ་གཏན་ནས་མ་ཡིན། སྤྱི་སྐད་དགོས་ན་ཆོལ་གསུམ་སྐད་གདངས་གོ་ཐུབ་པ་ཞིག་བྱུང་ན་དེ་ནས་སྤྱི་སྐད་ཟེར་ཡ་འདི་བཅོལ་ཆུང་གི་ཅ་ཅོ་ཞིག་ཡིན་པ་དང་དོན་དངོས་སུ་རང་གིས་མ་ཤེས་བ་དང་མི་ཤེས་བ་ལ་གདོང་ལེན་བྱེད་མ་ཕོད་པར་ཁ་སྟོང་ནང་གི་ཚིག་སྟོང་འདིར་གོ་དོན་ཆེན་པོ་ཞིག་ཡོད་ཟེར་ནས་རང་མཚང་རང་གིས་བཏབ་པ་གཞི་ནས་ཤེས་སྲིད། ཁྱེད་ཀྱི་དེབ་རྒན་འདིར་མཇལ་ཐུབ་པའི་རེ་བ་ཡོད།
    ཨ་མདོའི་སློབ་ཕྲུག་ཞིག་གིས་སློབ་གྲྭའི་སྨན་ཁང་ལ་ཕྱིན་ནས་སྨན་པ་ལགས། ངའི་མྱིག་ཁུལ་འི་བསྡད་ཡོད་ཀི
    གཞི་ཆགས་སྨན་པ་དེས། གཉིད་ཁུལ་ན་སོ་སོའི་ཉལ་ཁང་ནང་ལ་མི་འགྲོ་པར་འདིེར་ག་རེ་བྱས་ནས་སླེབ་པ་ཡིན་ཞུས་པ་རེད།
    གྲོགས་པོ་ཚོ། ཁྱེད་ཚོས་ལྟོས་ན་འདི་སྤྱི་སྐད་མེད་པའི་དཀའ་ངལ་རེད་དམ། ཆོལ་ཁ་དང་ཆོས་ལུགས་ལ་སྣང་ཆུང་བྱས་པའི་བྱ་སྤྱོད་ཞིག་རེད་དམ། ཡང་ན་རང་སྨན་པ་དེ་ལ་ཡོད་དགོས་ངོས་ཀྱི་ཆ་རྐྱེན་

  20. གནམ says:
    2012-06-21 at 9:26 am

    ཞིག་གིས་མ་འདང་བ་རེད།

  21. འཇམ་དཔལ་ཚུལ་ཁྲིམས། says:
    2012-06-21 at 10:07 am

    དྲ་གྲོགས་གནམ་ལགས་ཀྱིས་གང་གསུང་འདོད་པ་གསལ་བོ་མ་བྱུང་།
    ཁྱེད་ཀྱིས་སྤྱི་སྐད་མི་དགོས་གསུང་གི་ཡོད་དམ། ཡང་ན་གཞིས་ཆགས་ཀྱི་སྐད་དེ་སྤྱི་སྐད་ཡིན་དགོས་གསུང་གི་ཡོད། དཀའ་ངལ་འདི་འདྲ་ཞིག་འདུག་ཟེར་བ་ལས་ག།ཞན་ངས་མཁས་མདོག་བསྟན་པ་ཡེ་ནས་མིན།

  22. གནམ says:
    2012-06-21 at 10:41 am

    ངས་བཤད་ཡ་དེ། ཆོལ་ཁ་སོ་སོའི་ཕ་སྐད་གཙང་མའི་གཡའ་མ་ཡལ་པར་ཆོལ་ཁ་གཞན་པའི་སྐད་གདངས་ལ་གོ་བྱང་སྣ་བྱང་ཡོད་ན་འགྲིག་པ་རེད་ཞུ་བཞིན་ཡོད། སྤྱི་སྐད་ཞེ་ཆོལ་གསུམ་བོད་པས་ཁ་གཅིག་ནང་གི་སྒྲ་གཅིག་ཨེ་ཐོན་བལྟས་ནས་ཁྱོད་ཀྱི་སྒྲ་མི་དག་པ་དང་ང་ཡི་སྒྲ་དག་པ་སོགས་ཀྱི་དགག་བཞག་བྱེད་པ་ནི་ཅོལ་ཆུང་རེད་ཞུ་ཡ་ཡིན། གཞིས་ཆགས་སྐད་ནི་གཞིས་ཆགས་སྐད་རེད། མགོ་ཚོས་མ་སོང་། དགོད་ཤོར་སྤྱད་ཅིག་མ་རེད་ནེ། སྐུ་མདུན་ཕེབས་ཡ་ལ་ཉེན་ཁ་ཆེན་པོ་འདུག འདི་མོ་འདི་མང་ཡ།

  23. འཇམ་དཔལ་ཚུལ་ཁྲིམས། says:
    2012-06-21 at 12:04 pm

    དྲ་གྲོགས་གནམ་ལགས་ལ་ཞུ་རྒྱུར་།
    ཁྱེད་ཀྱི་ཐུགས་ཁྲལ་དེ་ངོ་མ་དོན་དང་ལྡན་པ་རེད། ད་བར་དུ་མང་པོ་ཞིག་གིས་དེ་ག་རང་དུ་བསམ་ནས་ཞེ་དྲགས་འགུལ་མ་ནུས་པར་ལུས་པ་རེད། འོན་ཀྱང་སྤྱི་སྐད་ཅིག་མེད་པར་ནི་མི་རུང་བ་རེད། འོ་ན་གང་ལྟར་བྱེད།
    ད་ངས་བཤད་དོན་ནི་ཚིག་གམ་ཡི་གེ་གང་ཞིག་ལ་སྒྲ་གང་ཞིག་དག་པ་དང་མ་དག་པ་འམ་ཡང་ན་སྤྱི་སྐད་ལ་འོས་དང་མི་འོས་པའི་རྣམ་བཞག་དེ་ངའི་བསྟན་བཅོས་འདི་ལ་བརྟེན་ནས་འཇོག་ཐུབ་པར་བདག་འདོད། ངས་འདིར་རིག་པའི་གཞུང་ལུགས་ཤིག་གསར་སྐྲུན་བྱས་ཡོད་པ་ལས་རང་གི་བསམ་ཚུལ་ལམ་ཡང་ན་རང་གི་རེ་བཞག་ཅིག་བཤད་ཀྱིན་མེད་ལགས། ང་ཚོས་བསམ་བློ་གུ་ཡངས་ཙམ་བྱེད་དགོས།

  24. མདའ་ཚན་པ། says:
    2012-06-21 at 3:46 pm

    འཇམ་དཔལ་ཚུལ་ཁྲིམས་ལགས།
    ཁྱེད་རང་གི་དཔེ་དེབ་གསར་ཐོན་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད། དེ་རིང་ཁྱེད་རང་གི་དྲ་ཚུགས་སུ་མགྲོན་པོར་ཡོང་ཞིང་། ཉིད་ཀྱི་སྒྲ་སྒྲུབ་ཀྱི་སྔོན་གླེང་ཀློག་ཅིང་རྫ་ཆུ་ཁ་བའི་གླུ་གཞས་རེ་ཟུང་ལ་ཉན་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤྲོ་འཕེལ།
    ཁྱེད་རང་གི་དྲ་ཚུགས་ཐོག་གི་དྲ་བརྙན་ཞིག་ནང་། ངས་ཕ་ཡུལ་ལ་ཐེངས་གསུམ་ལ་ཕྱིན་ནས་མ་མཐོང་བའི་དངོས་པོ་གསུམ་མཐོང་སོང་། གཅིག བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོས་མཚན་པའི་གནའ་བོའི་མཁར་ཟངས་དེ་ཚོ་རེད། ངའི་ཕ་མ་དང་གཉེན་ཉེའི་ཁྱིམ་ན་ད་ལྟ་མཁར་ཟངས་ཅན་གཅིག་ཀྱང་མི་འདུག ངེད་ཚང་ལ་སྔོན་མ་རྒོད་མ་ཞིག་ཕྱིན་ནས་ཉོས་པ་རེད་ཟེར་བའི་མཁར་ཟངས་སྤུས་ལེགས་ཤིག་ཡོད་ཀྱང་ཨ་མས་ཧ་ཡང་གི་བ་མ་ཆེན་པོ་གཉིས་ལ་བརྗེས་པ་ཡིན་ཟེར། བླ་བྲང་གི་ཁ་ཆེ་གནའ་རྫས་ཉོ་མཁན་ཚོའི་ཚོང་ཁང་དག་གི་ནང་བོད་ཀྱི་བཅའ་དངོས་ཀྱིས་ཁེངས་འདུག གཉིས། རྩམ་པ་འཐག་བྱེད་ཀྱི་ལག་སྐོར་དེ་འདྲའང་ཁྱིམ་ཚང་འགའ་རེ་ལ་ཡོད་ན་མ་གཏོགས་ད་ལྟ་མཐོང་ཡུལ་ན་མི་འདུག གསུམ། རག་སྐྱོགས་ཆེན་པོ་དེའི་རིགས་ཀྱང་ད་ལྟ་མཐོང་དུ་མེད། སྔོན་མའི་ཁྲོ། ཟངས། རག ཤུག་དམར་སོགས་ཀྱི་དངོས་སྤྱད་ཚང་མའི་ཚབ་ད་ལྟ་འགྱིག་གི་དངོས་པོས་ཁེངས་འདུག ཕ་ཡུལ་འབྲེལ་བ་ཡོད་པ་ཚོས་རང་རང་གི་ནང་མི་ལ། བོད་ཀྱི་ཐུན་མོང་མ་ཡིན་པའི་དངོས་སྤྱད་ཀྱི་རིགས་ཉར་བར་སྐུལ།

  25. གནམ says:
    2012-06-21 at 6:33 pm

    ལགས་སོ། ང་ནི་སྤྱི་སྐད་ཡོད་ཡོད་པ་ཡིན། ངས་ནི་རང་གི་ཕ་སྐད་གཙང་མ་རྒྱག་ཐུབ་པ་དང་ཆོལ་ཁ་གཞན་གྱི་སྐད་ཡག་ཐོག་ཆོད་གོ་འི་ཡོད། ཚང་མ་ང་ལྟར་ཆགས་སོང་ན་སྤྱི་སྐད་ཞུ་བ་འདི་མིང་སྐམ་ཞིག་ཡིན་པར་འདོད། ཆོལ་ཁ་རེ་མེད་ཀྱི་སྒྲ་སྐད་ལ་སྤྱང་བ་ནི་ཁེ་གྱོང་མེད་པའི་སྤྱི་སྐད་དུ་འདོད། དེ་མིན་ཅིག་དཀའ་ས་ན་ཡོད་རྒྱུ་རེད་འདོད། ཁྱོད་དང་ཁྱོད་ཀྱི་གང་གསུངས་པ་ལ་གུས་ཞབས་ཡོད།

  26. བཀའ་བློན་བུ་རྡོ། says:
    2012-06-21 at 9:10 pm

    འཇམ་དཔལ་ཚུལ་ཁྲིམས་ལགས་ཀྱིས་ལོ་མང་རིང་དགེ་རྒན་གྱི་ཕྱག་ལས་གནང་ཞོར་སྒྲ་སྒྲུབརིག་པ་ཞེས་པའི་ཕྱག་ཅིག་རྩོམ་བཞིན་ཡོད་པར་སྔ་ས་ནས་གོ་ཐོས་བྱུང་སོང། ད་རིང་ཕྱག་དཔེ་དེ་དངོས་སུ་དཔར་དུ་བསྐྲུན་འདུག་པར་བཀྲིས་བདེ་ལེགས་ཞུ ། ཕྱག་དཔེ་དེའི་ནང་དོན་གྱི་ཐད་ནས་གཟུར་གནས་དགྱེ་པའི་མཆོད་སྤྲིན་ཞིག་ཏུ་གྱུར་ཡོད་དང་། ཡང་ན་དགག་བྱའི་ནམ་མ་ལངས་གོང་དུ་ཉི་མ་འཆར་དགོས་པ་ཞིག་ཏུ་གྱུར་ཡོད་མེད་ནི་ཕྱག་དཔེ་དེ་ཐེངས་འགའ་བཀླགས་ཏེ་བརྗོད་དགོས་རྒྱུ་ལས་ད་ལྟའི་ཆར་ཅུང་ཟད་ཙམ་ཡང་བརྗོད་མི་ནུས། སླར་ཡང་འཇམ་དཔལ་ལགས་ལ་བཀྲིས་བདེ་ལེགས་གྲངས་མེད་ཞུ།

  27. ཇོ་ཇོ། says:
    2012-06-22 at 3:07 am

    འགྲེལ་བརྗོད་གནང་བ་ལྟར་ན། ཚད་ལྡན་གྱི་དཔེ་དེབ་གཅིག་ཏུ་ཡོད་སྙམ་པ་འདུག་པས། རྩོམ་པོ་པོར་བཀྲ་ཤིས་བདེ་ལེགས་དང་འོད་ཟེར་རིན་པོ་ཆེ་མཆོག་དང་ཁོང་གཉིས་ཀར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  28. ཤར་ཕྱོགས་ཁུག་རྟ། says:
    2012-06-22 at 10:22 am

    གསལ་བཤད་ཐུང་ཐུང་དེས་ཀློག་འདོད་ཅིག་སྦྱིན་བྱུང། གང་མགྱོགས་ཀློག་ཐུབ་པར་སྨོན།།

  29. འཇམ་དཔལ་ཚུལ་ཁྲིམས། says:
    2012-06-22 at 1:06 pm

    དགེ་མདའ་ཚན་པ་ལགས།
    ཁྱེད་ཕེབས་པར་ཐུགས་རྗེ་ཆེ། ཡ་དེང་སང་པར་གྱི་ཆེད་དུ་བཞག་པ་མིན་ན་དེ་ཚོ་ཡོད་པ་རེད། འོན་ཀྱང་ང་ཡུལ་ལ་མ་ཐོན་པར་ལོ་དེ་སྙེད་སོང་ཟིན་པས་ད་སྐབས་དེ་དག་ཡོད་མེད་ཀྱང་མི་ཤེས།
    ཞོར་ལ་བྱུང་ན་དགེ་ཁྱེད་ཀྱིས་ང་ལ་རོགས་པ་རེ་ཡང་གནང་རོགས། ངའི་དེབ་དེ་འཛམ་གླིང་གི་གཙུག་ལག་སློབ་ཆེན་དག་གི་བོད་ཡིག་ཚན་ཁག་ཁག་དང་། རྒྱལ་སྤྱིའི་སྒྲ་རྟགས་ཤེས་མཁན་བོད་ཡིག་ཤེས་མཁན་དག་གི་ལག་ཏུ་འབྱོར་འདོད་འདུག
    ངའི་དེབ་དེ་ཡང་མིན་ན་རི་བོང་ཤོ་ཐོ་དང་། ཡང་མིན་ན་བྱང་ཆུབ་སེམས་དཔའ་ཡིན།

  30. འཇམ་དཔལ་ཚུལ་ཁྲིམས། says:
    2012-06-22 at 1:14 pm

    དྲ་གྲོགས་གནམ་ལགས།
    ཚང་མ་ཁྱེད་ལྟ་བུར་འགྱུར་མི་སྲིད་སྙམ་ཞིང་། གལ་སྲིད་བྱུང་ན་ཡང་ད་དུང་སྤྱི་སྐད་མེད་པའི་དཀའ་ངལ་སེལ་མེད་དེ། དབུས་རླུང་འཕྲིན་དང་། བརྙན་འཕྲིན་དག་ལས་སྐད་གང་བཤད། གང་བཤད་ཀྱང་ཆོག་གསུང་ན་ཕྱི་རྒྱལ་བ་ཞིག་གིས་བོད་སྐད་སྦྱོང་དགོས་བསམ་ན་གང་སྦྱོང་དགོས། ང་ལ་བོད་སྐད་སློབ་རོགས་ལབ་ན་བ་ཡ་བཏགས་ ja ཟེར་རམ་ sha ཡང་ན་ tza ཡང་ན་ za ཡང་ན་གཞན་གང་ཞིག་སློབ་དགོས།

  31. གནམ says:
    2012-06-22 at 8:21 pm

    (དབུས་རླུང་འཕྲིན་དང་བརྙན་འཕྲིན་ཁང་ནས)་དབུས་རླུང་འཕྲིན་དང་བརྙན་འཕྲིན་ཁང་གང་ན་གནས་པ་དེ་ཡི་ཡུལ་སྐད་གཙོ་པོ་གྱུར་བའི་སྐད་ཞིག་རྒྱག་གི་རེད། ལྷ་ས་ན་ཡོད་ན་ལྷ་སའི་སྐད་དང་། ཁམས་དང་ཨ་མདོ་ན་ཡོད་ན་དེ་བཞིན་རེད། ངས་མ་འོངས་བོད་ཀྱི་ཡུལ་དབུས་ནི་ས་ཁ་ཞེང་ཡངས་ས་དང་ས་ཆུ་ཡག་ས་ཞིག་ནས་ཆོལ་གསུམ་བོད་མིའི་སྲིད་ཀྱི་གདན་ས་ཆེན་པོ་ཞིག་ལ་རེ་ཡོད་ལགས། འདི་ནི་ཡོང་སྲིད་པ་ཞིག་དང་ཡོད་དགོས་དངོས་ཞིག་རེད་འདོད། སྐབས་དེའི་དུས་ང་ཚོའི་བསམ་ཡུལ་ལས་འདས་པའི་སྐད་ཅིག་ཡོད་ཡོད་པ་རེད།
    (ཕྱི་རྒྱལ་བ་ཞིག་གིས་བོད་སྐད་སྦྱོང་དགོས་བསམ་ན་གང་སྦྱོང་དགོས། ང་ལ་བོད་སྐད་སློབ་རོགས་ལབ་ན་བ་ཡ་བཏགས་ ja ཟེར་རམ་ sha ཡང་ན་ tza ཡང་ན་ za ཡང་ན་གཞན་གང་ཞིག་སློབ་དགོས།) དང་པོ་མི་དེ་ལ་བོད་ཡིག་སྦྱང་དགོས་པའི་དམིགས་ཡུལ་འདྲི་དགོས་བ་རེད། ཁོ་ལ་དགོས་བ་ནི་ཡིག་སྐད་རེད་དམ་ཁ་སྐད་རེད། ཡིག་སྐད་ཡིན་ན་ཆོལ་ཁ་གསུམ་པོ་གང་རུང་གི་ངག་ཐོག་ནས་ཁྲིད་ན་འགྲིག་པ་རེད། དེ་མིན་ཁ་སྐད་ཡིན་ན་ཆོལ་ཁ་གསུམ་པོའི་བར་ལ་སྐད་གདངས་གི་མ་འདྲ་བ་ཡོད་ཚུལ་གསུངས་དང་དེ་ནས་ཁོས་ཁོ་རང་ལ་དགོས་བའི་སྐད་དེ་འདེམས་ཐུབ་པ་རེད། ཨ་མདོ་བ་ཞིག་གིས་དབུས་སྐད་ཁྲིད་ཡ་ལ་འབད་པ་མི་བྱེད་པར་ཁོ་དབུས་བ་ཞིག་ལ་ངོ་སྦྱར་ན་དེ་ནས་གནད་དོན་ཚང་མ་བསལ་བ་རེད། དེ་མིན་ཁོས་ཁོ་ལ་སྤྱི་སྐད་དགོས་ཟེར་ན་དེ་ནི་ཧམ་པ་རེད་ཞུས་ལབ་ན་འགྲིག་པ་རེད། བོད་མི་ས་སྐྱེ་རྡོ་སྐྱེ་ཞིག་གིས་ཡང་དེ་ལྟར་ལས་སླ་བོ་ཞིག་ཡོང་གི་མེད་དུས་ཁོས་དེ་ཡོང་ཡ་མེད་པ་ཞིག་ཡིན་པ་གསལ་པོ་ཤེས་རྒྱུ་རེད།

  32. འཇམ་དཔལ་ཚུལ་ཁྲིམས། says:
    2012-06-22 at 11:26 pm

    གྲ་གྲོགས་གནམ་ལགས།
    བཀྲ་ཤིས་བདེ་ལེགས།
    རེད་རྒྱལ་ཁབ་གཞན་གྱི་སྐད་སྦྱོང་སྐབས་དང་པོ་རྒྱུ་མཚན་ལེན་གྱིན་འདུག་མི་དགོས། ང་ཚོ་བོད་པ་གཅིག་བུར་གནས་སྟངས་འདི་འདྲ་ཞིག་ཏུ་གྱུར་བ་རེད། དེ་སྐྱོན་ཞིག་རེད་བསམ་པ་རེད། དེར་མ་ཟད་སྤྱི་སྐད་ཅིག་མེད་ན་གཞུང་དང་གཞུང་མིན་གྱི་ལས་དོན་སྣ་ཚོགས་འཐུས་ཤོར་འགྲོ་བ་མ་ཟད། སྒེར་གི་ལས་དོན་ཡང་གང་མང་ཞིག་འཐུས་ཤོར་དང་། ནུས་ཞན་དུ་འགྲོ། དཔེར་ན་ཚོང་རྫས་གསར་བ་ཞིག་ཁྱབ་བསྒྲགས་བྱེད་འདོད་ན་བོད་སྤྱི་ཁྱབ་བསྒྲགས་བྱེད་པར་སྐད་རིགས་མང་དག་གི་ནང་དུ་བཟོ་དགོས་པ་རེད། དེ་ཁོ་ནས་ལས་ཀ་ཐམས་ཅད་ལ་ལས་ཆོད་ཆུང་རུ་སོང་ནས་ཡུལ་གྲུ་གཞན་དག་དང་སྡུར་མི་ཐུབ་པ་ཞིག་འབྱུང་གི་རེད།
    ལར་ནས་སྤྱི་སྐད་གཏན་འབེབས་མ་བྱས་ན་ཆོལ་ཁ་གསུམ་གྱི་སྐད་ཡིག་ཀྱི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་རྒྱུ་ཡིན་པ་ཉག་གཅིག་རེད། ད་ལྟ་ཆོལ་གསུམ་སྐད་ཡིག་གི་ཁྱད་པར་ཤོར་བ་འདི་ཡང་སྤྱི་སྐད་མེད་པའི་དབང་གིས་རེད། སྤྱི་སྐད་ཅིག་གང་མགྱོགས་གྲ་སྒྲིག་མ་ཐུབ་ན་བར་ཐག་དེ་ཇེ་རིང་ནས་ཇེ་རིང་དུ་འགྲོ་རྒྱུ་གཏན་ཁེལ་རེད། སྤྱི་སྐད་ནི་ཡུལ་ཁམས་གུང་བུ་གཅིག་གྱུར་དུ་གནས་པའི་སྲད་སྐུད་ལྟ་བུ་རེད། ང་ཚོ་ད་ལྟ་གོང་བུ་གཅིག་ཏུ་ཡོད་པ་ནི་འདི་སྐད་ཡིག་གི་ཐུགས་རྗེ་བཀའ་དྲིན་རེད།
    སྤྱི་སྐད་ཅིག་གྲ་སྒྲིག་ཐུབ་ན་རྒྱལ་ཁབ་ཀྱི་གོང་བུ་ཆིག་སྒྲིལ་ལ་ནུས་པ་གཞན་དྲིང་མི་འཇོག་པ་ཞིག་འཐོན་གྱི་རེད། ལར་ནས་སྤྱི་སྐད་གསར་སྐྲུན་བྱས་པ་དེས་ཡུལ་སྐད་འདོར་དགོས་པའི་དོན་དག་ཡེ་ནས་མིན། དཔེར་ན་རྒྱ་གར་གྱི་ཧིན་དི་སྐད་ལྟ་བུ་རེད། དེའི་སྐོར་ངས་དེབ་ལ་གསལ་བོར་བཀོད་ཀྱང་ཡོད།

  33. མེ་ཏོག་དཀར་པོ། says:
    2012-06-22 at 11:48 pm

    ང་ཆུང་དུས་སྡེ་དགེ་བ་ཞིག་གིས་ཀློག་བསླབ། ཀྱེ་ལ་༼ Che ༽ འདོན། དེ་རྗེས་དབུས་པ་ཞིག་གིས་བསླབ། ངས་གོང་གི་སྒྲ་གདངས་ལྟར་འདོན་པ་ན་ཁོ་ན་རེ། ཀེ་ག་རེ་འདོན་གི་ཡོད། ༼ke༽ ལོབ་ཟེར་གཤེ་གཤེ་ཡག་ཐག་ཆོད་བཏང་།

  34. འཇམ་དཔལ་ཚུལ་ཁྲིམས། says:
    2012-06-23 at 9:55 am

    དྲ་གྲོགས་མེ་ཏོག་དཀར་པོ་ལགས་ཀྱི་ཉམས་མྱོང་དེ་ང་ཚོ་ཚང་མར་ཡོད་པ་རེད། གནད་དོན་ནི་སྡེ་དགེ་བས་གང་དུ་འདོན་རུང་དེ་རུ་འདོན་འོས། དེ་བཞིན་དབུས་པས་གང་དུ་འདོན་རུང་དེ་རུ་འདོན་འོས། འོན་ཀྱང་ཁོང་གཉིས་ལྷན་དུ་འཛོམས་སྐབས་གང་དུ་འདོན་དགོས་པ་དེ་ང་ཚོས་གཏན་འབེབ་ཅིག་བྱེད་དགོས། ངའི་རེ་བ་ཡང་དེ་ཙམ་ཡིན། དེའི་ཆེད་དུ་ངས་བསྟན་བཅོས་འདི་བརྩམས་པ་ཡིན། ངའི་འདི་དེ་འདྲ་ཞིག་འབྱུང་ཐབས་ཀྱི་རིག་པའི་གཞུང་ལུགས་ཤིག་ཡིན་པར་བསམ་ཡོད། ཁ་ཕོ་མིན།

  35. ཀརྡོ་གཉེར་ཕྱག་པ་ says:
    2012-06-23 at 11:13 am

    ་་་། སྤྱི་སྐད་ཅིག་གྲ་སྒྲིག་ཐུབ་ན་རྒྱལ་ཁབ་ཀྱི་གོང་བུ་ཆིག་སྒྲིལ་ལ་ནུས་པ་གཞན་དྲིང་མི་འཇོག་པ་ཞིག་འཐོན་གྱི་རེད། ་་་་ཟེར།

  36. འཇམ་དཔལ་ཚུལ་ཁྲིམས། says:
    2012-06-23 at 10:16 pm

    དྲ་གྲོགས་ཀརྡོ་ལགས།
    དེ་ག་རང་རེད།

  37. གནམ says:
    2012-06-24 at 6:15 am

    སྤྱི་ཡིག་ཞིག་ཐོན་མི་དཀའ་དྲིན་ཅན་གྱིས་བཟོས་ཡོད་ཡོད་པ་རེད། དེ་ལས་བརྒལ་ནས་ཆོལ་ཁ་དང་ཆོས་ལུགས་སུ་ཡང་འགྲོ་རྩིས་བྱས་མེད་པ་རེད། དེ་ཡིས་ཅི་ཞིག་འགྲེལ་བར་འདོད་ན་དེ་བཞིན་དུ་བརྗོད་ཆོག་པ་ཞིག་གནང་ཡོད་པ་རེད། དེ་ནས་ཁྱེད་ཀྱིས་བོད་སྤྱི་སྐད་གཅིག་ལས་ཐར་མི་ཐུབ་པའི་བསྟན་བཅོས་ཞིག་གསུངས་ཡོད་ན་བཀའ་དྲིན་གཞུག་ནས་ཞུ་ཡ་ཡིན་ཡིན་པ་ཡིན་ལགས། དེབ་དེ་ད་རུང་ཀློག་རྒྱོ་ཡིན། ཐུགས་བསམ་དང་འབད་བརྩོན་ལ་ཡིད་རངས་ཡོད། ང་མ་རྟོག་ལོག་ལམ་ནས་ལེན་པའི་དགའ་ཚོར་སྐྱེ།

  38. མདའ་ཚན་པ། says:
    2012-06-24 at 3:40 pm

    གོང་གསལ་ཁྱེད་ཀྱི་ཁ་བྱང་ཐོག་འབྲེལ་བ་བྱེད་གི་ཡིན།

  39. འཇམ་དཔལ་ཚུལ་ཁྲིམས། says:
    2012-06-25 at 2:38 pm

    རྒན་མདའ་ཚན་པ་ལགས་ཐུགས་རྗེ་ཆེ།

  40. འཇམ་དཔལ་ཚུལ་ཁྲིམས། says:
    2012-07-01 at 1:00 am

    དྲ་གྲོགས་རྣམ་པ།
    དགོངས་ཚུལ་འདྲ་གསུང་རྒྱུ་མེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme