Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼བོད་རེ་བ་ཅན༽་ལ་ལྟ་ཀློག་བྱས་པའི་མྱོང་ཚོར་ཐོར་བུ།

Posted on 2012-06-13 By ཆུ་སྐྱེས་སྒྲོལ་མ། 10 Comments on ༼བོད་རེ་བ་ཅན༽་ལ་ལྟ་ཀློག་བྱས་པའི་མྱོང་ཚོར་ཐོར་བུ།

བསམ་གླིང་ཚེ་རིང་ལྷ་མོ།

ཉེ་འཆར་དབྱར་སེང་དང་སྟབས་བསྟུན་རྡ་སར་སླེབས་དུས། བོད་ནང་གི་རྩོམ་པ་པོ་དང་བོད་རིགས་པ་བ་འབྲི་གུང་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་བརྩམས་གནང་བའི། ཕྱག་དེབ་བོད་རེ་བ་ཅན་ཞེས་པ་དེ་མཇལ་བྱུང་། དེ་ཡང་རྡ་ས་ནི་བོད་ཀྱི་རྒྱལ་ས་གཉིས་པ་ཙམ་མ་ཟད་རིག་གནས་ཀྱི་རྟེན་གཞི་འམ། བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་གང་ཅིའི་གནས་གཞི་གལ་ཆེན་ཞིག་ཡིན་པས། དེ་ནི་བོད་བསྟན་པ་ཆབ་སྲིད་ཀྱི་ཡར་འདྲེན་བསྟན་པའི་སྲོག་ཤིང་དང་། མར་འདྲེན་དམྱལ་བའི་གཡབ་མོ་ལྟ་བུའི་གནད་འགག་ཅན་གྱི་ས་གནས་ཞིག་རེད་ཅེས་བརྗོད་ཀྱང་མ་འགྲིག་པ་མེད།

རྒྱུ་མཚན་ཡོད་དེ། བོད་མི་རྣམས་འཛམ་གླིང་ས་ཕྱོགས་གང་སར་གྱར་ཡང་བཙན་བྱོལ་བའི་བསྟི་གནས་ནི་རྡ་ས་ཡིན་པ་དང་། རྡ་ས་ནས་བཀའ་ཞིག་བཏང་ན་འཛམ་གླིང་འདིའི་རྒྱལ་ཁབ་འདྲ་མིན་ནང་གནས་པའི་བོད་མི་སྤྱི་བོ་གནམ་བསྟན་ལ་རྒྱ་ཁྱབ་ཏུ་འགྲོ་བ་རང་བཞིན་ཡིན་པ་སྨོས་མ་དགོས་པར། རྡ་སའི་སྐྱེ་བོའི་གླེང་ཕྱོགས་དང་ལྟ་ཕྱོགས་ནི་གནའ་བོའི་བོད་ཀྱི་རྒྱལ་ས་ལྷ་སའི་གླེང་ཕྱོགས་དང་ལྟ་ཕྱོགས་ལྟར་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད།

དེས་ན་ང་ཚོ་ལུང་ཁུག་ཁག་ནས་ཡོང་བའི་འགྲུལ་པ་ཚོ་རྡ་སར་སླེབས་དུས་ལྟ་རྒྱུ་གསར་པ་ཞིག་དང་། ཐོས་རྒྱུ་གསར་པ། ད་དུང་བྱ་རྒྱུ་གསར་པ་ཞིག་ལ་མྱོང་གོམས་རེ་བྱ་རྒྱུ་ཡོད། ད་ལོའི་དབྱར་སེང་ལ། ༸སྐྱབས་མགོན་མཆོག་གི་གསུང་ཆོས་ཞུ་བའི་གོ་སྐབས་རྩ་ཆེན་དེ་དང་ལྷན་དུ། གོང་བརྗོད་བཞིན་བོད་རེ་བ་ཅན་ཞེས་པའི་དེབ་འདི་དང་ཡང་མཇལ།

ངའི་ངོ་ཤེས་འགས་དེབ་དེ་ཧང་སངས་དགོས་པ་ཞིག་འདུག་ཅེས་གསུང་། ངས་ཀྱང་ཡ་མཚན་དང་ཨ་གསར་དང་བཅས་ངོ་ཤེས་ཀྱི་འགྲམ་ནས་དེབ་དེ་གཡར་པོ་ཞུས། དེབ་དེ་ཉིད་བསམ་བློ་གསར་པ་དང་། ལྟ་བ་གསར་པ་བརྗོད་བྱ་གསར་པ་དང་བརྗོད་བྱེད་དཔེ་གསར་ཇི་འདྲ་ཞིག་གི་སྒང་ནས་བརྩམས་ཡོད་དམ།

མ་རེད། དེབ་དེའི་ནང་། ང་ཚོས་ནམ་རྒྱུན་མཐོང་བཞིན་པ་དང་། བསམ་བཞིན་པ་ཁག་བརྗོད་ཡོད་ལ། རྩོམ་པ་པོས་རང་མི་རིགས་ལ་ཤ་ཚ་རྣམ་དག་དང་། བློ་ཁོག་ཆེན་པོས་ནོར་འཁྲུལ་ལ་མཛུབ་མོ་ཐད་ཀར་བཙུགས་ཏེ། བྱ་དངོས་མང་པོར་དབྱེ་ཞིབ་མཐིལ་ཕྱིན་པ་གནང་ཐོག འཛམ་གླིང་ཕྱི་ནང་གང་སར་ཉུལ་ནས་རང་མི་རིགས་ཀྱི་ལས་དབང་ལ་ཚད་འཇལ་ཞིང་། སྙིང་གི་ན་ཟུག་ཁྲི་སྟོང་མང་པོ་དེབ་དེའི་ནང་དུ་ཕྱིར་བཏོན་གནང་འདུག

རྩོམ་པ་པོས་འབྱུང་འགྱུར་གྱི་བོད་མི་རིགས་ལ་ལམ་སྟོན་དང་རེ་བ་ཤུགས་ཆེན་བཅོལ་ཞིང་། འདི་བྱས་པས་འདི་དང་། ཕ་གི་བྱས་ན་འབྲས་བུ་འདི་བྱུང་ཞེས་ཤ་ཚ་ཆེན་པོའི་ཐོག་ནས་ལམ་སྟོན་གནང་འདུག ཡང་སྐྱེ་བོ་འགའ་རེས་རྩོམ་པ་པོས་ཆོས་ལ་བསྐྱོན་བརྗོད་མང་པོ་བྱས་འདུག་ཀྱང་ཟེར།

ངས་ཤོག་ལྷེ་རེ་རེ་བྱས་ནས་ཀློག་ཀྱང་གང་ཟག་ཆོས་བྱེད་མཁན་ལ་འདི་དང་འདི་བྱས་ཞེས་སྐྱོན་བརྗོད་བྱས་པ་ལས། ཆོས་ལ་སྐྱོན་དུ་བརྗོད་པ་ཟུར་ཙམ་ཡང་མ་རྙེད། རྩོམ་པ་པོས་འཐུས་ཤོར་གང་དུ་ཤོར་བ་རྣམས་དང་། ནོར་འཁྲུལ་གང་ནས་ཤོར་བ་རྣམས་ལ་གལ་པོ་ཆེ་ལ་ནན་ཏན་ཞེས་པ་ལྟར་ཡང་སྐོར་བསྐྱར་སྐོར་གྱིས་གསུང་ནས་སྐབས་རེ་འདོད་སྐྱོན་དུ་འགྱུར་བ་མིན་ནམ་སྙམ་པའི་སྣང་བའང་སྟེར་འོང་།

ཁོང་གིས་བོད་མི་རིགས་འདི། སྒྱིད་ལུགས་ཆེ་ཞིང་སྐྱིད་པོ་གཏོང་རྒྱུར་དགའ་བ། སྲོལ་རྒྱུན་མ་དག་རྒྱུན་འབྱམས་ལ་བརྩི་ཞིང་། བདག་ཅག་གི་སྟོན་པའི་དགོངས་གཞི་ཆོས་ཟབ་མོ་ལ་ནི་དོ་སྣང་མེད་པ། ཁ་ནས་འགྲོ་བ་རིགས་དྲུག་ཟེར་ཡང་དོན་དངོས་ང་རང་ཚོ་བོད་མི་ས་ཡ་དྲུག་གི་བདེ་དོན་ལ་དོ་འཁུར་མེད་པའི་རྐྱེན་ལས། ད་ལྟའི་ཁ་སྟབས་སྐྱོ་པོ་འདི་བྱུང་བར་འཁང་ར་གནང་ཞིང་། མདོར་བསྡུས་ན་དང་ཁ་སངས་པོ་བཤད་ན་བོད་རྒྱ་དམར་གྱི་འོག་ཏུ་ཤོར་བའི་བྱས་ཉེས་དུ་མ་ཞིག་ཐེར་འདོན་གནང་འདུག་ལ། ལྷག་པར་ཁོང་གིས་དེ་དག་ལས་རྣམ་པར་རྒྱལ་བའི་ཐབས་བཀོད་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་གནང་འདུག།

དེབ་དེའི་དུས་རབས་ཀྱིས་བསླངས་པའི་འགོ་བརྗོད་ཀྱི་དུམ་བུ་ཞིག་འདིར་དྲངས་ན།༼ མགྲིན་པ་གཟེངས་སུ་བསྟོད་ཅིང་བསྐལ་བརྒྱར་བསྔགས་པར་འོས་པའི་ཕ་མེས་ཀྱི་མཛད་བཟང་ཤེས་རྟོགས་དང་། ཕངས་མེད་རང་དབང་ཤ་ཁོག་གཞན་ལ་ཕུལ་ནས་ཏི་ཀ་ཚུར་ལ་ཞུ་བའི་རྨོངས་ཤེས། དབང་མེད་གཞན་དབང་དོན་དུ་ལྷུང་ནས་ལྷ་འདྲེར་ཡར་འདྲེན་རེེ་བའི་བསམ་སྤྱོད། སད་མེད་རྙིང་ཞེན་གོག་ཧྲུལ་ཁོང་ཁྲོའི་མེ་ལྕེ་འབར་ཞིང་འཁང་རའི་གནས་རྣམས། བསུབ་མེད་ལམ་ནོར་གྱི་རྗེས་ཤུལ་ལ་གནོང་འགྱོད་ཀྱིས་མགོ་བོ་སྨད་ནས་ཡིད་མུག་གི་ཡུལ་དང་། བཅོས་མེད་རང་བརྡོལ་ཁྲག་གི་མིག་ཆུ་རྟག་ཏུ་བཞུར་ཡང་བཟློག་མེད་དུས་རབས་ཀྱི་རྨ་ཁ་དང་བསུབ་མེད་ལོ་རྒྱུས་ཀྱི་ཐོག་སྣང་མེད་ཤོར་བའི་ཆག་གྲུམ་གྱི་རང་གཤིས། ཁྲེལ་མེད་རང་བླ་རང་གིས་བཙོང་བའི་དུད་འགྲོའི་གཤིས་སྤྱོད་དྲན་པའི་སེམས་ཀྱི་གཅོང་ནད། ཀླད་མེད་དམུན་ལོང་ནང་དམེ་ཕྱོགས་ཞེན་སློབ་པའི་ངན་འཚང་། བག་མེད་འགན་འཁྲི་བོར་བའི་གྲྭ་བཙུན་གྱི་རུལ་དྲི་སོགས་ཀྱང་མང་དུ་མཆིས་པ་མཐོང་བྱུང་།༽

གསལ་གྱི་བརྗོད་པ་དེ་དག་ལས་དེབ་དེའི་ནང་གི་བརྗོད་བྱ་ཁག་གི་སྤྱི་ཁོག་གམ། འབུར་དུ་ཐོན་པའི་ནང་དོན་བཀོད་འབྲི་གནང་ཡོད་ལ། དེ་དག་ནི་ཁོང་གིས་ཐེར་འདོན་གནང་བར་འདོད་པའི་གནད་དོན་གཙོ་བོ་ཁག་ཀྱང་རེད་འདུག

འགོ་བརྗོད་དེའི་གཤམ་དུ་ད་དུང་། ཁོང་གིས། ༼དོན་དངོས་ཐོག་ད་དུང་རྙིང་ཞེན་བག་འཁུམས་དང་། སྒྱིད་ལུག་ཉམ་དམད་དང་། བདེན་དོར་རྫུན་སྐྱོང་། རུལ་སུངས་སྡོམ་འཆལ། ཕྱི་རྫིག་ནང་སྟོང་། ནང་དམེ་ཕྱོགས་ཞེན། རྨོངས་དད་ཤེས་དབུལ། རུས་མེད་རྐང་འདྲེན། ཉོབ་ཏོ་ཁོག་རུལ་སོགས་ཀྱིས་ཀློང་དུ་འཕྱན་བཞིན་པ་འདི་རེད། ༽ཅེས་བཀོད་གནང་བ་དེས་རྩོམ་པ་པོ་ཁོང་གི་དགོངས་ཚུལ་ལ་རག་ཙམ་དཔོག་ཐུབ་ལ། བོད་མི་རིགས་འདི་ཉིད་ཉལ་ཐ་སྤྱོད་མཁན་ལས་ཉེན་འཚབ་ཆེ་བར་འགྱུར་བཞིན་པ་འདིར་བློ་འཚབ་ཇི་ལྟར་གནང་བ་མཚོན་ཐུབ།

ལྷག་པར་དུ་དེབ་དེའི་ནང་། བོད་ཀྱི་སྲོལ་རྒྱུན་གཏམ་དཔེ་ཧ་ཅང་མང་པོ་ཞིག་བཀོད་བྲི་གནང་ཡོད་པ་སྟེ། མ་བདག་བདག་ཏུ་རེ། བདག་པོ་ཕྱི་ལ་ཕུད། རང་གི་སྒོ་འགྲམ་ནས་གཞན་གྱི་ཁྱིས་རྨུག་ལྟ་བུའི་གཏམ་དཔེ་དེ་དག་ལས་ནང་དོན་ཇི་མ་ཇི་བཞིན་གསལ་བར་བྱས་འདུག

དེབ་དེའི་ནང་དམིགས་གསལ་བོད་ཀྱི་གཏམ་དཔེ་མང་པོ་ཞིག་བཀོད་འབྲི་གནང་ཡོད་པ་དེ་དག་ལས་ནང་དོན་ངང་གིས་ཤེས་རྟོགས་ཐུབ་པ་འདུག་པས་གཏམ་དཔེ་ཁག་ཅིག་འདིར་དྲངས་བའི་འབད་བརྩོན་བྱས་ཡོད།

༡ མི་བདག་བདག་ཏུ་རེ། བདག་པོ་ཕྱི་ལ་འདོན།
༢ ཡ་རབས་མ་རབས་སྤྱོད་པའི་ཁྱད། སྤྱོད་པ་ཉམས་ན་རིགས་དོན་མེད།
༣ གཞན་ལ་ལྟ་བའི་མིག་ཡོད་ཀྱང་། རང་ལ་ལྟ་བར་མེ་ལོང་དགོས།
༤ རང་མགོ་ཆུ་འདྲེན།
༥ ལྷ་པ་མོ་པ་སྒྱུ་མ་གསུམ། འཇིག་རྟེན་ཁམས་ཀྱི་རྫུན་རྐྱལ་གསུམ།
༦ མི་ཁོག་ལ་ལྷ་མ་བཞུགས་པར། ལྷ་ཁོག་ལ་མི་བཞུགས།
༧ བོད་ལ་བདེ་སྐྱིད་བྱུང་ན། རྒྱལ་པོ་ཨ་ནིས་བྱས་ཀྱང་འགྲིག
༨ ཕར་འོ་བསྐྱལ་དུས། ཚུར་སོ་བརྒྱབ།
༩ ཆང་རང་གིས་འཐུང་ན་མགོ་ན། གཞན་གྱིས་འཐུང་ན་སྙིང་ན།
༡༠ ཤིང་ཟོར་བས་བཅད། རྟགས་དངོས་པོས་བསྟན།
༡༡ རྣག་ཐོག་གཙག་འཁེལ།
༡༢ ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད།
༡༣ མིས་འཕྱ། ཁྱིས་ཁྲེལ།
༡༤ ཕོ་ཐ་མའི་བྱ་བ་ཚར་ནས་འགྱོད།
༡༥ བྲེ་ཉག་གློ་ལ་བཞག་ནས། མར་ལ་སྤོམ་ཚོད་མ་རྒྱག
༡༦ ཆུ་མ་ཡོང་གོང་ན་རགས་བརྒྱབ།
༡༧ ཡར་ལ་ཕུལ་རྒྱུ་སངས་དང་གསེར་སྐྱེམས།

རྩོམ་རིག

Post navigation

Previous Post: བལ་ཡུལ་བཀག་བསྐྱིལ་ཁང་ནས་ལྷ་ས་ལ་ཉན་པ།
Next Post: རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མིས་ལྷོ་ཀོ་རི་ཡའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ།

Comments (10) on “༼བོད་རེ་བ་ཅན༽་ལ་ལྟ་ཀློག་བྱས་པའི་མྱོང་ཚོར་ཐོར་བུ།”

  1. ཨ་ར་དཀར་པོ says:
    2012-06-13 at 3:30 am

    རྩོམ་པ་པོ་འབྲི་གུང་དཀོན་མཆོག་རྒྱ་མཚོ་ལགས་ནི་དངོས་གནས་མིང་དོན་མཚུངས་པའི་རྩོམ་པ་པོ་ཞིག་རེད། ལོ་གསུམ་གོང་བལ་ཡུལ་ནས་ཐེངས་ཤིག་མཇལ། དགོངས་ཟས་ཤིག་ལ་མཉམ་དུ་རོལ་ཞོར་ཁ་བརྡ་ལྷུག་པོ་བྱུང། དེ་རིང་བསམ་གླིང་མའི་རྩོམ་འདིའི་འགོ་བརྗོད་མཐོང་བ་དང་ཞིབ་ཀློག་བྱེད་འདོད་བྱུང་བས་ཀློག་ཐེངས་གཅིག་གིས་ཚར་འདུག འདི་ཙམ་ལས་མ་བྱུང་བ་རེད་དམ། མཐར་རྩམ་པ་པོ་ཁོང་བོད་ནང་བཞུགས་ཡོད་པས་དྲ་འབུ་ཚོའི་ཁ་ལ་བག་ཡོད་པར་བྱེད་རྒྱུ་ནི་རེ་བ་ཡིན།

  2. རི་རྒྱལ་ཏི་སེ། says:
    2012-06-13 at 4:32 am

    ཁྱེད་རང་ལྟ་བུ་ལ་ཉེ་བར་མཁོ་བ་ (གངས་ལྗོངས་སྐྱེས་མའི་ལོ་རྒྱུས་)ཀྱང་ཁོང་གིས་བརྩམས་པ་རེད།

  3. གཞིས་ཆགས་བུ། says:
    2012-06-13 at 6:10 am

    ངས་ཀྱང་རང་གི་སློབ་གྲོགས་འགའི་སར་ནས་དཔེ་དེབ་གསར་བ་དེ་འདྲ་ཞིག་ཐོན་ཡོད་པ་དང། ལྷག་པར་དེ་ནི་དོན་དངོས་ཐོག་ང་རང་ཚོའི་སྤྱི་ཚོགས་ལ་སྨན་པའི་ཆེད་དུ་བརྩམས་པ་ཞིག་ཡིན་པ་མང་པོ་ཐོས་སོང་ལ། མཐར་སློབ་གྲོགས་ཤིག་གི་སར་ནས་དཔེ་དེབ་དེ་གཡར་ནས་སྤྲོ་སྣང་དང་རེ་བ་ཆེན་པོའི་ཐོག་ནས་བཀླགས་པ་ཡིན། ངོ་མ་རྩོམ་པ་པོ་ཁོང་ནས་ད་ལྟའི་བོད་མི་རིགས་ཀྱི་ལས་དབང་སྐྱོ་བོ་དེར་གཟིགས་ནས་བོད་མི་སྒེར་རེ་ངོས་ནས་མི་རིགས་ཀྱི་ལས་དབང་དེའི་ཐོག་བསམ་བློ་གཏོང་ནས་བྱ་བ་བསྒྲུབ་དགོས་ཤིང། ད་དུང་ཡང་ཕ་མེས་ཡ་མེས་ཀྱི་དུས་ནས་རྨོངས་དད་དང་རྣམ་རྟོག་ཁོ་ནས་ཐོག་དུ་མི་བསྐྱོད་པར། དེང་རབས་ཀྱི་སྤྱི་ཚོགས་དང་ལྷག་པར་ཚན་རིག་གི་དུས་རབས་དང་མཐུན་པའི་ཐོག་ནས་འགྲོ་འདུག་སྤྱོད་གསུམ་ལ་ཐུགས་བསམ་བཞེས་དགོས་པ་སོགས་ཧང་སང་དགོས་པ་དང། ཧོན་འཐོར་དགོས་པ་མང་པོ་གསུང་འདུག་

    དེ་ཚོ་ནི་ཁོང་ཉིད་ཀྱིས་སྒྲོ་བཏགས་དང་འུད་བརྗོད་བྱེད་པ་མིན་པར་དངོས་ཡོད་གནས་སྟངས་དང་འཚམ་པར་གསུང་འདུག དེ་ཚོ་ནི་རྩོམ་པ་པོ་ཞིག་གི་མིང་འཛིན་ཡོད་པའི་ཆ་ནས་འགན་འཁུར་གྱི་ཡོད་པར་མཚོན། ཁོང་དང་ཁོང་འདྲ་བའི་བོད་རིགས་རྩོམ་པ་པོ་རྣམས་ལ་སྙིང་ནས་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ཁོང་དང་ཁོང་འདྲ་བའི་མི་སྣ་རྣམས་ལ་ཡང་སྲིད་ངེས་པར་དུ་ཕེབས་དགོས་ཀྱི་འདུག

    མི་རིགས་ཀྱི་ལས་དབང་ལ་གཟིགས་ནས། །
    སྙུ་གུ་ཡིས་གར་བྲོ་རེ་འཁྲབ་ཅིང། །
    སྤྱི་ཚོགས་ཀྱི་སྐྱོན་མཚང་རྣམས་འབྲུ་ནས། །
    ཡར་རྒྱས་ཀྱི་རྨི་ལམ་རེ་རྨིས་ཀྱིས།

  4. ངས་པོ་རྒྱལ་མཚན། says:
    2012-06-13 at 7:05 am

    རྩོམ་པ་པོ་ཁོང་ནི་མིང་དོན་མཚུངས་པའི་རྩོམ་པ་པོ་ཞིག་རེད། ཁོང་གི་དེབ་དེའི་བོད་ཀྱི་འདས་མ་འོངས་ད་ལྟའི་ལོ་རྒྱུས་སྐོར་ལ་དབྱེ་ཞིབ་གང་ལེགས་སྣང་འདུག

  5. འུར་རྡོ། says:
    2012-06-13 at 7:12 am

    ང་རང་དཔེ་དེབ་ཀློག་རྒྱུར་ཧ་ཅང་དགའ།ལྷག་པར་ཏུ་བོད་ནང་གི་དཔེ་ཆ་ཀློག་རྒྱུར་དང་དོད་ཡོད་མཁན་ཞིག་ཡིན།ཡིན་ནའང་།དེང་སྐབས་ང་སྡོད་སའི་གནས་འདིར་བོད་ཡིག་གི་དྲ་རྒྱ་མྱུལ་བ་ལས་བོད་ཡིག་གི་དཔེ་དེབ་རྣམ་དག་ཅིག་ལག་ལ་ཡོང་ཐབས་མི་འདུག
    རྗེས་སུ་ལག་སོན་བྱུང་ཚེ་ཀློག་ངེས་ཡིན།རྩོམ་ཡིག་འདི་ངོ་སྤྲོད་ཐུང་ཐུང་ཞིག་གི་ཚུལ་ཏུ་འདུག་པས་བཀའ་དྲིན་ཆེ།

  6. བསམ་གླིང་ཚེ་རིང་ལྷ་མོ། says:
    2012-06-13 at 12:03 pm

    དྲ་གྲོགས་རྣམས་པ་ལྷན་རྒྱས་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། རི་རྒྱལ་ལྷུན་པོ་ལགས་ཀྱིས་ཕྱག་དེབ་ངོ་སྤྲོད་གནང་བར་ཡང་ཐུགས་རྗེ་ཆེ་ཞུ།

  7. དཔྱིད་འགོའི་མེ་ཏོག says:
    2012-06-13 at 12:23 pm

    ཀློག་རིན་ཆེ་བའི་བོད་རེ་བ་ཅན་ངས་འདིར་འགོད་རྒྱུ་ཡིན་པས་རྣམ་པ་ལྷན་རྒྱས་ཀྱི་གཟིགས་རོགས་ཞུ།

  8. དཔྱིད་འགོའི་མེ་ཏོག says:
    2012-06-13 at 12:32 pm

    དུས་རབས་ཀྱིས་བསླངས་པའི་འགོ་བརྗོད།

    བདག་བོད་ཕྲུག་ཤེས་མེད་ཉམ་ཆུང་ནུས་མེད་ཅིག་གིས་རང་གི་རྣམ་དཔྱོད་ལ་བརྟེན་ནས་དེབ་ཆུང་འདི་འདྲ་ཞིག་འབྲི་དགོས་དོན་ནི། བོད་རིགས་མཐོ་སྒང་ལ་འཚོ་སྡོད་བྱས་ནས་ངོ་ལོ་དྲུག་སྟོང་གི་ལོ་རྒྱུས་ཡོད་པའི་སྤོབས་པའི་སྐད་ཆ་གླེང་བཞིན་དུ་འཛམ་གླིང་ཤར་ནུབ་འབྲེལ་གཏུགས་ཀྱི་གོ་ལ་གཅིག་ཏུ་སྦྲེལ་བ་མ་ཟད། རྡུལ་ཕྲན་གྱི་དུས་རབས་སམ། མཁའ་དབྱིངས་ཀྱི་དུས་རབས་སུ་འབོད་ཅིང་ཆ་འཕྲིན་གྱི་དུས་རབས་འཛམ་གླིང་ཇེ་ཆུང་ཇེ་ཆུང་འགྲོ་བའི་སྣང་བ་སྦྱིན་པའི་སྐབས། ཆུང་དུས་ནས་ད་བར་གཤིབ་ནས་འདྲིས་པའི་རང་གི་ཁོར་ཡུག་ཆུང་ངུ་ལས་བརྒལ་ནས་འཛམ་གླིང་ཀུན་ལ་བལྟ་བའི་སྒོ་འཕར་ཕྱེས་པའི་དུས། མི་རིགས་དང་མི་རིགས་བར། གོམས་སྲོལ་དང་གོམས་སྲོལ་བར། རིག་གནས་དང་རིག་གནས་བར་གཤིབ་བསྡུར་གྱི་གོ་སྐབས་བྱུང་། གོ་ལའི་ཕྱོགས་ཧྲིལ་པོར་རྒྱང་བལྟ་བྱས། རྒྱལ་ཁབ་ཆེ་ཆུང་ཉི་བརྒྱ་བཅུ་ལྷག་གི་སྔོན་བྱུང་ལོ་རྒྱུས་དང་། ད་ལྟའི་གནས་བབ་ལ་རྒྱུས་ལོན་དང་ཉམས་ཞིབ་བྱས་ནས། ཕྱོགས་བཞི་བདེ་ཐང་གིས་ཡོངས་སུ་བསྐོར་ཞིང་། རི་རབ་བང་རིམ་གངས་རིས་སྤུས་པས་ཡོངས་སུ་བརྒྱན་པའི་མཛེས་པའི་ཕ་ཡུལ་རི་སུལ་གྱི་ངོས་ཕྱིར་བལྟ་ཞིག་བྱས་དུས། ཞུམ་མེད་མགོ་བོ་བཏེགས་ནས་མགྲིན་པ་གཟེངས་སུ་བསྟོད་ཅིང་བསྐལ་བརྒྱར་བསྔགས་པར་འོས་པའི་ཕ་མེས་ཀྱི་མཛད་བཟང་ཤེས་རྟོགས་དང་། ཕངས་མེད་རང་དབང་ཤ་ཁོག་གཞན་ལ་ཕུལ་ནས་ཏི་ཀ་ཚུར་ལ་ཞུ་བའི་རྨོངས་ཤེས་དང་། དབང་མེད་གཞན་དབང་དོན་དུ་ལྷུང་ནས་ལྷ་འདྲེར་ཡར་འདྲེན་རེ་བའི་བསམ་སྤྱོད། སད་མེད་རྙིང་ཞེན་གོག་ཧྲུལ་ཁོང་ཁྲོའི་མེ་ལྕེ་འབར་ཞིང་འཁང་རའིི་གནས་རྣམས་དང་། བསུབ་མེད་ལམ་ནོར་གྱི་རྗེས་ཤུལ་ལ་གནོང་འགྱོད་ཀྱིས་མགོ་བོ་སྨད་ནས་ཡིད་མུག་གི་ཡུལ་དང་། བཅོས་མེད་རང་བརྡོལ་ཁྲག་གི་མིག་ཆུ་རྟག་ཏུ་བཞུར་ཡང་བཟློག་མེད་དུས་རབས་ཀྱི་རྨ་ཁ་དང་། གསུབ་མེད་ལོ་རྒྱུས་ཀྱི་ཐོག་སྣང་མེད་ཤོར་བའི་ཆག་གྲུམ་གྱི་རང་གཤིས། ཁྲེལ་མེད་རངབླ་རང་གིས་བཙོང་པའི་དུད་འགྲོའི་གཤིས་སྤྱོད་དྲན་པའི་སེམས་ཀྱི་གཅོང་ནད། ཀླད་མེད་དམུན་ལོང་ནང་དམེ་ཕྱོགས་ཞེན་སློབ་པའི་ངན་ཚང་། བག་མེད་འགན་འཁྲི་བོར་བའི་གྲྭ་བཙུན་གྱིིིི་རུལ་དྲི་སོགས་ཀྱང་མང་དུ་མཆིས་པ་མཐོང་བྱུང་། དེིའ་ཚེ་རང་གིས་རང་ལ་དྲི་བ་མང་པོ་ཞིག་འདོན་དགོས་བྱུང་ལ། དེང་རབས་ཀྱི་དཔལ་ཡོན་གྱིས་འཛམ་གླིང་འགུལ་ཞིང་ཁ་བའི་ལྗོིངས་ཀྱི་ཁ་དོག་ཀྱང་དེང་རབས་ཅན་ལ་འགྱུར་བ་མཐོང་དུས། སྲོལ་རྒྱུན་གྱི་རིག་གནས་རྣམས་ཤི་མ་གསོན་ལ་འཕྱན་ནས་སྲུང་སྐྱོབ་བྱེད་དགོས་པར་ཕྱོགས་པ་རིག་དུས། ཕྱོགས་གཅིག་ནས་གླིང་ལྔའི་ཐོག་གི་མི་དང་མིའི་བར་བསྡུར་ནས་དཔྱད་དུས། མི་རིགས་དང་མི་རིགས་བར་ལ་ཁྱད་པར་འཇལ་དུས། ང་ཚོ་དང་ཁོང་ཚོའི་བར་ལ་བསམ་གཞིག་བྱེད་དུས། རིག་གནས་དང་རིག་གནས་བར་གཤིབ་བསྡུར་བྱེད་དུས། སྔོན་ཐོན་དང་རྗེས་ལུས་བར་གྱི་ཧེ་བག་ལ་བལྟ་དུས། དེང་རབས་དང་དེང་རབས་བར་ལ་གཞིག་དུས། ང་ཚོ་མི་ཡིན་ནམ། དུས་རབས་འདིའི་ནང་གི་མི་ཡིན་ནམ། ཡང་སྙིང་ཅི་ཞིག་ཡིན་མིན་དོགས་པ་སྐྱེས་བྱུང་།

    དགའ་འོས་པའི་རླབས་ཆེན་གྱིི་མེས་པོ་འགའ་བྱོན་མྱོང་རུང་དེ་ནི་ཁ་སང་ཡིན་པ་ལས་དེ་ནི་དེ་རིང་མ་རེད། དེ་རིང་གི་ང་ཚོ་ནི་ནང་བསྟན་ལ་དད་འདུན་ཡོད་ཀྱང་། དེང་རབས་ལ་ཁ་ཕྱོགས་ཡོད་ཀྱང་། འཚོ་གནས་ལ་དགའ་འདུན་ཡོད་ཀྱང་། ཚན་རྩལ་ལ་དོན་གཉེར་ཡོད་ཀྱང་། འཕེལ་རྒྱས་ལ་འབད་ཁུལ་བྱེད་ཀྱང་། བདེན་དོན་གཉེར་ཞེས་བརྗོད་ཀྱང་། རྫུན་མར་ཞེན་ལོག་ཟེར་ཡང་། དོན་དངོས་ཐོག་ད་དུང་རྙིང་ཞེན་བག་འཁུམས་དང་། སྒྱིད་ལུག་ཉམས་དམད་དང་། བདེན་དོར་རྫུན་སྐྱོང་། རུལ་སུངས་སྡོམ་འཆལ། ཕྱི་རྫིག་ནང་སྟོང་། ནང་དམེ་ཕྱོགས་ཞེན། རྨོངས་དད་ཤེས་དབུལ། རུས་མེད་རྐང་འདྲེན། ཉོབ་ཏོ་ཁོག་རུལ་སོགས་ཀྱི་ཀློང་དུ་འཕྱན་བཞིན་པ་འདི་རེད། ཡིན་ནམ། ཡང་སྙིང་ཅི་ཞིག་ཡིན་མིན་དོགས་པ་སྐྱེས་བྱུང་།

    དགའ་འོས་པའི་རླབས་ཆེན་གྱིི་མེས་པོ་འགའ་བྱོན་མྱོང་རུང་དེ་ནི་ཁ་སང་ཡིན་པ་ལས་དེ་ནི་དེ་རིང་མ་རེད། དེ་རིང་གི་ང་ཚོ་ནི་ནང་བསྟན་ལ་དད་འདུན་ཡོད་ཀྱང་། དེང་རབས་ལ་ཁ་ཕྱོགས་ཡོད་ཀྱང་། འཚོ་གནས་ལ་དགའ་འདུན་ཡོད་ཀྱང་། ཚན་རྩལ་ལ་དོན་གཉེར་ཡོད་ཀྱང་། འཕེལ་རྒྱས་ལ་འབད་ཁུལ་བྱེད་ཀྱང་། བདེན་དོན་གཉེར་ཞེས་བརྗོད་ཀྱང་། རྫུན་མར་ཞེན་ལོག་ཟེར་ཡང་། དོན་དངོས་ཐོག་ད་དུང་རྙིང་ཞེན་བག་འཁུམས་དང་། སྒྱིད་ལུག་ཉམས་དམད་དང་། བདེན་དོར་རྫུན་སྐྱོང་། རུལ་སུངས་སྡོམ་འཆལ། ཕྱི་རྫིག་ནང་སྟོང་། ནང་དམེ་ཕྱོགས་ཞེན། རྨོངས་དད་ཤེས་དབུལ། རུས་མེད་རྐང་འདྲེན། ཉོབ་ཏོ་ཁོག་རུལ་སོགས་ཀྱི་ཀློང་དུ་འཕྱན་བཞིན་

  9. བཙན་པོའི་བུ། says:
    2012-06-13 at 1:48 pm

    ངས་འབྲི་གུང་དཀོན་མཆོག་རྒྱལ་མཚན་ལགས་ཀྱི་ལོ་རྒྱུས་མདོ་ཙམ་ལས་ཤེས་ཀྱི་མེད། དེ་སྔོན་ངས་ཁོང་གིས་བྲིས་པའི་་་མི་རིགས་ཀྱི་འདུ་ཤེས་མཐོར་འདེགས་ཀྱིས་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་་་ཞེས་པའི་ཟུར་བཀོད་རྩོམ་ཡིག་གཅིག་བཀླགས་མྱོང་ཡོད། རྩོམ་ཡིག་དེའི་ནང་གོང་དུ་ལྕམ་བསམ་གླིང་ཚེ་རིང་ལྷ་མོས་གསུངས་པ་ལྟར་དུས་རབས་འདིའི་བོད་མི་རིགས་ཀྱི་ལས་དབང་སྐོར་རེད་འདུག ཁོང་གིས་ཁྱོན་དཔེ་དེབ་བཅུ་བཞི་བྲིས་ཏེ་དཔར་བསྐྲུན་ཟིན་ཡོད་ལ་མིག་སྔར་ཁོང་བོད་ལྗོངས་རྩོམ་པོ་མཐུན་ཚོགས་ཀྱི་ཚོགས་མི་རེད། དེ་ཙམ་ཡིན་ནོ།

  10. འབྲི་དབང་འབྱོར says:
    2012-06-16 at 1:14 pm

    ཁོང་གི་དྲ་ཚིགས་་སྒམ་པོ་བློ་མིག་ལ་གཟིགས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme