Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼སྐྱེ་དགུའི་སྒྲ་བཤད་ལ་དཔྱད་པ༽

Posted on 2010-05-012010-05-01 By ཁ་བརྡ་ 8 Comments on ༼སྐྱེ་དགུའི་སྒྲ་བཤད་ལ་དཔྱད་པ༽

སྒོམ་སྡེ་ལྷ་རམས་པ།

སྐྱེ་དགུ། ❶ སེམས་ཅན། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། སྐྱེ་དགུ་རྣམས་ལ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལའོ། །ཞེས་གསུངས་པ་ལྟར་རོ། །ཅུང་སྤྲོས་ཏེ་བཤད་ན། སྲོག་ལྡན་ཡིན་ནོ་ཅོག སྐྱེ་དགུ་དང་སྐྱེ་རྒུ་དང་དོན་གཅིག་ཡིན་པས། སྐྱེ་བ་ལེན་མཁན་ཡིན་ནོ་ཅོག་ཅེས་པའི་དོན་ཡིན། ❷ འབངས་སམ་མི་སྤྱིའི་མིང་། དཔེར་ན་རྒྱལ་པོ་ལ་སྐྱེ་དགུའི་བདག་པོ་ཞེས་བརྗོད་པ་ལྟ་བུའོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། སྲིད་སྲུང་གི་རིག་བྱེད་ནི་སྐྱེ་དགུ་བསྲུང་བའི་ཐབས་སུ་གྱུར་པའི་ཆེད་དུ་བསྟན་པ་སྟེ། ཞེས་དང་། བཞི་བརྒྱ་པའི་འགྲེལ་པ་ལས་ཀྱང་། རྒྱལ་པོས་སྐྱེ་དགུ་རྣམས་བསྲུངས་ལ། སྐྱེ་དགུ་རྣམས་ཀྱིས་ཀྱང་རྒྱལ་པོ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །❸ བུ་ཕྲུག་གི་མིང་། དཔེར་ན་ཨ་མ་ལ་སྐྱེ་དགུའི་བདག་མོ་ཟེར་བ་ལྟ་བུ། སྒྲ་བཤད་ནི། སྐྱེ་དགུ་ཞེས་པ་སྐྱེས་ཚད་ཅེས་པའི་དོན་ཏེ། ཚིག་ཟུར་གྱི་དགུ་ནི། ཐམས་ཅད་དང་མང་པོའི་དོན་ཏེ། སྐྱེས་སོ་ཅོག ཡོད་དོ་ཅོག ཡིན་ནོ་ཅོག སྐྱེས་ཚད། ཡོད་ཚད། ཡིན་ཚད་སོགས་ཀྱི་དོན་ནོ། །སྐྱེ་དགུ་དང་། བཟང་དགུ། འདོད་དགུ ཕྲད་དགུ་སོགས་ཀྱི་དགུ་ནི་འཕགས་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས་“མང་ཚིག”གི་དོན་ཡིན་པར་བཤད། འདིའི་དགུ་ཞེས་པ་མང་ཚིག་ལ་འཇུག་ཚུལ་ནི། ལེགས་སྦྱར་གྱི་“པྲ”ཞེས་པ། རབ་དང་། དང་པོ། ཡང་(ཡང་སློབ་ཅེས་པའི་ཡང)དང་། མང་ཚིག་བཅས་ལ་འཇུག་པར་བཤད་པ་ལྟར་རོ། །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་། ཀུན་མཁྱེན་འཇིགས་མེད་དབང་པོ། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ། གཟུགས་མེད་ནས་གཟུགས་མེད་དང་། དེ་ནས་ཁམས་གཞན་གཉིས་སུ་སྐྱེ་བ་གསུམ། གཟུགས་ཁམས་ནས་གཟུགས་ཁམས་དང་། དེ་ནས་ཁམས་གཞན་གཉིས་སུ་སྐྱེ་བ་གསུམ། འདོད་ཁམས་ནས་འདོད་ཁམས་དང་། དེ་ནས་ཁམས་གཞན་གཉིས་སུ་སྐྱེ་བ་གསུམ་སྟེ། སྐྱེ་བ་དགུ་ལེན་པས་སྐྱེ་དགུ་ཞེས་བྱའོ། །ཞེས་གསུངས་ཤིང་། ཡང་ཕུང་པོ་ལྔ་དང་ཁམས་བཞི་ལྡན་ལ་བྱེད་པའི་ཚུལ་ཡང་ཡོད་དོ། །ཞེས་པཎ་ཆེན་བློ་བཟང་ཆོས་རྒྱན་གསུངས་མོད། སྐྱེ་དགུ་ཞེས་པའི་དགུ་གྲངས་ཀྱི་དགུ་ལ་བྱེད་པ་ནི་འཐད་པར་མ་མཐོང་སྟེ། དེ་ལྟར་ན་བཟང་དགུ་དང་། ཡོད་དགུ་དང་། འདོད་དགུ་སོགས་ལ་འགྲེལ་བཤད་གནང་དུས་ཅུང་ཟད་འོ་བརྒྱལ་འོང་བར་འདུག་གོ་ཞེས་ཞུའོ། །དེས་ན་དགུ་དང་། བརྒྱ། སྟོང་སོགས་སྐབས་མང་པོར་གྲངས་ཀ་དགུ་སོགས་ལ་མི་གོ་བར་མང་པོའི་དོན་ཙམ་ལ་གོ་དགོས་པ་ཡང་ཤེས་པར་བྱའོ། །

རྩོམ་རིག

Post navigation

Previous Post: ང་ཚོ་ཀྲུང་གོ་བ་རེད་དམ།
Next Post: ༼བོད་རྒྱལ་ལོ་དང་སྟོན་པའི་འདས་ལོ་བརྩི་ཚུལ༽

Comments (8) on “༼སྐྱེ་དགུའི་སྒྲ་བཤད་ལ་དཔྱད་པ༽”

  1. ཐུབ་བསྟན། says:
    2010-05-01 at 1:11 am

    སྒོམ་སྡེ་ལགས། སྐྱེ་དགུའི་སྒྲ་བཤད་དཔེ་ཡག་པོ་བྲིས་བཞག་ཐུགས་རྗེ་ཆེ། ཁྱེད་ཀྱིས་གསུང་སྟངས་ལ་ངའི་བླ་མའི་གསུང་ལུགས་དང་ཡང་གཅིག་མཐུན་རེད། གྲོགས་པོ་ཁྱེད་མྱི་མཁས་པ་ཞིག་ཏན་ཏན་རེད།

  2. ཀརྨ་རྡོ་རྗེ་ says:
    2010-05-01 at 4:18 am

    སྐྱེ་དགུ་ནི། སྐྱེ་རྒུ་དང་དོན་གཅིག་ཅིང་། དགུ་ནི་གྲངས་ལ་མི་འཇུག་པར་མང་པོའི་དོན་ཙམ་མོ།

  3. མི་རྐང་གླིང་བུ། says:
    2010-05-01 at 7:28 am

    སྒོམ་སྡེ་ལགས། ཁྱོད་རང་སྒོམ་སྡེ་ནང་ཆེན་ནས་ཡིན་པས་སྒོམ་སྡེ་ཞེས་བོས་པ་འདྲ། ནང་ཆེན་ནས་ཡིན་ན་ད་ཐེངས་སྐྱེ་དགུ་མདོ་གོད་ཆག་གི་སྐབས་སུ་ནང་ཆེན་ཕྱོགས་ཀྱི་བླ་ཆེན་སོགས་འབྱོར་ལྡན་རྣམས་ཀྱིས་རོགས་རམ་ཅི་བྱས་བཤད་རྒྱུ་འདྲ་ཡོད་སྲིད།

  4. རྫ་ཚེ་རིང་བཀྲ་ཤིས། says:
    2010-05-01 at 8:56 am

    ཐུབ་བསྟན་ཟེར་བ་འདིས། ཁྱོད་མྱི་མཁས་པ་ཡིན་པ་འདྲ་ངའི་བླ་མ་དང་གསུང་ལུགས་གཅིག་པ་རེད་ཟེར་ན་ཚིག་དེ་རྩེད་མོ་འདྲ་ཞིག་འདུག
    འོན་ཀྱང་གཞུང་དྲང་ལྷད་མེད་ཀྱི་ཉམས་ཞིག་ཀྱང་འདུག
    ངའི་གོ་ཚུལ་ཞིག་ལ་སྐྱེ་རྒུ་ཟེར་བ་དེ་དོན་ངོ་མར་ཀྱཻ་སྐུ་མདོ་ཞེས་ཀྱཻ་རྡོ་རྗེའི་སྐུ་ཞིག་ཡོད་པ་དང་འབྲེལ་ཏེ་ཐོགས་ཚུལ་ཞིག་ཡོད་སྙམ། དེ་འདྲ་རེད་དམ།
    འདི་ལ་དཔྱད་གཞི་ཞིག་འདུག་སྙམ།

  5. མི་རྐང་གླིང་བུ། says:
    2010-05-01 at 10:13 am

    སྐྱེ་དགུའི་སྒྲ་གདངས་དང་སྦྲེལ་ནས་ཚིག་འབྲེལ་བྱེད་ཚུལ་འགའ་ཞིག་ཡུལ་ལུང་འདི་ན་ཡོད་པ་ཡིན། དེ་ཡང་ཕྱོགས་གཉིས་སུ་ངེས། བསྟོད་འདོད་པ་དག་གིས་སྐྱེ་དགུ་དགོན་པ་ཐོག་མར་གཞེངས་པའི་སྐབས་སུ་ཀྱེེ་རྡོ་རྗེའི་སྐུ་ཞིག་ས་འོག་ནས་བུད་པས་ཀྱེེ་སྐུ་དགོན་དང་མདོ་སོགས་སུ་ཐོགས་ཞེས་བཤད། སྨད་འདོད་པ་དག་གིས་ཟོག་གསོན་པོའི་ལྕེ་རྐུ་མ་རྒྱག་པས་ན་ལྕེ་རྐུ་མདོ་དང་། ལྕེ་རྐུ་ལུང་པ་སོགས་ཐོགས་པར་བཤད། དེ་དག་ཐམས་ཅད་ལ་ཕྱོགས་རིས་སུ་ཆད་པའི་གཏམ་ལས་སྙིང་པོ་ཡོད་པ་མིན། དོན་ངོ་མ་སྐྱེ་དགུ་མདོ་དང་། ཡང་ན་སྐྱེ་རྒུ་མདོ་ཞེས་བྲིས་ཀྱང་མི་འགལ་ཏེ་འདི་གཉིས་གོ་དོན་གཅིག་ཏུ་འབབ་པ་ཡིན། དེ་ཡང་སྔ་མོ་ཞིག་ནས་ཡུལ་གྲོང་འདིར་རྒྱ་དང་། བོད། མི་ཉག འ་ཞ། སུམ་པ་སོགས་རྒྱལ་ཕྲན་དུ་མའི་སྐྱེ་བོ་ཡོད་དགུའི་ཚོང་འདུས་དང་འགྲིམ་འགྲུལ་གྱི་ལྟེ་གནས་ལྟ་བུ་ཡིན་པས་དེ་ལྟར་ཐོགས་པར་སེམས།

  6. མདའ་ཚན་པ། says:
    2010-05-01 at 2:17 pm

    འདི་ལ་འགྲེལ་དེ་འདྲའི་རིང་པོ་དགོས་པ་མི་འདུག
    སྐྱེ་བོ་མང་པོ་འདུ་སའི་འདུས་མདོ་ཞིག་ཡིན་པས་སྐྱེ་དགུ་མདོ།

  7. མགོ་རུལ། says:
    2010-05-01 at 8:33 pm

    སུ་ཁྲོན་ཞིང་ཆེན་ཙི་ཀོང་གྲོང་ཁྱེར་བཟོ་ལས་ལག་རྩལ་སློབ་གྲྭའི་ནང་རྒྱ་བོད་ སློབ་མའི་བར་ར་འགལ་ཟླ་བྱུང་ནས་ཉུང་མཐའ་བོད་རིགས་སློབ་གཅིག་འདས་གྲོངས་ཕྱིན་ ཡོད་པའི་གནས་ཚུལ་ཐོན་འདུག
    ཟླ་བ་འདིའི་ཚེས་༡༢ཉིན་སུ་ཁྲོན་ཙི་ཀོང་གྲོང་ཁྱེར་གྱི་ཡང་བའི་བཟོ་བཀོད་སློབ་ གྲྭའི་ནང་རྒྱ་བོད་སློབ་མའི་བར་འགལ་ཟླ་ཤོར་ནས་མི་གྲངས་སུམ་ཅུ་ལྷག་ལ་རྨས་ སྐྱོན་ཕོག་དང་། འགལ་ཟླ་བྱུང་རྐྱེན་ནི་སློབ་གྲྭའི་ཚོང་ཁང་ནང་རྒྱ་རིགས་སློབ་མ་ཞིག་གིས་སེམས་ ཆུང་མ་བྱས་པར་བོད་རིགས་སློབ་མ་ཞིག་དང་གདོང་ཐུག་རྒྱབ་ནས་ཁ་རྩོད་ཤོར་བ་རྗེས་ སུ།ཉིན་དེའི་དགོང་མོར་དུས་ཚོད་དགུ་བ་ནས་རྒྱ་བོད་སློབ་མའི་བར་གྱི་དྲག་པོའི་ འགལ་ཟླ་གྱུར་ཏེ་ཕན་ཚུན་བར་སོ་ཕོག་སོགས་ཀྱིས་རྒྱག་རེས་བྱས་ནས་ཞོགས་པའི་དུས་ ཚོད་གཉིས་བའི་བར་ལྷག་པ་དང་། དེ་ནས་ཉེན་རྟོག་པ་བརྒྱ་གྲངས་ལྷག་ཡོང་ནས་བཀག་འགོག་དང་གནས་ཚུལ་དེ་ཕྱི་ལ་ བསྒྲགས་མི་ཆོག་པ་བཟོས་བ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ ཚན་གྱིས་གནས་ཚུལ་སྤེལ་ཡོད་། དེ་བཞིན་ཟླ་བ་འདིའི་ཚེས་༢༥ཉིན་ཙི་ཀོང་གྲོང་ཁྱེར་གྱི་བཟོ་ལས་ལག་རྩལ་སློབ་ གྲྭ་གཞན་ཞིག་ཏུ་ཡང་རྒྱ་བོད་སློབ་མའི་བར་འགལ་ཟླ་བྱུང་ནས་འཁོན་འཛིང་བྱས་ཏེ་ ཉུང་མཐའ་བོད་རིགས་སློབ་མ་གཉིས་འདས་གྲོངས་དང་གསུམ་ལ་རྨས་སྐྱོན་བྱུང་བའི་གནས་ ཚུལ་ཐོན་ཡོད་པ་མ་ཟད་། ཙི་ ཀོང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་བོད་སློབ་མའི་འཁོན་འཛིང་ཁྲོད་བོད་ རིགས་སློབ་མ་བཞི་ཤི་རྨས་བྱུང་བ་བདེན་དཔང་བྱས་འདུག ཡང་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་བརྗོད་ན།བོད་རིགས་སློབ་མ་དེ་དག་ན་ནིང་ ལོར་སུ་ཁྲོན་དཀར་མཛེས་ཁུལ་ནས་ཡོང་བ་དང་། ལོ་གཉིས་དང་ཕྱེད་ཀའི་རིང་སློབ་གྲྭ་འདིར་གློག་རྡུལ་འཕྲུལ་ཆས་དང་གྲངས་རྩིས་། བཟོ་ལས་ལག་རྩལ།ཁོར་ཡུག་སོགས་ཀྱི་ཆེད་ལས་སྐོར་སློབ་སྦྱོང་བྱེད་ཀྱི་ཡོད་ཟེར་། སློབ་གྲྭ་དེའི་སློབ་མ་ཞིག་གིས་བརྗོད་ན་རྒྱ་རིགས་སློབ་མ་ཚོས་སློབ་གྲྭའི་ ཕྱོགས་ནས་བོད་རིགས་སློབ་མ་ཚོར་ཉིན་རེར་རྒྱ་སྒོར་བཅུའི་ཁ་གསབ་སྤྲོད་པ་དེ་ འདྲ་མཉམ་མིན་པར་བསམ་ནས་མི་རིགས་བར་གྱི་འགལ་ཟླ་བྱུང་བ་དང་། ད་ཐེངས་བོད་རིགས་སློབ་མ་གཅིག་བསད་པ་དེས་འཁོན་སེམས་དེ་བས་ཇེ་ཆེར་གྱུར་ཡོད་ ཟེར་། གནས་ཚུལ་གཞན་ཞིག་ཏུ་སློབ་གྲྭ་དེར་སློབ་མ་ཆིག་སྟོང་ལྷག་ཡོད་པའི་ཁྲོད་སློབ་མ་ བརྒྱ་ལྷག་ན་ནིང་ལོར་དཀར་མཛེས་ཁུལ་ནས་ཡོང་བ་དང་།ནམ་རྒྱུན་ཏུ་རྒྱ་བོད་སློབ་ མའི་བར་འགལ་ཟླ་ཆུང་ངུ་རེ་ཡོང་གི་ཡོད་པ་དང་།བོད་རིགས་སློབ་མ་ཚོ་ཁོང་ཁྲོ་ལངས་ སླ་བ་ཡོད་ཚུལ་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་འགྲེལ་བརྗོད་བྱས་འདུག
    ལྕགས་མོ་འཚོའི་དྲ་བ་ལས་དྲངས།

  8. སྒོམ་སྡེ་ལྷ་རམས་པ། says:
    2010-05-03 at 3:16 pm

    མི་རྐང་གླིང་བུ་ལགས།
    ངེད་ལ་དེའི་སྐོར་གནས་ཚུལ་མཁོ་སྤྲོད་ཞུ་ཡ་མེད་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme