Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་མ་འོངས་པའི་ཁ་ཕྱོགས་༽ཅེས་པའི་བགྲོ་གླེང་ཐའེ་ཝན་དུ་འཚོགས་པ།

Posted on 2015-04-242015-04-24 By ཁ་བརྡ 6 Comments on ༼ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་མ་འོངས་པའི་ཁ་ཕྱོགས་༽ཅེས་པའི་བགྲོ་གླེང་ཐའེ་ཝན་དུ་འཚོགས་པ།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཡིག་ཚང་།

 
སྤྱི་ལོ་༢༠༡༥ སྤྱི་ཟླ་༤ པའི་ཚེས་༢༣ ཉིན། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་ལྔ་པ་༼ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་མ་འོངས་པའི་ཁ་ཕྱོགས་༽ཞེས་པའི་བགྲོ་གླེང་ཚོགས་འདུ་རྒྱལ་ས་ཐའེ་པེ་རུ་འཚོགས།
 དེ་ཡང་། མདོ་འཛིན་པ་ཞིབ་འཇུག་ཚོགས་པའི་དྲ་རྒྱའི་བརྙན་འཕྲིན་འགན་འཛིན་མཁན་པོ་ཆོས་ཉིད་དོན་རྟོགས་ཀྱིས་ཚོགས་འདུ་དབུ་འཛུགས་ཁྱབ་བསྒྲགས་གནང་རྗེས། ཞིབ་འཇུག་ཚོགས་པའི་གཙོ་འཛིན་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཚོགས་པའི་ངོས་ནས་འཚམས་འདྲི་དང་འབྲེལ། ད་ཐེངས་ཀྱི་ཚོགས་འདུའི་ཐོག་དགོས་ངེས་ཀྱི་གྲོས་ཆོད་ཁག་ཅིག་གི་ཟིན་བྲིས་བཟོ་ཐུབ་པ་དགོས་རྒྱུའི་གལ་འགང་སོགས་ཚོགས་འདུའི་ཁ་ཕྱོགས་དང་འབྲེལ་བའི་གཏམ་བཤད་གནང་། 
དེ་རྗེས་སྔ་དྲོའི་རིང་། ཐོག་མར་དཔལ་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་མཁན་སྤྲུལ་ཆོས་སྣང་རིན་པོ་ཆེས་གསུང་བཤད་གནང་ཞིང་། དེ་ཡང་། བསྟན་པ་དར་རྒྱས་སུ་འགྲོ་བའི་རྩ་བའི་འགོག་རྐྱེན་ཆེ་ཤོས་ནི་སྤྱོད་ལམ་ལ་བརྟེན་ནས་འབྱུང་གིན་ཡོད་པ་དང་། སངས་རྒྱས་ཀྱི་བཀའ་འཁོར་ལོ་གསུམ་གྱི་ཆོས་འཁོར་རིམ་ཅན་དུ་གསུང་གནང་སྟེ་གདུལ་བ་བཀྲི་བར་མཛད་པའི་དགོངས་གཞི་ལྟར། གདུལ་བྱ་ལ་ཆོས་སྟོན་སྟངས་དང་རང་ཉིད་ཀྱི་ཉམས་ལེན་ཚང་མ་ལམ་གྱི་གོ་རིམ་དང་བསྟུན་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་ཐད་ལ་བཀའ་སློབ་གལ་ཆེན་གནང་།

IMG_6750

དེ་རྗེས་བོད་མི་ཞིག་དང་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་ཁྲོད་ཀྱི་འཛམ་གླིང་གི་སྙན་གྲགས་ཅན་གྱི་ཨ་རིའི་ཧ་ཝར་ཊི་གཙུག་ལག་སློབ་སློབ་གྲྭ་ཆེན་མོའི་བོད་རིགས་དང་བོད་ཀྱི་དགེ་འདུན་པ་འབུམ་རམས་པའི་སློབ་གཉེར་ཐོན་མཁན་ཐོག་མ་ཡིན་པའི་བལ་ཡུལ་རྒྱལ་སྤྱིའི་ནང་པའི་སློབ་གཉེར་ཁང་གི་ངེས་སྟོན་པ་དཔལ་ས་སྐྱའི་མཁན་ཆེན་ཨ་པད་རིན་པོ་ཆེའི་སློབ་ཆེན། མཁན་པོ་ངག་དབང་འབྱོར་ལྡན་མཆོག་གིས་གལ་ཆེའི་བཀའ་སློབ་གནང་ཞིང་། གཙོ་ཆེར་ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་རྐང་བརྟན་པོ་འཛུགས་པར་ཐོག་མར་སློབ་གསོ་ལ་རྟེན་རྒྱུ་གལ་ཆེན་ཡིན་ཞིང་། དེ་ཡང་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་དག་ཏུ་སློབ་ཡོན་རོགས་སྐྱོར་གྱི་ས་མིག་བསྐྲུན་ཏེ་ནང་ཆོས་དང་འབྲེལ་བའི་སློབ་ཚན་འཇོག་ཐབས་དང་། ནུས་པའི་འབྱུང་ཁུངས་ཡིན་པའི་སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་ཀྱིས་ལམ་སྟོན་དང་སྟངས་འཛིན་གྱི་ནུས་པ་འདོན་སྤེལ་བྱེད་སྟངས། ནོར་འཁྲུལ་ཅན་གྱི་ཡིག་སྒྱུར་གྱི་སྐྱོན་ཆ་བསལ་རྒྱུའི་དགོས་དམིགས། གྲྭ་ཆས་དམར་པོ་གྱོན་མཁན་ཚང་མ་ཞལ་འདེབས་སློང་མཁན་ཡིན་པ་ལྟ་བུའི་ལྟ་ཚུལ་ལ་གདོང་ལེན་བྱེད་སྟངས། དེ་བཞིན་རྟོན་པ་བཞི་དང་འབྲེལ་བའི་བསླབ་བྱ་སྤྲོད་རྒྱུའི་གལ་ཆེན་རང་བཞིན་བཅས་ཀྱི་ཐད་བཀའ་སློབ་གནང་།

 
དེ་རྗེས་རུམ་སྟེགས་གདན་སའི་མཁན་པོ་མཁས་དབང་སྐྱོ་བྲག་དགའ་དབང་ལགས་ཀྱིས་ཆིག་སྒྲིལ་གྱིས་སྒྲིག་འཛུགས་རང་བཞིན་གྱི་ལས་ཀ་བྱེད་པ་ནི་མེད་དུ་མི་རུང་ན་ཡང་། དེས་སྒེར་གྱི་ལས་དོན་བྱེད་སའི་ཁོར་ཡུག་ཡང་བརླགས་མི་ཉན་པ་དང་། ཐའེ་ཝན་གྱི་ས་ཆ་འདི་རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱ་ཡུལ་གྱི་ཁོར་ཡུག་ཅིག་ཏུ་བལྟ་རྒྱུ་ལས་རང་གི་དགོས་མཁོ་བསྒྲུབ་ཡུལ་གྱི་ཐོན་ཁུངས་ཤིག་ཏུ་བསམ་ན་མི་འགྲིག་པ།  དེ་བཞིན་སྤྱི་ཚོགས་དེར་ཕན་པ་དང་མི་མང་དང་རྒྱལ་ཁབ་ཀྱིས་ངོས་ལེན་ཡོད་པའི་ལས་དོན་ཚད་ལྡན་ཞིག་འཁྱོངས་ན་དེས་སྤྱི་ཚོགས་ཀྱི་ཐོག་ཏུ་སེམས་ཁམས་དང་དཔལ་འབྱོར་གཉིས་ཀྱི་སྙོམས་སྒྲིག་ཐུབ་རྒྱུ་ཡིན་པ།  དེ་བཞིན་བགྲོ་གླེང་བྱེད་སྐབས་རང་གི་བསམ་ཚུལ་བཏོན་ཤེས་པ་དང་གཞན་གྱི་གསམ་ཚུལ་ཉན་ཐུབ་པ་གཉིས་ཀྱི་ཆ་རྐྱེན་དགོས་པ་དང་། ཕྱི་ཕྱོགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་དགག་པ་རྒྱག་པ་སོགས་ལ་ལག་བསྟར་བདེན་ལེན་ཞེས་པའི་ཐབས་ལབ་བེད་སྤྱད་དེ་མི་མང་གིས་ཡིད་ཆེས་ཐོབ་པ་བྱ་རྒྱུ་གནད་འགག་ཡིན་པ་སོགས་རྩ་ཚིག་དོན་ཚན་བརྒྱད་ཀྱི་ཐོག་ནས་བཀའ་སློབ་གནང་།

IMG_6756

དེ་རྗེས་ཚོགས་ཞུགས་པ་རྣམ་པས་རིམ་པ་བཞིན།  ཚོགས་འདུའི་བརྗོད་གཞི། ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་ད་ལྟའི་གནས་བབ་ལ་གྲོས་མོལ་དང་། ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་མ་འོངས་པའི་ཁ་ཕྱོགས་ལ་གྲོས་མོལ་ཏེ། རྩ་བའི་བརྗོད་གཞི་གཉིས་ནང་གསེས་དོན་ཚན་དྲུག་གི་ཐོག་དངོས་སུ་གྲོས་བསྡུར་བྱས་ཤིང་། ཀཿཐོག་རིག་འཛིན་ཆེན་པོས་ཕྱིའི་སྐད་ཡིག་ནང་གི་ཤེས་ཡོན་དང་ཉམས་ལེན་གྱི་ཆ་སྙོམ་རང་བཞིན་གྱི་གལ་ཆེན་མནན་བརྗོད་གནང་ཞིང་། སྤྲུལ་སྐུ་ཐུབ་བསྟན་ནོར་བུས་ཆོས་ཚོགས་ཁག་ཏུ་སློབ་ཁྲིད་འཛུགས་དགོས་པའི་སྐོར་དང་། དགེ་བཤེས་ཆོས་དབང་མཆོག་གིས་རྒྱ་རིགས་ཀྱི་སྤྱི་ཚོགས་སུ་སློབ་ཁྲིད་བྱེད་སྐབས་ཆོས་བརྒྱུད་སོ་སོའི་མཐུན་ཕྱོགས་ཀྱི་སྒྲུབ་ཆ་རྩལ་འདོན་དགོས་པའི་གལ་གནད། ཤཱཀྱ་རིན་པོ་ཆེས་སྤྱི་ཚོགས་དང་ཉམས་ལེན་གྱི་ངོས་གཉིས་ཆར་ནས་རིས་མེད་དགོས་པའི་གལ་འགང་།
དགེ་བཤེས་དར་རྒྱས་མཆོག་གིས་ཡང་དག་པའི་མཐུན་སྒྲིལ་དང་སེམས་གཏིང་གི་ཡིད་ཆེས་བར་གྱི་འབྲེལ་བ། མཁན་པོ་གུར་སྐྱབས་མཆོག་གིས་སྐད་ཡིག་གི་ཚད་བཀག་དང་བླ་མ་གྲྭ་པའི་ཤེས་ཡོན་གྱིས་མི་འདང་བ་སོགས་ནང་ཆོས་དར་སྤེལ་གྱི་འགོག་རྐྱེན་སྐོར། རྒན་ཡེ་ཤེས་རབ་རྒྱས་མཆོག་ནས་སེམས་ཐག་ཉེ་བོ་དང་གཅིག་ཕན་གཅིག་གྲོགས་ཀྱི་འབྲེལ་བ་འཛིན་སྟངས། མཁན་པོ་དབང་དགའ་ནས་རྒྱའི་ཡུལ་གྲུ་སོགས་སུ་ཕེབས་མཁན་དག་གིས་ཀྱང་རང་ཉིད་ཀྱི་གནས་བབ་ངོས་ཟིན་དགོས་པ་ལས། ཚད་ལས་བརྒལ་བའི་རང་མཐོང་བྱ་རྒྱུ་མེད་པ། དགེ་བཤེས་ཕྲིན་ལས་རྒྱ་མཚོས༸གོང་ས་མཆོག་གི་དབུ་ཁྲིད་འོག་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་ཚུལ། གྲྭ་གར་དབང་མཆོག་གིས་ལས་འགུལ་གྱི་རྣམ་པའི་ཐོག་ནས་ཆོས་ཀྱི་མཛད་སྒོ་སྤེལ་བ་དང་ནང་ཆོས་ངོ་སྤྲོད་ཀྱི་སློབ་ཁྲིད་ཟུང་འབྲེལ་བྱ་རྒྱུ། རྭ་རྒྱ་བློ་དབང་ནས་ས་གནས་ཀྱི་རྒྱ་བརྒྱུད་དགེ་འདུན་པ་དང་མཐུན་ལམ་གུས་བཀུར་སོགས་བྱ་དགོས་ཚུལ།  མཁན་པོ་འཇམ་དབྱངས་མཁྱེན་བརྩེ་ནས་སློབ་གྲྭ་དང་འབྲེལ་བའི་སློབ་གསོ་ཅན་དང་ཤེས་ཡོན་པའི་སྡེར་འབྲེལ་བ་གནང་རྒྱུ། མཁན་པོ་བསོད་ནམས་གྲགས་པ་མཆོག་ནས་དཔལ་འབྱོར་འདུ་འགོད་ཀྱི་སྙོམ་སྒྲིག་བྱ་ཐབས། མཁན་པོ་ཆོས་འབྱོར་རྒྱ་མཚོས་༸གོང་ས་མཆོག་གི་གནང་སྟངས་ལྟར་རྒྱུ་མཚན་གྱི་ཤེས་པའི་རིས་མེད་བྱེད་དགོས་པ། དགེ་བཤེས་བློ་བཟང་རྒྱལ་མཚན་མཆོག་གིས་ནང་ཆོས་ངོ་སྤྲོད་ཀྱི་གལ་ཆེན་རང་བཞིན་སོགས་སོ་སོའི་སེམས་གཏིང་གི་དགོངས་ཚུལ་མང་པོ་དཔེ་མཚོན་དང་བཅས་པའི་སྒོ་ནས་གནད་ལ་ཁེལ་བར་གསུངས་གནང་ཞིང་། སྔ་དྲོའི་ཚོགས་ཐེངས་ཀྱི་མཇུག་ཏུ། བགྲོ་གླེང་གཙོ་སྐྱོང་བ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྐར་མ་བཅུ་ལྷག་རིང་འབྲེལ་ཡོད་གཏམ་བཤད་ཁག་ལ་དབྱེ་ཞིབ་དང་ཕྱོགས་སྡོམ་བྱས།

IMG_6779

ཕྱི་དྲོའི་ཆར་མུ་མཐུད། རྩ་བའི་བརྗོད་གཞི་ཁག་དང་འབྲེལ་བའི་གྲོས་མོལ་གནང་ཞིང་། ཁྱད་པར་ཚོགས་འདུའི་རྩ་བའི་བརྗོད་གཞི་གསུམ་པ་༼ཚོགས་འདུའི་སྙིང་དོན་གལ་ཆེན་འགའ་ལ་གྲོས་ཆོད་༽ཅེས་པའི་ཐོག་ལ་གྲོས་བསྡུར་བྱས་རྗེས། ཚོགས་གཙོས་ཐའེ་བཞུགས་བོད་བརྒྱུད་དགེ་འདུན་པའི་མ་འོངས་པ་དང་འབྲེལ་བའི་ལམ་སྟོན་འབོད་སྐུལ་དོན་ཚན་བཅུ་ཅན་གྱི་གལ་ཆེའི་གྲོས་ཆོད་ཟིན་བྲིས་སྒྲོག་སྦྱངས་དང་འབྲེལ། དོན་ཚན་རེ་རེ་བཞིན་ཚད་མཐོའི་མང་མོས་དང་སྤྱི་མོས་ཀྱི་ལམ་ནས་གཏན་འབེབས་ཐག་གཅོད་བྱུང་། ཟིན་བྲིས་དངོས། གནད་ཡོད་སྐྱེས་ཆེན་ཁག་དང་། ཆོས་ལུགས་ཁག་གི་དབུ་འཛིན་རྣམ་པར་སྤྱན་འབུལ་ཞུས་རྗེས་རྒྱ་དབྱིན་བོད་གསུམ་གྱི་ཡི་གེའི་ཐོག་ནས་ཡོངས་ཁྱབ་འགྲེམས་སྤེལ་བྱ་རྒྱུར་ཐག་ཆོད་བྱུང་བར་མ་ཟད། ཞིབ་འཇུག་ཚོགས་པའི་ངོས་ནས་ཡིག་ཆ་འདི་བརྒྱུད་རྒྱ་རིགས་ཀྱི་སྤྱི་ཚོགས་གཙོ་བོར་གྱུར་པའི་ཕྱི་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་ཕེབས་བཞིན་པའི་བོད་ཀྱི་དགེ་འདུན་པ་དག་གིས་ཀུན་སྤྱོད་དང་སློབ་གསོ་འགན་འཁྲི་སོགས་ཀྱི་ཐད་སྐུལ་འདེད་ཀྱི་ནུས་པ་གང་ལེགས་ཐོན་རྒྱུ་ཡིན་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།

 

ཐེངས་འདིའི་ཚོགས་འདུའི་བརྗོད་གཞི་དང་གྲོས་གཞི་གྲོས་ཆོད་ཁག་ནི། ཉེ་སྔོན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ཐའེ་ཝན་དུ་ཞལ་འཛོམས་ཐོག་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་ལྷན་ཚོགས་ཆེན་མོའི་སྐབས་གྲོས་བསྡུར་བྱུང་བའི་ལམ་སྟོན་དང་དགོངས་གཞི་ཁག་གཞི་རྩར་བཟུང་ཞིང་། སླར་ཡང་ཉེ་ཆར་ཞིབ་ཚོགས་འགན་འཛིན་མཁན་སྤྲུལ་རྣམ་པ་༸རྒྱལ་དབང་འབྲུག་ཆེན་སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་དུ་ཆེད་གཅར་སྐབས་ཀྱི་ལམ་སྟོན་ཁག་གཞི་རྩར་བཟུང་བ་བཅས་ཀྱི་ཐོག་ཐེངས་འདིའི་བགྲོ་གླེང་གི་གཙོ་བོའི་དགོངས་ཚུལ་ཕྱོགས་སྡོམ་བྱས་ཏེ་བྱུང་བ་ཞིག་ཆགས་ཡོད།
IMG_6784
མཐར། ཞིབ་ཚོགས་འགན་འཛིན་གཞོན་པ་ཧ་ཤེན་རིན་པོ་ཆེ་མཆོག་གིས་གཙོ་སྒྲུབ་ལས་ཁུངས་ཀྱི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ༸གོང་ས་མཆོག་གི་ཀུན་སྙོམས་ཐུགས་བསྐྱེད་ཀྱི་བསིལ་གྲིབ་འོག་ཚང་མས་ཞལ་གཉིས་མེད་ཀྱི་མདུན་སྐྱོད་བྱེད་སྟངས་སོགས་དང་འབྲེལ་བའི་གསུང་བཤད་བཅས་གྲུབ་མཐར། སྐབས་འདིའི་བགྲོ་གླེང་རྒྱལ་ཁའི་ངང་མཇུག་དྲིལ།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི། ཉིས་སྟོང་དགུའི་ལོར་ཐའེ་ཝན་དུ་བཙུགས་ཤིང་། ཐོག་མར་གཞི་རྩའི་རྐང་འཛིན་མཁན་སྤྲུལ་བཞི་ཡོད་པ་ནས་ད་ལྟ་ཆོས་བརྒྱུད་ཁག་ལྔའི་མཁན་སྤྲུལ་དགེ་བཤེས་བཅུ་ལས་གྲུབ་པའི་ཆོས་ཚོགས་ཁག་མཉམ་འདུས་ཀྱིས་གཉེར་སྐྱོང་བྱེད་བཞིན་པའི་ཚོགས་པ་ཞིག་ཡིན་པ་དང་། ༧གོང་ས་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་ཚང་མས་རྒྱབ་གཉེར་དང་ངོས་འཛིན་ཡོད་པ་དང་། ཐའེ་ཝན་རྒྱལ་ཡོངས་རང་བཞིན་གྱི་ཚད་ལྡན་དེབ་སྐྱེལ་ཡོད་པའི་སྒྲིག་འཛུགས་ཤིག་ཡིན། ཉིས་སྟོང་བཅུ་གཉིས་ཀྱི་ལོ་ནས་ཚོགས་པ་འདིའི་ཡན་ལག་གི་ངོ་བོའི་ཐོག་ནས་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་ཟེར་བ་ཞིག་ཀྱང་བཙུགས་ཡོད། 
ཐེངས་འདིའི་བགྲོ་གླེང། ཚོགས་པའི་ལས་དོན་ཆ་བགོས་ཀྱི་འགྲོ་སྟངས་ལྟར། མཁན་པོ་ཆོས་ཉིད་དོན་རྟོགས་དང་། སྤྲུལ་སྐུ་ཐུབ་བསྟན་ནོར་བུ། ཧ་ཤེན་རིན་པོ་ཆེ། བཀྲ་ཤིས་རིན་པོ་ཆེ། ཚང་གསར་ཀུན་དགའ་རིན་པོ་ཆེ་བཅས་ཀྱི་ཆོས་ཚོགས་ནས་འགན་འཁུར་གོ་སྒྲིག་ཞུས་པ་ཡིན།

 

ཞིབ་འཇུག་ཚོགས་པའི་ངོ་དེབ། FB:https://m.facebook.com/itbsi

དྲ་རྒྱའི་བརྙན་འཕྲིན་ཁ་བྱང་། TTBtv.org

གསར་འགྱུར།

Post navigation

Previous Post: དགེ་བྷེ། གཞས་ཞིག་གི་དོན་དུ་འཛིན་བཟུང་བྱས་བའི་གླུ་བ་དགེ་བྷེ།
Next Post: ཕ་ཡུལ་གྱི་རྩྭ་ཐང་།

Comments (6) on “༼ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་མ་འོངས་པའི་ཁ་ཕྱོགས་༽ཅེས་པའི་བགྲོ་གླེང་ཐའེ་ཝན་དུ་འཚོགས་པ།”

  1. ཀརྨ་བློ་གསལ་ says:
    2015-04-24 at 9:35 am

    ཐེ་ཝན་ནང་དུ་ཇོ་ནང་པའི་གཞན་སྟོང་ལྟ་བ་ལས་བླ་མའི་ཆོས་ལུགས་ནི་སངས་རྒྱས་ཆོས་ལུགས་མ་རེད་ཅེས་ཐ་ན་ལས་ཁུངས་ཁག་ཏུའང་དེབ་ཆུང་འགྲེམས་ཀྱི་འདུག་ལབ་སོང་། དེ་དག་གསལ་པོ་དག་པོ་མི་བཟོ་པར་འདི་འདྲའི་སྐད་ཆ་རྫིག་པོ་ཏག་ལབ་ནས་བོད་མི་མང་ལ་མགོ་བསྐོར་གཏོང་དོན་ཅི།

  2. རིན་ཆེན་དར་རྒྱས། says:
    2015-04-24 at 10:41 am

    ཡག་པོ་བྱུང་འདུག ཐུགས་རྗེ་ཆེ།

  3. ཁྱུང་སེ། says:
    2015-04-24 at 1:40 pm

    ཀརྨ་བློ་གསལ་གྱིས་སྐད་ཆ་དེ་གོ་བ་྄ཐེང་དང་པོ་ཡིན་བྱུང་ན་གསལ་ཙམ་གསུང་ཐུབ་ན་ཡག་པོ་འདུག

  4. ཁྱུང་སེ། says:
    2015-04-24 at 1:44 pm

    གྲྭ་ཆར་སྣུམ་ཞལ་ལེར་གྱོན་ནས་ཚོགས་འདུར་ཚོགས་པར་བརྒྱབ་ཁང་ནང་དུ་སྐྱེ་དམན་བུ་ཕྲུག་བཞག་བསྡད་པ་མང་པོ་མི་འདུག་གམ་་་་་ངས་ངོ་ཤེས་ཁ་ཤས་ཞིག་འདུག་སྐྱེས་དམན་ཕྲུ་གུ་རྣམས་བལ་ཡུལ་འབྲུག་རྒྱ་གར་ཐེ་ཝན་སོགས་སུ་བཞག་བསྡད་མཁན་མང་པོ་མཐོང་གི་འདུག ཧཧཧཧཧ

  5. ཁྱུང་སེ། says:
    2015-04-24 at 1:44 pm

    གྲྭ་ཆས་སྣུམ་ཞལ་ལེར་གྱོན་ནས་ཚོགས་འདུར་ཚོགས་པར་བརྒྱབ་ཁང་ནང་དུ་སྐྱེ་དམན་བུ་ཕྲུག་བཞག་བསྡད་པ་མང་པོ་མི་འདུག་གམ་་་་་ངས་ངོ་ཤེས་ཁ་ཤས་ཞིག་འདུག་སྐྱེས་དམན་ཕྲུ་གུ་རྣམས་བལ་ཡུལ་འབྲུག་རྒྱ་གར་ཐེ་ཝན་སོགས་སུ་བཞག་བསྡད་མཁན་མང་པོ་མཐོང་གི་འདུག ཧཧཧཧཧ

  6. བཀྲ་ཡེ་ཚང་། says:
    2015-04-25 at 12:46 pm

    དུས་རྒྱུན་ཐེ་ཝན་ནས་བོད་བརྒྱུད་ནང་བསྟན་གྱི་བླ་གྲྭ་ཚོས་ཞབས་འདྲེན་བཞག་གིན་འདུག་ཟེར་ནས་གོ་རྒྱུ་ཐོས་རྒྱུ་མང་པོ་ཞིག་ཡོད་པ་འདི་ཚོ་ཡིན་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme