Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼བོད་ཀྱི་དུས་བབ་༽དར་རྒྱས།

Posted on 2014-10-192014-10-19 By ཁ་བརྡ་ 27 Comments on ༼བོད་ཀྱི་དུས་བབ་༽དར་རྒྱས།

ཚེ་རིང་རྣམ་རྒྱལ།

 
unnamedང་ནམ་རྒྱུན་གསར་འགྱུར་ལ་དགའ་མོས་ཡོད་མཁན་ཞིག་ཡིན། ལྷག་པར་དུ་ཆབ་སྲིད་ཐོག་དོ་སྣང་ཡོད་མཁན་ཞིག་ཡིན། དུས་ཚོད་ནམ་བྱུང་ལ་རང་གི་དགའ་ཕྱོགས་ལྟར་བོད་ཀྱི་དུས་བབ་གཙོ་བོ་བྱས་ཏེ་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ལ་སྐོར་ཉུལ་རེ་བྱས་རྗེས། ཁ་བརྡ་དང་གྲགས་ཆེ་བའི་མི་སྒེར་གྱི་ཟིན་བྲིས་ཁག དེ་བཞིན་ངོ་དེབ་སོགས་སྤྱི་ཚོགས་གནས་འཕྲིན་དག་ལ་ཡང་ཁྱུག་ལྟ་རེ་བྱེད་ཀྱིན་ཡོད་པ་བཞིན། དེ་རིང་ཡང་ནམ་རྒྱུན་ལྟར་དྲ་ཚིགས་ཁག་ཉུལ་ནས་ཁ་བརྡའི་སྟེང་སླེབས་སྐབས། ༼བོད་ཀྱི་དུས་བབ་༽ཉམས་རྒུད། ཅེས་པ་འདི་མིག་ལ་ཐོགས་སོང་། སྙིང་ལ་གཟེར་སོང་།

སྐད་ཆ་འདི་ཤོད་མཁན་གྱིས་མིང་རྫུན་མ་བེད་སྤྱོད་བཏང་འདུག མི་འདི་དག་གིས་དོན་དངོས་ཐོག་ཅི་ཞིག་དྲན་གྱིན་ཡོད་པ་དང་། ཡང་ན་ཅི་ཞིག་བྱེད་འདོད་ཡོད་པ་ངས་བཤད་ཚོད་ཐུག་མ་སོང་། མི་འདི་དག་གིས་གསར་འགྱུར་ལ་ལྟ་ལྟངས་མ་ཤེས་པ་རེད་དམ། ཡང་ན་དགོས་པ་རྒྱུ་མཚན་གཞན་ཞིག་གི་ཆེད་དུ་འདི་ལྟར་གླེང་ཕྱོགས་བཟོ་བཞིན་ཡོད་པ་རེད། གལ་སྲིད་དགོས་པ་རྒྱུ་མཚན་གཞན་ཡོད་ན་ནི་ང་ལ་བཤད་རྒྱུ་གང་ཡང་མེད། ད་དུང་ངས་འདི་ལྟར་གླེང་སློང་བྱེད་པ་ཡང་མི་འདི་དག་གི་དམིགས་ཡུལ་དང་། འདོད་ཐོག་ལ་རྟ་རྒྱུག་གི་ཡོད་ཀྱང་སྲིད།

མི་འདི་དག་གི་ཀུན་སློང་གང་ཡིན་ལ་མ་ལྟོས་བར། ངས་དེ་རིང་གི་སེམས་ཚོར་དང་འབྲེལ་ནས་སོ་སོ་བོད་ཀྱི་དུས་བབ་ཀློག་པ་པོ་རྙིང་གྲས་ཤིག་ཡིན་པའི་མྱོང་རྒྱུས་མདོར་ཙམ་ཞུ་འདོད་པ་འགོག་ཐུབ་མ་སོང་།
བོད་ཀྱི་དུས་བབ་འདི་ཐོག་མ་འགོ་ག་དུས་བཙུགས་པ་དང་ཇི་ལྟར་བཙུགས་པ་ང་ལ་གསལ་བོ་ཞུ་རྒྱུ་མེད་ཀྱང་། ༢༠༠༥ ཡས་མས་ཤིག་ལ་ལོ་བཅུ་འཁོར་བའི་མཛད་སྒོ་ཞིག་ཚོགས་པ་སྐབས་དེའི་དུས་བབ་ཚགས་པར་ལས་མཐོང་བྱུང་ལ། སོ་སོས་ཀྱང་དགའ་སྟོན་རྟེན་འབྲེལ་གྱི་རྩོམ་འཁྱོག་ཅིག་དུས་བབ་ཚང་ལ་བསྐུར་བ་ད་ལྟ་གསལ་བོར་དྲན་གྱི་འདུག

ངས་བོད་ཀྱི་དུས་བབ་ཚགས་པར་ཀློག་ནས་ཧ་ལམ་ལོ་བཅོ་ལྔ་ཙམ་འགྲོ་བཞིན་འདུག སྔོན་ཆད་མཚམས་རེར་དུས་བབ་ཚགས་པར་འགོར་འགྱངས་བྱུང་ན། དུས་བབ་དྲ་རྒྱ་སྔོག་གི་ཡོད། ད་ལྟའི་བོད་ཡིག་ཆིག་རྐྱང་གི་དྲ་རྒྱ་དབུ་བྱང་སྔོན་པོ་ཅན་འདི་མ་བཟོས་སྔོན་ལ། རྒྱ་བོད་དབྱིན་གསུམ་ཅན་གྱི་བོད་ཀྱི་དུས་བབ་དྲ་རྒྱ་དབུ་བྱང་སེར་པོ་ཅན་ཞིག་ཡོད།

གསར་འགྱུར་བརྒྱུད་ལམ་ཞིག་ལ་མཚོན་ན། དེའི་དར་ལ་རྒུད་ལ་ཇི་ལྟར་བལྟ་དགོས་ཞེ་ན། ཨང་དང་པོ་གསར་འགྱུར་མགྱོགས་ཚད་སྤུས་ཚད། ཨང་གཉིས་པ་དྲང་བདེན་ཁུངས་དག ཨང་གསུམ་པ་བདེ་དོན་འགན་འཁུར་སོགས་ཡིན། འདི་དག་ཉམས་རྒུད་དུ་སོང་ཡོད་ནི་བརྒྱུད་ལམ་དེ་ཉམས་རྒུད་དུ་ཕྱིན་ཡོད་པ་རེད། བོད་ཀྱི་དུས་བབ་ལ་མཚོན་ན། འདི་དག་ཐོག་སྔོན་མ་ལས་ལྡབ་འགྱུར་གྱིས་ཇེ་ལེགས་ཇེ་བཟང་དུ་སོང་འདུག ཅེས་སྐད་གསང་མཐོན་པོའི་ཐོག་ནས་ཞུ་ཐུབ།

ངས་སྔོན་ཆད་བོད་ཀྱི་དུས་བབ་གནས་སྟངས་འདི་དག་ཡག་པོ་མི་འདུག་ཟེར་བ་མིན་ཡང་། བརྡ་འཕྲིན་འཕེལ་རྒྱས་ཕྱིན་པ་དང་མི་ཚང་མའི་གོ་རྟོགས་ཇེ་མཐོར་སོང་བ་དང་བསྟུན་ཏེ། ད་ལྟ་བོད་ཀྱི་དུས་བབ་གསར་འགྱུར་གྱི་ཕྱོགས་ཡོངས་ཀྱི་སྤུས་ཚད་ཐོག་མ་དང་བསྡུར་ན་ཡར་རྒྱས་ཆེན་པོ་སོང་ཡོད་པ་མ་ཟད། ལོ་ལྔ་དྲུག་གོང་དང་བསྡུར་ན་ཡང་མདུན་སྐྱོད་ཆེན་པོ་ཕྱིན་ཡོད་པའི་ཕྱོགས་ཆ་མང་པོ་ཞིག་ཞུ་རྒྱུ་ཡོད་ཀྱང་། འདི་རུ་ཞུ་དགོས་པའི་དུས་དང་ཡུལ་གཉིས་ཀ་མ་རེད་སྙམ།

འདས་པའི་ལོ་གཅིག་གཉིས་གོང་ནས་བཟུང་བོད་ཀྱི་དུས་བབ་གསར་ཁང་གིས་བཙན་བྱོལ་སྤྱི་ཚོགས་ནང་གི་གནད་ས་གཉན་ས་མང་པོ་ཞིག་སྔོག་འདོན་དང་། ཆབ་སྲིད་ཀྱི་གཏིང་ཟབ་ས་དང་གཟུངས་མཐུག་སར་འཛུལ་ཞུགས་བྱས་ཏེ། སྤྱི་ཚོགས་ལ་ཕུད་རྒྱག་གཏོང་གི་ཡོད་པ་དང་། གསར་འགྱུར་གྱི་ཁ་ཕྱོགས་ཀྱང་བོད་གཞིས་བྱེས་གཉིས་ལས་བརྒལ་ཏེ་རྒྱ་ནག་དང་། བོད་ཡིག་བོད་སྐད་ཀྱི་མིག་གཉིས་ལས་མེད་མཁན་དག་ལ་ཡང་དུས་རབས་ཉེར་གཅིག་པའི་མི་སྤྱི་མཚུངས་ལྟར་རྒྱལ་སྤྱིའི་གནས་ཚུལ་ཚ་སོབ་སོབ་ཏུ་བལྟ་སའི་སྒེའུ་ཁུངས་ཤིག་གི་ཞེང་ཇེ་ཆེ་ནས་དཔངས་ཇེ་མཐོར་འགྲོ་བཞིན་ཡོད་པ་འདི་དུས་བབ་ཡར་རྒྱས་ཀྱི་མངོན་རྟགས་གཙོ་བོ་ཞིག་རེད་ཟེར་ཆོག

ན་ནིང་གཞེས་ནིང་ལའང་མི་རེ་ཟུང་ཞིག་གིས་དུས་བབ་ཚང་གི་བཟང་རི་རབ་འདྲ་བོ་རྒྱབ་ཕུགས་ལ་སྦས་ཏེ། སྐྱོན་ཁབ་རྩེ་འདྲ་བོ་མིག་རྩེ་ཡིས་བཙལ་ནས་འུར་སྒྲོག་ཅི་ཐུབ་གང་ཐུབ་ཡང་དང་དབོར་དུ་བྱས་སོང་ཡང་། དུས་བབ་ཀྱི་མདུན་སྐྱོད་སྔར་ལས་ལྷག་པར་འགྲོས་མགྱོགས་ཤང་། དུས་བབ་ཀྱི་མཚན་སྙན་སྔར་ལས་ལྷག་པར་དར་ཞིང་རྒྱས་བཞིན་པ་དེར་དགའ་ཞིང་མགུ་ནས་ཡོད་དོ།།

དུང་ཟླ་སྒོར་མོ། ཟེར་བ་འདིའི་སྐད་ཆ་མདོ་བསྡུས་ན། དུས་བབ་ལ་ཡིག་ནོར་འདུག་ཟེར་བ་དང་ཚིག་སྦྱོར་འགྱུར་སོང་ཟེར་བ་འདི་གཉིས་རེད། ཞོར་དྲུད་དུ་དྲ་རྒྱའི་ནང་མཆན་ལ་དམ་དྲག་བྱེད་ཀྱིན་འདུག་ཚུལ་ཡང་ལབ་འདུག སྤྱིར་བཏིང་དག་ཆ་དང་སྡེབ་སྦྱོར་གཉིས་ཀ་གསར་འགྱུར་བརྒྱུད་ལམ་གྱི་རྩ་དོན་ཞིག་མ་རེད། “བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་མཁན་ཞིག་གིས་སྨད་པས་དགའ།” ཟེར་བ་འདི་མགོ་མཇུག་ལྡོག་ནས། “སྨད་མི་ཤེས་མཁན་ཞིག་གིས་སྨད་པ་ལས། བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པས་དགའ།” ཞེས་པ་འདི་ཁྱོད་ལ་ཏག་ཏག་འོས་ཤིང་འཚམས་པ་ལས། གསལ་བཤད་བྱེད་རིན་མི་འདུག་ཀྱང་། སྐྱག་རྫུན་བརྒྱ་བཤད་བདེན་པར་རློམ་པའི་ཉེན་ཁ་འགོག་ཆེད་མདོར་བཤད་ཆོག

ཡིག་ནོར་གྱི་སྐད་ཆ་འདི་ལོ་བཅུ་གྲངས་སྔོན་ནས་བཤད་ཡོང་བ་ཞིག་རེད། གཅིག་བྱས་ན་བོད་ཀྱི་དུས་བབ་མགོ་བཙུགས་དུས་ནས་སྐད་ཆ་འདི་ཡོད་སྲིད། ངས་དྲན་ཚོད་ལ་ཡང་ཡིག་ནོར་སྐོར་གྱི་རྩོམ་ཡིག་གཅིག་གཉིས་ཤིག་དུས་བབ་ཚགས་ཤོག་རང་གི་ཐོག་ནས་ཀྱང་ངས་བཀླགས་མྱོང་ཡོད། དཀའ་ངལ་འདི་དུས་བབ་ཙམ་མ་རེད། བོད་ཡིག་གི་དུས་དེབ་ཚགས་པར་ཡོངས་ཀྱི་དཀའ་ངལ་ཞིག་ཡིན་ཡང་། སྐད་ཆ་དྲང་མོ་ཤོད་མཁན་ཞིག་ཡིན་ན། བོད་ཀྱི་དུས་བབ་ནི་གསར་འགྱུར་བརྒྱུད་ལམ་གཞན་དང་བསྡུར་ན་གནམ་ས་ལྟ་བུའི་ཁྱད་པར་ཆེན་པོ་ཡོད་པའི་སྤུས་དག་ཤོས་དང་ངོས་གཙང་ཤོས་དེ་ཡིན།

གཉིས་པ་ཚིག་སྦྱོར་ཟེར་བ་དེ་སྤྱིར་མི་རེ་རེ་ལ་ཚིག་སྦྱོར་མི་འདྲ་བ་རེ་ཡོད་པ་རང་བཞིན་ཆོས་ཉིད་ཡིན། བོད་ཀྱི་དུས་བབ་ལ་ཡང་རྩོམ་སྒྲིག་པ་དང་གསར་འགོད་པ་མང་པོ་ཞིག་འཕོ་འགྱུར་ཕྱིན་པ་དང་བསྟུན་ཏེ་མི་རང་རང་གི་ཁྱད་ཆོས་ལྟར་དུས་བབ་ཀྱི་སྡེབ་སྦྱོར་ལའང་འགྱུར་བ་རེ་ཟུང་ཕྱིན་ཡོད་སྲིད་ཀྱང་། དུས་བབ་ཀྱི་རྩ་བའི་རང་འགྲོས་ཚིག་སྦྱོར་དག་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་མ་ཟད། ཆབ་སྲིད་ཀྱི་གནད་ཚིག་མང་པོ་ཞིག་སྔར་ལས་སྤུས་ཇེ་ལེགས་སུ་བ་མཐོང་ཆོས་མངོན་སུམ་ཡིན། ཕྱོགས་ཡོངས་ནས་དཔྱད་ཀྱང་ཚིག་སྦྱོར་ཇེ་ཞན་དུ་སོང་མེད་པ་མ་ཟད། དུས་བབ་དྲ་རྒྱའི་མཆན་ལ་དོ་དམ་ཇེ་ལེགས་སུ་བཏང་བ་དེ་ང་རང་གིས་དུས་བབ་ལ་སྔགས་བརྗོད་བྱེད་ཡུལ་གཙོ་བོ་དེ་ཡིན་ནོ།།

མཐའ་དོན། ༼བོད་ཀྱི་དུས་བབ་༽ཉམས་རྒུད་ཆ་ཕྲ་མོ་ཙམ་ཡང་སོང་མེད་པར། ༼བོད་ཀྱི་དུས་བབ༽ཡར་རྒྱས་བླ་ལྷག་ཏུ་སོང་འདུག་ཅེས་ངའི་བཤད་བྱ་གཙོ་བོ་དེ་ཡིན་ལ། འདི་དང་མཉམ་དུ་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་གཙོ་བྱས་ཏེ་གསར་འགོད་པ་དང་ལས་བྱེད་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་། ཁྱེད་ཅག་གི་བྱ་བཞག་སྔར་ལྷག་ཡར་རྒྱས་གོང་འཕེལ་འགྲོ་བའི་སྨོན་འདུན་ཞུ།།

2014/10/19

རྩོམ་རིག

Post navigation

Previous Post: མིང་གི་ཆག་སྒོ་གཞན་ཁག་གླེང་བ།
Next Post: གནས་ཚང་མེད་པ་ཤེས་ཡོད།

Comments (27) on “༼བོད་ཀྱི་དུས་བབ་༽དར་རྒྱས།”

  1. རྟ་བདུན་དབང་བོ says:
    2014-10-19 at 10:07 pm

    ཚོགས་པ་གང་ཡིན་ཀྱང་སྐྱོན་མེད་པ་ཞིག་མི་སྲིད་པ་རེད། འོན་ཀྱང་དུས་བབས་གསར་འགྱུར་ཉིན་ཁ་ཤས་ལ་གསར་བ་གང་ཡང་མེད་པ་མང་བོ་མཐོང་མྱོང་། དེ་ནི་ཧ་ཅང་གི་ཡིད་སྐྱོ་བའི་གནས་ཤིག་རེད། ཉི་མ་རེ་ལ་གསར་འགྱུར་གང་མང་ཞིག་མཁོ་སྤྲོད་གནང་དགོས་རྒྱུ་ཞུ་མ་དགོས་པ་རེད། །

  2. ཚེ་རིང་ནས། says:
    2014-10-19 at 10:08 pm

    རེད་་་་་དུས་བབ་ཀྱི་སྡེབ་སྦྱོར་དང་། བརྡ་དག་སོགས་དེང་གི་སྐད་ར་ལུག་དང་བསྒྱུར་ན་ཡག་པོ་འདུག

  3. ཚེ་རིང་ནས། says:
    2014-10-19 at 10:09 pm

    ར་མ་ལུག་དང་བཅོས

  4. གཡུ་བྲག་པ says:
    2014-10-20 at 12:27 am

    དུས་བབ་ཚང་གི་གསར་འགྱུར་མ་རེག་ནས་ཉིན་མང་པོ་ལྷག་གི་རེད། དེས་དུས་བབ་ཀློག་པ་པོ་ཚོར་སུན་སྣང་དང་རེ་ཐག་ཆད་པའི་ཚོར་སྣང་སྟེར་གྱིན་འདུག བྱས་ཙང་དེང་སང་དུས་བབ་ཚང་ལ་ཞེ་དྲག་འགྲོ་ཡི་མེད། དེ་ནི་དུས་བབ་གཅིག་པོ་ཡང་མ་རེད། བོད་གནས་གསར་འཕྲིན་མང་པོར་གསར་འགྱུར་གྱི་མུ་གེ་ཐེབས་ཡོད་ས་རེད། གཅིག་བྱས་ན་གསར་འགྱུར་མང་པོ་སྤེལ་ན་སྒོར་མོའི་འགྲོ་སོང་ཡང་ཆེན་པོ་ཡིན་གྱི་རེད། དེ་འདྲ་ཡིན་ན་ཁག་མེད།

  5. ཀློང་ཆུང་ says:
    2014-10-20 at 12:44 am

    ད་ནས་རྩིས་པའི་ལོ་ཉི་ཤུའི་ནང་བོད་ཡིག་ཤེས་མཁན་དང་ཀློག་མཁན་བརྒྱ་ཆ་༥༠ཙམ་ཉུང་མཐར་སྙུང་བར་བྱེད། དེས་ན་སྐབས་དེ་དུས། བོད་ཀྱི་དུས་བབ་མེད་ལ་ཀློག་མཁན་ཡང་མེད། བོད་ཡིག་ལྟ་ཅི་མི་འབོར་ས་ཡ་བཅུ་གྲངས་ཀྱི་བཀོལ་བའི་སྐད་ཡིག་ཀྱང་ལྷག་རྒྱུ་ཁག་པོ་བྱས་འདུག བྱས་ཙང་ད་ལྟ་བསོད་ནམས་ཡིན་ཚོགས་བསགས་འདུག་སྙམ་ནས་སྐྱིད་པོ་ཡིན་བསམས་ནས་དུས་བབ་ཀློགས།

  6. བློ་བཟང་། says:
    2014-10-20 at 1:08 am

    དོན་དངོས་དང་མཐུན་པའི་རྩོམ་ཡིག་རིན་ཐང་ཅན་ཞིག་བྲིས་འདུག ཐུགས་རྗེ་ཆེ། བོད་ཀྱི་དུས་བབ་ནི་ང་རང་ཆེས་དགའ་སའི་དྲ་ཚིགས་དེ་ཡིན། ལོ་འདི་གར་བོད་ཀྱི་དུས་བབ་གསར་འགྱུར་གྱི་སྤུས་ཀ་དང་མགྱོགས་ལུགས་སོགས་ཀྱང་ཧ་ཅང་ཡག་པོ་ཡོད་པ་མཐོང་གི་ཡོད་ལ། མཐོང་བ་ལྟར་སེམས་གཏིང་ནས་སྔགས་བརྗོད་དང་བསམ་བློའི་རྒྱབ་སྐྱོར་ཡང་ཆ་ཚང་ཡོད། བོད་ཀྱི་དུས་བབ་ཀྱི་མགོ་ལས་ཡོངས་ལ་བསྔགས་བརྗོད་ཡོད། བོད་དོན་འཐབ་རྩོད་ཐོག་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་མཁན་དེ་ང་རང་གིས་བོད་ཀྱི་དུས་བབ་གཙོ་བོར་གྱུར་བའི་གསར་ལམ་ཁག་ལ་ངོས་འཛིན་བྱེད་ཀྱིན་ཡོད།

  7. ཁྱུང་སེ། says:
    2014-10-20 at 1:52 am

    དེ་རིང་རྩིས་པས་དུས་བབ་ནང་ལ་གསར་འགྱུར་གནས་ཚུལ་གསར་པ་མ་བཀོད་ནས་ཉིན་མ་བཞི་རྩམ་ཕལ་ཆེར་ཕྱིན་སོང་ད་དུས་བབ་ལ་འགྲོ་རྒྱུར་ཉོབ་ནས་བསྡད་ཡོད། དྲ་རྒྱུའི་ཐོབ་ཚད་རྫོགས་རོགས་རང་རེད།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-10-20 at 2:09 am

    ང་ཨ་རིར་སྡོད་སྐབས་དུས་བབ་དང་ཤེས་བྱ་གཉིས་བླངས་ནས་ཀློག་པར་བྱེད། རྗེས་སུ་རིན་འབབ་ཨ་རི་ནས་བསྐུར་ཀྱང་། གསར་འདིར་འབྱོར་མེད། ཤེས་བྱ་ད་དུང་ཡང་སྐབས་རེར་འབྱོར། ༢༠༢༠་བར་དུ་རིན་འབབ་འབྱོར་བ་ཁས་བླངས་བྲིས་པ་མཐོང་། སེམས་གཡེངས་ཀྱིས་google ན་དུས་བབ་ཡོད་པ་དྲན་མ་བྱུང་། ད་ལྟར་བལྟས་པས་རྒྱས་པར་ཡོད་པ་མཐོང་།
    འོན་ཀྱང་བོད་ཀྱི་མཁས་པས་རིས་པའི་དགོངས་དྲོ་ལ་ཕལ་སྐད་ཤོར་བ་དགུང་དྲོ་དང་དགོང་དྲོ་བྲིས་པ་ལས་བོད་ཀྱི་མཁས་པས་བྲིས་པའི་ཡི་གེ་ལ་རྩིས་མེད་བྱས་བསམས། དབྱང་ཅེ་ཁྲི་ཞེས་པ་ལ། ཡང་ཅེ་ཁྲི། ཞེས་འཐོན་པ་ལ་ད་སྔོན་འཇུག་ཡོད་པའི་བ་བྲིས་པ་དེ་དོན་མེད་མ་ཡིན་ནམ།

    ཁ་སང་དགུང་དྲོར་ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་ (Boston)ནང་ཡོད་པའི་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁད་རེའི་ཁྱིམ་དུ། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་དབྱང་ཅེ་ཁྲི་ (Yang Jiechi)
    ་
    བོད་ཀྱི་དུས་བབ་གོང་འཕེལ་འབྱུང་བར་ཤིས་སྨོན་ཞུའོ།

  9. ཉི་མ། says:
    2014-10-20 at 3:03 am

    དུང་ཟླ་སྒོར་མོ་ལགས་ཀྱི་རྩོམ་ཡིག་བཀླགས་ཡིན། ཁྱེད་ཀྱིས་རྩོམ་ཡིག་ཀྱང་དེ་རིང་བཀླགས་ཟིན། ངས་བལྟས་ན་བོད་ཀྱི་དུས་བབ་ཀྱི་ཚིག་སྦྱོར་དང་དག་ཆའི་ཐད་ངེས་པར་དོ་སྣང་བྱེད་དགོསའདུག ངས་དེ་ལྟར་ཟེར་དོན་བོད་ཀྱི་དུས་བབ་ནི་བོད་ཡིག་དྲ་ཚིགས་ཀྱི་དང་པོའི་གྲལ་དང་ལོ་རྒྱུས་ཡོད་པའི་ཚགས་གསར་ཡག་པོ་ཞིག་རེད། གཞིས་བྱེས་གཉིས་སུ་བཀླགས་གྲངས་མང་དག་ཅིག་ཡོད་པ་རེད། དེ་ན་བོད་ཀྱི་དུས་བབ་ལ་དྲ་ཚིགས་གཞན་དང་མི་འདྲ་བའི་འགན་འཁྲི་འཕར་མ་ཞིག་ཡོད་པ་ནི་དགོས་དམིགས་ཙམ་མ་ཡིན་པར་ཚིག་སྦྱོར་དང་དག་ཆ་ལའང་དོ་སྣང་བྱེད་དགོས་འདུག སློབ་གྲྭ་དང་ཚོགས་པ་སྒེར་གཞུང་མང་པོ་ཞིག་གིས་འཚོ་བའི་ཁྲོད་ལྟ་ཀློག་བྱེད་ས་ནི་བོད་ཀྱི་དུས་བབ་ཡིན་པས་ཚིག་སྦྱོར་དང་དག་ནོར་སླེབས་ན་སུན་སྣང་ལོས་སྐྱེས། ཕྲད་ཀྱི་རིགས་དགོས་མེད་དག་ཆ་སླ་བོ་རེ་བཀོལ་འདུག་པ་མང་པོ་མཐོང་སོང་། ང་ཡང་དུས་བབ་དང་མཉམ་དུ་ལག་ཆགས་ཤིང་བོད་ཡིག་ལ་དོ་སྣང་ཡོད་པའི་བོད་ཀྱི་སློབ་ཆེན་སློབ་མ་ཞིག་ཡིན། ང་རང་དགའ་ཤོས་ཀྱི་དྲ་ཚིགས་བོད་ཀྱི་དུས་བབ་ཡིན། ངས་ཁོ་བོའི་ངོ་གདོང་སྦགས་བཙོག་མཐོང་བསྡད་ན་མི་སྐྱིད་གི དཔེར་ན། ཟ་མ་ཞིམ་པོ་ཞིག་གི་སྟེང་དུག་སྦྲང་མང་པོས་སྦགས་བཙོག་བྱས་ཡོད་ན་རང་གིས་ཟ་འདོད་ཀྱི་བྲོ་བ་སླེབས་ས་རེད་དམ། བགཞན་གསར་འགྱུར་གྱི་དུས་ཡུན་ཐད་ལ་བཤད་རྒྱུ་གང་ཡང་མེད། གསར་རྒྱུ་མེད་ན་ག་རེ་འདོན་དགོས་རེད། གསར་འགྱུར་རག་ནའང་སྒེར་གྱི་ངོ་དེབ་དང་དྲ་ཚོགས་ལྟར་འདོན་ཆོག་ཆོག་ཡིན་རྒྱུ་མ་རེད་འདོད་གི
    བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་དང་ལས་རོགས་ཚོ། གོང་གི་རྩོམ་ཡིག་དང་མཆན་དག་དུས་བབ་ཚང་མདུན་སྐྱོད་ཀྱི་ཀི་སྒྲ་ཡིན་པས། ཁྱེད་ཅག་གི་སེམས་ཁོངས་སུ་སེམས་ཤུགས་འཕར་མ་ཞིག་ཡོད་པའི་རེ་བ། བོད་ཀྱི་དུས་བབ་ཅེས་མིང་འབོད་ཀྱིན་པ་འདི་ཡང་ཚང་མ་ཁྱེད་རང་ལ་ལྟ་མཁན་དང་ཉན་མཁན་རྐྱང་རྐྱང་ཡིན་པའི་རྟགས་རེད། གཞན་དྲ་ཚིགས་མང་དག་ཅིག་ང་ཚོའི་མིག་ལམ་ནས་ཡལ་དང་ཡལ་བཞིན་པར་དོ་སྣང་བྱེད་ཀྱི་མི་འདུག་མོད།

  10. ལྷ་སྡེ་གནམ་ལོ་ཡག says:
    2014-10-20 at 3:21 am

    ང་རང་བོད་ཀྱི་དུས་བབ་ཀྱི་ཀློག་མཁན་ཞིག་དང་རྩོམ་ཡིག་ཐ་ཐོར་སྤེལ་མཁན་ཞིག་ཡིན་པར་མ་ཟད། ཕྱི་ལོ༡༩༩༩ལོ་ནས་འབྲེལ་བ་ཚུགས་པ་ཞིག་ཡིན་པས། དེང་གི་བར་ལོ་ངོ༡༥འགྲོ་འདུག ལོ་ངོ་བཅོ་ལྔའི་རིང་དུས་བབ་ལ་འཕེལ་རྒྱས་ཆེན་པོ་བྱུང་སོང་། ཉིན་བཅུའི་ཚགས་ཤོག་ནས་དྲ་རྒྱ་མཉམ་སྤྱོད་ཀྱི་གོམ་སྟབས་བསྒྱུར་ཐུབ་ཡོད་པ་དང་། བོད་ཕྱི་ནང་གི་གསར་གནས་རྒྱས་འགོད་དང་རྒྱ་གཞུང་ལའང་དོ་སྣང་བྱུང་ཡོད། ཡིན་ནའང་། ཡག་པོ་ལ་མཐའ་མེད་པ་ནང་བཞིན་ཡར་རྒྱས་གཏོང་དགོས་སའང་ཡོད་ངེས་རེད། དཔེར་ན། བཏགས་ནོར་ལ་གཟབ་པ། རང་རྐྱ་འཕེར་བའི་གསར་གནས་འགོད་པ། གསར་གནས་དབྱེ་ཞིབ་མང་དུ་གཏོང་བ། སྲིད་དོན་གསར་གནས་རྐྱང་བ་མ་ཡིན་པའི་ཤེས་བྱ་རང་བཞིན་ལྡན་པའི་གསར་གནས་མང་དུ་གཏོང་བ། ལྷ་རབ་བྱུང་ན་སྲིད་དོན། ཆོས་ལུགས། དཔལ་འབྱོར། ཤེས་རིག ཚན་རྩལ་སོགས་སུ་དབྱེ་ནས་འགོད་ཐུབ་པ་ཡིན་ན་ཡག་ངེས་རེད།

  11. སྤྱན་ཆེན་པོ། says:
    2014-10-20 at 6:20 am

    བོད་ཀྱི་དུས་བབ་ནི་བཙན་བྱོལ་ཆུང་ཆུང་འདིའི་ནང་གི་རྒྱ་ནག་ལ་བལྟ་བྱེད་ཀྱི་སྒེའུ་ཁུང་ཆུང་ཆུང་ཞིག་ཡིན་པས་རྒྱ་ནག་གིས་ཀྱང་འདི་ལ་འདི་མྱུལ་སོགས་བཏང་བའི་གནས་ཚུལ་ཡང་འདུག

  12. ཀརྡོ་གཉེར་ཕྱག་པ་ says:
    2014-10-20 at 8:56 am

    བོད་ཀྱི་དུས་བབ་མུ་མཐུད་ནས་རྒྱུན་ཁྱོང་ཐུབ་པ་ནི། རླབས་ཆེན་དང་གཟི་བརྗིད་ཅིག་རེད། ད་དུང་དག་ཆ་སོགས་ཡར་རྒྱས་ལ་མཐའ་ཡོད་མ་རེད་སྙམ་ལགས།

  13. བསམ་བློ་བ། says:
    2014-10-20 at 9:33 am

    གོང་གི་རྩོམ་ཡིག་དེ་ཧ་ཅང་གནད་ལ་འཁེལ་བ་ཞིག་བྲིས་འདུག ང་ལ་ད་དུང་ཁ་སྣོན་ཉུང་ཙམ་ཞུ་རྒྱུ་ཡོད། ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་གསར་འགྱུར་བརྒྱུད་ལམ་མང་དྲགས་མེད་ན་ཁྱོན་ནས་ཉུང་དྲགས་མི་འདུག བོད་ཀྱི་དུས་བབ་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། ཨ་རིའི་བོད་སྐད་རླུང་འཕྲིན། བོད་ཀྱི་བང་ཆེན། བོད་གཞུང་དྲིལ་བསྒྲགས། ནོར་ཝེ་རླུང་འཕྲིན་དང་བོད་ཀྱི་ཆ་འཕྲིན་སོགས་མང་ཐག་ཆོད་འདུག ཆོལ་ཁ་ཆོས་ལུགས་དང་ཆབ་སྲིད་ལངས་ཕྱོགས་ཀྱི་དྲི་མས་མ་གོས་བའི་ཐོག་ནས་སྐད་ཆ་དྲང་མོ་དྲང་རྐྱང་གིས་ཤོད་དང་། བོད་ཀྱི་དུས་བབ་ཚང་གིས་གསར་འགྱུར་རྒྱས་འགོད་དང་། དཔྱད་ཞིབ་རང་བཞིན་གྱི་གསར་འགྱུར་འགོད་སྟངས་འདི་འདྲ་ཞིག་གསར་ཁང་གཞན་དུ་ཡོད་དམ། འགྱོགས་ལུགས་དང་གྲངས་ཚད་ཀྱི་ཆ་ནས་ཀྱང་བོད་ཀྱི་དུས་བབ་ཨང་དང་པོ་ཡིན་རྒྱུ་རེད་བསམ་གྱི་འདུག སྤྱི་ལོ་ ༢༠༠༨།༠༩ ནས་བཟུང་བོད་ནང་ཡ་མངའ་བའི་མེར་སྲེག་དོན་རྐྱེན་བྱུང་བ་ཁག་ཀྱང་བརྒྱ་ཆ་མང་ཆེ་བ་བོད་ཀྱི་དུས་བབ་ཀྱིས་སྔོག་འདོན་ཁྱབ་བསྒྲགས་བྱས་སོང་། གཅིག་བྱས་ན་སྐྱོན་བརྗོད་བྱེད་མཁན་དག་གིས་ཀྱང་དུས་བབ་དེ་ལས་ཀྱང་ཡར་རྒྱས་ཆེན་པོ་འགྲོ་ཐུབ་ན་ཅི་མ་རུང་བསམ་པ་ཡིན་སྲིད་མོད། སྐད་ཆ་བཤད་སྟངས་ཀྱི་ཐད་ནས་བོད་ཀྱི་དུས་བབ་གསར་ཁང་ལ་སྐྱོན་བརྗོད་ཀྱི་འོས་བབ་ཅིག་རྩ་ནས་མཐོང་མ་སོང་ངོ།།

  14. གསར་བརྗེ་སྐྱབས། says:
    2014-10-20 at 10:03 am

    ཉི་མ་ལགས།

    བཀུར་འོས་ཁྱེད་ཀྱིས་བོད་ཀྱི་དུད་བབ་ལ་བྲུས་པའི་སྐྱོན་དེ་དག་ཚང་མ་ཁྱེད་རང་ཉིད་ཀྱི་སྐྱོན་ཤ་སྟག་ཕྱིར་བཏོན་བྱས་པ་ལྟ་བུ་འདུག གཟིགས་དང་། གཤམ་གྱི་ཚིག་དེ་དག་ཁྱེད་ཀྱི་རེད།

    ༡ “དུང་ཟླ་སྒོར་མོ་ལགས་ཀྱི་རྩོམ་ཡིག་བཀླགས་ཡིན།”

    ༢ “ངས་ཁོ་བོའི་ངོ་གདོང་སྦགས་བཙོག་མཐོང་བསྡད་ན་མི་སྐྱིད་གི”

    ༣ “གསར་འགྱུར་རག་ནའང་སྒེར་གྱི་ངོ་དེབ་དང་དྲ་ཚོགས་ལྟར་འདོན་ཆོག་ཆོག་ཡིན་རྒྱུ་མ་རེད་འདོད་གི”

    ༤ “གསར་འགྱུར་རག་ནའང་སྒེར་གྱི་ངོ་དེབ་དང་དྲ་ཚོགས་ལྟར་འདོན་ཆོག་ཆོག་ཡིན་རྒྱུ་མ་རེད་འདོད་གི”

    ཁྱེད་ཚོ་ཨ་མདོ་ཚོས་དབུས་པས་བདག་སྒྲ་བཀོལ་སྟངས་མི་འགྲིགས་ཟེར་ནས། ཆར་པ་ལ་ཆར་བ། ཆེན་པོ་ལ་ཆེན་མོ་སོགས་ཁྱེད་ཚོའི་རང་སྣང་གང་ཤར་བགྱིས་ནས། བཙན་གཤེད་དང་སྡིག་ར་བྱས་མོད། ཁྱེད་ཚོས་འབྲེལ་སྒྲ་རང་སྣང་གང་ཤར་བཀོལ་དུས། ཨ་མདོ་ཚང་མས་མཛུམ་མེལ་ལེ་སྡོད་པ་འདི་ཕྱོགས་བཞེན་ཁོ་ནའི་ཁྲག་ནག་པོ་དེ་རེད་སྙམ།

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-10-20 at 4:09 pm

    སྔར་གྱི་བོད་མཁས་པས་བྲིས་པའི་གཞུང་དཔེ་དག་དང་། དེ་དག་ནས་བཏུས་ན་བྲིས་པའི་དག་ཡིག་ཟ་མ་ཏོག་དང་། དག་ཡིག་ངག་སྒྲོན་སོགས་དང་བསྟུན་ཏེ། བོད་ཀྱི་མིང་ཚིག་རྣམས་འགོད་དགོས་པ་གལ་ཆེ། ལྡང་བ་ལ་འདང་ཞེས་ཐུགས་གཡེངས་པའི་དབང་གིས་མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ཀྱི་བྲིས་དཔེ་ཞིག་ཏུ་ཡང་ཤོར་འདུག་པ་སོགས་ལ་གོང་གསལ་གཞུང་དཔེ་ན་ཡོད་པ་བཞིན་དུ་ཞུས་དག་དགོས་པ་གལ་ཆེའོ།

  16. གསར་བརྗེ་སྐྱབས། says:
    2014-10-20 at 4:12 pm

    དི་རིང་དུས་བབ་སྟེང་ལ། མགོ་བརྗོད་ལ། “ཀྲུའུ་ཡཱོང་ཁང་ལ་ཐག་གཅོད་བྱེད་སྲིད་པ་རེད།”ཅེས་པའི་གསར་འགྱུར་ཞིག་གི་ནང་ལ་འདི་འདྲ་ཞིག་འདུག

    “རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས། ཐེངས་འདིའི་ཚོགས་ཆེན་ཐོག་ལྐོག་ཟ་རུལ་སུངས་ཀྱི་ཞིབ་བཤེར་ཁྲོད། ཁྲིམས་འགལ་ཚབས་ཆེན་གྱི་ནག་ཉེས་ཕོག་པའི་ཅང་ཙེ་མིན་དང་ལི་ཏུང་ཧྲིན། ལི་ཁྲིན་ཁྲུན། ཝང་ཡོང་ཁྲིན། ཝན་ཆིན་ཉིང་སོགས་དབུས་ཨུ་ཡོན་ལྷན་ཁང་གི་འཐུས་མི་དང་ཁ་གསབ་འཐུས་མི་ཚོའི་ནག་ཉེས་ཐེར་འདོན་བྱ་རྒྱུ་ཡིན་པ་མ་ཟད། དམར་ཤོག་ཚོགས་པའི་ནང་ནས་ཕྱིར་འབུད་དང་ལས་གནས་ནས་གནས་དབྱུང་བཏང་སྟེ། འཐུས་མི་ཁ་གསབ་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག གཞན་ཡང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་མགོ་ཁྲིད་ཟུར་པ་ཀྲུའུ་ཡཱོང་ཁང་ཏང་ནང་ནས་ཕྱིར་འབུད་བཏང་སྟེ། ཁྲིམས་འཛིན་ལྷན་ཁང་ལ་རྩིས་སྤྲོད་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག”

    འདི་མཐོང་མ་ཐག་རང་ཉིད་ཧོར་ཐོར་སོང་། ད་བར་ཅང་ཙེ་མིང་ལ་ཉེས་འཛུགས་རྩ་བ་ནས་བྱས་མེད། གཤམ་ལ་དྭོགས་པ་ཡོད་རུང་ད་བར་གཞུང་འབྲེལ་ལ་འདི་ལྟ་བུའི་གསར་འགྱུར་བཏོན་མྱོང་མེད། དེར་བརྟེན། དྲ་རྒྱར་བཙལ་དུས། རྒྱ་ཡིག་དབྱིན་ཡིག་བོད་ཡིག་ནང་ལ་འདི་ལྟ་བུའི་ཚིག་ཞིག་རྩ་བ་ནས་བརྙེད་ཀྱི་མིན་འདུག ཤིན་ཧྭ་ནས་འདི་འདྲ་བྲིས་མ་སྲིད་པ་རེད་སྙམ། དེར་བརྟེན། འདི་ལ་ཁུངས་ཤིག་ཡོད་ན་སྟོན་རོགས། མེད་ན་རྗེས་མ་འདི་ལྟ་བུའི་ཧར་སོང་ཆེ་བའི་གསར་འགྱུར་ལ་ཞིབ་འཇུག་ཏོག་ཙམ་ཡོད་ན་ལེགས།

  17. བློ་བཟང་རིག་འཛིན། says:
    2014-10-20 at 6:43 pm

    ང་རང་ཚོར་སྣང་ལ་དུས་བབས་ནི་༧གོང་ས་མཆོག་གི་མཛད་འཕྲིན་ཁག་ཁྱབ་བསྒྲགས་བྱེད་ས་འདྲ་བོ་ཞིག་མཐོང་གི་ཡོད། དེ་མ་འགྲིག་པ་ཅི་མེད་ནའང་། གསལ་འགྱུར་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ཚེ་ཅུང་ཉོབ་མི་འགྲོ་བསམ་པ་འདུག །༧གོང་ས་མཆོག་གི་མཛད་འཕྲིན་ཁག་ནི་ཁོང་སྒེར་གྱི་དྲྭ་རྒྱ་སྒང་ཡོད་ཡོད་པ་རེད།

  18. རྣམ་གྲགས། says:
    2014-10-20 at 9:59 pm

    བོད་ཀྱི་དུས་བབ་ཚང་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ལྷག་པར་དུ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་གཙོ་བོར་འགྱུར་བའི་གསར་འགོད་པ་ཡོངས་ལ་འཚམས་འདྲི་ཞུ་བཞིན་ཡོད། བོད་ཀྱི་དུས་བབ་འདི་བོད་པ་ཚང་གི་ཡ་ཐོལ་གྱི་མིག་དང་ཡ་ཁོག་གི་སྙིང་ཡིན། མི་རེ་ཟུང་གིས་འགན་འཁུར་མེད་པའི་སྐད་ཆ་དང་། ཕྲག་དོག་གི་སྐད་ཆ་བཤད་མཁན་ཡོད་ཀྱང་། ད་ལྟའི་ཆ་ལ་གསར་འགྱུར་གྱི་སྤུས་ཚད་དང་མགྱོགས་ཚད་ཕྱོགས་གང་ཐད་ནས་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་དུས་བབ་གསར་ཁང་ལ་བོད་ཀྱི་དུས་བབ་ལས་ལྷག་ཅིག་མི་འདུག་ཅེས་ངས་ཐག་གིས་བཅད་ནས་བཤད་ཐུབ་པ་ཞིག་རེད། དུས་བབ་ཚང་གི་གསར་འགྱུར་ཁག་བརྒྱུད་ནས་བཙན་བྱོལ་སྤྱི་ཚོགས་ནང་གི་ལྐོག་ཟ་རུལ་སུངས་རྣམས་འཇིགས་ཞུམ་མེད་པའི་ཐོག་ནས་འཐེར་འདོན་བྱས་པ་དང་། དུས་བབ་ཚང་གི་རྩོམ་ཡིག་ཁག་བརྒྱུད་ནས་ཆབ་སྲིད་པ་ཧམ་གཡོ་ཅན་དག་དང་། དེ་མ་ཡིན་པའི་སྤྱི་ཚོགས་ནང་གི་སྐྱོན་གནས་རིགས་ལ་མཛུབ་མོ་རི་སྟོན་བྱས་པ་ཁག་གིས་བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་དང་མདུན་སྐྱོད། གཙང་དག་སོགས་ལ་ནུས་པ་དང་བྱས་རྗེས་བླ་ན་མེད་པ་བཞག་དང་འཇོག་བཞིན་ཡོད་པ་ཧ་ཅང་བསྔགས་བརྗོད་ཞུ་ཡུལ་ཞིག་ཆགས་འདུག ཕྲག་དོག་འགྲན་སེམས་ཅན་དག་གིས་གང་བཤད་ཅི་བྱེད་ལ་མ་ལྟོས་པར་མུ་མཐུད་འབད་བརྩོན་གནང་རོགས། ཁྱེད་ཚང་གི་བྱ་བཞག་མ་ལུས་ཡར་ངོས་ཟླ་བ་དང་དབྱར་ཁའི་མཚོ་མོ་བཞིན་རྒྱས་བར་ཤོག བཀྲ་ཤིས་བདེ་ལེགས།

  19. ཁ་བའི་རྒྱང་ཕྲུག says:
    2014-10-20 at 10:37 pm

    མང་མང་ས་ནས་ཀློག་པའི།
    བོད་ཀྱི་དུས་བབ་གསར་འཕྲིན།
    གསར་འགྱུར་སྤེལ་བ་ལེགས་ཀྱང་།
    དག་ནོར་ཉུང་ཉུང་མ་རེད།

    ལྷག་བསམ་ཆེ་ཆེར་ལྡན་པའི།
    དུས་བབ་འགོ་ལས་ཚང་མས།
    སེམས་ཤུགས་དགུང་ལ་བཏེགས་ནས།
    རྣམ་དཔྱོད་མདོང་མོ་དཀྲུགས་དང་།

  20. མིག་དམར། says:
    2014-10-20 at 10:44 pm

    ཧ་ཧ་་་་་་་་་་་བགྲོ་གླེང་ཡག་པོ་གནང་ཤག ༼བོད་ཀྱི་དུས་བབ་༽ཉམས་རྒུད་ཆ་ཕྲ་མོ་ཙམ་ཡང་སོང་མེད་པ་ཞེས་པ་དེ་ཡང་ཅུང་ཐལ་སོང་བ་རེད། དགེ་འདུན་རབ་གསལ་ནས་ལུང་རིག་རྒྱལ་དེ་ནས་བཀྲ་ཤིས་དོན་འགྲུབ་སོགས་རིམ་བཞིན་གླེང་དགོས་་་་་་་་་ད་ལྟ་དུས་ཚོད་མེད། རྗེས་སུ་བཤད་ཆོག

  21. ཚེ་རིང་ཉི་མ། says:
    2014-10-21 at 12:11 am

    བོད་ཀྱི་དུས་བབ་ཚང་གི་མགོ་ལས་ཡོངས་ལ་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ། བརྒྱ་བཤད་ཚིག་གི་རྩ་བ་གང་ཡིན་ཟེར་ན། མང་ཚོགས་ནང་གླེང་སློང་ཞིག་ཡོང་གི་ཡོད་དུས་ལས་དོན་དེ་སྤྱི་ཚོགས་ནང་ཧ་ཅང་རྩ་ཆེན་པོ་དང་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་སྟོན་གྱི་ཡོད་པ་རེད། བོད་གཞུང་དྲ་རྒྱ་དང་བོད་ཀྱི་བང་ཆེན། སྤྱི་ཚོགས་མེ་ལུང་སོགས་ལ་སྤྱི་ཚོགས་ནང་བདག་པོ་རྒྱག་མཁན་འདུག་གམ་དེས་གནས་ཚུལ་མང་པོ་ཞིག་བསྟན་ཡོད་པ་རེད། དེ་ནས་མི་ཞིག་ཡིན་ན་རེད། ལས་ཁུངས་དང་ཚོགས་པ་ཞིག་ཡིན་ན་རེད་ཡར་རྒྱས་འགྲོ་བཞིན་པའི་སྐབས་ལ་སྤྱི་ཚོགས་ནང་ཕྲག་དོགས་འགྲན་བསམ་གྱིས་མ་བཟོད་པར་སྐད་ཆ་འདྲ་མིན་བཤད་མཁན་དང་གླེང་ཕོགས་བཟོ་མཁན། ཐ་ན་ནག་པོ་བཟོ་ཐབས་བྱེད་པ་སོགས་འུ་ཅག་བོད་པ་ཚང་གི་རང་གཤིས་དེ་རེད། དེ་ལ་ཐབས་ཤེས་ཡོད་པ་མ་རེད།

  22. ཀརྨ་ཕུན་ཚོགས། says:
    2014-10-21 at 12:25 am

    བོད་ཀྱི་དུས་བབ་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ། ཕྲག་དོག་འགྲན་གསུམ་སོགས་ཀྱིས་མི་ཞིག་གིས་ཅི་ཞིག་བཤད་ཀྱང་རུང་། བོད་ཀྱི་དུས་བབ་ཚང་གི་ཡར་རྒྱས་གོང་འཕེལ་འགོག་ཐུབ་ཡོད་པ་མ་རེད། ང་རང་ནམ་རྒྱུན་བཞག་ཏུ་གསར་ལམ་ཁག་ལ་དོ་སྣང་ཡོད་མཁན་ཞིག་ཡིན། བོད་ནང་གི་ཛ་དྲག་གནས་ཚུལ་མང་ཆེ་བ་ཞིག་བོད་ཀྱི་དུས་བབ་སྟེང་སྔོན་ལ་འཐོན་ཡོང་གི་འདུག དེ་ནས་རྒྱ་ནག་དང་འཛམ་གླིང་གི་གནས་ཚུལ་གལ་ཆེན་མང་པོ་ཁག་ཀྱང་བོད་ཀྱི་དུས་བབ་ཚང་གིས་སྔོན་ལ་སྤེལ་ཡོང་གི་འདུག བཙན་བྱོལ་སྤྱི་ཚོགས་ནང་གི་རྙོག་གྲ་རུལ་སུངས་ཁག་བོད་ཀྱི་དུས་བབ་ཚང་གིས་སྔོག་ཡོང་གི་འདུག ང་དང་ང་ལྟ་བུ་བོད་ཡིག་ལས་མི་ཤེས་མཁན་ཚོར་འཛམ་གླིང་ལ་ལྟ་བྱེད་ཀྱི་མིག་གཉིས་སྦྱིན་པ་གནང་བ་དང་གཅིག་པར་ཕན་ཆེན་པོ་ཐོག་གི་འདུག བོད་ཀྱི་དུས་བབ་ཚང་གི་རྩོམ་སྒྲིག་པ་དང་གསར་འགོད་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

  23. ཉི་མ། says:
    2014-10-21 at 12:52 am

    གསར་བརྗེ་སྐྱབས་ལགས། ཁྱོད་ཀྱིས་ངའི་མཆན་ལ་དོ་སྣང་བྱས་པར་ཐུགས་རྗེ་ཆེ་ཞུ། བོད་ཡིག་སྦྱང་གིན་ཡོད་མ་གཏོགས་ཁྱད་ལས་བ་དེ་འདྲ་གང་ཡང་མིན། མ་གཞི་མཆན་དེ་འདྲ་རྒྱབ་རྒྱུ་དངོས་གནས་གལ་ཆེན་མཐོང་གི་ཡོད། ཡིན་ནའང་། གནད་འགག་ཆེན་པོ་ཞིག་ཞུ་རྒྱུ་ལ་(ཨ་མདོ་ཚོ་)ཟེར་བ་འདི་ངའི་མིང་ཐོག་ཏུ་བཀོལ་སྦྱོད་བྱེད་དགོས་དོན་ཁྱོན་ནས་མི་འདུག མཆན་དེ་ང་མི་སྒེར་ཞིག་གིས་བྲིས་པ་ལས་ཨ་མདོ་ཚོས་རྒྱབ་པ་མ་རེད། ཤེས་ཡོན་ཡོད་ན་འང་མི་གཞི་ལ་བརྩི་སྲུང་བྱེད་རོགས།

  24. ཉི་མ། says:
    2014-10-21 at 12:55 am

    གཞན་ཁྱོད་ཀྱིས་ང་ལ་བྲིས་པར་གཟིགས་དང་། དང་པོ་རྩོད་གཞི་(བོད་ཀྱི་དུས་བབ་)ཀྱི་དག་ཆ་ཡང་ནོར་འདུག འབྲུ་སོགས་ཡིག་ནོར་གཞན་ཕར་གཡུག་ཤོག

  25. ཐུབ་བསྟན། says:
    2014-10-21 at 2:23 am

    བོད་ཀྱི་དུས་བབ་གསར་འགྱུར་ངའི་འཚོ་བའི་ཕྱེད་ཀ་ཡིན། དུས་བབ་གསར་འགྱུར་གྱིས་ང་ལ་སློབ་སྦྱོང་དང་བླ་སྐྱེད་མང་པོ་སྤྲད་སོང་། དུས་བབ་གསརའགྱུར་ལོ་རེ་ནས་ལོ་རེར་ཚད་གཞི་ཇེ་མཐོ་རེད། དུས་བབ་ཚང་མུ་མཐུད་ཤུགས་རྒྱོབས།

  26. ནད་མེད་ཚེ་རིང་། says:
    2014-10-21 at 3:21 pm

    དེ་སྔ་བོད་ཀྱི་དུས་བབ་ནི་བོད་ཡིག་ཚགས་ཤོག་དགའ་མོས་གྲས་ཤིག་ཆགས་ཡོད། བར་སྐབས་ཤིག་ནས་དྲ་རྒྱ་ཐོག་གནས་ཚུལ་གསར་པ་བཏོན་རྒྱུ་མེད་པ་མ་ཟད། རྩོམ་འབྲི་ཡག་པོ་དེ་འདྲ་བཀོད་རྒྱུ་མེད་པས་ཡིན། ཚགས་ཤོག་ཀློག་མཁན་མང་པོ་ཡོང་བར་བྱེད་པར་གནས་ཚུལ་རྣམས་དུས་ཐོག་བཀོད་ཐུབ་པ་མ་ཟད་སྤུས་ཚད་ཀྱང་བཟོ་དགོས་པ་ཡིན།

  27. གསར་བརྗེ་སྐྱབས། says:
    2014-10-21 at 5:07 pm

    ཉི་མ་ལགས།

    དུས་བབ་དུད་ཟེར་འབྲི་བ་དེ་ནོར་འདུག བྲུས་ནོར་མེད། དུས་གསུམ་ནས་འདས་པ་བཀོལ་བ་རེད། ལེགས་པོ་གཟིགས་ཤིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme