Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼བྱ་སྤུ་གནོན།༽

Posted on 2017-12-26 By ཁ་བརྡ 15 Comments on ༼བྱ་སྤུ་གནོན།༽

ཡུལ་མི་ཚོས་བྱ་སྤུ་གནོན་ལ་ངོ་རྒོལ་བྱེད་བཞིན་ཡོད།
སྐྱབས་བཅོལ་བ་རྣམས་བྱ་སྤུ་གནོན་ལ་ཧ་ཅང་དགའ།

___________ཁ་བྱང་གི་འགྲེལ།

སྒྲོལ་མཚོ།

 

ང་ཕ་ཡུལ་ན་ཡོད་དུས
བྱ་སྤུ་གནོན་གྱི་སྒྲིག་གཞི་ཧ་ཅང་བཙན
ཡིན་ཡང    ཕ་ཡུལ་ནི་སྒེར་གཅོད་པའི་ཁྲིམས་ཁ་ན་ཡོད
ང་བཙན་བྱོལ་ལ་འབྱོར་དུས
ཡང་བྱ་སྤུ་གནོན་གྱི་སྒྲིག་གཞི་ཧ་ཅང་བཙན
ཡིན་ཡང    བཙན་བྱོལ་བ་ཚོས་མང་གཙོར་ལོངས་སུ་སྤྱོད་བཞིན་འདུག
དོན་དངོས་ནས་བྱ་སྤུ་གནོན་ནི
སྒེར་གཅོད་ཅིག་རེད
གཉའ་གནོན་ཞིག་རེད
དབང་བསྒྱུར་བ་ཚོའི་ལག་ཆ་དཔེ་མེད་ཅིག་རེད

 

༢༠༡༧-༡༢-༢༥མཚན་མོར།

སྙན་ངག

Post navigation

Previous Post: རྒྱལ་གཅེས་དཔའ་བོ་དཀོན་པེ – རང་ལུས་མེར་བསྲེགས།
Next Post: ཧི་མ་ལ་ཡའི་གནའ་བོའི་ཆོས་རིག་དང་དོལ་པོ།

Comments (15) on “༼བྱ་སྤུ་གནོན།༽”

  1. མི་ཉག་སྐལ་བཟང་། says:
    2017-12-26 at 2:07 pm

    ཨ་ཕོ་རང་ལ་འཇོན་པ་ཡོད་ན།། དགའ་ལྡན་ཁྲི་ལ་བདག་པོ་མི་འདུག

  2. མཐོད་རྒལ། says:
    2017-12-26 at 8:45 pm

    སྤྱིར་སྒྲོལ་མཚོས་བྲིས་པ་དེ་བདེན་པའི་ཆ་ཡང་རེད། འོན་ཀྱང་། དམངས་གཙོའི་ནང་རང་དབང་དང་འགན་ཁྲི་ཞེས་མཉམ་དུ་སྐྱོད་བཞིན་ཡོད། གཞུང་ཞབས་རྣམས་ལ། ཨ་རི་ལྟ་བུར་ཡང་རང་དབང་དེ་ཙམ་མེད། གོང་གི་བཀའ་སྒྲུབ་མཁན་ལྟ་བུ་ཞིག་རེད། མིང་ཡང་དམངས་ཀྱི་ཞབས་ཕྱི་ཞེས་འབོད། རིམ་པ་གོང་མས་བཀའ་བཏང་ནས། དེ་ལྟར་མ་སྒྲུབ་ན། ཉེས་པ་གཏོང་རྐྱང་བྱེད། དེ་ཨ་རི་དང་། ཡོ་རོབ། དེ་བཞིན་རྒྱ་གར་ལྟ་བུར་དམངས་གཙོའི་རྒྱལ་ཁབ་ཚང་མའི་ནང་ལ་ཡོད།

    དཔེར་ན། ཨ་རིའི་སྲིད་འཛིན་ཁྲོམ་གྱིས་ཕོ་བྲང་དཀར་པོའི་ནང་གི་ལས་བྱེད་པ་ལྔ་ཙམ་ཕྱིར་ཕུད་བྱས་སོང་། དེ་ལ་ཁྱེད་ཀྱི་དགོངས་ཚུལ་ཞིག་གསུངས་རོགས།

    ཨ་རིའི་གྲོས་ཚོགས་ནང་ལ་གཏམ་བརྗོད་རང་དབང་དང་སྒེར་གྱི་ཐོབ་ཐང་ཆེན་པོ་ཡོད་ཚོད་ལ། ཨ་རིའི་སྲིད་གཞུང་དང་། དམག་སྒར་སོགས་ལ་བྱ་སྤུ་གནོན་ཤིན་དུ་དམ་པོ་འདུག ཁོང་ཚོ་མང་པོ་ཞིག་ཕྱིར་འབུད་གཏོང་མཁན་གྱིས་གཏོང་རྐྱང་དང་དོ་བདག་ནས་འགྲོ་རྐྱང་བྱས་ནས་གསར་འགྱུར་ནང་ལ་ཡོང་གི་མེད།

    ངས་བློ་སེང་ལ་རྒྱབ་སྐྱོར་བྱས་ནས་བྲིས་པ་མིན། 

  3. བློ་བཟང་། says:
    2017-12-27 at 1:50 am

    བྲིས་ནོ་ཡག་གི་བདེན་པ་ཡང་རེད་འདུག མི་རིགས་གཞན་ལ་རང་གི་རྒྱལ་ཁབ་ཡོད་པ་དེ་ཡར་རྒྱས་ལ་གཏོང་གི་ཡོད་པ་རེད། བློ་སངས་ཁྱི་སངས་འདིས་བཙན་བྱོལ་པ་ར་གང་འདི་ཉོག་བཞིན་དཀྲུག་སོང་།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-12-27 at 7:37 am

    བྱ་སྤུ་གནོན་དང་རྟ་སྤུ་རྒྱེན་ལངས་ཟེར་བ་དེ་ཚོ་གྲལ་རིམ་དམངས་གཙོ་གཅིག་བསྡུད་ཀྱི་ཐ་སྙད་ཙམ་ལས་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་བཞིིན་པའི་རང་དབང་མང་གཙོའི་སྒྲིག་འཛུགས་ནང་བྱ་སྤུ་གནོན་དང་རྟ་སྤུ་རྒྱེན་ལངས་ལས་ཁྲིམས་ཀྱི་དབང་བསྒྱུར་དེ་གལ་ཆེ་བ་མ་རེད་དམ་།

  5. བསེ་རུ་ཟང་ཐལ། says:
    2017-12-27 at 8:18 am

    ད་ཐེངས་ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བྱ་སྤུ་གནོན་ཟེར་བ་འདིའི་གླེང་ཀ་ཡོང་གཞི་ནི། དང་པོ་ཨ་དོན་ཟུར་པ་སྐལ་རྡོར་དོན་གཅོད་སྐབས་TCDFབོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཞེས་པ་གཞུང་འབྲེལ་མིན་པའི་ཚོགས་པ་NGOཞིག་བཙུགས། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་དེ་དུས་ཀྱི་ཨ་དོན་སྐལ་རྡོར་ཡོད། དེའི་མོང་ཐོག་ཨ་གཞུང་ནས་རོགས་དངུལ་འབོར་ཆེན་ཞིག་བླངས་ཡོད་པ་དེ་ཡིན་འདུག་སྙམ། ཚོགས་པ་དེ་སྲིད་སྐྱོང་བློ་སངས་དང་སྐལ་རྡོར་གྱིས་ཨ་དོན་སྤེན་ཚེ་ལ་རྩིས་སྤྲོད་བྱ་རྒྱུ་ཕར་བཞག སྤེན་ཚེ་འགན་འཛིན་ལྷན་ཚོགས་སུ་འཇུག་རྒྱུ་དེ་བས་ཀྱང་བྱས་མེད་ཁར། དོན་གཅོད་སྤེན་ཚེ་ལ་ཐེ་བྱུས་ཡེ་ནས་མེད་པར་བཟོ་རྩིས་བྱས་ཡོད། ཚོགས་པ་དེ་ད་ལྟ་ཡང་སྐལ་རྡོར་ཚང་རང་ལ་བཅོལ་ནས་ནས་ཡོད། ད་དུང་། བློ་སངས་ཀྱིས་ཚོགས་པ་འདིའི་མ་འོངས་འཛིན་སྐྱོང་ནང་དོན་གཅོད་རིམ་པ་སུ་ཞིག་ཕེབས་ནའང་། ཚོགས་པ་དེར་ཐ་ན། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཞིག་གི་མཚན་ཐོག་ཙམ་གྱི་གནས་བབ་མི་སྤྲོད་རྒྱུ་དང་། བོད་མིའི་སྒྲིག་འཛུགས་དང་ཨ་དོན་གཉིས་ཀ་ལ་བྱུས་གཏོགས་མེད་པ་བཟོས་ཏེ་རིམ་པས་སྒེར་བདག་ཅན་དུ་འགྱུར་འཆར་ཡོད་པར་སྤེན་ཚེས་མཐོང་ནས། སྤེན་ཚེས་འདྲི་བརྩད་བྱས་པ་ལ། བློ་སངས་ཀྱིས་སྤེན་ཚེར་གསལ་བཤད་དྲང་པོ་ཞིག་བྱེད་རྒྱུ་ཕར་བཞག བློ་སངས་འདྲོགས་ཐག་ཆོད་ནས་བཀའ་ཤག་གི་དབང་ཚད་བེད་སྤྱོད་ལོག་པར་བཏང་འདུག ལས་དོན་ཚང་མ་དེ་ནས་འཁྲུགས་སོང་འདུག ཨ་ཁ་དེ་དུས་བློ་སངས་ཀྱི་བྱེད་སྟངས་ལ། སུས་བལྟས་ཀྱང་། བློ་སེང་གིས་གཏན་གཏན་ངོ་མ་རང་རང་དོན་ཁོག་བཅུག་གི་བྱུས་ངན་ཞིག་བཤམས་ཡོད་པ་དེ་གསལ་པོར་མཐོང་ཐུབ་པ་མི་འདུག་གམ། བློ་སངས་ཀྱིས་རྫུན་རྐུབ་ཕྱི་ལ་བརྡོལ་འགོ་དེ་ནས་བརྩམས་འདུག་པ་མཐོང་ཐུབ། ད་ལྟ་ནི། NGOཚོགས་པ་དེ། ཕྱོགས་གཅིག་ནས། སྐལ་རྡོར་ཚང་ལ་ཨ་རིའི་ཁྲིམས་མཐུན་ལྟར་བལྟས་ན། སྐལ་རྡོར་ལ་བདག་དབང་ཆ་ཚང་ཡོད་པ། ཡང་། བོད་མིའི་སྒྲིག་འཛུགས་ངོས་ནས་བལྟས་ན། སྐལ་རྡོར་ལ་དབང་ཚད་ཚ་ཚང་བ་ཞིག་ཡོད་ལ་མེད་ལ་བྱས་ནས་ནས་བཅོལ་ཡོད། འོ་ཡ། གང་ལྟར་རིམ་པས་སྤེན་ཚེ་ལ་གཞི་ནས་དེས་རྐྱེན་པས་བྱ་སྤུ་གནོན་མ་བྱས་པའི་སྐྱོན་འཛུགས་འོག་གནས་དབྱུང་བཏང་བྱུས་བཤམས་པ་ཞིག་ཀྱང་རེད་འདུག ཡ་ཡ། ད་ཆ་ཡང་། བློ་སངས་ཀྱིས་དངོས་གྲུབ་ཚེ་རིང་རྫུན་བྱུས་དེ་སྤས་བསྐུང་ཆེད་ཨ་དོན་དུ་བསྐོ་གཞག་བྱས། རིང་མིན་བློ་སངས་ཁོ་པ་རང་ལ་བདེན་པ་ཡོད་མདོག་སྟོན་ཆེད་NGO དེའི་འགན་འཛིན་ལྷན་ཚོགས་ནང་དངོས་གྲུབ་ཚེ་རིང་ད་བར་མེད་ཀྱང་ད་གཞི་ནས་དོན་གཅོད་མིང་ཐོག་ནས་མགྱོགས་པོ་འཇོག་རྒྱུར་ཚོད་དཔག་བྱ་གིན་ཡོད་བཟོ་ཡང་འདུག དེ་ལ་ཡང་རྫུན་རྐུབ་ཞིག་ཡོད་པའི་དྲི་ངན་ལོས་ཚོར་ཐུབ། ཧ་ཧ། མ་གཞི་ང་ཚོའི་སྤྱི་ཚོགས་ནང་འདི་དང་འདི་འདྲའི་གཞུང་འབྲེལ་ཡིན་ལ་མིན་ལ་ཡི་གཟུགས་ཤེས་གང་ཡང་མིན་པའི་ལྡན་མི་འདུ་བྱེད་ཀྱི་སྒེར་སྤྱོད་ཚོགས་པ་ཆེ་ཆུང་འདྲ་མིན་མང་པོ་སྔར་ནས་བྱུང་ཡོད་ལ་ད་ལྟའང་མཐོང་རྒྱུ་ཡོད། དོ་དོན་ཡག་སྙིང་། ས་གནས་ཨ་གཞུང་གི་NGOའགྲོ་ལུགས་བོད་མི་སྤྱི་དམངས་ཚོས་ཅི་ལ་ཤེས། དེས་ན། བོད་མི་ཚོས་གསལ་པོར་མཁྱེན་དགོས་པ་ཞིག་ནི། བློ་སངས་དང་སྐལ་རྡོར་གཉིས་ཀྱིས་TCDFའདི་འཕྲལ་ཕུགས་གཉིས་ཀར་བོད་མིའི་སྒྲིག་འཛུགས་དང་དོན་གཅོད་ཟེར་བ་ལ་བྱུས་གཏོགས་ཏིལ་འབྲུ་ཙམ་ཡང་མེད་པ་བཟོས་འཆར་ཡིན་པ་དང་། རིམ་པས་བློ་སངས་སྲིད་སྐྱོང་གི་ལས་འཁུར་འཁྱུར་ཟིན་མཚམས་སུ་ཁོ་པ་དང་གྲོགས་པོ་སྐལ་རྡོར་སོགས་མི་འགས་སྒེར་དབང་སྤྱོད་པའི་སྤྱི་རྟ་སྒལ་རལ་ལ་དམིགས་ཏེ་བསྐྲུན་ཡོད་པར་སྤེན་ཚེས་མགོ་ཚོད་ཡོད་འདུག ཡ་ཡ། ད་མ་འོངས་པར་ལྟད་མོ་བཟང་ངན་གང་ཡོང་ངོ་མ་ལོ་ཤས་རྗེས་ནས་མ་གཏོགས་མཐོང་མི་ཡོང་། སྤྱི་དོན་ལ་འགན་ངོ་མ་ལེན་འདོད་ན། TCDFཚོགས་པ་འདི་ཨ་རིའི་བོད་མིའི་སྤྱི་དོན་ཚོགས་པ་ཚོར་ཁྲིམས་མཐུན་འགན་འཁུར་དང་ཐེ་གཏོགས་གང་ལ་གང་འཚམས་ཤིག་བྱེད་རྒྱུ་ཡོད་པ་ཞིག་བཟོ་ཐུབ་ན་སྤྱི་རྒྱུ་སྒེར་བདག་ཏུ་མི་འགྲོ་བར་འགོག་བསྲུང་གནང་ཐུབ་ངེས་རེད། མདོར་ན། ད་ཐེངས་ཀྱི་བྱ་སྤུ་གནོན་ཟེར་ནའང་འདྲ། ཨ་དོན་འཕོ་འགྱུར་གྱི་གནད་དོན་ཟེར་ནའང་འདྲ། ཨ་སྒོར་ས་ཡ་གཅིག་དང་ཕྱེང་ཀའི་དོན་རྐྱེན་ཟེར་ནའང་འདྲ། དོན་ངོ་མའི་རྩོད་གཞི་ནི། ཨ་ན་མན་ན། སྐྱབས་དཀོན་མཆོག་གསུམ། ༧རྒྱལ་བ་རིན་པོ་ཆེ་མཁྱེན། བོད་རིགས་སྤུན་ཟླ་ཚོ། བོད་མིའི་རྩ་དོན་ནི་མ་རེད་ལགས། རང་བཙན་དང་ལམ་དབུ་མའི་སྲིད་ཇུས་ཀྱི་རྩོད་པ་ནི་དེ་བས་ཀྱང་མ་རེད། གནད་དོན་ངོ་མ་དེ་NGOའདིའི་འཕྲལ་ཕུགས་ཀྱི་གཉེར་སྐྱོང་བྱེད་སྟངས་དང་། རོགས་དངུལ་གར་འགྲོ་གང་བྱེད་དང་། སྤྱི་རྒྱུ་སྒེར་བདག་འགྲོ་ཉེན་ཡོད་པའི་བྱི་རིལ་མངར་སྐྱུར་གཉིས་ལྡན་ཕན་གནོད་གཉིས་ལྡན་ ༢༠༡༧ ལོར་སྲིད་སྐྱོང་བློ་སངས་ཀྱིས་གཡོས་སྦྱོར་བྱས་པ་དེ་རང་རེད་འདུག ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ནི་འཐོར་ལ་ཉེ་བས་ ༢༠༡༨ ནས་ག་ལེར་ཅིག་གསོ་བར་སྨོན།། །།

  6. རོ་བདག says:
    2017-12-27 at 3:35 pm

    སྐབས་རེ་བྱ་སྤུ་གནོན། སྐབས་རེ་བྱ་སྤུ་གཙུག

  7. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-12-27 at 9:42 pm

    དབུས་བོད་མིའི་སྒྲིག་འཛུགས་ནས་བོད་མིའི་བདེ་དོན་ཆེད་འཛུགས་བསྐྲུན་གྱི་ལས་འཆར་དང་སྤྱི་ཚོགས་བདེ་དོན་གྱི་རོགས་དངུལ་དང་ཐེབ་རྩ་དགེ་རྩ་སོགས་ལས་འཆར་གང་ཡིན་ཡང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ལ་ཆོག་མཆན་བཀའ་འཁྲོལ་ཞུས་ནས་སྔོན་རྩིས་གཏན་འབེབས་དང་དངུལ་རྩིས་གཏོང་ལེན་གྱི་སྒྲིག་གཞི་བརྒྱུད་ནས་ལག་ལྟར་དགོས་པ་ལས་གསང་གསང་འབུག་འབུག་གི་འོག་ཏུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མིང་ཁྱེར་ནས་ཐེབ་རྩ་དང་དགེ་རྩ་ཟེར་བ་བཙུགས་ཡོད་ན་ཁྲིམས་ཐོག་ནས་ཞིབ་འཇུག་ནན་པོ་གནང་དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཕྱི་གསལ་ནང་གསལ་ཟེར་བའི་གོ་དོན་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།

  8. ཨ་འབར་འཇིགས་དབང། says:
    2017-12-27 at 10:57 pm

    ༄༅། བྱ་སྤུ་གནོན་མ་བྱས་ན་་་སྤྱི་ཚོགས་འཛིན་སྐྱོང་ག་འདྲ་སེ་་་བྱེད་དགོས་རེད།
    མགོ་རྐང་མཇུག་གསུམ་མེད་པའི་མི་ཞིག་ཡོད་དམ།
    དཔེར་ན་སྲིད་སྐྱོང་དང། བཀའ་བློན་། དྲུང་ཆེ། དྲུང་འཕར། རྒན་དྲུང། གཞོན་དྲུང།
    རྩིས་པ། ལས་དྲུང་བཅས་པ་རིམ་པ་བཞིན་འཛམ་གླིང་ཀུན་ལ་ཡོད་པ་བཞིན་རྒྱལ་ཁབ་ཀྱི་
    འཛིན་སྐྱོང་བྱེདདགོས་པ་མ་གཏོགས་མི་གཅིག་གཉིས་ཀྱི་སྤྱི་ཚོགས་འཛིན་སྐྱོང་བྱེད་མི་ཐུབ་པ་
    ནི་་་ ལོང་བས་ལྟས་སྐྱང་ཁམ་གསུམ་མཐོང་བ་བཞིན་རེད།
    འཛམ་གླིང་མང་གཙོའི་རྒྱལ་ཁབ་ཚང་མར་བྱ་སྤུ་གནོན་གྱི་ས་ལས་དོན་བྱེད་ཀྱི་ཡོད་པ་བཤད་
    ཅི་དགོས། ཡང་ཨ་ཅེ་བདེ་སྒྲོལ་ལགས་ནས་ཡུལ་མི་དང་ང་ཚོ་བཙན་བྱོལ་གཉིས་མི་འདྲ་མདོག་
    མདོག་བཤད་པ་ནི་གཏན་ནས་མི་འགྲིགས། ཨ་བོའི་འཁྲབ་པ་དང་ར་ཕོས་འཁྲབ་གཉིས་གཏན་
    ནས་མི་འདྲ། ང་ཚོ་མིའི་ལུང་པར་་་ས་དབྱིན་ཇི་་་གཅིག་མེད་པ་དེ་དང་་་ཡུལ་མི་ལ་ཐོབ་ཐང་
    ཡོངས་རྗོགས་ཡོད་པ་གཉིས་ནམ་ཡང་མི་འདྲ་བ་ཤེས་དགོས། བདེ་སྒྲོལ་ཁྱེད་རང་ཆབ་སྲིད་རིག་པའི་སྐོར་ལ་དོ་སྣང་ངེས་པར་བྱེད་དགོས། ཁྱེད་རང་ཤེས་བྱ་ཆུང་དྲག་འདུག་་ ངས་སུ་གཅིག་ལའང་ཕྱོགས་གཏོགས་བྱེད་ཀྱི་མེད། བྱེད་དགོས་དོན་ཡང་མི་འདུག་ ཕན་ཐོགས་ཀྱང་མི་འདུག་ སྤྱི་ཚོགས་དཀྲུགས་ཤིང་
    རེད་འདུག་ གོ་དོན་ཡང་དག་པ་མ་ཤེས་པ་དེ་ཚོར་་་་རང་གི་གང་ཤེས་པ་རྣམས་གོ་རྟོགས་
    སྤེལ་གྱི་ཡོད་པའི་ཁུལ་ཡིན།
    མཐོད་རྒལ་ལགས་ནས་གསུངས་པ་དེ་ལ་རྒྱབ་སྐྱོར་ཡོད།

  9. མཐོད་རྒལ། says:
    2017-12-28 at 9:02 pm

    ཨ་རིའི་སྲིད་འཛིན་ཁྲོམ་གྱིས་ལོ་གཅིག་གི་ནང་ལ་བློན་ཆེན་དང་དྲུང་ཆེའི་གནས་རིམ་ཡོད་པའི་མི་སྣ་༡༥ཕྱིར་འབུད་བྱས་འདུག དེ་དག་ལ་མང་ཚོགས་ཀྱིས་ཁྲིམས་གཏུགས་དང་ངོ་རྒོལ་བྱེད་མཁན་མི་འདུག རྒྱུ་མཚན་ནི་དེ་དག་ཁོང་གིས་བསྐོས་པ་དང་། ཁོང་གི་འདོད་པ་མ་འཁེངས་སྟབས་གནས་དབྱུང་བཏང་བ་རེད། གཤམ་གྱི་དྲ་རྒྱའི་སྟེང་ལ་དེ་དག་གི་མིང་དང་ལོ་རྒྱུས། གནས་རིམ་སོགས་ཞིབ་པར་འཁོད་འདུག་པས་གཟིགས་རོགས།

    http://www.businessinsider.com/who-has-trump-fired-so-far-james-comey-sean-spicer-michael-flynn-2017-7/#omarosa-manigault-1

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-12-28 at 10:15 pm

    ཨ་རི་ལྟབུ་གཅིག་ནས་རང་བཙན་ཡོད་པའི་རྒྱལ་ཁབ་ཡིན་པ་དང་གཉིས་ནས་སྲིད་དོན་ཚོགས་པ་མགྲན་རྩོད་རྒྱུད་ནས་གཞུང་སྐྱོང་བཞིན་པ་དང་ང་ཚོ་མི་ཡུལ་དུ་སྐྱབས་བཅོལ་གྱིས་སྒྲིག་འཛུགས་ཞིག་གི་ངོ་བོར་གནས་ཡོད་ན་རང་བཙན་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཨ་རི་ལྟབུར་ང་ཚོའི་དཔེ་བླངས་ན་འགྲིག་གི་ཨ་ཡོད་ང་ཚོར་ཡོད་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འཛིན་སྐྱོང་གི་སྒྲིག་གཞི་གྲངས་མང་ཡོད་པ་དེ་ཚོ་ལ་འགན་འཁུར་ནས་འགྲོ་དགོས་མ་རེད་དམ་།

  11. བསེ་རུ་ཟང་ཐལ། says:
    2017-12-29 at 10:34 pm

    མཐོད་རྒལ་ཁྱེད་ཀྱིས་དང་པོ་གཤམ་གྱི་གསར་གནས་འདི་གཅིག་ཀློགས་དང་། ལོ་ཤས་སྔོན་ཚུད་ནས་བློ་སངས་དང་སྐལ་རྡོར་སོགས་ཀྱི་ལས་ཀ་གང་འདྲ་བྱས་འདུག་ཤེས་ཡོང་། དེ་ནས་ཨ་རིའི་གཞུང་འབྲེལNGOདྲྭ་རྒྱ་ལས་TCDFསྐོར་ཅིག་བསྔོག་དང་ཨ་སྒོར་རོགས་དངུལ་ག་བར་བཏང་དང་གཏོང་རྩིས་འདུག འགན་འཛིན་ལྷ་ཚོགས་ནང་སུ་དང་སུ་འདུག སུ་སུ་ལ་གླ་ཆ་ག་ཆོད་སྤྲད་འདུག བོད་མིའི་སྒྲིག་འཛུགས་དང་རྩིས་ཞིབ་ལྷན་ཁང་ལ་ཐེ་གཏོགས་ཡོད་ས་རེད་པས། NGO དེའི་མ་འོངས་པའི་ཁ་ཕྱོགས་གང་དུ་བསྐྱོད་རྩིས་འདུག་གམ་ལ་སོགས་པ་ཞིབ་ཕྲ་དེ་ལས་མང་བ་རིམ་པས་ཐོན་ཡོང་།
    https://m.washingtontimes.com/news/2015/sep/30/maura-moynihan-forgotten-tibet/

  12. རྒྱ་ཞིང་མྱི་དཀར། says:
    2017-12-30 at 5:07 am

    བྱ་སྤུ་གནོན་གྱི་དོན་རྐྱེན་ད་ཚར་སོང་ནི་ད་བཤད་ནས་ཅི་ཕན་

  13. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-12-30 at 6:36 am

    བྱ་སྤུ་གནོན་དང་རྟ་སྤུ་རྒྱེན་ལངས་ཟེར་བའི་ཐ་སྙད་འཇུག་ས་དེ་ཁྲིམས་ཀྱི་དབང་བསྒྱུར་མེད་པའི་སྤྱི་ཚོགས་རྒྱ་ནག་དང་བྱང་ཀོ་རི་ཡ་ལྟབུ་གྲལ་རིམས་དམངས་གཙོ་གཅིག་བསྡུད་ནང་ཐ་སྙད་འདིའི་འོག་ནས་འཛིན་སྐྱོང་གི་ལས་དོན་སྒྲུབ་བཞིན་པ་ལས་རང་དབང་མང་གཙོ་ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་འོག་འགྲོ་བཞིན་པའི་སྤྱི་ཚོགས་ཞིག་གི་ནང་བྱ་སྤུ་གནོན་དང་རྟ་སྤུ་གྱེན་ལངས་ཟེར་བའི་ཐ་སྙད་དེ་ཚོ་བེད་སྤྱོད་བཏང་འོས་མིན་འཐེ་ཚོམ་ནང་ལྷག་མི་འདུག་གམ་།

  14. དཔལ་ལྡན། says:
    2017-12-30 at 9:13 am

    གཞུང་པ་ཚེ་དབང་བསོད་ནམས། བྱང་ཀོ་རེ་ཡ་དང་རྒྱ་ནག་ལ་ཁྲིམས་ལུགས་མེད་པ་མེད། ཡིན་ཡང་ཁྲིམས་ལུགས་དེ་མི་དང་ཚོགས་པ་སྒེར་བས་བེད་སྤྱོད་ལོག་ག་བཏང་བ་རེད། དེ་ནི་ད་ལྟའི་སྐུ་ཞབས་བློ་བཟང་སངས་རྒྱས་ཀྱིས་བྱེད་བབ་དང་གཅིག་པ་རེད། ཁྲིམས་ནི་གང་ལ་ཡང་ཡོད་རེད། ཡིན་ཡང་ཁྲིམས་ཁྲིམས་ས་ནས་བེད་སྤྱོད་དང་སྤྱི་ཚོགས་དང་མི་མང་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་བེད་སྤྱོད་བྱེད་པ་ལས་མི་སྒེར་གྱི་སྙིང་ནད་རྩོད་སྤྱད་དང་དམིགས་ཡུལ་སྒྲུབ་སྤྱད་བེད་སྤྱོད་བྱས་ན་དེ་ལ་ཁྲིམས་མེད་ལུགས་མེད་ཟེར་བ་རེད།

  15. བཙན་པོ། says:
    2017-12-30 at 10:41 am

    ཀྲུའུ་ཞིའུ་སློབ་སངས་ལགས་ད་ཁྱོད་ཀྱིས་དགོངས་པ་ཞུ་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme