Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼ངའི་འབྲི་དེབ༽དྲ་ཚིགས་ཤར་གཏོང་བྱས་པ།།

Posted on 2012-05-02 By ཁ་བརྡ་ 35 Comments on ༼ངའི་འབྲི་དེབ༽དྲ་ཚིགས་ཤར་གཏོང་བྱས་པ།།

ཐེ་བོ་ཤེས་རབ་རྒྱ་མཚོ།

ཉིན་ཤས་སྔོན་བོད་ཡིག་དྲ་ཚིགས་བཟོ་བཀོད་པ་གྲྭ་བཟོད་པ་དང་གྲགས་པ་གཉིས་ཀྱིས་རང་ངོས་ནས་འགྲོ་གྲོན་བཏང་ནས་ངའི་འབྲི་དེབ་ཅེས་པའི་བོད་ཡིག་གི་དྲ་ཚིགས་གསར་པ་ཞིག་ཤར་གཏོང་བྱས་ཡོད་པ་དང་། ཁོང་གཉིས་ཀྱིས་ངའི་འབྲི་དེབ་དྲ་ཚིགས་གསར་བཟོ་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི། དེང་སྐབས་བོད་ཡིག་གི་དྲ་རྒྱ་མང་པོ་ཞིག་ཡོད་ནའང་། དེ་དག་ལ་ལྟ་ཀློག་དང་འབྲི་རྩོམ་གནང་མཁན་མང་ཤོས་བོད་ཡིག་གི་གནས་ཚད་ཡག་པོ་ཡོད་མཁན་ཞེ་གཅིག་ལས། གཞི་རིམ་སློབ་གྲྭའི་སློབ་མས་མཚོན་པའི་བོད་ཡིག་གསར་སློབ་པ་ཚོར་བོད་ཡིག་གི་འབྲི་རྩལ་ཡར་རྒྱས་གཏོང་སའི་དྲ་ཚིགས་ཤིག་མེད་སྟབས། ངེད་གཉིས་ཀྱིས་གཙོ་བོ་གཞི་རིམ་སློབ་གྲྭའི་སློབ་ཕྲུག་གིས་མཚོན་པའི་བོད་ཡིག་གསར་སློབ་པ་ཚོར་བོད་ཡིག་གི་འབྲི་རྩལ་ཡར་རྒྱས་གཏོང་ཆེད་བཟོས་པ་ཡིན་པས། བཀུར་འོས་དགེ་རྒན་རྣམ་པས་འགན་བཞེས་ནས་བོད་ཡིག་གསར་སློབ་པའི་སློབ་ཕྲུག་ཚོའི་འབྲི་རྩལ་ཡར་རྒྱས་ཆེད་རྩོམ་ལུས་འདྲ་མིན་གྱི་རྩོམ་ཡིག་རྣམས་ངའི་འབྲི་དེབ་དྲ་ཚིགས་ལ་བསྐུར་གནང་ཡོང་བའི་རམ་འདེགས་གནང་རོགས་ཞུ་རྒྱུ་དང་། ཞོར་དུ་དུས་རྒྱུན་དྲ་ཐོག་གི་ཟིན་བྲིས་པ་རྒན་པ་ཚོས་ཀྱང་ངའི་འབྲི་དེབ་དྲ་ཚིགས་སྟེང་ལ་རྩོམ་ཡིག་བསྐུར་ཚེ་དགའ་བསུ་ཞུ་རྒྱུ་ཡིན།
ངའི་འབྲི་དེབ་དྲ་ཚིགས་ལ་རྩོམ་ཡིག་ནི། ngaidrideb@gmail.com/mynotebook59@gmail.com གཉིས་གང་ལ་བསྐུར་ནའང་ཆོག
ངའི་འབྲི་དེབ་དྲ་ཚིགས་ཀྱི་དྲ་བྱང་ནི་www.ngaidrideb.comཡིན།

གསར་འགྱུར།

Post navigation

Previous Post: ཁ་བྲལ་ཟེར་བ་ནི་གཞི་རྩ་མེད་པའི་རྩོད་གླེང་ཞིག་རེད།
Next Post: སྲུང་མ་དང་སྐུ་རྟེན་ཕལ་ཆེ་བའི་དེ་ཉིད།།

Comments (35) on “༼ངའི་འབྲི་དེབ༽དྲ་ཚིགས་ཤར་གཏོང་བྱས་པ།།”

  1. རྣམ་སྲས། says:
    2012-05-02 at 10:38 am

    གྲྭ་བཟོད་པ་དང་གྲགས་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ། ངོ་མ་བཤད་ན་དུས་རྒྱུན་ཁ༌ནས་བཤད་པ་ཙམ་གྱིས་མི་འགྲིག་པར་ལག་ལེན་དུ་བསྟར་དགོས་སྟབས། ཁོང་གཉིས་ནས་རང་འགན་རང་འཁྱེར་གྱིས་ཕྱི་རབས་བོད་མི་གཞོན་སྐྱེས་ཚོའི་བོད་ཡིག་དང་བོད་སྐད་ཡར་རྒྱས་གཏོང་ཆེད་འདི་འདྲའི་དྲ་ཚིགས་ཤིག་གསར་བཟོ་བྱས་པར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ། འདི་ལྟར་ཕྱོགས་ཚང་མ་ནས་འུ་ཅག་གིས་མཉམ་རུབ་བྱས་ན་ད་གཟོད་སྒང་བ་བོད་པ་ཚང་ལ་རྩམ་དྲི་ངོ་མ་ཞིག་བྲོ་རྒྱུར་ཐེ་ཚོམ་མེད་པ་ཞིག་རེད་ཡ།

  2. མེ་ཏོག་དཀར་པོ། says:
    2012-05-02 at 10:45 am

    བཀྲ་ཤིས་བདེ་ལེགས།།

  3. མེ་ཏོག་དཀར་པོ། says:
    2012-05-02 at 10:57 am

    བསླབ་བྱའི་སྡེ་ཚན་ནང་རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས་བཅས་ཆོས་བརྒྱུད་བཞི་པོའི་བླ་མས་མཛད་པའི བསླབ་བྱང་མང་ཉུང་གཅིག་པ་བྱས་ཏེ་གོ་རིམ་ཆད་ལྷག་མེད་ལ་འགོད་ན་ཧ་ཅང་དགའ་པོ་ཡོང་བ་འདུག གང་ཡིན་ཟེར་ན་དེ་ལྟ་ཀློག་མཁན་ནང་ཆོས་བརྒྱུད་དེ་དང་དེ་ལ་དམིགས་བསལ་གྱི་དད་མོས་ཆེ་བ་ཡོད་པས་སོ།།

  4. ཐུབ་བསྟན says:
    2012-05-02 at 11:35 am

    སུས་ཞིག་གིས་བོད་མིའི་བླ་སྲོག་སྐད་ཡིག་གི་ཆེད་འབུད་བརྩོན་བྱེད་ནའང་དེ་ནི་ཧ་ཅང་དོན་ཆེན་ཞིག་ཡིན། དེ་ལས་ཀྱང་ཆེས་བརླབ་ཆེ་བ་ཞིག་ཡོད་པ་ནི་མང་ཚོགས་ལ་ཅི་ཐུབ་ཞབས་འདེབས་བསྒྲུབ་རྒྱུ་དེ་ཡིན་པས་དེའི་རིགས་ལ་སྙིང་ཐག་པ་ནས་ཡིད་རང་དང་ཐུགས་རྗེ་ཆེ་ཞུ།།

  5. Dhunduptsering says:
    2012-05-02 at 12:00 pm

    Tashi delek thank you very much like this.

  6. མཚོ་ནག says:
    2012-05-02 at 12:04 pm

    ཐུགས་རྗེ་ཆེ། མ་བསྐུལ་དང་བླངས་ཐོག། རང་མོས་གྱི་དྲ་ཚུགས་གསར་པས་མི་སྒེར་པ་ལ་མིག་དཔེ་གསར་པ་ཞིག་བཏོད་པ་ལ་དགའ་བསུ་ཡོད།

  7. ཚོགས་ཆེན། says:
    2012-05-02 at 12:19 pm

    ཐུགས་རྗེ་ཆེ། བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུའོ།།

  8. རུ་ཤུལ་བུ་ says:
    2012-05-02 at 12:37 pm

    བཀའ་དྲིན་ཆེ། རྒྱུན་འཁྱོངས་བྱེད་རྒྱུ་ཧ་ཅང་གལ།

  9. ལོ་མ་ལྗང་ཁུ says:
    2012-05-02 at 1:13 pm

    དྲ་རྒྱ་འདི་ལྟ་བུ་མང་མང་ནས་མང་དུ་སོང་ན་འུ་ཚང་མི་རིགས་ལ་ཧ་ཅང་ཕན་པ་ཡིད་པས་བཟོད་པ་དང་གྲགས་པ་ཟུང་བཀྲ་ཤིས་བདེ་ལེགས་།

  10. གཉིས་མེད་སེངྒེ says:
    2012-05-02 at 2:22 pm

    དབྱངས་གསལ་སོ་བཞིར་རྐུབ་བཀྱགས་གསར་བ་ཞིག་བཟོས་པར་རྟེན་འབྲེལ་ཞུ།

  11. ཐུབ་པ། says:
    2012-05-02 at 3:28 pm

    སུས་ཞིག་གིས་བོད་མིའི་བླ་སྲོག་སྐད་ཡིག་གི་ཆེད་འབུད་བརྩོན་བྱེད་ནའང་དེ་ནི་ཧ་ཅང་དོན་ཆེན་ཞིག་ཡིན། དེ་ལས་ཀྱང་ཆེས་བརླབ་ཆེ་བ་ཞིག་ཡོད་པ་ནི་མང་ཚོགས་ལ་ཅི་ཐུབ་ཞབས་འདེབས་བསྒྲུབ་རྒྱུ་དེ་ཡིན་པས་དེའི་རིགས་ལ་སྙིང་ཐག་པ་ནས་ཡིད་རང་དང་ཐུགས་རྗེ་ཆེ་ཞུ།།
    ཐུགས་རྗེ་ཆེ་ཞུ། ལྷན་དུ་རྒྱུན་སྐྱོང་དེ་ངེས་པར་སེམས་ལ་བཟུང་།

  12. གསང་གྲོལ། says:
    2012-05-02 at 3:32 pm

    བོད་ཡིག་གི་དྲ་རྒྱ་ཁམས་གཙང་ཞིག་ལ་མཇལ་བས་ཤིག་ཏུ་དགའ་སོང་། དྲ་རྒྱ་གཉེར་མཁན་རྣམ་པ་གཉིས་གཙོས་ངོ་སྤྲོད་གནང་མཁན་ལ་ཐུགས་རྗེ་ཆེ་ཞུ་འདོད།

  13. ཨ་རིག་དགེ་མཐོང་། says:
    2012-05-02 at 3:48 pm

    སོང་ནས་བལྟས་ཡིན། ཁམས་གཙང་ཞིག་འདུག རྣམ་པ་ཚོས་དཀའ་ངལ་ཁྱད་བསད་ཀྱིས་གཞི་རིམ་བོད་ཡིག་སློབ་སྦྱོང་ཆེད་དྲ་ཚིགས་འདི་འདྲ་ཞིག་བཟོས་བར་སྙིང་ནས་དགའ་བསུ་དང་བཀའ་དྲིན་ཆེ་ཞུ། རྗེས་སུ་དེ་ལ་ཕན་པའི་རྩོམ་ཡིག་རེ་ཨེ་འཁྱོང་ལྟ། དེ་ནི་རྒྱབ་སྐྱོར་ལས་རང་ཉིད་ཀྱི་རྩོམ་ཡིག་སྤེལ་ས་མ་རག་པ་མིན་པ་ཤེས་པར་གྱིས།

  14. འདོད་ལྷ་ཁམས་པ། says:
    2012-05-02 at 7:36 pm

    ངའི་འབྲི་དེབ་དྲ་ཚིགས་གསར་དུ་འཁྲུངས་པར་རྟེན་འབྲེལ་ཞུ༎

  15. ཕོ་རོག་དཀར་པོས། says:
    2012-05-02 at 8:02 pm

    དྲ་ཚིགས་གསར་པ་ཕྱེས་པར་དགའ་བསུ་ཞུའོ། །

  16. Testing says:
    2012-05-02 at 10:08 pm

    ཡག་པོ་འདུག་ ཐུགས་རྗེ་ཆེ། རང་དོན་ཆེད་དུ་མིན་པ་ཞིག་དགོས།

  17. ཐང་་་་རིག་བཟང says:
    2012-05-02 at 11:13 pm

    བཀུར་འོས་རྣམ་པ་གཉིས་ཀྱི་ལྷག་བསམ་མངོན་གྱུར་ཡོང་བའི་རེ་བ་ཡོད

  18. འདྲེ་མྱེ says:
    2012-05-03 at 1:04 am

    དགའ་ནས་ཡོད། བཟོ་འགོད་དང་དོ་དམ་པ་བཟོད་པ་དང་གྲགས་པ་གཉིས་ལ་ཐུགས་རྗེ་ཆེ། མ་འོངས་པར་རིམ་བཞིན་ངའི་འབྲི་དེབ་དྲྭ་བའི་ཁྱབ་རྒྱ་དང་བཀོལ་སྤྱོད། ལག་ལེན་སོགས་ཕྱོགས་ཐམས་ཅད་ནས་ཡག་ཐོག་ཡག་བརྩེགས་དང་ཇེ་རྒྱས་ཇེ་ལེགས་ཡོང་བའི་སྨོན་འདུན་ཡང་ཞུ་གོ

  19. ཀརྨ་ཡེ་ཤེས། says:
    2012-05-03 at 2:38 am

    ཁྱེད་ཀྱིས་དྲ་ཚིགས་གསར་པ་བཟོས་པ་དགའ་བསུ་ཡོད། ཡིན་ཡང་ཁ་ཕྱེ་ཐུབ་ཀྱི་མི་འདུག་པས་ལམ་སྟོན་གན
    ང་རོགས།

  20. བྲོ་འཚལ། says:
    2012-05-03 at 2:56 am

    རང་དོན་རང་གཅེས་མ་ཡིན་པར་སྤྱི་དོན་ཞིག་གིས་བསྐུལ་ཏེ་དྲ་ཚིགས་གསར་པ་ཞིག་དབུ་འབྱེད་བྱས་པར་དགའ་བསུ་ཞུ་རྒྱུ་དང་།་་་སླད་མར་ཚིག་ཚོན་གྱིས་གཡོས་སྦྱོར་བྱེད་ས་དང་ཚིག་རྩེད་བརྩེ་སའི་དྲ་བ་ཞིག་ཏུ་མི་འགྱུར་བར་དོན་ངོ་མའི་དྲ་ཚིགས་དབུ་འབྱེད་བྱེད་པའི་དམིགས་ཡུལ་དམ་པོར་བཟུང་ནས་བོད་སྐད་ཡིག་གི་ཚེ་སྲོག་སྲུང་བའི་དྲ་ཚིགས་བཟང་པོ་ཞིག་ཏུ་འགྱུར་བའི་རེ་བ་བླ་ལྷག་ཏུ་ཆེ།་་་་ཐུགས་རྗེ་ཆེ།

  21. དགོན་གསར་བྱམས་པ་དབང་ལྡན། says:
    2012-05-03 at 2:59 am

    བཀུར་འོས་རྣམ་པ་གཉིས་ནས་དགོང་པ་ཆེས་བཞེས་ངང་ནས་དྲ་ཚིགས་གསར་པ་༼ངའི་འབྲི་དེབ་
    ༽ཞེས་པ་འདི་ཁ་ཕྱེས་བས་དགའ་བ་འབུལ་གྱིས་མྱོས།་་་དྲ་ཚིགས་འདི་འདྲ་མང་དུ་མཐོང་བ་དང་སྐུ་ཚེ་རིང་དུ་བཞུགས་པའི་རེ་མདུན་དང་སྨོན་ལམ་འདེབས།

  22. ར་ས་ཕོ་ཉ། says:
    2012-05-03 at 3:02 am

    དྲ་རྒྱའི་ཁ་བྱང་དེ་ངེས་དཀའ་པོ་འདུག

  23. ལུང་རྟོགས། says:
    2012-05-03 at 3:13 am

    དྲ་ཚིག་གསར་བཟོ་གནང་བ་ཡག་པོ་རེད་སྟེ། ང་ལ་དོག་པ་ཞིག་ཡོད་པ་ནི་དབྱིན་ཡིག་ལ་མགོ་འབུལ་ལུས་འབུལ་ཞུ་བཞིན་པའི་བཙན་བྱོལ་བའི་ན་གཞོན་ཚོ་མཉམ་ཞུག་ཇི་ཙམ་བྱེད་ཡོང་།

  24. མེ་ཏོག་དཀར་པོ། says:
    2012-05-03 at 3:15 am

    http://www.ngaidrideb.com ཁ་བྱང་འདི་རེད། འདིས་ཁ་འབྱེད་མ་ཐུབ་ན་གནས་སྐབས་རིང་ཐབས་ཤེས་ཟད་སོང་བ་རེད།

  25. ཛ་དྲག་ཕོ་ཉ། says:
    2012-05-03 at 5:17 am

    ངའི་འབྲི་དེབ་སང་ལ་ཐང་མང་དུ་སོང་བ་ཡིན་ཏེ་སྒོ་འབྱེད་ཀྱིན་མི་འདུག

  26. ཛ་དྲག་ཕོ་ཉ། says:
    2012-05-03 at 5:20 am

    ཡང་མེད་སོང་ནི་མ་རེད། ཨ་མདོ་པ་ཚོ་ལ་དྲན་རྒྱུ་མང་མོད།

  27. མོ་གཤམ་གྱི་བུ། says:
    2012-05-03 at 5:21 am

    བཀྲ་ཤིས་བདེ་ལེགས

  28. ཇ་མ་ says:
    2012-05-03 at 9:35 am

    བཀྲ་ཤིས་བདེ་ལེགས། ངོ་མ་ཡག་པོ་འདུག་ཐུགས་རྗེ་བླ་ན་ཆེ།

  29. མྱི་ལྟིག says:
    2012-05-03 at 1:01 pm

    བསམ་བཞིན་དུ་འདོད་ཐོག་ལ་རྟ་རྒྱུགས་པར་སྨོན།

  30. བཙན་སྒྲ says:
    2012-05-03 at 3:20 pm

    དྲ་ཚིགས་འདི་ལ་དགའ་་་མུ་མཐུན་ནས་འཇུག་ན་བསམ

  31. ཆབ་མདོ་ངག་ཕུན། says:
    2012-05-04 at 10:05 am

    རྣམ་པ་ཚོས་དྲ་ཚིགས་འདོན་སྤེལ་གནང་བ་དེར་གུས་པའི་རྗེས་སུ་ཡི་རངས་ཞུ་རྒྱུ་དང་འབྲེལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།

  32. ལྡོང་ངུའི་བུ། says:
    2012-05-24 at 5:59 am

    གྲོགས་པོ་གཉིས་ཀྱིས་དྲ་ཚིགས་གསར་བཏང་གནང་བར་ངས་སྙིང་ཁོང་རུས་པའི་གཏིང་ནས་བསྔགས་བརྗོད་དང་ཡི་རངས་བྱེད་བཞིན་ཡོད་པ་མ་ཟད་་་་་ཡར་རྒྱས་གོང་འཕེལ་དང་ཡུན་གནས་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།་་་་་གྲོགས་གཉིས་ཀྱིས་སྟོབས་ཤུགས་སྔར་ལས་ལྷག་པར་ངོམ་རོགས་་་་ཕྲན་གྱི་རེ་བ་ཡིན།

  33. དགོན་གསར་བྱམས་པ་དབང་ལྡན། says:
    2012-05-31 at 11:33 am

    བཀུར་འོས་བཟོ་འགོད་པ་དང་དྲ་གྲོགས་ཚོ།
    དྲ་ཚིགས་སྒོ་འབྱེད་བ་དཀའ་ལས་ཆེན་བ་དང་ཁ་བརྡ་དྲ་ཚིགས་འདི་ནང་མ་གཏོགས་འགྲོ་ཐུབ་ཀྱི་མི་འདུག་པས་་་ཐར་ལམ་གཞན་ག་རེ་ཡོད་རེད་དམ། དྲ་ཚིགས་ཁ་བྱང་སྟབས་བ་དེ་ཞིག་ཐུབ་ཡག་པོ་འདུག

  34. དགོན་གསར་བྱམས་པ་དབང་ལྡན། says:
    2012-05-31 at 11:37 am

    བཀུར་འོས་བཟོ་འགོད་པ་དང་དྲ་གྲོགས་ཚོ།
    དྲ་ཚིགས་སྒོ་འབྱེད་བ་དཀའ་ལས་ཆེན་བ་དང་ཁ་བརྡ་དྲ་ཚིགས་འདི་ནང་མ་གཏོགས་འགྲོ་ཐུབ་ཀྱི་མི་འདུག་པས་་་ཐར་ལམ་གཞན་ག་རེ་ཡོད་རེད་དམ། དྲ་ཚིགས་ཁ་བྱང་སྟབས་བ་དེ་ཞིག་བཟོ་ཐུབ་ན་
    ཡག་པོ་འདུག

  35. རང་འཚོལ། says:
    2012-05-31 at 12:08 pm

    རྣམ་པ་གཉིས་ཀྱིས་ངལ་བ་ཁྱད་གསད་ཀྱིས་དྲ་ཚིགས་དེ་འདྲ་ཞིག་བཟོས་པར་དགའ་བསུ་དང་ཡིད་སྨོན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (51)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (26)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme