Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼གཉའ་ཁྲི་བཙན་པོ་ནི་སྐྱ་སེང་བུ་ལྔའི་“གཡུལ་བརྟན”ཞེས་པ་དེ་ཡིན་ནོ༽

Posted on 2010-05-062010-05-06 By ཁ་བརྡ་ 78 Comments on ༼གཉའ་ཁྲི་བཙན་པོ་ནི་སྐྱ་སེང་བུ་ལྔའི་“གཡུལ་བརྟན”ཞེས་པ་དེ་ཡིན་ནོ༽

སྒོམ་སྡེ་ལྷ་རམས་པ།

“མཧཱ་བྷ་ར་ཏ”Mahābhārata महाभारत ནི་རགས་འགྱུར་བྱས་ན།
“བྷ་ར་ཏ་ཆེན་པོའི་གཏམ་རྒྱུད”ཞེས་པའི་དོན་ནོ། །
“མཧཱ་བྷ་ར་ཏའི་བྱུང་བ”ནི། “ཀཱཽ་ར་ཝ”(कौरव)འམ་དམག་བརྒྱ་པའི་བུ་དང་། “པཱཎ་ཌཝ”(पाण्‍डव)འམ་སྐྱ་སེང་བུ་ལྔ་སྟེ། ཕ་མ་རྒན་གཞོན་གྱི་བུ་སྤུན་cousinsགྱི་དབར་རྒྱལ་སྲིད་ཀྱི་དོན་དུ་ཁ་མ་འཆམས་པར་རྩོད་པ་བྱུང་སྟེ། མཐར་དམག་འཐབ་བྱུང་བའི་དཔའ་བོའི་ལོ་རྒྱུས་ཀྱི་མིང་ཞིག་རེད། སྤྱིར་བཏང་“མཧཱ་བྷ་ར་ཏ”ཞེས་པ་ནི། བྷ་ར་ཏ་ཆེན་པོ་ཟེར་བའི་དོན་དང་། དེ་ཡང་རྒྱལ་བརྒྱུད་འདིའི་རྒྱལ་པོ་དང་པོའི་མིང་ཡིན། དེང་སང་རྒྱ་གར་ལ་མིང་གཞན་བྷ་ར་ཏ་ཞེས་པའང་རྒྱལ་པོ་འདིའི་མིང་ཡུལ་ལ་ཐོགས་པ་ཡིན། དམག་བརྒྱ་པ་དང་སྐྱ་སེང་བུ་ལྔ་པོ་ཡང་རྒྱལ་པོ་བྷ་ར་ཏའི་རྒྱལ་རྒྱུད་ཉིད་དོ། །གཡུལ་འཐབ་འདི་ལ་ནག་ཕྱོགས་པ་དང་དཀར་ཕྱོགས་པ་གཉིས་ཡོད་ཅིང་།
ནག་ཕྱོགས་པ་ནི།
ཡབ་རྒྱལ་པོ་“དྷྀཏ་རཱཥྚྲ”धृतराष्ट्र dhritarāshtra (དམག་བརྒྱ་པ)དང་། བཙུན་མོའི་མིང་ལ། “གཱཾ་དྷཱ་རཱི” गांधारी, Gāndhārī ཟེར། རྒྱལ་པོ་འདི་མིག་ལོང་བ་ཡིན་ལ། འདི་ལ་“འཐབ་དཀའ”ལ་སོགས་པ་སྲས་བརྒྱ་བྱུང་ཞིང་། འདི་སྐྱ་སེང་བུ་ལྔའི་ཨ་ཁུ་ཡང་ཡིན། འདི་ལ་བུ་བརྒྱ་ཡོད་པས་དམག་བརྒྱ་པ་ཞེས་མིང་ཐོགས། བུ་རྒན་ཤོས་ཀྱི་མིང་ལ། “དུརྱཱོ་དྷན”दुर्योधन, Duryodhana (འཐབ་དཀའ)ཟེར། འདི་སྐྱ་སེང་བུ་ལྔའི་དགྲ་ཟླའི་གཙོ་བོ་དང་རྙོག་ཁྲ་སློང་མཁན་གྱི་གཏེ་དཔོན་ཡིན། དེའི་འོག་མ་དེར། “དུཿཤཱ་སན”दुःशासन; Duḥśāsana ཟེར་རོ། །

དཀར་ཕྱོགས་པ་ནི།
“པཱཎ་ཌུ” पांडु Pandu (སྐྱ་སེང)དང་། བཙུན་མོའི་མིང་ལ། “ཀུཾ་ཏཱི” कुंती, Kunti ཟེར། རྒྱལ་པོ་འདི་“དྷྀཏ་རཱཥྚྲ”གྱི་གཅུང་པོ་ཡིན་ཞིང་། འདི་ལ་བུ་ལྔ་ཡོད། དེ་དག་ལ་“སྐྱ་སེང་བུ་ལྔ”ཟེར། གོང་གི་བུ་སྤུན་བརྒྱ་པོ་རྣམས་དང་། སྐྱ་སེང་བུ་ལྔའི་དབར་གཡུལ་འཐབ་བྱུང་ཞིང་། ཐ་མ་དམག་བརྒྱ་པ་ཕམ་ནས་ཐམས་ཅད་སྐྱ་སེང་བུ་ལྔའི་མཚོན་འོག་ཏུ་ཤོར་རོ། །

སྐྱ་སེང་བུ་ལྔ་ནི།

༡༽ “ཡུ་དྷིཥ་ཊར”युधिष्ठिर, yudhiṣṭhira (གཡུལ་བརྟན)
༢༽ “བྷིམ་སེ་ན” भीमसेन, Bhimasena (འཇིགས་སྡེ)
༣༽ “ཨརྫུ་” अर्जुन, Arjun (སྲིད་སྒྲུབ) (འདི་རྣམ་འགྲེལ་གྱི་འགྲེལ་པ་རྣམས་སུ་སྲིད་སྒྲུབ་འཕོང་སྐྱེན་ཞེས་པའི་སྲིད་སྒྲུབ་དེ་རེད)
༤༽ “ན་ཀུ་ལ” नकुल, naküla (ནེའུ་ལེ། སྲེ་མོང)
༥༽ “སཧ་དེ་ཝ” सहदेव, sahadéva (ལྷར་བཅས)

སྔོན་གྱི་བྱུང་བ་འདིའི་ཐོག་ནས་བློ་སྐྱེད་ཆེན་པོ་མང་པོ་བླང་རྒྱུ་ཡོད་མོད། འོན་ཀྱང་དེ་དག་འདིར་སྐབས་སུ་མ་བབས་པས་བཤད་པར་མི་སྤྲོ་ལ། ཁོ་བོས་བཤད་འདོད་པ་ནི་འདི་ལ་གླེགས་བམ་བཅོ་བརྒྱད་ཙམ་ཡོད་པའི་ནང་ནས། འདིའི་མཇུག་བསྡུའི་ལེའུར་“འགྲུལ་བཞུད་ཆེན་མོ”(The Great Journey)ཟེར་བ་ཞིག་དང་། “ལྷ་ཡུལ་དུ་གཤེགས་པ”(Ascent to Heaven)ཞེས་པའི་ལེའུ་གཉིས་ཡོད་པའི་ནང་ནས་ཕྱི་མ་དེ་ཡིན། སྐྱ་སེང་བུ་ལྔ་གཡུལ་ལས་རྒྱལ་ཏེ་མཐར་“གཡུལ་བརྟན”གྱིས་རྒྱལ་སྲིད་བསྐྱངས་ནའང་། སྔར་གྱི་སྡིག་པ་ལ་ཡིད་ཕྱུང་སྟེ་हिमालय, ཧི་མཱ་ལ་ཡའི་རི་བོ་བརྒྱུད་དེ་ལྷ་ཡུལ་དུ་གཤེགས་པའི་ལོ་རྒྱུས་ཡོད་པ་དེ་རེད། དངོས་ཡོད་གནས་ཚུལ་ལ་“གཡུལ་བརྟན”ལྷ་ཡུལ་དུ་ཕྱིན་ཡོད་མེད་བཤད་པར་དཀའ་ཡང་། རི་བོ་གངས་ཅན་ཅན་གྱི་ཕྱོགས་སུ་བསྐྱོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་པར་འདོད་དོ། །དེས་ན་སྐྱ་སེང་བུ་ལྔའི་བུ་རྒན་ཤོས་རྒྱལ་པོ་“ཡུ་དྷིཥ་ཊར”རམ་“གཡུལ་བརྟན”ཉིད་ངེད་ཅག་བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་ཡིན་ནོ་ཞེས་སྐད་གསང་མཐོན་པོས་སྨྲ་བར་འདོད་དོ། །

དྲ་གྲོགས་རྣམ་པས་ལུང་རིགས་ཀྱི་ལམ་ནས་གནོད་བྱེད་རྣམ་དག་ཅིག་མ་བྱུང་གི་བར་ཁོ་བོ་ནི་འདི་རང་ལ་ཡིད་རྟོན་བྱེད་དོ། །ཧིནྡཱུའི་ལོ་རྒྱུས་ནི་ང་ཚོ་བོད་པ་དང་ནང་པས་འོལ་ཚོད་བྱེད་པ་ལས་ཁོང་ཅག་གི་གཞུང་ལུགས་ཉིད་ལ་ཁུངས་བཅོལ་ན་ལེགས་སོ། །ལོ་རྒྱུས་འདི་ནི་ཞལ་ནས་ཞལ་བརྒྱུད་དང་སྙན་ནས་སྙན་བརྒྱུད་མིན་པར་མི་ལོ་སུམ་སྟོང་ཙམ་གྱི་སྔོན་ནས་ཁོང་ཅག་གི་ཡིག་ཐོག་ཏུ་འཁོད་ནས་ཡོད་པས་སོ། །སྤྱིར་བཏང་ང་ཚོ་བོད་པ་ཚོ་དགུ་ཐུག་ལ་མཉེས་ཤིང་། བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་ཀྱང་འདིའི་སྐོར་ལ་དགུ་ཐུག་མགོ་ཡུ་འཁོར་ཞིང་གྲོད་ཁོག་ན་དགོས་པ་ཞིག་བསྐོལ་འདུག་གོ།

རྩོམ་རིག

Post navigation

Previous Post: ཀུན་ཕན་ཐེབས་རྩའི་ཚོགས་འདུའི་གསལ་བསྒྲགས།
Next Post: སྐྱེ་རྒུའི་ས་ཡོམ་གྱིས་གཡོ་བའི་སེམས་པ།

Comments (78) on “༼གཉའ་ཁྲི་བཙན་པོ་ནི་སྐྱ་སེང་བུ་ལྔའི་“གཡུལ་བརྟན”ཞེས་པ་དེ་ཡིན་ནོ༽”

  1. ལྷགབསམ་རྒྱ་མཚོ། says:
    2010-05-06 at 9:13 pm

    ཕན་ཚུན་ཚིག་ངན་ཀྱི་མཚོན་རྩེ་ནང་དུ་སྐོར་བ་ལས། འདི་དྲའི་གནས་ཚུལ་གསར་བ་རེ་རྙེད་ན་བོད་ཀྱི་རིགས་གནས་ཀྱི་ཁ་སྣོན་དུ་འགྱུར་བས་ཤིན་ཏུ་ལེགས། བཀའ་དྲིན་ཆེ།

  2. མགོ་རུལ། says:
    2010-05-06 at 9:22 pm

    ཕྱི་རོལ་པའི་ལྷ་སྒྲུང་དང་བོད་པའི་དངོས་སྒྲུང་གཉིས་མཉམ་བསྲེས་བྱེད་འདོད་པའི་ལྷ་རམས་པ་ལགས། གཡུལ་བརྟན་བོད་ཡུལ་དུ་སོང་ཡོད་ཆོག་ཀྱང་བོད་ཀྱི་རྒྱལ་པོར་ཇི་ལྟར་གྱུར་མིན་དེ་ཁྱེད་ལ་བཤད་རྒྱུ་མེད་སོང་བ་ཡིན་ནམ། ཆབ་སྤེལ་ཚེ་བརྟན་པས་བོད་ལྗོངས་སྤོ་བོའི་ཡུལ་ནས་གཉའ་ཁྲི་སྐྱེས་པར་འདོད་པའི་དཔྱད་རྩོམ་དེ་ལ་ལུང་རིགས་གཉིས་ཀྱི་སྒོ་ནས་དགག་གཞག་བྱེད་ཐུབ་དགོས་ཀྱི། ཕྱི་རོལ་བའི་གཏམ་རྒྱུད་རྙིང་བ་ལོ་སུམ་སྟོང་གི་རུལ་དྲི་ཁ་བ་ཞིག་ཏུ་གཡུལ་བརྟན་རི་གངས་ཅན་གྱི་ཁྲོད་དུ་ཞུགས་སོ་ཞེས་ཟེར་བ་དེ་ཙམ་བོད་ཀྱི་རྒྱལ་པོའི་འབྱུང་ཁུངས་སུ་འཛིན་པ་ནི་ཁྱེད་རང་ཕྱི་རོལ་བའི་རྫུན་གཏམ་ཆེན་པོ་དག་གིས་ཇི་འདྲ་ཞིག་བསླུས་ཡོད་པའི་དན་རྟགས་ངོ་མཚར་བ་ཞིག་ལགས་སོ།།འོ་ན་ལོ་སུམ་སྟོང་གི་རྗེས་སུ་རྒྱ་གར་གྱི་མི་རྣམས་ཀྱིས། བོད་ཀྱི་ཏྰ་ལའི་བླ་མ་གཡུལ་ཕམ་ནས་རི་གངས་ཅན་བརྒལ་ཏེ་འཕགས་ཡུལ་དུ་བསྐྱོད་དོ་བྱ་བའི་ལོ་རྒྱུས་ཤིག་མཐོང་བ་ཡིན་ན། དེ་དུས་ཀྱི་མཁས་མིང་འཛིན་པ་ཁྱེད་ལྟ་བུ་ཞིག་གིས་ཏྰ་ལའི་བླ་མ་དེ་དུས་རྒྱ་གར་གྱི་སྲིད་འཛིན་དུ་གྱུར་ཏོ།།རྒྱུ་མཚན་ནི་ཏྰ་ལའི་བླ་མ་རི་གངས་ཅན་བརྒལ་ནས་འཕགས་ཡུལ་དུ་བསྐྱོད་དོ་ཞེས་བརྗོད་ན་ལན་ཇི་ལྟར་གདབ། སོམས་ཤིག

  3. མགོ་རུལ། says:
    2010-05-06 at 9:28 pm

    ངས་བསམས་ན་གཡུལ་བརྟན་ལྷ་ཡུལ་དུ་གཤེགས་ཚུལ་ནི། གངས་ཅན་གྱི་ཡུལ་དུ་གནམ་གཤིས་གྲང་ཞིང་འབྲས་སྐྱ་དང་ལྡ་ལི་འཐུང་རྒྱུ་མེད་པར་གཡུལ་བརྟན་མུག་ཤི་ཐེབས་པ་ལ་ཆེད་བརྗོད་བྱས་པ་ཙམ་ཞིག་ཏུ་ཟད་དོ།། དེ་མིན་རྒྱ་གར་བ་ཚོར་དགེ་ཆོས་ཀྱིས་བརྗོད་པ་ལྟར་ལྷ་ཡུལ་གྱི་སྣོད་བཅུད་ཆགས་ཚུལ་ཡང་རྒྱས་ལ་མཚར་བ་ཁ་སང་དེ་རུ་སོང་ནས་བསླེབས་མ་ཐག་པ་ལྟ་བུ་རྫུན་མཁན་ཆེན་པོ་ཞིག་མིན་ན་བཤད་རྒྱུར་ངོ་ཚས་མི་བཟོད་པ་རྐྱང་བཤད་རྒྱུ་ཡོད་ཀྱང་། གཡུལ་བརྟན་ལུང་པ་ཕར་ཕྱོགས་གངས་ཅན་པའི་རྒྱལ་པོར་གྱུར་ཚུལ་གྱི་གཏམ་ཤིག་གི་རྨོངས་སྤུ་ཙམ་ཡང་ཁོ་ཚོའི་ལོ་རྒྱུས་སུ་བརྗོད་མེད་པ་འདིས་ཅི་ཞིག་མཚོན་ཐུབ་བམ། ལེགས་པར་སོམས་ཤིག

  4. མགོ་རུལ། says:
    2010-05-06 at 9:34 pm

    གཉའ་ཁྲིའི་གོང་དུ་བོད་ལ་རྒྱལ་ཕྲན་དུ་མ་བྱུང་ཞིང་། དེ་དག་ལ་རང་རང་གི་ཆོས་ལུགས་དང་མགོ་ཁྲིད་དམག་དཔུང་སོགས་ཡོད་པས། རྒྱ་གར་ལ་ལྡོམ་པོ་བོད་ཀྱི་སྐད་དང་འགྲོ་སྟངས་ཅི་ཡང་མི་ཤེས་པ་ཞིག་རྒྱུ་མཚན་ཅི་ཡང་མེད་པར་བོད་ཁམས་ཀྱི་རྒྱལ་པོར་གྱུར་སོང་ཟེར་བའི་གཏམ་འདི་ལས་སྙིང་ན་བའི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་སྟངས་ཤིག་མེད་དོ།། འཁྱོག་བཤད་འདི་ནི་ལྷ་རམས་པ་ཁྱེད་གཅིག་བུས་བྱས་པ་ཞིག་མ་ཡིན་པར་བོད་ཀྱི་ལོ་རྒྱུས་སྨྲ་བར་ཁས་འཆེ་བ་གང་མང་ཞིག་གིས་བོད་ཀྱི་ཆེ་ཆེ་གཉན་གཉན་གང་མང་ཞིག་གི་མགོ་ཁུངས་རྒྱ་གར་རང་ལ་གཏུགས་དགོས་པར་འདོད་པའི་ཞེ་འདོད་དེ་ལས་བྱུང་བའོ།།

  5. མགོ་རུལ། says:
    2010-05-06 at 9:34 pm

    རྒྱ་གར་བ་་་

  6. སྒོམ་སྡེ་ལྷ་རམས་པ། says:
    2010-05-06 at 9:42 pm

    ཐོག་མར་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོའི་བཞེད་པ་མི་འདྲ་བ་རྣམས་ཁྱེད་རྣམས་ལ་སྤྱན་འབུལ་ཞུ་གི་ཡིན།
    ༼བོད་མི་རིགས་མཆེད་ཁུངས་ལ་འདོད་ཚུལ་མི་འདྲ་བ༽

    བོད་མི་རིགས་ཀྱི་མཆེད་ཁུངས་ལ་རྒྱལ་རབས་དང་ཆོས་འབྱུང་རྣམས་སུ་འདོད་ཚུལ་མི་འདྲ་བའི་ཁྱད་པར་རྣམས་གཤམ་དུ་གཟིགས།

    ༡༽ ༼ལྷ་ལས་ཕུལ་བྱུང་གི་བསྟོད་པའི་རྒྱ་ཆེར་འགྲེལ་པ་རྒྱ་གར་གྱི་སློབ་དཔོན་ཤེས་རབ་གོ་ཆའི༽མཛད་པ་ལས། སྲིད་སྒྲུབ་ཀྱི་ཁ་ལོ་བ་རང་ཉིད་ཀྱིས་བྱས་ཏེ། གཡུལ་བཀྱེ་བས་འཐབ་དཀའི་རིགས་དཔུང་གི་ཚོགས་བཅོ་བརྒྱད་དང་བཅས་པ་བརླག་པར་གྱུར་ཏོ། །རཱུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ། གནས་པའི་རིགས་ལས་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ། །ཞེས་གསུངས།

    ༢༽ ༼བུ་སྟོན་ཆོས་འབྱུང༽དེབ་གཟུགས་༡༨༠ལས། སྤྱིར་བོད་ཀྱི་ཡུལ་དུ་མིའི་འགྲོ་བ་དང་པོ་བྱུང་ཚུལ་ནི། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་པར་སློབ་དཔོན་ཤེས་རབ་གོ་ཆས་བྱས་པའི། སྐྱ་སེང་བུ་ལྔ་དང་ཤཱཀྱའི་རིགས་སོ། དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པའི་དུས་སུ་རྒྱལ་པོ་རུ་པ་ཏི་ཞེས་པ་དམག་སྟོང་ཕྲག་གཅིག་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་གངས་ཅན་གྱི་གསེབ་ཏུ་བྲོས་པ་ལས་འཕེལ་བ་ཡིན་པར་བཤད་ཅིང་། བོད་ཀྱི་གཏམ་༼བོད་འདིར་དང་པོ་མི་མེད། མི་མ་ཡིན་གྱིས་གང་བ་ལ་སྲིད་པ་ཕྱཱའི་མཁན་རྗེས་དབང་བྱས། དེ་ནས་མུ་རྗེ་བཙན་པོ་བདུད་ཨ་ཏྲཾ་རུ་ཏྲ། སྲིན་པོ་ཡག་ཤ་དེ་ཝ། ཀླུ་རྒྱལ་གང་པོ་རྣམས་ཀྱིས་དབང་བྱས། དེ་ནས་སྤྲེའུ་དང་བྲག་སྲིན་ལས་མི་རྣམས་བྱུང་། མ་སངས་སྤུན་དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་སིལ་བུ་བཞི་བཅུས་དབང་བྱས་སོ། །༽ལས་སྤྲེའུ་དང་བྲག་སྲིན་མོ་ལས་མཆེད་པར་འཆད་དེ་དེ་དག་རྒྱས་པར་གཞན་དུ་བལྟའོ། །

    བོད་ཀྱི་རྒྱལ་རྒྱུད་ནི་ཁ་ཅིག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྲས་ལྔ་ཚིགས་ཡིན་ཟེར་རོ། །ཁ་ཅིག་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིགས་ཟེར་རོ། །ཁ་ཅིག་བོད་རྣམས་བདུད་དང་གནོད་སྦྱིན་གྱི་རྒྱལ་ཕྲན་བཅུ་གཉིས་ཀྱིས་མནར་བའི་དུས་སུ། བད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ་མིག་མས་འགེབས་པ་སོར་མོ་དྲ་བས་འབྲེལ་བ་མཚན་ལྡན་ཞིག་བྱུང་བས་སྐྲག་སྟེ་ཟངས་ཁ་སྦྱོར་དུ་བཅུག་སྟེ་གངྒཱ་ལ་བསྐྱུར་བ་ཞིང་པས་རྙེད་དེ་གསོས་ཏེ་ཆེར་སྐྱེས་པ་ན་སྔར་གྱི་གཏམ་བཤད་པས་ཡིད་སྐྱོ་སྟེ་གངས་རིའི་བྲག་ཏུ་བྲོས་པ་ན་རིམ་གྱིས་ལྷ་རི་ཡོལ་བའི་ཁར་བྱུང་སྟེ་བཙང་ཐང་སྒོ་བཞིར་བྱོན་པ་ལ་བོན་པོ་རྣམས་དམུ་ཐག་དང་དམུ་སྐས་ལ་ཡོང་བས་ལྷ་ཡིན་ཟེར་རོ། །དེ་ནས་ཁྱོད་སུ་ཡིན་དྲིས་པས་བཙན་པོ་ཟེར། གང་ནས་བྱོན་དྲིས་པས་ནམ་མཁའ་ལས་མཛུབ་མོ་སྦྲེང་ཞིང་སྐད་མ་གོ་ནས་ཤིང་གི་ཁྲི་ལ་བཞག་སྟེ་མི་བཞིའི་གཉའ་བ་ལ་ཁུར་ནས་འདི་ལ་ཁོ་བོ་ཅག་གི་ཇོ་བོ་བྱའོ་ཟེར་ཏེ་མིང་ཡང་གཉའ་ཁྲི་བཙན་པོར་༼སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས་པས་མཚོ་མི་གཤིན་གྱི་དཔུ་རྒྱལ་གྱིས་བོན་བསྒྱུར་ཟེར། སུམ་པའི་བོན་པོ་ཨ་ཡོངས་རྒྱལ་བ་བཏུལ་ལོ། །༽བཏགས་རྒྱལ་པོ་སྔ་ཤོས་ཡིན་ནོ། །ཞེས་གསུངས།

    ༣༽ ༼ཚལ་པ་ཀུན་དགའ་རྡོ་རྗེའི་དེབ་ཐེར་དམར་པོ༽(དེབ་ཐེར་དམར་པོ་ནི་ཕྱི་ལོ་1346-ནས་འགོ་བརྩམས་ཏེ། ཕྱི་ལོ་1363 ལོར་གྲུབ་པར་བཤད)༣༢ལས། སྔོན་གྱི་ཡིག་ཚང་རྣམས་ལས་བྱུང་བ། བོད་ཀྱི་ཡུལ་འདིར། དང་པོར་མི་མེད་དེ། མི་མ་ཡིན་དུ་མས་གང་བར་གྱུར་པ་ལ། སྲིད་པ་ཆ་མཁན་རྗེས་དབང་བྱས་སྐད། དེ་ནས་རིམ་གྱིས་དམུ་རྗེ་བཙན་པོ། བདུད་པོ་མ་ཏྲང་རུ་ཏྲ། སྲིན་པོ་ཡཀྵ་དེ་བ། ཀླུ་རྒྱལ་གང་བ་རྣམས་ཀྱིས་དབང་བྱས། དེ་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། སྒྲོན་མའི་སྤྲུལ་པ་བྲག་སྲིན་མོ་ལས། བོད་ཀྱི་མི་རྣམས་བྱུང་སྟེ། མ་སངས་དཔུན་༼སྤུན༽དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་སིལ་མ་བཞི་བཅུས་རིམ་གྱིས་དབང་བྱས་སྐད་དོ། །དེ་ནས་མི་རྗེ་ལྷས་མཛད། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་དང་། ལྷ་སའི་ཀ་ཚིགས་ཀ་ཁོལ་མ་ལས་བྱུང་བ། ཤཱཀྱའི་རིགས་ལས་ཤཱཀྱ་ཆེན་པོ་དང་། ཤཱཀྱ་ལི་ཙཱ་བྱི། ཤཱཀྱ་རི་བྲག་པ་གསུམ་ལས། ཐ་མ་ལ་རྒྱལ་པོ་སྐྱ་སེང་ཞེས་པའི་བུ་ཆུང་བ་གཅིག་དཔུང་གི་ཚོགས་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་གངས་ཅན་གྱི་ཕྱོགས་སུ་བྲོས་པ་ལས། བོད་ཀྱི་རྗེར་གྱུར་པར་བཤད།

    ༤༽ ༼རྒྱལ་རབས་གསལ་བའི་མེ་ལོང༤༩༽ལས། འཕགས་པ་སྤྱན་རས་གཟིགས་དེས། རྫུ་འཕྲུལ་སྟོན་པའི་སྤྲེའུ་ཅིག་ལ། དགེ་བསྙེན་གི་སྡོམ་པ་བྱིན་ནས། བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་བསྒོམ་དུ་བཏང་ངོ་། །དེར་སྤྲེའུ་དེས། བྲག་རོག་པོ་གཅིག་ལ་བསྒོམ་སྟེ། ཞེས་སོགས་ནས། ཡང་དེ་ཉིད་༥༡ལས། དེ་ནས་སྤྲེའུ་དང་། བྲག་སྲིན་མོ་གཉིས་བཟའ་མི་བྱས་པས། འགྲོ་བ་རིགས་དྲུག་ནས་ཚེ་འཕོས་པའི་སྤྲེའུ་ཕྲུག་རྣམས་སྤྱོད་ལམ་མི་འདྲ་བ་དྲུག་སྐྱེས་སོ། །དེ་ཡང་། སེམས་ཅན་དམྱལ་བ་ནས་ཚེ་འཕོས་པའི་སྤྲེའུ་ཕྲུག་དེ། ངོ་ནག་ལ་སྡུག་སྲན་ཆེ་བ་ཅིག་འདུག ཡི་དྭགས་ཀྱི་གནས་ནས་ཚེ་འཕོས་པའི་སྤྲེའུ་ཕྲུག་དེ། བཞིན་མི་སྡུག་པ་ཟས་ལ་གདུང་བ་ཅིག་འདུག དུད་འགྲོའི་གནས་ནས་ཚེ་འཕོས་པའི་སྤྲེའུ་ཕྲུག་དེ། གླེན་ལ་རོད་ངན་པ་ཅིག་འདུག མིའི་གནས་ནས་ཚེ་འཕོས་པའི་སྤྲེའུ་ཕྲུག་དེ། ཤེས་རིག་རྒྱས་པ་སེམས་ཆུང་བ་ཅིག་འདུག ལྷ་མ་ཡིན་གྱི་གནས་ནས་འཆི་འཕོས་པའི་སྤྲེའུ་ཕྲུག་དེ། ཐུ་ལ་ཕྲག་དོག་ཆེ་བ་ཅིག་འདུག ལྷའི་གནས་ནས་འཆི་འཕོས་པའི་སྤྲེའུ་ཕྲུག་དེ། ངང་རྒྱུད་རིང་ལ་སེམས་དགེ་བ་ཅིག་འདུག་གོ།ཞེས་འབྱུང་ངོ་། །

    ༥༽༼དེབ་སྔོན་སྟོད་ཆ་༦༠ལས༽ བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད་ཅིང་། སྟོན་པ་ཐུབ་པ་བྱོན་པའི་དུས་ལས་སྔ་བ་རྩོད་ལྡན་གྱི་ཐོག་མ་སྐྱ་སེང་བུ་ལྔས་དཔུང་ཚོགས་ཡན་ལག་བཅོ་བརྒྱད་དམ་བཅུ་གཉིས་བཅོམ་པའི་ཚེ། རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ནས་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལས། དིང་སང་ན་ཡང་བོད་ཅེས་བྱ་བ་གྲགས་པ་ཡིན་ནོ་ཞེས་སློབ་དཔོན་ཤེས་རབ་གོ་ཆས་བཤད་དེ། སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་ཡུལ་འདི་ལ་སྔོན་མིང་པུ་རྒྱལ་ཞེས་ཟེར་ལ། ཕྱིས་བོད་ཅེས་བྱ་བ་འཆད་པ་ཡང་སློབ་དཔོན་ཤེས་རབ་གོ་ཆའི་གསུང་དང་སྦྱར་ན་འབྱོར་རོ། །ཞེས་གསུངས།

    ༦༽ ༼ཆོས་འབྱུང་མཁས་པའི་དགའ་སྟོན་སྟོད་ཆ་༡༥༨༽ལས། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ཤེས་རབ་གོ་ཆས་མཛད་པར་སྔོན་སྐྱ་སེང་གི་བུ་ལྔ་དང་དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པ་ན་རྒྱལ་པོ་རུ་པ་ཏི་ཞེས་པ་འཁོར་བརྒྱ་དང་བཅས་ལ་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་བྲོས་པ་འཕེལ་བ་ལ་དེང་སང་ཡང་བོད་ཅེས་གྲགས་སོ། །ཞེས་བྱུང་བ་ཡང་བོད་མི་མཐའ་དག་གི་ཁུངས་ནི་མ་ཡིན་ཏེ་རུ་པ་ཏི་གཉའ་ཁྲི་བཙན་པོར་བྱེད་ན་དེའི་གོང་དུ་མི་མང་དུ་ཡོད་པར་གྲགས་པ་དང་འགལ་བའི་ཕྱིར་དང་། མིན་ན་ཡང་བོད་ཡུལ་ན་ཤཱཀྱའི་རྒྱལ་བརྒྱུད་གཞན་ཡོད་པར་ཐལ་བའི་ཕྱིར་རོ། །དེས་ན་དེ་དག་ནི་བོད་དང་ཉེ་བ་མོན་ཡུལ་ཁ་ཅིག་ལ་བོད་ཀྱི་སྒྲར་བྱས་པ་དུ་མ་སྣང་བས་དེ་ལྟ་བུ་ཞིག་ཏུ་ཟད་དོ། །ཡང་སྔོན་རབས་པ་མང་པོ་ཞིག་རྒྱལ་པོ་སྐྱ་སེང་དང་དམག་བརྒྱ་པ་གཉིས་དུས་གཅིག་ལ་སྐྱེས། ཕྱིས་རྒྱལ་སྲིད་རྩོད་པ་ན་དམག་བརྒྱ་པ་ལ་བུ་བརྒྱ་ཡོད་པས་དམག་བརྒྱ་པར་གྲགས་ཤིང་སྐྱ་སེང་གིས་ལྷ་མཆོད་པས་དྲང་སྲོང་ཞིག་གིས་མ་ཡིན་གྱི་བུ་ལྔ་བྱིན། དེ་རྣམས་ལ་ཡོན་ཏན་ཅི་ཡོད་དྲིས་པས་སོ་སོར་སྨྲས་ཤིང་སྲིད་སྒྲུབ་ཀྱིས་དམག་བརྒྱ་པ་ཐུབ་བྱས་པས། ཉམ་སད་པའི་ཕྱིར་འོ་ན་དམག་བརྒྱ་པ་ཐུལ་ཞིག་བྱས་པས། དེས་ཕ་དང་གོ་དགུ་པོ་བསད། ཐ་ཆུང་རུ་པ་ཏི་མཚན་དང་ལྡན་པ་དེ་བཙོན་དུ་ཁྲིད་ནས་འོངས། སྐྱ་སེང་གིས་གསོད་པར་འཕངས་ནས་ཟངས་ནང་དུ་ཟས་སྐོམ་དང་གོས་དང་བཅས་ཏེ་ཆུར་བསྐྱུར་བ་ཞིང་པས་རྙེད་ནས་གསོས། ཕྱིས་བོད་ཡུལ་དུ་བྱོན་ནས་རྗེ་མཛད་ཟེར་ཡང་ལྷ་སའི་བཀའ་ཚིགས་ཆེན་མོར་གཉའ་ཁྲི་བཙན་པོ་ནས་ཐོ་ཐོ་རིའི་བར་ལོ་ལྔ་བརྒྱ་སོང་། ཐོ་ཐོས་བརྒྱ་དང་ཉི་ཤུ་ཐུབ། དེ་ནས་སྲོང་བཙན་གྱི་བར་བཞི་ལ་བརྒྱ་དང་བཅུ་གཅིག་སོང་བར་བཤད་པས་སྟོན་པ་འདས་ནས་ལོ་མང་ཞིག་ན་བོད་རྗེ་བྱོན་པར་གསལ་ལ། དམག་བརྒྱ་པའི་བུ་རུ་པ་ཏི་སོགས་སྟོན་པ་མ་བྱོན་པའི་གོང་དུ་བྱུང་བར་ངེས་སོ། །དེས་ན་སངས་རྒྱས་མྱ་ངན་ལས་འདས་ནས་རིང་ཞིག་ལོན་པ་ན་ཤཱཀྱ་ལི་ཙྭ་ཝིའི་རྒྱུད་པ་མཚན་དཔེ་དང་ལྡན་པ་ཅིག་བོད་དུ་བྱོན་ནས་རྗེ་མཛད་པར་གསལ་ལ་དེ་མཚན་རུ་པ་ཏིར་གཅིག་པ་ཙམ་བྱུང་བ་ནི་མི་འགལ་ལོ། །འོན་ཀྱང་དེ་ཉིད་ཀྱི་ལོ་རྒྱུས་ངེས་པ་ཅན་བོད་དུ་སྔོན་གྲགས་མི་སྣང་ངོ་། །ཀ་བཀོལ་མ་ལས་ཤཱཀྱ་རི་བྲགས་པའི་རྒྱུད་པ་ཞེས་སྣང་ཡང་། འཇམ་དཔལ་རྩ་རྒྱུད་ལས། ལི་ཙཱ་ཝི་རྣམས་རིགས་སུ་བྱུང་། །ཞེས་ལུང་བསྟན་པས་ཡི་གེ་ཉམས་པར་ཟད་དེ་ཀ་བཀོལ་མའི་ཕྱི་མོ་ནུབ་ནས་ཕྱིས་ལྷ་སའི་དཀོན་གཉེར་གྱི་ངག་ལས་བྲིས་ཟེར་བ་སོགས་དུ་མ་སྣང་བའི་ཕྱིར་རོ། །ཞེས་འབྱུང་།

    ༧༽༼བདུད་འཇོམས་ཆོས་འབྱུང་དེབ་གཟུགས་༡༢༠༽ལས། ད་ནི་རྒྱལ་བའི་བསྟན་པ་དེ་ཉིད་གངས་ཅན་གྱི་ལྗོངས་སུ་ཇི་ལྟར་དར་བའི་ཚུལ་ནི། དེའང་རྒྱ་གར། རྒྱ་ནག བོད། ལི། ཤམྦྷ་ཀ། ཀེ་ལཱ་ཤ་སྟེ་འཛམ་གླིང་དུ་དམ་པའི་ཆོས་དར་བའི་ཡུལ་ཆེན་པོ་དྲུག་ཡོད་པའི་གསུམ་པ་རི་ཁ་བ་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དུས་ནམ་གྱི་ཚེ་བྱོན་ན། འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་ལུང་བསྟན་པ་ལྟར་དང་པོ་མཚོ་ཡོད་པ་རིམ་གྱིས་བྲི་ནས་ནགས་ཚལ་སྟུག་པོ་རྒྱས་པར་གྱུར་པའི་སྐབས་ཤིག་ན། ཡུལ་གྲུ་འཛིན་ནས་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་སྤྲེའུ་ཞིག་འོངས་པ་དེ་དང་བྲག་སྲིན་མོ་འདུས་པ་ལས་བོད་ཀྱི་མི་རྣམས་ཉེ་བར་མཆེད་པ་ཡིན་གྲགས་ལ། ཡུལ་འདི་དང་པོ་མི་མ་ཡིན་གྱིས་བདག་ཏུ་བཟུང་། རིམ་གྱིས་མིའི་འགྲོ་བ་ཆགས་ཏེ་རྒྱལ་ཕྲན་བཅུ་གཉིས་སམ་སིལ་མ་བཞི་བཅུས་རིམ་བཞིན་དབང་བྱས།
    དེ་ནས་བོད་སྤྱི་ལ་དབང་བའི་མིའི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་སྟེ། དེའང་ཆོས་རྒྱལ་རྣམས་ལི་ཙྪ་བཱིའི་རིགས་ལས་བྱོན་པར་ལུང་གིས་གྲུབ་ཅིང་ཁ་ཅིག་དམག་བརྒྱ་པའི་སྲས་སུ་འདོད་ལ། གང་ལྟར་མི་ལས་འདས་པའི་ཡ་མཚན་ཅན་ཞིག་ཁ་བ་ཅན་གྱི་ལྷ་རི་རོལ་པོའི་ཁར་བྱུང་སྟེ། བཙན་ཐང་སྒོ་བཞིར་འཐོན་པ་ལ་བོན་པོ་རྣམས་རྨུ་ཐག་ལས་བྱོན་པས་ལྷ་ཡིན་ཟེར། ཁྱོད་སུ་ཡིན་དྲིས་པས་བཙན་པོ་ཟེར། གང་ནས་བྱོན་དྲིས་པས་ནམ་མཁའ་ལ་མཛུབ་མོ་སྒྲེང་། དེར་ཤིང་གི་ཁྲི་ལ་བཞག་སྟེ་མི་རྣམས་ཀྱིས་གཉའ་བ་ལ་ཁུར་ནས་གདན་དྲངས་པས་གཉའ་ཁྲི་བཙན་པོར་གྲགས། ཞེས་འབྱུང་།

    ༨༽ ༼ཞྭ་སྒབ་པའི་རྒྱལ་རབས་༢༠༽ལས། མིའི་འགྲོ་བ་བྱུང་ཚུལ། ཡུལ་དེའི་ནང་མིའི་འགྲོ་བ་བྱུང་ཚུལ་ལ་བཤད་སྲོལ་མི་འདྲ་བ་གཉིས་ཡོད་པ་ལས། དང་པོ་ནི། གོང་དུ་(༡༩ལས། རྒྱ་གར་གྱི་རྒྱལ་རབས་ནང་། རྩོད་ལྡན་ཐོག་མའི་སྐབས། སྐྱ་སེང་བུ་ལྔའི་དམག་བྱུང་བའི་ཚེ་རཱུ་པ་ཏི་བྱ་བའི་རྒྱལ་པོ་དཔུང་ཚོགས་གཅིག་དང་བཅས་གཡུལ་འགྱེད་པའི་ཚེ་བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལ་དེང་སང་ཡང་བོད་ཅེས་བྱ་བ་གྲགས་པ་ཡིན་ནོ། །ཞེས་སློབ་དཔོན་བདེ་བདག་པོས་མཛད་པའི་ལྷ་ལུས་ཕུལ་བྱུང་གི་བསྟོད་པའི་འགྲེལ་པ། བྷེང་འགོལ་གྱི་པཎྜི་ཏ་ཆེན་པོ་ཤེས་རབ་གོ་ཆས་མཛད་པ་ལས་གསུངས་ཤིང་།)ཇི་ལྟར་བརྗོད་པ་ལྟར། རྒྱ་གར་འཕགས་པའི་ཡུལ་ན་རྩོད་དུས་ཐོག་མ་སྐྱ་སེང་བུ་ལྔ་འཐབ་པའི་ཚེ། རྒྱལ་པོ་རཱུ་པ་ཏི་དཔུང་ཚོགས་རི་བོ་གངས་ཅན་གྱི་གསེབ་ཏུ་བྲོས་པའི་རིགས་ལས་བོད་ཀྱི་མིའི་འགྲོ་བ་ཐོག་མ་བྱུང་བ། དམག་འཁྲུག་དེ་ནི་ཡེ་ཤུ་མ་ཤི་ཀ་མ་འཁྲུངས་པའི་ལོ་ཉིས་སྟོང་ལྔ་བརྒྱའི་གོང་ལ་ཡིན་པ་རྒྱ་གར་གྱི་ལོ་རྒྱུས་ལ་ཡོངས་སུ་གྲགས་པས་ན། དུས་དེ་ཙམ་ནས་བོད་ཀྱི་ནང་མིའི་འགྲོ་བ་ཡོད་པ་ཆ་འཇོག་བྱེད་དགོས་པ་དང་། གཉིས་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལྷ་སའི་གཙུག་ལག་ཁང་གི་ཀ་བ་བུམ་པ་ཅན་ནས་གཏེར་དུ་བཞེས་པའི་བཀའ་ཆེམས་ཀ་འཁོལ་མ་དང་། གྲུབ་ཐོབ་དངོས་གྲུབ་ཀྱིས་ལྷ་སའི་གཙུག་ལག་ཁང་གི་ཐུགས་རྗེ་ཆེ་པོ་རང་བྱོན་ལྔ་ལྡན་གྱི་འཁོར་རྟ་མགྲིན་གྱི་ཞབས་གཡས་པའི་འོག་གཏེར་ནས་བཞེས་པའི་མ་ཎི་བཀའ་འབུམ་ལྟར་བྱས་ན། བོད་ཀྱི་མིའི་རྒྱུད་ནི། འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། བྲག་སྲིན་མོ་གཉིས་འདུས་པ་ལས་སྤྲེལ་ཕྲུག་མང་དུ་འཕེལ་ཏེ་དེ་དག་གི་རྒྱུད་པས་བོད་ཀྱི་མི་རྣམས་བྱུང་བ་གསུངས་ཤིང་། སྣེ་གདོང་ཁུལ་དུ་དེ་དག་གནས་པའི་བྲག་གི་སྐྱིབས་དང་། རྩེད་མོ་རྩེད་སའི་ཐང་། ཞིང་ལ་སོགས་པ་གནས་བཤད་བྱེད་སྲོལ་ཡོད་པ་དང་། འགའ་ཤས་ཀྱིས་ཀོང་ཡུལ་སྤྲེ་སྣ་མི་ཡུལ་ལྡིང་བྱ་བར་བོད་མི་ཐོག་མར་བྱུང་ཚུལ་བཅས་གསུངས་པ་ལྟར་བྱས་ན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ཐམ་པའི་རྗེས་ལ་ཁ་བ་ཅན་གྱི་མཚོ་བྲི། དེ་ནས་རིམ་བཞིན་ས་ལའི་ནགས་ཚལ་དང་། སྤྲེའུའི་རིགས་ལས་མཆེད་པའི་མིའི་འགྲོ་བ་དེ་དག་བྱུང་བར་ཆ་བཞག་ན། ཡེ་ཤུ་མ་ཤི་ཀ་མ་འཁྲུངས་པའི་ལོ་ཉིས་བརྒྱ། སུ་བརྒྱའི་ནང་ནས་བོད་ལ་མིའི་འགྲོ་བ་ཐོག་མར་བྱུང་བ་ཆ་འཇོག་བྱེད་དགོས།
    དེ་ཡང་བར་ལམ་བོད་གཞུང་གི་གློག་ཁང་ཆ་འདྲེན་ལས་བྱེད་འཇར་མན་མི་རིགས་ཨབ་ཤེ་ན་ཐར་ལྷ་སའི་ཤར་ཕྱོགས་ཞང་འདབས་ཀྱི་བྲག་འོག་ཅིག་ནས་སྔར་སྔ་མོའི་དུར་ཁང་ཆུང་ངུ་ཞིག་བརྙེས་པའི་ནང་ནས་མིའི་རུས་པ་དང་། དངོས་པོ་ཁ་ཤས་ཐོན་པ་དེ་དག་སུད་ཛ་ལན་ཌའི་མི་རུས་བརྟག་དཔྱད་ཁང་ནང་ཞིབ་འཇུག་སྐབས་ལོ་སུམ་སྟོང་སྔོན་གྱི་མི་རུས་ཡིན་ཚུལ་བཤད་བྱུང་ཞེས་ཨབ་ཤེ་ན་ཐ་ངོ་མ་རང་ནས་ང་རང་ལ་གསུངས་བྱུང་བ། དེ་དག་དངོས་འབྲེལ་ཡིན་ན། སྤྲེའུའི་རིགས་མ་བྱུང་གོང་བོད་ནང་མིའི་འགྲོ་བ་ཡོད་པ་ངོས་འཛིན་བྱེད་ཐུབ་པས། དེས་ན་མིའི་འགྲོ་བའི་ཐོག་མ་ནི། སྐྱ་སེང་བུ་ལྔའི་དམག་དུས་ནས་བྲོས་པའི་མི་རྒྱུད་དེ་དག་ཡིན་པ་གསལ་པོ་འདུག་པ་དང་། ཡང་། གྷི་རི་སིའི་རྒྱལ་སྲས་སྤི་ཀྲར་ནས་བོད་མི་ཕོ་མོ་ལྔ་སྟོང་ཐམ་པའི་གཟུགས་པོ། མགོ་མིག སྐྲ་སོ། ཤ་མདོག་སོགས་ལ་ཚན་རིག་ལས་ཐབས་ཐོག་བརྟག་དཔྱད་བྱས་པའི་དེབ་(Anthropological Researches from the 3rd. Danish Expedition to Central Asia)ནང་། བོད་ཆོལ་ཁ་གསུམ་གྱི་མི་རིགས་སྤྱིར་བཏང་ལ་སྔར་སྔ་མོའི་ཤར་དཀྱིལ་སོག་པོའི་མི་རིགས་ཀྱི་འདྲེས་ལྷད་ཅུང་ཟད་ཡོད་ཚུལ་ཡང་གསལ་འདུག ཅེས་གསུངས།

  7. མགོ་རུལ། says:
    2010-05-06 at 9:44 pm

    ལྷག་བསམ་རྒྱ་མཚོ་ལགས། ལྷ་རམས་པའི་རྨོངས་བཤད་འདི་ནི་གསར་བཤད་ཅི་ཡང་མིན་པར་བོད་པའི་ལོ་རྒྱུས་ལ་འཁྱོག་བཤད་ཤེས་དང་མ་ཤེས་གཉིས་ཀའི་སྒོ་ནས་བྱེད་མཁན་གནའ་ནས་ད་བར་བྱུང་བསྡད་ཡོད་པ་ཞིག་སྐྱར་བཤད་ཀྱི་ངལ་དུབ་བསྟེན་པ་ཙམ་ཞིག་རེད། འདི་འདྲའི་ཉོག་བཤད་འཇམ་པོ་རང་གཞན་རྫུན་གཏམ་གྱི་དོང་ཞབས་སུ་འདྲུད་པ་ཞིག་ལས་རྣམ་དཔྱོད་དང་ལྡན་པ་འགས་ཅུང་ཟད་ཚིག་རྩུབ་མོར་སྨྲས་པ་དག་གི་ཁྲོད་ནས་ཀྱང་ལེགས་བཤད་བླ་ན་མེད་པ་རེ་རྙེད་པའི་གོ་སྐབས་མེད་པ་མིན་ནོ།།

  8. བཀྲ་ཤིས། says:
    2010-05-06 at 10:19 pm

    ལྷ་རམས་པས་ཡག་པོ་བྲིས་གཞག ལྷག་པར་ཆོས་འབྱུང་དང་ལོ་རྒྱུས་སྔ་མ་དག་གི་ལུང་ཡག་པོ་དྲངས་བཞག ཐུགས་རྗེ་ཆེ།

  9. སྒོམ་སྡེ་ལྷ་རམས་པ། says:
    2010-05-06 at 10:38 pm

    གཉའ་ཁྲི་བཙན་པོ་སྤོ་བོ་ནས་ཕེབས་ཚུལ་སྐོར་ལ་དོགས་གཅོད་མཇུག་ཏུ་བྱེད་རྒྱུ་ཡིན།
    ཐོག་མར་རྒྱ་གར་ནས་ཕེབས་པར་བཞེད་ཚུལ་ལ་དོགས་གཅོད་འདི་ལྟར།
    དམག་བརྒྱ་པའི་བུའམ་དེའི་དམག་དཔོན་ཞིག་རི་བོ་གངས་ཅན་གྱི་ཕྱོགས་སོང་ངོ་ཞེས་པ་འདི་ངེད་ཚོའི་ལོ་རྒྱུས་རྣམས་སུ་ཡོངས་སུ་གྲགས་མོད། འོན་ཀྱང་ཕྱི་རོལ་པ་རྣམས་ལ་ཡོངས་སུ་མ་གྲགས་ཤིང་།
    སྐྱ་སེང་བུ་ལྔའི་“གཡུལ་བརྟན”རི་བོ་གངས་ཅན་གྱི་ཕྱོགས་སུ་སོང་བ་ནི་ཕྱི་རོལ་པ་རྣམས་ལ་ཡོངས་སུ་གྲགས་ཤིང་། “མཧཱ་བྷ་ར་ཏའི”ལེའུ་ཐ་མ་མཇུག་སྡུད་ཀྱི་ལེའུར་ཡང་ཤིན་ཏུ་གསལ་བར་བཤད་པའི་ཕྱིར་རོ། །

    དེས་ན་གྲགས་ཆེ་བ་དེ་བཞག་ནས། གྲགས་མི་ཆེ་ཞིག་ཁོང་ཅག་གི་ལོ་རྒྱུས་ཡིན་ནོ་ཞེས། སྨྲ་བ་ནི་བཞད་གད་ཀྱི་གནས་དང་རང་ཉིད་མཐོང་རྒྱ་ཆུང་བ་ཙམ་དུ་སྟོན་པར་ཟད་དོ། །སྙམ་མོ། །

  10. ཁ་ཕྱོགས་མེད says:
    2010-05-07 at 12:47 am

    ལྷ་རམས་པ་ལགས། བོད་ཀྱི་ལོ་རྒྱུས་ལ་ཐུགས་བསམ་བཏང་ནོ་བཟང་གི་འོན་ཀྱང་ཡོད་ཚད་ཁུངས་འཁྱོལ་མི་འཁྱོལ་བྱས་ནས་རྒྱ་གར་དུ་གཏིག་དགོས་དོན་མེད་ཀ། དེས་ཀྱང་ཁུངས་འཕེར་གྱི་མ་རེད། མ་བརྟག་མ་དཔྱད་པའི་ངོ་བོར་འགྲིག་འགྲིག་ལྟར་ཡང་དོན་དུ་དེ་ལས་གཞན་ཞིག་འགྲོ་སྲིད་པས།
    ནང་བསྟན་ཆོས་ལུགས་རྒྱ་གར་ནས་་བྱུང་བ་རྒྱ་མཚན་དུ་བྱས་ནས་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་རྒྱ་གར་བ་ལྷར་འདོད་པས་རྒྱུ་མཚན་དེས་དབང་གིས་ཁུངས་ཡོད་མེད་ལ་མ་བལྟོས་པར་བོད་ཀྱི་ཡོད་ཚད་རྒྱ་གར་ནས་བྱུང་བར་འདོད་པ་དེ་ནི་ཅུང་དངོས་ཡོད་དང་མི་འཚམ་པ་ཞིག་རེད་བསམ་གི

  11. ཁ་ཕྱོགས་མེད says:
    2010-05-07 at 1:02 am

    ལྷ་རམས་པ་ལགས་ལ་ཡང་བསྐྱར་ཞུ་རྒྱུ་ཞིག་ལ། ཁྱེད་ཀྱིས་དངོས་གནས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་ཅིག་བྱེད་འདོད་ན་རྒྱལ་མོ་འབྲུག་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་དེས་ཁྱེད་ལ་ཕན་ཞིག་ཐོགས་ངེས་ཡིན།

  12. ཡེ་ཤེས་རྒྱ་མཚོ་ says:
    2010-05-07 at 1:07 am

    སྒོམ་སྡེ་ལྷ་རམས་པ་ལགས་ཐུགས་རྗེ་ཆེ། རྩོམ་དང་མཆན་གཉིས་ཀར་བསྔགས་བརྗོད་ཡོད། རྒྱལ་རབས་དང་ཆོས་འབྱུང་སོགས་ལས་ལུང་མང་པོ་དྲངས་ནས་དོགས་གཅོད་བྱས་འདུག དངོས་གནས་དགའ་འོས་པ་ཞིག་འདུག ཡིན་ནའང་ངས་དྲི་བ་ཤིག་ཡོད། ཁྱེད་རང་གིས་སྐྱ་སེང་བུ་ལྔའི་བུ་རྒན་ཤོས་རྒྱལ་པོ་“ཡུ་དྷིཥ་ཊར”རམ་“གཡུལ་བརྟན”ཉིད་ངེད་ཅག་བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་ཡིན་ནོ་ཞེས་སྐད་གསང་མཐོན་པོས་སྨྲ་བར་འདོད་དོ་ཞེས་གསུང་བཞིན་པ་འདི་ལ་བལྟས་ན་ང་ཚོ་བོད་ཀྱི་ལོ་རྒྱུས་འདི་ལོ་ངོ་བཞི་སྟོང་ཡས་མས་ཀྱི་ལོ་རྒྱུས་ཡོད་གསུང་བ་དང་འདྲ་བས། ད་ལྟའི་ལོ་ཐོའི་ནང་གསལ་བོད་རྒྱལ་ལོ་ ༢༡༣༧ ཞེས་བཀོད་པ་འདི་གཉིས་ལ་ཧེ་བག་ཆེན་པོ་ཞིག་མཐོང་སོང་བས། འདིའི་སྐོར་ལ་གཟིགས་ཚུལ་ཞིག་གསུངས་རོགས།།

  13. ཀརྨ་རྡོ་རྗེ་ says:
    2010-05-07 at 5:11 am

    སྒོམ་སྡེ་ལགས། ལོ་རྒྱུས་སྨྲ་བ་དང་། ཆོས་ལུགས་པ་གཉིས་ཅུང་ཟད་དབྱེ་ཕྱེ་ཤེས་དགོས། ཁྱེད་རང་གིས་འདོད་པའི་ཤ་དུམ་གཅིག་ལས་མི་བརྒྱ་སྐྱེས་པར་རྒྱ་གར་གྱི་དེང་དུས་རྒྱ་བ་རྒྱལ་རབས་མཁས་པ་ཚོས་ཁས་བླང་བགྱིད་ཨ་ཡོད་། ང་ཚོ་བོད་པས་ཡིན་དང་ཡིན། རྒྱ་གར་བ་ཚོས་ཀྱང་ཁྱེད་རང་ལ་རྒྱབ་སྐྱོར་མེད་པར་གད་མོ་ཤོར་ཡ་ཉེན་ཁ་ཡོད་རེད་དོ།

  14. ཀརྨ་རྡོ་རྗེ་ says:
    2010-05-07 at 5:26 am

    བོད་ཀྱི་ཆོས་རྒྱལ་ཉག་ཁྲི་བཙན་པོ་དང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་ལས་གླིང་དྲུང་ལྷག་པར་ལྟ་མཁན་དང་། རྒྱ་གར་གྱི་ལོ་རྒྱུས་དངོས་གནས་ལས། རའ་མ་ཡན་དང་། མཧྰ་བྷྰ་རཏ། ལ་མཚར་བ་རྩིས་མཁན་རྣམས་རྒྱུ་མཚན་ལྡན་ལ་ཚན་རིག་དང་མཐུན་པའི་ལོ་རྒྱུས་སྨྲ་བའི་གྲལ་ལ་ཚུད་དཀའོ། །

  15. ཀརྨ་རྡོ་རྗེ་ says:
    2010-05-07 at 5:36 am

    དགག་པ་ཅུང་ཟད་སྤྲོས་ན། སྐྱ་སེང་བུ་ལྔའི་གཡུལ་བརྟན་རྒྱ་གར་རྒྱལ་སྲིད་སྐྱོ་ནས་རི་བོ་གངས་ཅན་གྱི་ཕྱོགས་སུ་བོད་ཀྱི་རྒྱལ་སྲིད་བཟུང་བ་འདིས་ནང་འགལ་དང་པོ་དེ་རེད།

  16. ཀརྨ་རྡོ་རྗེ་ says:
    2010-05-07 at 6:55 am

    གཉའ་ ཁྲི་བཙན་པོ་ནི་སྐྱ་སེང་བུ་ལྔའི་“གཡུལ་བརྟན”ཞེས་པ་དེ་ཡིན་ནོ༽ཟེར་མཁན་གྱི་སྒོམ་སྡེ་ལགས། ་་་་་དེས་ན་མིའི་འགྲོ་བའི་ཐོག་ མ་ནི། སྐྱ་སེང་བུ་ལྔའི་དམག་དུས་ནས་བྲོས་པའི་མི་རྒྱུད་དེ་དག་ཡིན་པ་གསལ་པོ་འདུག་པ་ དང་། ་་་་ཟེར་མཁན་གྱི་སྒོམ་སྡེ་གཉིས་ལས་གཅིག་ནི། ར་བཟི་ནས་བྲིས་པ་འདྲ། མི་རྒྱུད་ཐོག་མ་བྱུང་བ་དང་། དེའི་རྒྱལ་རྒྱུད་ཐོག་མ་གཉིས་དུས་མཉམ་ནི། མཁས་བླུན་སུས་ཀྱང་འདོད་དུ་མི་རུང་ངོ་།

  17. རྩམ་དགའ། says:
    2010-05-07 at 7:34 am

    འོ་རྩི་་་་ད་ཡིན་ན་ང་ཚོ་གངས་ཅན་པའི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོ་དེ་ཡང་རྒྱ་གར་བ་ཞིག་ཡིན་འདོག་འདོག་གསུངས་ཡོང་གི་འདུག ད་ཡིན་ན་གཟབ་གཟབ་མ་གནང་ན་ལོ་རྒྱུས་དང་ལྷ་སྒྲུང་འདྲེས་མས་ང་ཚོ་བོད་མི་ཚང་མའི་རུས་བརྒྱུད་དེའང་རྒྱ་གར་ལ་ཁུངས་གཏུག་ཉེན་འདུག་དྰ།

  18. མེ་ཏོག་དཀར་པོ། says:
    2010-05-07 at 8:30 am

    གཡུལ་ངོ་བརྟན་པ་གངས་ཅན་གྱི་ཡུལ་བརྟོལ་བ་ཡིན་དུ་ཆུག་ཀྱང་རྒྱུས་མེད་ཀྱི་ཡུལ་དུ་རྒྱལ་པོ་ཇི་ལྟར་འགྱུར་ཚུལ་གསལ་བཤད་དགོས། སྤྱིར་བོད་མིའི་ད་ལྟའི་གཤིས་ཀ་གསར་དགའ་ཅན་འདི་ལོ་ངོ་སྟོང་ཕྲག་གི་སྔོན་ནས་ཡོད་ཚེ་ལོ་རྒྱུས་འདི་བདེན་ན་ཐང་།

  19. མེ་ཏོག་དཀར་པོ། says:
    2010-05-07 at 9:00 am

    སྒོམ་སྡེ་ལྷ་རམས་པ་ལགས། ཉིད་ཀྱིས་་་དེས་ན་སྐྱ་སེང་བུ་ལྔའི་བུ་རྒན་ཤོས་རྒྱལ་པོ་“ཡུ་དྷིཥ་ཊར”རམ་“གཡུལ་བརྟན་ཉིད་ངེད་ཅག་བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་ཡིན་ནོ་ཞེས་སྐད་གསང་མཐོན་པོས་སྨྲ་བར་འདོད་དོ། །ཉིད་ངེད་ཅག་བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་ཡིན་ནོ་ཞེས་སྐད་གསང་མཐོན་པོས་སྨྲ་བར་འདོད་དོ། ། ཞེས་སྐད་སང་མཐོན་པོར་སྒྲོག་བྱེད་ཀྱི་རྒྱབ་བརྟེན་ལ་༼ཚལ་པ་ཀུན་དགའ་རྡོ་རྗེའི་དེབ་ཐེར་དམར་པོ༽(དེབ་ཐེར་དམར་པོ་ནི་ཕྱི་ལོ་1346-ནས་འགོ་བརྩམས་ཏེ། ཕྱི་ལོ་1363 ལོར་གྲུབ་པར་བཤད)༣༢ལས། སྔོན་གྱི་ཡིག་ཚང་རྣམས་ལས་བྱུང་བ། བོད་ཀྱི་ཡུལ་འདིར། དང་པོར་མི་མེད་དེ། ་མ་ཡིན་དུ་མས་གང་བར་གྱུར་པ་ལ། སྲིད་པ་ཆ་མཁན་རྗེས་དབང་བྱས་སྐད། དེ་ནས་རིམ་གྱིས་དམུ་རྗེ་བཙན་པོ། བདུད་པོ་མ་ཏྲང་རུ་ཏྲ། སྲིན་པོ་ཡཀྵ་དེ་བ། ཀླུ་རྒྱལ་གང་བ་རྣམས་ཀྱིས་དབང་བྱས། དེ་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། སྒྲོན་མའི་སྤྲུལ་པ་བྲག་སྲིན་མོ་ལས། བོད་ཀྱི་མི་རྣམས་བྱུང་སྟེ། མ་སངས་དཔུན་༼སྤུན༽དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་སིལ་མ་བཞི་བཅུས་རིམ་གྱིས་དབང་བྱས་སྐད་དོ། །དེ་ནས་མི་རྗེ་ལྷས་མཛད། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་དང་། ལྷ་སའི་ཀ་ཚིགས་ཀ་ཁོལ་མ་ལས་བྱུང་བ། ཤཱཀྱའི་རིགས་ལས་ཤཱཀྱ་ཆེན་པོ་དང་། ཤཱཀྱ་ལི་ཙཱ་བྱི། ཤཱཀྱ་རི་བྲག་པ་གསུམ་ལས། ་མ་ལ་རྒྱལ་པོ་སྐྱ་སེང་ཞེས་པའི་བུ་ཆུང་བ་གཅིག་དཔུང་གི་ཚོགས་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་གངས་ཅན་གྱི་ཕྱོགས་སུ་བྲོས་པ་ལས། བོད་ཀྱི་རྗེར་གྱུར་པར་བཤད།

    ཅེས་པའི་ལུང་འདི་རེད། དེ་ལས་གཞན་གཡུལ་བརྟན་བོད་རྗེར་གྱུར་ཚུལ་ཉིད་ཀྱིས་དྲངས་པའི་ལོ་རྒྱུས་ཁུངས་རྣམས་ཀྱི་ནང་ཚིག་ཟུར་ཙམ་ཡང་མིན་འདུག
    ཚལ་པའི་ལུང་འདིའི་ནང་རང་བཞེད་མིན་པར་ཤེས་རབ་གོ་ཆས་ལྷ་ཕུལ་གྱི་འགྲེལ་པ་ལུང་དྲངས་འདུག་མོད། དེར་ནི་ཉིད་ཀྱིས་ཀྱང་དྲངས་པ་ལྟར་བོད་ཀྱི་མི་རིགས་བྱུང་ཚུལ་ལས་མི་རྗེར་གྱུར་ཚུལ་མི་སྣང་། འོན་ཀྱང་ལྷ་སའི་ཀ་ཚིགས་ཀ་ཁོལ་མ་ཞེས་པའི་ནང་གང་འདྲ་གསུངས་ཡོད་མི་ཤིས་ཏེ་ཚལ་པས་ཤེར་གོའི་ཕུལ་འགྲེལ་དང་འདི་གཉིས་ལ་ཁུངས་བཏུག་འདུག དེར་བརྟེན་ལུང་རང་ཚུགས་མི་ཐུབ་པའི་རྟིའུ་ལ་ལོ་རྒྱུས་ཀྱི་འཁུར་ལྕི་མོ་ཞིག་བཙན་འགེལ་མི་གནང་བ་ཞུ། ཡང་ན་དེང་སང་ཡུལ་ཤུལ་ས་ཡོམ་དོན་རྐྱེན་གྱིས་བོད་མི་རྣམས་ཁམས་འདུས་པ་ལ་ཀུ་རེ་འདྲ་གནང་བ་ཡིན་སྲིད།

  20. མེ་ཏོག་དཀར་པོ། says:
    2010-05-07 at 9:17 am

    གསལ་བཤད། ཚལ་པས་ཀྱང་ཤེར་གོ་དང་ཀ་ཁོལ་དྲངས་ནས་་་བོད་རྗེར་གྱུར་ཚུལ་བཤད་འདུག་སྟེ་གང་ཞིག་བོད་རྗེར་གྱུར་པ་དེ་སྐྱ་སེང་གི་བུ་ཆུང་བ་ཞེས་བཀོད་འདུག་པས་གཡུལ་ངོ་བརྟན་པ་མིན་པར་ཐག་ཆོད། ཤེས་རབ་གོ་ཆས་གཡུལ་བརྟན་གངས་ཅན་དུ་སོང་ནས་དེ་ལས་བོད་ཀྱི་མི་བརྒྱུད་འཆད་ཚུལ་དང་ཚལ་པས་དྲངས་པའི་ལུང་དོན་གཉིས་ཕ་རི་དང་ཚུར་རི་ཡིན་པས་བཙན་སྦྱོར་ག་ལ་བཏུབ།
    དེས་ན་སྒོམ་སྡེ་ལགས་ལ་གཡུལ་ངོ་བརཏན་པ་བོད་རྗེར་གྱུར་ཏོ་ཞེས་པའི་ལུང་ན་གཅིག་སྟོན་མིན་འདུག

    ཁྱེད་ཀྱིས་རྒྱ་གར་བ་ཞིག་བོད་རྗེར་གྱུར་པ་དང་། གཡུལ་ངོ་བརྟན་པ་བོད་དུ་བརྟོལ་བའི་ལོ་རྒྱུས་སོ་སོ་གཉིས་ལྟོ་སྦྱར་ཏེ་སྒྲུང་ཞིག་བརྩམས་པ་འདྲ།

  21. སྒོམ་སྡེ་ལྷ་རམས་པ། says:
    2010-05-07 at 10:04 am

    གཉའ་ཁྲི་རྒྱ་གར་བའི་མིན་པར་འདོད་པ་ལ་ལུང་དང་རིགས་པ་གཉིས་ཀྱིས་གནོད་དེ།
    དེ་ཡང་ལུང་ནི།
    སྲོང་བཙན་རྒྱ་གར་ལི་ཙ་བྱིའི་རིགས་རྒྱུད་ཡིན་པ་ནི། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ཀྱི་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བྱི་རྣམས་རིགས་སུ་འབྱུང་། །ཞེས་གསུངས་ཤིང་། སྲོང་བཙན་སྒམ་པོ་རྒྱ་གར་ལི་ཙ་བྱིའི་རིགས་རྒྱུད་ཡིན་པར་གསུངས་པ་འདི། གཉའ་ཁྲི་རྒྱ་གར་བ་ཡིན་པར་དོན་གྱིས་གསུངས་པ་མིན་ན། སྲོང་བཙན་ལི་ཙ་བྱིའི་རིགས་རྒྱུད་ཡིན་པར་གསུངས་དོན་ཅི།

    རིགས་པའི་གནོད་བྱེད་ནི།

    གཉའ་ཁྲི་བཙན་པོ་རྒྱ་གར་གྱི་རིགས་ཡིན་པར་རིགས་པའི་སྒྲུབ་བྱེད་མ་མཐར་ཡང་གསུམ་ཙམ་ཡོད་པ་གོང་དུ་བཤད་པ་དེ་རེད། 
དང་པོ་ནི༽ གཉའ་ཁྲི་བཙན་པོས་མཛུབ་མོ་གནམ་ལ་ཀེར་བ་དེ་རེད། དེ་ནི་སྐད་བརྡ་མ་སྤྲོད་པའི་རྟགས་མཚན་གསལ་པོ་རེད། སྤོ་བོ་ནས་འོངས་པ་ཡིན་ན་སྐད་བརྡ་མ་འཕྲོད་དགོས་དོན་ཆེར་མི་འདུག 
གཉིས་པ་ནི༽ ཡུམ་བུ་བླ་སྒང་འཛུགས་སྐྲུན་བྱས་པ་དེ་རེད། རྒྱ་གར་བ་རྣམས་གནའ་རབས་ནས་ཁང་ཁྱིམ་དུ་སྡོད་ཅིང་། ཁང་པ་འཛུགས་སྐྲུན་གྱི་ལག་རྩལ་དང་ཡང་ལྡན་པས། ཡུམ་བུ་བླ་སྒང་བརྩིགས་པ་རེད། བོད་ལ་གནའ་བོའི་དུས་སུ་སྦྲ་གུར་མ་གཏོགས་ཁང་ཁྱིམ་ནང་སྡོད་པའི་ལུགས་སྲོལ་ཡོད་སྐད་མི་འདུག དེ་མེད་པས་ཁང་ཁྱིམ་རྩིག་པའི་ལག་རྩལ་ཡང་ཁག་ཙམ་རེད། 
གསུམ་པ་ནི༽ “མཧཱ་བྷ་ར་ཏའི”ལོ་རྒྱུས་ནང་“”མཇུག་བསྡུའི་ལེའུར་“འགྲུལ་བཞུད་ཆེན་མོ”(The Great Journey)ཟེར་བ་ཞིག་དང་། “ལྷ་ཡུལ་དུ་གཤེགས་པ”(Ascent to Heaven)ཞེས་པའི་ལེའུ། སྐྱ་སེང་བུ་ལྔ་གཡུལ་ལས་རྒྱལ་ཏེ་མཐར་“གཡུལ་བརྟན”གྱིས་རྒྱལ་སྲིད་བསྐྱངས་ནའང་། སྔར་གྱི་སྡིག་པ་ལ་ཡིད་ཕྱུང་སྟེ་हिमालय, ཧི་མཱ་ལ་ཡའི་རི་བོ་བརྒྱུད་དེ་ལྷ་ཡུལ་དུ་གཤེགས་པའི་ལོ་རྒྱུས་ཡོད་པ་དེ་རེད།

  22. སྒོམ་སྡེ་ལྷ་རམས་པ། says:
    2010-05-07 at 10:11 am

    གོང་གི་དེ་བསྐྱུར་ནས་གཤམ་གྱི་དེ་ལ་གཟིགས་རོགས།

    གཉའ་ཁྲི་རྒྱ་གར་བའི་མིན་པར་འདོད་པ་ལ་ལུང་དང་རིགས་པ་གཉིས་ཀྱིས་གནོད་དེ།
    དེ་ཡང་ལུང་ནི།
    འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ཀྱི་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བྱི་རྣམས་རིགས་སུ་འབྱུང་། །ཞེས་སྲོང་བཙན་རྒྱ་གར་ལི་ཙ་བྱིའི་རིགས་རྒྱུད་ཡིན་པར་གསུངས་ཤིང་། སྲོང་བཙན་ལི་ཙ་བྱིའི་རིགས་རྒྱུད་ཡིན་པར་གསུངས་པས། གཉའ་ཁྲི་རྒྱ་གར་བ་ཡིན་པར་དོན་གྱིས་བསྟན་ཏེ། དེ་མིན་ན། སྲོང་བཙན་ལི་ཙ་བྱིའི་རིགས་རྒྱུད་ཡིན་པར་གསུངས་པ་དེ་དོན་གང་ལ་དགོངས་ནས་གསུངས་པ་རེད་དམ།

    རིགས་པའི་གནོད་བྱེད་ནི།

    གཉའ་ཁྲི་བཙན་པོ་རྒྱ་གར་གྱི་རིགས་ཡིན་པར་རིགས་པའི་སྒྲུབ་བྱེད་མ་མཐར་ཡང་གསུམ་ཙམ་ཡོད་པ་གོང་དུ་བཤད་པ་དེ་རེད། 
དང་པོ་ནི༽ གཉའ་ཁྲི་བཙན་པོས་མཛུབ་མོ་གནམ་ལ་ཀེར་བ་དེ་རེད། དེ་ནི་སྐད་བརྡ་མ་སྤྲོད་པའི་རྟགས་མཚན་གསལ་པོ་རེད། སྤོ་བོ་ནས་འོངས་པ་ཡིན་ན་སྐད་བརྡ་མ་འཕྲོད་དགོས་དོན་ཆེར་མི་འདུག 
གཉིས་པ་ནི༽ ཡུམ་བུ་བླ་སྒང་འཛུགས་སྐྲུན་བྱས་པ་དེ་རེད། རྒྱ་གར་བ་རྣམས་གནའ་རབས་ནས་ཁང་ཁྱིམ་དུ་སྡོད་ཅིང་། ཁང་པ་འཛུགས་སྐྲུན་གྱི་ལག་རྩལ་དང་ཡང་ལྡན་པས། ཡུམ་བུ་བླ་སྒང་བརྩིགས་པ་རེད། བོད་ལ་གནའ་བོའི་དུས་སུ་སྦྲ་གུར་མ་གཏོགས་ཁང་ཁྱིམ་ནང་སྡོད་པའི་ལུགས་སྲོལ་ཡོད་སྐད་མི་འདུག དེ་མེད་པས་ཁང་ཁྱིམ་རྩིག་པའི་ལག་རྩལ་ཡང་ཁག་ཙམ་རེད། 
གསུམ་པ་ནི༽ “མཧཱ་བྷ་ར་ཏའི”ལོ་རྒྱུས་ནང་“”མཇུག་བསྡུའི་ལེའུར་“འགྲུལ་བཞུད་ཆེན་མོ”(The Great Journey)ཟེར་བ་ཞིག་དང་། “ལྷ་ཡུལ་དུ་གཤེགས་པ”(Ascent to Heaven)ཞེས་པའི་ལེའུ། སྐྱ་སེང་བུ་ལྔ་གཡུལ་ལས་རྒྱལ་ཏེ་མཐར་“གཡུལ་བརྟན”གྱིས་རྒྱལ་སྲིད་བསྐྱངས་ནའང་། སྔར་གྱི་སྡིག་པ་ལ་ཡིད་ཕྱུང་སྟེ་हिमालय, ཧི་མཱ་ལ་ཡའི་རི་བོ་བརྒྱུད་དེ་ལྷ་ཡུལ་དུ་གཤེགས་པའི་ལོ་རྒྱུས་ཡོད་པ་དེ་རེད།

  23. མེ་ཏོག་དཀར་པོ། says:
    2010-05-07 at 10:28 am

    སྒོམ་སྡེ་ལགས། གཡུལ་བརྟན་བོད་དུ་བརྟོལ་ཞིང་རྒྱ་གར་བ་ཞིག་བོད་རྗེར་གྱུར་པའི་རྒྱུ་མཚན་གཉིས་ཀྱིས་བསྒྲུབ་བྱ་སྒྲུབ་མ་ཐུབ་པས། ད་ནི་རྒྱུ་མཚན་གསུམ་པ་གཉའ་ཁྲི་རྒྱ་གར་བ་ཞིག་ཡིན་པ་ལུང་གིས་སྒྲུབ། དེའི་རྒྱབ་སྐྱོར་དུ་བོད་སྐད་མ་ཤེས་པ། དེའི་རྒྱབ་སྐྱོར་དུ་མཛུབ་མོ་གནའ་དུ་ཀེར་བའི་ཕྱིར་གསུངས་འདུག་པས་གང་ལྟར་ད་དུང་ཚིམས་མ་སོང་།
    ༡ གཡུལ་ངོ་བརྟན་པ་བོད་དུ་བརྟོལ། ༢ རྒྱ་གར་བ་ཞིག་བོར་རྗེར་གྱུར། ༣ གཉའ་ཁྲི་རྒྱ་གར་བ་ཡིན་པ་བཅས་རྒྱུ་མཚན་གསུམ་ལྟོ་སྦྱར་བའི་ཕུང་པོ་གསུམ་པའི་མདོ་ཞིག་གསུངས་འདུག་གོ་ཞེས་ཀུ་རེ་ཞུས།

  24. སྒོམ་སྡེ་ལྷ་རམས་པ། says:
    2010-05-07 at 10:31 am

    གཉའ་ཁྲི་བོད་རིགས་ཡིན་པ་ལ་ནི་གོང་དུ་བཤད་པའི་ལུང་རིགས་ཀྱིས་གནོད་ལ།
    རྒྱ་གར་གྱི་རིགས་ཡིན་པའང་ཕྱོགས་གཉིས་ཏེ། དམག་བརྒྱ་པའི་བུ་ཡིན་ཟེར་བ་དང་། ངས་གོང་དུ་བཤད་པ་ལྟར་“གཡུལ་བརྟན”ཟེར་བ་གཉིས་བཞག་ཆོག དམག་བརྒྱ་པའི་བུ་རི་བོ་གངས་ཅན་གྱི་ཕྱོགས་སུ་སོང་ཟེར་བ་ནི་ཧིནྡཱུ་བ་རྣམས་ལ་ཡོངས་གྲགས་ཤིག་མིན་ལ། “གཡུལ་བརྟན”དེར་སོང་ཞེས་པ་ནི་ཁོང་ཅག་ལ་ཡོངས་སུ་གྲགས་པས། ཡོངས་གྲགས་དེ་བཞག་ནས། ཡོངས་གྲགས་མིན་པ་ཞིག་ལྐུགས་པ་ཨུ་ཚུགས་ཀྱིས་ཅིའི་ཕྱིར་ཁས་ལེན།

  25. སྒོམ་སྡེ་ལྷ་རམས་པ། says:
    2010-05-07 at 10:36 am

    ངས་གོང་དུ་བོད་ཀྱི་ལོ་ཙཱ་ཚོས་ཐུག་པ་དགུ་ཐུག་བསྐོལ་འདུག་ཟེར་ཡ་དེ་རྒྱུ་མཚན་ཅིག་དེ་རེད།

  26. སྒོམ་སྡེ་ལྷ་རམས་པ། says:
    2010-05-07 at 10:37 am

    ནོར་བཅོས།
    “བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས”ཞེས་བཅོས་རོགས།

  27. མེ་ཏོག་དཀར་པོ། says:
    2010-05-07 at 11:03 am

    དགུ་ཐུག་སྐོལ་རུང་མ་སྐོལ་རུང་གཉའ་ཁྲི་རྒྱ་གར་བ་ཡིན་མིན་རྩོད་གཞི་མ་རེད། ཉིད་ཀྱིས་སྐད་གསང་མཐོན་པོར་སྒྲོགས་པའི་དམ་བཅའ་ནི་གཉའ་ཁྲི་དང་གཡུལ་བརྟན་དོན་གཅིག་མིང་གྲངས་ཡིན་ནོ་ཟེས་པ་དེ་རེད། དེས་ན་ངས་གོང་ན་བཤད་པ་ལྟར་རྒྱ་གར་བ་ཞིག་བོད་རྗེར་གྱུར། གཡུལ་བརྟན་བོད་དུ་བརྟོལ། གཉའ་ཁྲི་རྒྱ་གར་བ་ཡིན་པ་བཅས་གསུམ་པོ་རེ་རེ་ནས་བདེན་དུ་ཆུག་ཀྱང་། ཉིད་ཀྱི་བསྒྲུབ་བྱ་ལ་ཕན་ཐོགས་སྐར་མ་ལྔ་མེད་པ་དཔེར་ན། བུམ་པ་ཡིན་ཏེ། ཤེས་བྱ་ཡིན་པའི་ཕྱིར། མི་རྟག་པ་ཡིན་པའི་ཕྱིར། དངོས་པོ་ཡིན་པའི་ཕྱིར་ཞེས་གསུངས་པ་ལྟ་བུ་རེད།

  28. མེ་ཏོག་དཀར་པོ། says:
    2010-05-07 at 11:06 am

    དེ་བཞིན་བོད་མིས་ཁྲག་དང་རྔུལ་ཆུས་འགྲོ་སོང་བཏང་ཞིང་། རྣམ་དཔྱོད་ཀྱི་རྣོ་ཁ་ངོམ་ནས་བརྩིགས་པའི་ཡུམ་བུ་བླ་སྒང་རྒྱ་གར་བ་ཞིག་གིས་བཟོས་སོ་ཞེས་སྐད་གསང་མཐོན་པོས་མ་བསྒྲོགས་མཛོད།

  29. ཀརྨ་རྡོ་རྗེ་ says:
    2010-05-07 at 12:06 pm

    སྒོམ་སྡེ་ལགས། གཉའ་ཁྲི་བོད་ཀྱི་རྒྱལ་པོ་ཐོག་མ་ཡིན་མིན་མི་ཤེས་ཀྱང་། དེ་ཡིན་པའི་དབང་དུ་བྱས་ནས། ཡུམ་བུ་བླ་གླང་རྒྱལ་པོའི་མཁར་གྱི་ཐོག་མ་རེད་ཟེར་བ་མ་གཏོགས་བོད་ཀྱི་ཁང་པ་ཐོག་མ་དེ་རེད་ཟེར་བ་མ་རེད་དོ། ཁྱེད་རང་གི་ལུང་དྲངས་པ་དེ་ཚོ་ང་ཚོས་ལོ་བཅུ་ཕྲག་འགའ་ཤས་སྔོན་ལ་བཀླགས་ཟིན་པ་རྐྱང་རྐྱང་རེད།
    ད་དུང་སྙིང་རྗེ་རྒྱ་གར་བ་མི་ཧྲང་ཧྲང་ཅིག་ལ་བོད་པས། བོད་ཀྱི་ཁང་པ་ཆེན་པོ་དེ་འདྲ་བརྒྱབས་བཅུགས་པ་རེད་ཟེ་མ་ལབ། རྒྱ་གར་བ་ཚོས་ང་ཚོ་བཙན་བྱོལ་བོད་མི་བོད་ལ་སྤྱུགས་ཡོང་། ཕྱེད་ཀ་རྩེད་མོ་ཡིན།

  30. མདའ་ཚན་པ། says:
    2010-05-07 at 1:14 pm

    ལོ་རྒྱུས་ཀྱི་ལུང་ཚིག་རྙིང་པ་འགའ་ཤས་ཤིག་སྐྱར་ཟློས་ཡང་ཟློས་བྱས་བསྡད་ན་ཡིད་སུན། འདི་དག་སྔོན་གྱི་དུས་སུ་ལོ་རྒྱུས་ཀྱི་གྲངས་སུ་བགྲང་འོས་ཀྱང་ད་ལྟ་ནི་དེ་ལྟ་མ་ཡིན་ནོ།
    གཉའ་ཁྲི་བཙན་པོའི་འབྱུང་ཁུངས་ལ་བཤད་ཚུལ་མང་པོ་ཞིག་ཡོད་པའི་ནང་ནས། ཅུང་ཟད་ཁ་གསལ་ཞིང་ཞིབ་ཚགས་པ། ཡིད་ཆེས་རྙེད་ཐུབ་པ་ནི་སྤོ་བོ་ནས་ཡོང་ཚུལ་བཤད་པ་དེ་རེད
    དེའི་ཁུངས་གཙོ་བོ་ནི། དུས་རབས་བཅུ་གཉིས་པའི་ནང་བརྩམས་པའི་ ་་མཁས་པ་ལྡེའི་ཆོས་འབྱུང་།་་ དང་ ་་ཡུམ་བུ་བླ་སྒང་གི་དཀར་ཆག་་ སོགས་ཡིན་པ་དང་། ད་ལྟའི་ལོ་རྒྱུས་སྨྲ་བ། ཆབ་སྤེལ། ཐུབ་བསྟན་ཕུན་ཚོགས། རྒྱལ་མོ་འབྲུག་པ་སོགས་ཀྱང་འདི་ཉིད་གཙུགས་སུ་འཛིན།
    དེ་ལ། ཕ་ཡུལ། ཕ་མིང་། སྤུན་མཆེད་ཀྱི་གྲངས། མི་ཡི་རང་བཞིན། ཇི་ལྟར་མཐར་སྐྲོད་བྱས་པ། མཐར་སྐྲོད་བྱེད་མཁན། ས་ཆ་གང་དང་གང་བརྒྱུད་ནས་ཡོང་བ། (གཤེགས་རབས་ཉེར་བདུན) གསལ་བོར་བཀོད་ཡོད་པ་རེད།

    རྒྱ་གར་ནས་ཡོང་བར་བརྗོད་པ་དེར། ནང་ཁུལ་དུའང་མི་མཐུན་པ་མང་དུ་འདུག་ལ། ས་ཆ་གང་ནས་ཡོང་བ་དང་། དུས་ཚོད་ནམ་ཡོང་བ་སོགས་ཞིབ་ཏུ་བཤད་རྒྱུ་མེད་པ་རེད། རྒྱ་གར་ནས་ཡོང་པ་ཡིན་ནའང། མི་གཅིག་ཁེར་རྐྱང་དུ་ཡོང་མི་སྲིད་པར་དཔུང་ཚོགས་ཤིག་དང་མཉམ་ཡོང་མེད་ན་རྒྱལ་ཁྲིར་འདུག་ཐུབ་རྒྱུ་མིན་པ་རེད། དེ་ལྟར་ཡིན་ན། དཔུང་ཚོགས་དེ་ལ་དེའི་ཆོས་ལུགས། གོམས་སྲོལ། སྐད་ཡིག ཡི་གེ། སྒྱུ་རྩལ་གྱི་རིགས་ངེས་པར་ཡོད་དགོས་པ་མ་ཟད། དེ་དག་གིས་དབང་སྒྱུར་བྱ་ཡུལ་གྱི་ཁྱབ་ཁོངས་ལའང་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་དགོས་པ་རེད། དེར་མ་ཟད། དེའི་རྗེས་ཤུལ་མང་པོ་ཞིག་ད་ལྟ་ཡིན་ནའང་ངོས་འཛིན་རྒྱུ་ཡོད་དགོས་པ་རེད། དེ་འདྲ་ཟུར་ཙམ་ཞིག་ཀྱང་བཤད་རྒྱུ་མི་འདུག

    ས་ཆའི་ཆ་ནས་བཤད་ན། ཐོག་མར་ལྷ་རི་གྱང་མཐོར་སླེབས་པ་དང་། དེ་ནས་ཡར་ལུང་དུ་བྱོན་པ་གཉིས་ཕལ་ཆེར་བཤད་ཚུལ་མི་མཐུན་པ་ཁག་ཁ་མཐུན་པ་འདྲ། ཁུངས་སྤོ་བོ་ཡིན་པར་བཤད་མཁན་ཚོར་གཉའ་ཁྲིའི་བྱོན་རིམ་བཤད་རྒྱུ་ཡོད་པ་དང་། རྒྱ་གར་ལ་ཁུངས་གཏུག་མཁན་ཚོར་དེ་མེད་པ་རེད།
    ཁྱེད་ཀྱིས་གཉའ་ཁྲིའི་ཁུངས་གཡུལ་བརྟན་ལ་བཅོལ་རྒྱུ་ཡིན་ན། མ་མཐའ་ཡང་གཡུལ་བརྟན་གྱི་སྡོད་གནས་རྒྱ་གར་གྱི་ས་ཆ་ག་པ་ཞིག་ཡིན་པ་དང་། དུས་ཚོད་ནམ་ཞིག་ཡིན་པ། དེ་ནས་ས་ཆ་དང་དུས་ཚོད་སོགས་ཀྱི་ཐོག་ནས་ཡུལ་ཡར་ལུང་དང་གཉའ་ཁྲིར་གཏུགས་མ་ཐུབ་ན་དེ་ནི་ཁུངས་མེད་རེད། ལུང་སྐམ་སྤར་མོ་གང་བྱིས་པས་རྩེད་རྡོ་བསྒྲིགས་བསྒྲིགས་བྱས་པ་ཙམ་ལས་མི་འདུག་ན། མང་དུ་སྨྲས་ན་དགོས་པ་ཆུང་བས་ཁ་བཙུམ་ནས་སྡོད་གི་ཡིན།

  31. སྒོམ་སྡེ་ལྷ་རམས་པ། says:
    2010-05-07 at 2:33 pm

    མདའ་ཚན་པ་ལགས། 

    གཉའ་ཁྲི་བོད་རིགས་ཡིན་པར་འདོད་པ་ལ། གནོད་བྱེད་མང་པོ་དགོས་མི་འདུག གནོད་བྱེད་གཅིག་གིས་ཏག་ཏག་བཟོ་ཐུབ་ཀྱི་འདུག དེ་ནི། མཛུབ་མོ་གནམ་ལ་ཀེར་བ་དེ་རེད། དེ་འཐད་ལྡན་དུ་ཁས་ལེན་ནམ་མི་ལེན། སྡིག་པ་མིག་བཙུམས་བྱས་ཏེ་ཁས་མི་ལེན་ཟེར་ན་ནི་དེར་ཟད། གལ་ཏེ་དེ་ཁས་བླངས་ཕྱིན་ཆད་གཉའ་ཁྲི་བཙན་པོ་བོད་རིགས་ཡིན་པར་བསྐལ་བའི་བར་དུའང་བསྒྲུབ་མི་ནུས་སོ། །
    ཁས་བླངས་པའི་དབང་དུ་བཏང་ན། མཛུབ་མོ་གནམ་ལ་ཀེར་བ་དེ་ལ་འགྲེལ་བཤད་ཅིག་དགོས་རེད། ཡང་ན་སྐད་བརྡ་མ་འཕྲོད་པ་ཡིན་ཞེས་སྨྲ་དགོས། ཡང་ན་གནམ་ནས་འོངས་པའི་བརྡ་ཡིན་ཞེས་བཤད་དགོས། དེ་གཉིས་ལས་གཞན་ཕུང་གསུམ་པ་ཞིག་འོང་ས་མེད་དོ། །

  32. ཆོས་འཁོར་ཚང་། says:
    2010-05-07 at 2:33 pm

    སྒོམ་སྡེ་ལགས། གཉའ་ཁྲི་རྒྱ་གར་པའི་མི་མིན་པར་འདོད་པ་ལ་ལུང་གི་གནོད་བྱེད་དུ་སྲོང་བཙན་རྒྱ་གར་པའི་མི་ཡིན་ཞེས་འཇམ་དཔལ་རྩ་རྒྱུད་ཀྱི་ལུངས་དྲངས་པ་དེའི་འཐད་ལ་གཤམ་གྱི་དྲ་བྱང་ནང་དུ་ཡོད་པའི་བདག་གི་རྩོམ་དེར་ཐེངས་ཤིག་གཟིགས་རོགས།
    http://www.rgbm123.com/forum/233/
    རྩོམ་དེའི་ནང་བོད་ཀྱི་རྒྱལ་པོ་དང་འབྲེལ་བའི་དཔྱད་པ་འདི་འདྲ་ཞིག་ཀྱང་ཡོད།
    “༼འཛམ་དཔལ་རྩ་རྒྱུད་༽ཀྱི་མ་ཕྱི་དངོས་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་རྒྱ་དཔེ་དེ་ཉིད་ཀྱི་ཞལ་བྱང་ན། ༼ཨཱརྱམྙཇུཤྲཱི་འམུལཀལྤཿ༽ཞེས་སུ་མཆིས་ཤིང༌། དེ་ཡི་ལེའུ་ང་གསུམ་པ་རྒྱལ་པོ་ལུང་བསྟན་པའི་ལེའུ་དང༌། ལེའུ་ང་བཞི་པ་ཉེས་དམིགས་ཀྱི་ནུས་པ་བསྟན་པའི་ལེའུ་གཉིས་བོད་བསྒྱུར་མའི་ནང་ལེའུའི་བཅད་མཚམས་གང་ཡང་མེད་པར་གཅིག་ཏུ་སྦྲེལ་ཏེ་ལེའུ་མཐའ་མ་སོ་དྲུག་པར་བཞུགས་ཕྱིར། རྒྱ་དཔེ་འདི་ཉིད་བོད་བསྒྱུར་མ་དང་བསྡུར་ཚེ་རྒྱས་བསྡུས་དང་ལེའུའི་གྲངས་ཀྱང་མང་བར་གནས་ཡོད།”
    ཡང་ད་དུང་མུ་མཐུད་ནས།
    “༼འཇམ་དཔལ་རྩ་རྒྱུད་༽ཀྱི་རྒྱ་དཔེ་རང་ན་གངས་ཅན་རི་ཡི་རྒྱལ་པོ་རྣམས་ལུང་སྟོན་པའི་སྐབས། “ནེཔཱལམནྜལེ་ཁྱཱཏེ།” །ཞེས། “བལ་ཡུལ་ཅེས་ནི་བྱ་བ་ཡི།” །བྱུང་བ་དང༌། “ནེཔཱལཱདྷིཔཏིསྟདཱ།” །ཞེས། “དེ་ཚེ་བལ་ཡུལ་བདག་པོ་ནི།” །ཞེས་བྱ་བ་སྟེ་བལ་ཡུལ་གྱི་མིང་”ནེ་པཱལ་”ཞེས་པ་སྔ་ཕྱི་གཉིས་དངོས་སུ་གསལ་བཞིན་དུ་འགོས་ལོ་ཙཱ་པས་རྒྱལ་པོ་དེ་རྣམས་བོད་ཀྱི་རྒྱལ་པོ་ཡིན་པར་འདོད་པ་དེ་རྣམས་མཐའ་གཅིག་ཏུ་མི་འཐད་སྟེ། ༼ཨཱརྱམྙཇུཤྲཱི་འམུལཀལྤཿ༽རང་ན། “ནེཔཱལམྜལེ་ཁྱཱཏེ། །ཧིམཱདྲེཿཀུཀྵིམཤྲཱི་ཏེ།” །ཞེས་གསལ་བ་ཡང༌། “བལ་ཡུལ་ཅེས་ནི་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པར།” །ཞེས་ཚིག་དོན་གཉིས་ཀའི་ཆ་ནས་བལ་ཡུལ་ནི་གངས་ཅན་རི་ཡི་ནང་དུ་ཡོད་པ་དང༌། སྐབས་འདིའི་གངས་ཅན་རི་ནི་བལ་ཡུལ་ལ་འཇུག་པར་ཤིན་ཏུ་གསལ་བར་གསུངས་པས་སོ། །”
    ཡང་ད་དུང་།
    “ད་དུང་རྒྱས་བཤད་མི་དགོས་པའི་གནད་ཅིག་སྟེ། རྒྱལ་པོ་དེ་རྣམས་ཀྱི་མིང་རྣམས་རིམ་པར་བསྒྲིགས་པའི་མཇུག་སྡུད་དུ། ༼ཨཱརྱམྙཇུཤྲཱི་འམུལཀལྤཿ༽ལས། “ཤསྟྲསཾཔཱཏབིདྷྭསྟཱ། །ནེཔཱལཱདྷིཔཏིསྟདཱ།” །ཞེས། “དེ་ཚེ་བལ་ཡུལ་བདག་པོ་ནི། །མཚོན་གྱིས་འཐབ་པས་རྣམ་པར་འཇིག” །ཅེས་གངས་ཅན་རི་ཡི་རྒྱལ་པོ་དེ་རྣམས་བལ་ཡུལ་གྱི་བདག་པོ་ཡིན་ཞིང༌། དེ་དག་གི་རྒྱལ་རྒྱུད་མཐའ་མའང་མཚོན་གྱིས་འཇིག་པར་འགྱུར་བར་དངོས་སུ་གསུངས་པ་ལྟར་ལོ་ཙཱ་པ་ཤཱཀྱ་བློ་གྲོས་ཀྱིས་ཀྱང་དོན་ཡང་དག་ཏུ་བསྒྱུར་ཡོད། འོན་ཀྱང༌། འགོས་ལོ་ཙཱ་པས་རྒྱལ་པོ་དེ་རྣམས་བོད་ཀྱི་རྒྱལ་པོ་ཡིན་པར་གསུངས་པའི་མོད་ལ་དཀྱུས་ལས་བྱུང་བའི་མཇུག་སྡུད་ཀྱི་ལུང་འདི་ཉིད་རྩ་ནས་མི་འདྲེན་པར་བསམ་བཞིན་དུ་དོར་ཡོད་པ་ལ་བལྟས་ན། མཇུག་སྡུད་ཀྱི་ལུང་ཚིག་དེ་ནི་གོང་ཞུས་ཀུན་གྱི་ཕག་ན་འགྲེང་བའི་གནས་ལུགས་ངོ་སྤྲོད་བྱེད་པའི་རྡོ་རིང་ཞིག་ཡིན་པར་ཁོ་བོས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་པར་སྤོབས།”
    ནང་དོན་འདི་འདྲ་ཞིག་ཡིན། འོན་ཀྱང་འདིར་མཆན་རྣམས་དོར་ཡོད་པས། དཔྱད་རྩོམ་དངོས་སུ་གཟིགས་ཚེ་མཆན་གྲངས་དང་བཅས་པ་གསལ་ཡོད།
    དེ་ལྟར་ན་སྲོང་བཙན་ཡང་རྒྱ་གར་གྱི་མི་ཡིན་མིན་ཡང་དཔྱད་བྱར་སྣང་། ཁོ་བོས་རྩོམ་འདི་འབྲི་སྐབས་ལེགས་སྦྱར་སྐད་དུ་ཡོད་པའི་འཇམ་དཔལ་རྩ་རྒྱུད་ཀྱང་བཀླགས་པ་ཡིན་པས། དེ་ནའང་ཡོད་ཚད་གསལ་པོ་འདུག རྩོམ་འདི་བྲིས་ཚར་རྗེས་གཞི་ནས་རྒྱལ་པོ་འདི་རྣམས་བལ་ཡུལ་གྱི་རྒྱལ་པོའི་མཚན་ཡིན་པའི་སྐོར་གཞན་ཞིག་སྟེ། བལ་ཡུལ་ན་ཡོད་པའི་རྡོ་རིང་ནའང་ཡོད་པར་ཤེས་པའང་ད་ལམ་འདིར་ཞུ་རྒྱུ་ཡིན།

  33. སྒོམ་སྡེ་ལྷ་རམས་པ། says:
    2010-05-07 at 2:35 pm

    ཁྱེད་ཀྱིས་༼མི་གཅིག་ཁེར་རྐྱང་དུ་ཡོང་བ་མི་སྲིད༽གསུངས་པ་དེ་བདེན་པ་མ་རེད། སྐྱ་སེང་བུ་ལྔའི་སྤུན་གཞན་རྣམས་གྲོངས་ནས་“གཡུལ་བརྟན”གཅིག་པུ་རི་བོ་གངས་ཅན་གྱི་ཕྱོགས་སུ་སོང་ཞེས་ཁོང་ཅག་གི་ལོ་རྒྱུས་ནང་འཁོད་ཡོད། དེ་ལ་བཟོ་བཅོས་བྱ་རྒྱུ་མེད།

    “སྐྱ་སེང་བུ་ལྔ”གནས་ཡུལ་གྱི་མིང་ནི་ཀུ་རུཀྵེ་ཏྲ་Kurukshetraཟེར་བ་དེང་སང་ Haryana ཟེར་བ་དེ་ལ་ངོས་འཛིན་བྱེད་ཀྱི་འདུག དེང་སང་ཡང་ས་བཀྲའི་ནང་ཀུ་རུཀྵེ་ཏྲ་Kurukshetraགསལ་གྱི་འདུག Haryanaནི་Delhiརྒྱལ་ས་ལྡི་ལི་ཡོད་སའི་མངའ་སྡེ་དེ་རེད་ལགས།

  34. སྒོམ་སྡེ་ལྷ་རམས་པ། says:
    2010-05-07 at 2:47 pm

    ཀརྨ་རྡོ་རྗེ་ལགས།
    མཆན་༡༥ཁྱེད་ཀྱིས་༼དགག་པ་ཅུང་ཟད་སྤྲོས་ན། སྐྱ་སེང་བུ་ལྔའི་གཡུལ་བརྟན་རྒྱ་གར་རྒྱལ་སྲིད་སྐྱོ་ནས་རི་བོ་གངས་ཅན་གྱི་ཕྱོགས་སུ་བོད་ཀྱི་རྒྱལ་སྲིད་བཟུང་བ་འདིས་ནང་འགལ་དང་པོ་དེ་རེད།༽ཅེས་གསུངས་པ་དེ་དྲི་བ་ཡག་པོ་ཞིག་འདུག དྲི་བ་དེ་ངའི་རྩོམ་ཡིག་འདི་འགོད་སྤེལ་མ་བྱས་གོང་། ངའི་ཆུང་མས་ང་ལ་གནོད་བྱེད་དེ་རང་བཏང་བྱུང་། དེ་ལ་ལན་རྒྱག་ཁག་ཙམ་བྱུང་། ངས་ཁོ་མོར་དེ་དྲི་བ་ཡག་པོ་ཞིག་འདུག་ཅེས་བསྔགས་བརྗོད་ཀྱང་བྱས་པ་ཡིན།
    ཁྱེད་ཀྱི་དྲི་བ་དེར་གནད་ལ་ཁེལ་བའམ་རྡོ་རུས་ཐུག་པའི་ལན་རྣལ་མ་ཞིག་འབུལ་མ་ཐུབ་རུང་། འོན་ཀྱན་ལན་འདི་འདྲ་ཞིག་དྲན་བྱུང་། ཡུལ་དང་མི་དང་དུས་སོགས་མི་མཚུངས་པས་གཡུལ་བརྟན་སེམས་ལ་འགྱུར་བཅོས་སོང་བ་ནི་སྲིད་པ་རེད་ཅེས་ཞུ་བ་ལས་གཞན་རིགས་པ་གང་ཡང་ད་ལྟ་མ་དྲན།

  35. ཆོས་འཁོར་ཚང་། says:
    2010-05-07 at 2:50 pm

    ཡང་ཞུ་རྒྱུ་ཞིག་ལ། བོན་ལུགས་ལྟར་ན། མཁར་གྱི་ཐོག་མ་ཡུམ་བུ་ལྷ་མཁར་ཡིན་མོད་ཀྱང་། བོད་དུ་ཁང་པའི་ཐོག་མར་བྱུང་བའང་དེ་ཡིན་པར་མི་འདོད། ཅི་སྟེ། བོན་གཞུང་རྣམས་སུ་གྲོང་གི་ཐོག་མ་འཕྱིང་བ་སྟག་རྩེ་དང་། མཁར་གྱི་ཐོག་མ་ཡུམ་བུ་ལྷ་མཁར་ཞེས་ཡང་ཡང་གསལ་གྱིན་ཡོད། དེ་ཡང་མཁར་གྱི་ཐོག་མར་ཟེར་དོན་ཡང་བོད་སྤྱི་ལ་མངའ་མཛད་པའི་རྒྱལ་པོ་ཐོག་མ་དེའི་མཁར་དུ་གྲགས་པ་ལ་དེ་ལྟར་འབོད་པ་ཙམ་ལས་ཁང་པའི་ཐོག་མར་འདོད་པ་ཞིག་དེ་བས་མིན། སྤྱིར་གཉའ་ཁྲིའི་གོང་དུ་མངའ་མཛད་དང་རྒྱལ་ཕྲན་སོགས་བྱུང་བའང་མཁྱེན་དགོས། ད་དུང་ཚན་རིག་ལྟར་ན་ཉིང་ཁྲི་དང་ཁ་རུབ་སོགས་སུ་མི་ལོ་ཁྲི་ཕྲག་གི་གོང་ནས་ཡིན་པའི་རྩིག་རྨང་གི་ཤུལ་ལྔ་ཙམ་རྙེད་ཡོད་པའི་སྐོར་གོང་དུ་བཀོད་པའི་དྲ་བྱང་དེར་གཟིགས་རོགས།

  36. སྒོམ་སྡེ་ལྷ་རམས་པ། says:
    2010-05-07 at 2:53 pm

    མཆན་བུ་༡༦པར།

    ཁྱེད་ཀྱིས་༼གཉའ་ཁྲི་བཙན་པོ་ནི་སྐྱ་སེང་བུ་ལྔའི་“གཡུལ་བརྟན”ཞེས་པ་དེ་ཡིན་ནོ༽ཟེར་མཁན་གྱི་སྒོམ་སྡེ་ལགས། ་་་་་དེས་ན་མིའི་འགྲོ་བའི་ཐོག་ མ་ནི། སྐྱ་སེང་བུ་ལྔའི་དམག་དུས་ནས་བྲོས་པའི་མི་རྒྱུད་དེ་དག་ཡིན་པ་གསལ་པོ་འདུག་པ་ དང་། ་་་་ཟེར་མཁན་གྱི་སྒོམ་སྡེ་གཉིས་ལས་གཅིག་ནི། ར་བཟི་ནས་བྲིས་པ་འདྲ། མི་རྒྱུད་ཐོག་མ་བྱུང་བ་དང་། དེའི་རྒྱལ་རྒྱུད་ཐོག་མ་གཉིས་དུས་མཉམ་ནི། མཁས་བླུན་སུས་ཀྱང་འདོད་དུ་མི་རུང་ངོ་།༽ཞེས་གསུངས་པ་ནི། ཁས་ལེན་མེད་པའི་དགག་པ་ཟེར་བ་དེ་རེད། ཁོ་བོས་ནི་གཉའ་ཁྲི་བཙན་པོ་རྒྱ་གར་གྱི་རིགས་རྒྱུད་ཡིན་པར་སྨྲབ་ལས། བོད་རིགས་རྒྱ་གར་ནས་མཆེད་པ་ནི་གང་དུ་སྨྲ་མྱོང་མེད་དོ། །
    དེས་ན་ཁྱེད་ཀྱི་དགུ་ཐུག་དེ། དགུ་ཐུག་སྐོལ་མཁན་གྱི་བོད་ཀྱི་ལོ་རྒྱུས་སྨྲ་བ་བུ་སྟོན་རིན་པོ་ཆེ་སོགས་ལ་འབུལ་རོགས། ང་ནམ་རྒྱུན་ནས་དགུ་ཐུག་ལ་དགའ་པོ་མེད་ལགས། ཧ་ཧ་ཧ། ཕྱེད་ཀ་ཀུ་རེ་ཡིན་ད།

  37. སྒོམ་སྡེ་ལྷ་རམས་པ། says:
    2010-05-07 at 3:16 pm

    ངེད་ཀྱི་ཆུང་མས་ང་ལ་དྲི་བ་རྣོན་པོ་ཞིག་བཏང་བྱུང་། གལ་ཏེ་ཡུམ་བུ་བླ་སྒང་དེ་རྒྱ་གར་གྱིས་བཞེངས་པ་ཡིན་ན། རྒྱ་གར་གྱི་ཁང་པའི་བཟོ་རིག་དང་མཐུན་དགོས་པ་ལས། དེ་དང་མཐུན་གྱི་མི་འདུག་ཅེས་ཐལ་བ་འཕངས་བྱུང་། དེ་ལ་ལན་འདེབས་བྱ་རྒྱུ་ཞེ་དྲག་ཁག་པོ་འདུག ངེད་ནས་དེ་རིམ་གྱིས་འགྱུར་བཅོས་སོང་བ་ཡིན་སྲིད་ཅེས་ལན་འདེབས་བྱ་དགོས་བྱུང་།

  38. སྒོམ་སྡེ་ལྷ་རམས་པ། says:
    2010-05-07 at 3:19 pm

    གོང་དུ་དྲ་གྲོགས་མང་པོ་ཞིག་གིས་དྲི་བ་ཧ་ཅང་ལེགས་པོ་མང་པོ་ཞིག་གནང་འདུག་ཀྱང་། དུས་ཚོད་དང་ལེ་ལོས་དབང་གིས་ཐམས་ཅད་ལ་རེ་རེ་བཞིན་ལན་འབུལ་ཁོམ་མ་བྱུང་བར། དགོངས་འགལ་མེད་པར་ཞུ།

  39. ཀརྨ་རྡོ་རྗེ་ says:
    2010-05-07 at 3:24 pm

    མཆན་བུ་ ༦པ་འདི་སུས་བྲིས་པ་རེད། རང་གི་བཟའ་ཟླ་ཤེས་རབ་ཅན་ལ་འདི་ཡང་འདྲི་རོགས་གནང་།

    ༦ སྒོམ་སྡེ་ལྷ་རམས་པ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༦ གི་ཆུ་ཚོད་ ༢༡ སྐར་མ་ ༤༢

    ཐོག་མར་བོད་ཀྱི་ ལོ་རྒྱུས་སྨྲ་བ་ཚོའི་བཞེད་པ་མི་འདྲ་བ་རྣམས་ཁྱེད་རྣམས་ལ་སྤྱན་འབུལ་ཞུ་གི་ ཡིན།
    ༼བོད་མི་རིགས་མཆེད་ཁུངས་ ལ་འདོད་ཚུལ་མི་འདྲ་བ༽

    བོད་མི་རིགས་ཀྱི་མཆེད་ ཁུངས་ལ་རྒྱལ་རབས་དང་ཆོས་འབྱུང་རྣམས་སུ་འདོད་ཚུལ་མི་འདྲ་བའི་ཁྱད་པར་རྣམས་ གཤམ་དུ་གཟིགས།

    ༡༽ ༼ལྷ་ལས་ཕུལ་བྱུང་གི་བསྟོད་པའི་རྒྱ་ཆེར་འགྲེལ་པ་རྒྱ་གར་གྱི་སློབ་དཔོན་ཤེས་ རབ་གོ་ཆའི༽མཛད་པ་ལས། སྲིད་སྒྲུབ་ཀྱི་ཁ་ལོ་བ་རང་ཉིད་ཀྱིས་བྱས་ཏེ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    དེ་དག་དངོས་འབྲེལ་ཡིན་ན། སྤྲེའུའི་རིགས་མ་བྱུང་གོང་བོད་ནང་མིའི་འགྲོ་བ་ཡོད་པ་ངོས་འཛིན་བྱེད་ཐུབ་པས། ༼དེས་ན་མིའི་འགྲོ་བའི་ཐོག་མ་ནི། སྐྱ་སེང་བུ་ལྔའི་དམག་དུས་ནས་བྲོས་པའི་མི་རྒྱུད་དེ་དག་ཡིན་པ་གསལ་པོ་འདུག་པ་ དང༽་། ཡང་། གྷི་རི་སིའི་རྒྱལ་སྲས་སྤི་ཀྲར་ནས་བོད་མི་ཕོ་མོ་ལྔ་སྟོང་ཐམ་པའི་གཟུགས་པོ། མགོ་མིག སྐྲ་སོ། ཤ་མདོག་སོགས་ལ་ཚན་རིག་ལས་ཐབས་ཐོག་བརྟག་དཔྱད་བྱས་པའི་དེབ་(Anthropological Researches from the 3rd. Danish Expedition to Central Asia)ནང་། བོད་ཆོལ་ཁ་གསུམ་གྱི་མི་རིགས་སྤྱིར་བཏང་ལ་སྔར་སྔ་མོའི་ཤར་དཀྱིལ་སོག་པོའི་མི་ རིགས་ཀྱི་འདྲེས་ལྷད་ཅུང་ཟད་ཡོད་ཚུལ་ཡང་གསལ་འདུག ཅེས་གསུངས།

    དགུ་ཐུག་རིན་ཐང་མེད་པ་འདི་ད་ག་རེ་བྱེད་དགོས་རེད།

  40. ཀརྨ་རྡོ་རྗེ་ says:
    2010-05-07 at 3:53 pm

    སྒོམ་སྡེ་ལགས།
    ཡང་། སྔར་འདས་ལོའི་སྐབས་ལ་། མཆན་བུ་ ༧༦ ནང་ལ།

    ་་་་་རྒྱུ་མཚན་ནི། སྲོང་བཙན་དགུང་གྲངས་༣༤བཞུགས་ཤིང་། དེ་ལྟར་ན། ༦༡༧+༣༤=༦༥༡ ཏག་ཏན་བབས་ཀྱི་རེད།
    དེས་ན་སྲོང་བཙན་སྒམ་པོའི་ འཁྲུངས་འདས་ལོ་ཚིགས་ནི་(༦༡༧-༦༥༡)འདི་རང་ལ་ཡིད་རྟོན་བྱ་རིགས་སོ། །

    ཁྱེད་ཀྱི་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་ནང་ལ། སྲོང་བཙན་དགུང་ལོ་ ༨༠ ལྷག་གསུངས་མི་འདུག་པས། ཁྱེད་ལ་སྲོང་བཙན་ ༣༠ ལྷག་ཙམ་མ་གཏོགས་བཞུགས་མེད་པ་ཤོད་ཡ་ཐོབ་ཐང་ཡོད་མ་རེད། ད་ནས་བཟུང་དེ་ལྟར་གསུང་འདོད་ཡོད་ན། ང་ཚོ་རིགས་པ་སྨྲ་བ་ཚོར་བཀའ་ཁྲོལ་ཞུ་དགོས། ཡང་འདི་ཡང་ཕྱེད་ཀ་རྩེད་མོ་ཡིན།

  41. སྟག་སྨྱོན། says:
    2010-05-07 at 4:07 pm

    བོད་ཀྱི་རྒྱལ་བོ་གཉའ་ཁྲི་བཙན་པོ་རྒྱ་གར་ནས་ཡོང་བ་རེད་ཟེར་མཁན་དང་བོད་རང་ནས་བྱོན་པ་རེད་ཟེར་མཁན་རེད་ཟེར་མཁན་བཅས་ལོ་རྒྱུས་བཤད་ཚུལ་མི་མཐུན་པ་ཡོད་པ་རེད་ཟེར་རྒྱུ་ལས། ད་ནི་མཐའ་གཅིག་རྒྱ་བོད་གང་ནས་ཡིན་མཐའ་གཅིག་ཏུ་ཐག་ཆོད་པའི་དུས་ཚོད་ཡོལ་ཚར་བ་རེད། འདི་གནའ་ཡང་རྩད་པ་རེད། ད་དུང་ཡང་རྩོད་བཞིན་པ་རེད། འདི་གནའ་ཡང་ཐག་མ་ཆོད། ད་ཡང་ཐག་མི་ཆོད། མ་འོངས་པར་ཐག་ཆོད་པར་མི་འགྱུར་བ་ངས་ཁས་ལེན་ཆོག བྱ་མོ་དང་པོ་བྱུང་དང་སྒོང་ང་དང་པོ་བྱུང་གསལ་བོ་ཐག་མ་ཆོད་བར་དུ་རྒྱལ་བོ་འདི་བྱུང་ཚུལ་ཡང་ཐག་མི་ཆོད། འོན་ཀྱང་སྐད་ཆ་བཤད་རྒྱུའི་ལས་འགན་ཁུར་ཡོད་མཁན་གྱི་རྩོམ་པ་ཚོར་རྫོགས་རྒྱུ་མེད་པའི་བཤད་རྒྱུ་ཡག་པོ་ཞིག་ཡིན་པ་རེད།

  42. མེ་ཏོག་དཀར་པོ། says:
    2010-05-07 at 4:39 pm

    སྒོམ་སྡེ་ལགས། རྩ་བའི་བརྗོད་བྱ་གཡུལ་ངོ་བརྟན་པ་དང་གཉའ་ཁྲི་དོན་གཅིག་ཡིན་ཡིན་པ་རེད། དེའི་རྒྱབ་སྐྱོར་གྱི་ལུང་སྙིང་ཚིམས་པ་ཞིག་ད་བར་སྟོན་འོངས་རྒྱུ་མིན་འདུག དེ་ལས་འཕྲོས་ནས་སྐད་ཆ་མི་བཤད།

  43. སྒོམ་སྡེ་ལྷ་རམས་པ། says:
    2010-05-07 at 6:07 pm

    གོང་དུ་ཆོས་འཁོར་ཚང་ནས།
    འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དོན་ལས་འཕྲོས་པའི་མཆན་བུ་དང་རྩོམ་ཡིག་ཡག་པོ་ཞིག་འདུག་སྙམ། རྗེས་སོར་ཞིབ་ཚགས་བྱས་ཏེ་ཅིག་ཀློག་ངེས་ཡིན།

  44. མདའ་ཚན་པ། says:
    2010-05-07 at 8:31 pm

    གནམ་ལ་མཛུབ་མོ་ཀེར་ཟེར་བ་དེ་བཤད་ཚུལ་གཅིག་རེད།
    གཞན་པ་ཞིག་ནི། གང་ནས་འོངས་དྲིས་པས། ་་ང་སྤུ་བོའི་ཡུལ་གྱི་མི་གཅིག་ཡིནཟེར་བ་དང་། ད་བོད་ལ་འགྲོ། འོ་ན་ཁྱོད་ལ་ནུས་པ་ཅི་ཡོད་དྲིས་པས། ང་ནུས་མཐུ་དང་རྫུ་འཕྲུལ་ཆེ་དྲགས་པས་ཡུལ་མི་རྣམས་ཀྱིས་བཤུགས་པ་ཡིན་་་ ཟེར་བ་ལྟ་བུ་རེད།
    བོད་ཀྱི་ཡིག་རྙིང་མང་པོ་ཞིག་ཞལ་མཐུན་པར་བོད་ཡུལ་ནས་བྱུང་བར་བཤད།
    ༡ ཏུན་ཧོང་ཡིག་རྙིང་།
    ༢ ཀོང་པོ་དེ་མོ་ཁུལ་དུ་ཡོད་པའི་བྲག་བརྐོས་ཡི་གེ།
    ༣ དབོན་ཞང་འདུམ་པའི་བཀའ་གཙིགས་རྡོ་རིང་།
    ༤ ལྡེའུ་ཆོས་འབྱུང་།
    ༥ ཡམ་བུ་བླ་སྒང་གི་དཀར་ཆག་འབྲིང་པོ།
    ༦ ད་ལྟའི་ལོ་རྒྱུས་སྨྲ་བ་གོང་དུ་བཀོད་པ་དེ་ལ་སོགས་པའོ།
    ནང་ཆོས་བོད་དུ་དར་བ་ནས། ལུང་དུམ་རེ་ལ་གཞི་བཅོལ་ཏེ་བོད་ཀྱི་རྒྱལ་པོའི་ཁུངས་ཀྱང་རྒྱ་གར་འཕགས་པའི་ཡུལ་ལ་བཅོལ་ཐབས་དང་། ལྷག་པར་དུ་ཤཀྱའི་རྒྱུད་ལ་གཏུགས་ཐབས་ལྷུར་བླངས་ནས། ལོ་རྒྱུས་ཀྱི་གདོང་རིས་ངོ་མ་ལ་རྩིས་གཡོགས་པ་གསལ།

  45. གཞིས་ལུས་བོད་པ། says:
    2010-05-07 at 9:05 pm

    གོང་གི་ཆོས་འཁོར་ཚང་ཟེར་བའི་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དོན་དེ་སྔ་མོ་ནས་དགེ་འདུན་ཆོས་འཕེལ་གྱིས་བཤད་ཡོད་པ་ཞིག་རེད། གསར་བ་ཞིག་ཅི་ཡང་མ་རེད།

  46. མགོ་རུལ། says:
    2010-05-07 at 10:42 pm

    ས་བབས་ཀྱི་དབང་དུ་བྱས་ན་རྒྱ་གར་ནས་མི་ཞིག་ཧི་མ་ལ་ཡའི་རི་རྒྱུད་ལ་གྱེན་དུ་འཛེགས་ནས་བོད་དུ་ཡོང་དུས་སྐད་བརྡ་མ་འཕྲོད་པར་མཛུབ་མོ་གནམ་དུ་ཀེར་བར་བརྗོད་པ་ལ་བོད་མི་དག་གིས་ལྷ་ལས་བབས་སོ་ཞེས་རྒྱལ་པོར་བསྐོས་ལུགས་འདི་འདྲའི་ཟོག་རྫུན་ལ་ཡིད་ཆེས་བྱེད་པ་ལས། བློན་པོ་བཀའི་ཐང་ཡིག་ལས།
    སྤུ་ཡུལ་མོ་བཙུན་གུང་རྒྱལ་ལ། །
    ཐེའུ་བྲང་སྤུན་དགུ་སྐྱེས་པ་ལས། །
    ཆུང་དག་ཨུ་པེ་ར་ནས་འཆད་པའོ། །
    ཁུར་དུ་གཉེར་ལྕི་ལས་སུ་སྨྲ་དཀའ་འོ།།
    ཁྲི་རྒྱལ་བ་དང་དྲི་མུ་ཏྲི་བཙན་སྲས། །
    གཉའ་ཁྲི་བཙན་པོ་ཟླ་བ་ཉ་ལ་སྐྱེས། །
    ཉ་ཁྲི་བཙན་པོ་ཞེས་ཀྱང་བྱ། །
    ཞེས་དང་།
    རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ལས།
    ཡུལ་སྤུ་བོའི་ཡུལ་ནས་སྤུའི་མི་མོ་མོ་བཙུན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་མ་སྙ་ཨུ་པེ་ར་བྱ་བ། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཕྱག་སོར་དྲ་བས་འབྲེལ་བ། ཤིན་ཏུ་གདུག་རྩུབ་དང་ནུས་མཐུ་ཆེ་བ་གཅིག་བྱུང་བས། འདི་ཐུ་དྲགས་བཤུག་དགོས་ཟེར་ནས། སྤུ་བོའི་ཡུལ་གྱི་བན་བོན་ནུས་མཐུ་ཅན་རྣམས་ཀྱིས་ཐེ་བྲང་སྐྱས་འདེབས་བྱས་ནས་བོད་དུ་བཤུགས་པ་ལ། དེར་བོད་ཀྱིས་མི་རྗེ་འཚོལ་བ་དང་འཕྲད་ནས་ཁྱོད་ཅི་འདྲ་ཞིག་ཡིན་བྱས་པས། ང་སྤུ་བོའི་ཡུལ་གྱི་མི་གཅིག་ཡིན་ཟེར་བས། འོ་ན་ཕྱག་སོར་དང་ལྕེ་ངོ་མཚར་ཆེ་བ་གཅིག་འདུག་པ། ཁྱོད་ལ་ནུས་མཐུ་འདྲ་བ་ཅི་ཡོད་བྱས་པས། ཁོ་ན་རེ་ནུས་མཐུ་དང་རྫུ་འཕྲུལ་ཆེ་དྲགས་ནས་བཤུགས་པ་ཡིན་ཟེར། འོ་ངེད་ཀྱི་རྗེ་བཅོལ་ལོ་བྱས་ནས། གཉའ་བའི་ཁྲི་ལ་བླངས་ནས། འདི་རྗེ་གཉའ་ཁྲི་བཙན་པོ་ཡིན་བྱས་ནས་རྗེ་བཅོལ་བའི་ལོ་རྒྱུས་གདའ་སྟེ། དེ་ནི་རྗེའི་རྔན་ནམ་མཚང་ལགས་སོ།།ཞེས་པ་འདི་ཙམ་ལ་ཡང་ཡིད་ཆེས་བྱེད་རིན་གང་འཚམ་འདུག་སྙམ། དེ་བཞིན་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་ཡུམ་བུ་བླ་སྒང་གི་དཀར་ཆག་འབྲིང་བོ་བྱ་བར་ཡང་འདི་དང་འདྲ་བ་ཞིག་བྲིས་འདུག་ལ། དཔེ་ཆ་དག་ཏུ་ཁོང་གི་མཚན་ལ་གཉའ་ཁྲི་དང་སྙ་ཁྲི། ཉག་རི་དང་ཉག་ཁྲི། ཉ་ཁྲི་སོགས་འབྲི་ལུགས་མི་འདྲ་བ་འདུག དེ་བཞིན་སྤུ་བོའམ་སྤོ་བོའི་ཡུལ་ནས་བྱུང་བའི་རྒྱལ་པོ་ཡིན་པས་འོ་དེ་སྤུ་རྒྱལ་དང་འོ་ལྡེ་སྤུ་རྒྱལ་ཞེས་ཀྱང་གྲགས་སོ།།

  47. ཁ་ཕྱོགས་མེད says:
    2010-05-07 at 11:39 pm

    སྒོམ་སྡེ་ལགས།
    སྐུ་ཉིད་ཀྱིས་གསུངས་སྟངས་ལ་གཞིགས་ན་རིགས་པ་སྨྲ་བ་ཞིག་ཡིན་ཚོད་འདུག།བོད་རྒྱལ་གཉའ་ཁྲི་བཙན་པོ་རྒྱ་གར་བའི་རིགས་མ་བྱས་ན་ལུང་རིགས་གཉིས་དང་འགལ་འདུག་ཟེར། ལུང་དེའི་དོན་དངོས་ཁྱེད་ཀྱི་བཤད་ལྟར་ཡིན་མིན་ངས་མི་ཤེས་ལ་གླེང་འདོད་ཀྱང་མེད་ཀི། འོན་ཀྱང་རིགས་པ་དང་འགལ་ཟེར་བའི་སྒྲུབ་བྱེད། ༡ མཛུབ་མོ་གནམ་ལ་ཀེར་བ་དེ་བཀོད་འདུག རིགས་པས་དཔྱད་ན་དེའི་ཅི་ཕྱིར་བོད་སྐད་མི་ཤེས་མཁན་ཞིག་ཡིན་པ་དང་རྒྱ་གར་བ་ཞིག་ཡིན་པ་སྟོན། ཁྱེད་ལྟར་ཡིན་པས་དབང་དུ་བཏང་ན་གང་ནས་འོང་སོགས་ཀྱི་སྐད་བརྡ་ཙམ་ཡང་མི་འཕྲོད་པའི་མི་ཞིག་གིས་ཇི་ལྟར་རྒྱལ་བོ་མཛད། རྒྱ་ཆེ་བའི་བྱ་བཞག་ཕར་ཞོག་ཟ་སྐད་འཐུང་སྐད་ཙམ་ཡང་མི་ཤེས་མཁན་ཞིག་བོད་པ་རྣམས་ཀྱིས་རྗེ་བོར་བཀུར་ཟེར་བ་དེ་དོན་དུ་ང་ཚོའི་མི་རབས་གོང་མ་དག་ལ་མཐོང་ཆུང་དང་དམའ་འབེབས་ཚ་དྲགས་པ་རེད།
    ཡང་ཅིག་བཤད་ན་མཛུབ་མོ་གནམ་ལ་ཀེར་བ་དེས་བོན་པོ་རྣམས་ཀྱིས་གནམ་རྩ་ཆེར་འཛིན་གྱི་ཡོད་པས་གཉའ་ཁྲི་དེ་ཡང་བོན་ཆོས་སྨྲ་བའི་བོད་པ་ངོ་མ་ཞིག་ཡིན་པ་བསྟན། ཁོང་གཉའ་བར་གཏེགས་མཁན་སོགས་ཀྱང་བོན་པོའི་མི་མཁས་པ་བཅུ་གཉིས་ཡིན་པ་རྒྱལ་རབས་ལོ་རྒྱུས་སོགས་གསལ་བས་ཅི་ཕྱིར་ཁུངས་བཅོལ་མི་འོས།
    ༢ སྐུ་ཉིད་རིགས་པ་གཞན་ཞིག་ནི་ཕོ་བྲང་ཐོག་མ་རྩིག་པ་དེ་རེད། དེ་བོད་དུ་རྒྱལ་བོའི་ཕོ་བྲང་གི་ཐོག་མ་ཡིན་པ་ལས་ཁང་བའི་ཐོག་མ་ཡིན་ཞེས་གང་དུ་ཡང་བཤད་མེད་ལ།
    དེ་ཡང་རྒྱལ་བོ་རང་ཉིད་ནས་འགོ་བརྩམས་ཏེ་རྡོ་བརྩིགས་བྱེད་དགོས་པའི་བསམ་བློ་གུ་དོགས་དེ་ལས་ཅུང་རིང་བར་བྱས་ནས་བརྩིགས་བཟོ་བ་སོགས་ས་ཆ་གང་ནས་ཀྱང་གཏན་དྲངས་པ་དང་ཡོང་ཆོག་པ་ཞིག་རེད་ལོ།
    ༣་སྐུ་ཉིད་ཀྱིས་བཀོད་པའི་སྒྲུབ་བྱེད་གསུམ་པ་དེ་ངས་རིགས་པ་ལ་ངོས་འཛིན་བྱེད་ཐུབ་མ་སོང་ལགས།
    ད་དུང་ཞུས་རྒྱུ་ཞིག་ལ་བོད་དུ་སྤྱི་ལ་དབང་བའི་རྒྱལ་བོ་ཞིག་དགོས་པའི་དུས་སུ་སླེབས་ཡོད་པ་བོད་མི་རྣམས་ཀྱིས་ངོས་འཛིན་བྱེད་ཐུབ་ཤེས་རིག་རྒྱས་པའི་སྐབས་སུ་བརྡ་ཙམ་ཡང་མི་འཕྲོད་པ་ཞིག་བསྐོས་པ་ཡོང་གི་རེད་དམ་དྲི་བ་ཡིིན། གནས་སྐབས་ཀྱི་འཚར་ཚོད་ཙམ་ཞུས་པ་ཡིན།

  48. ཁ་ཕྱོགས་མེད says:
    2010-05-08 at 12:48 am

    གཡུལ་བརྟན་གཡུལ་ནས་མ་རྒྱལ་བར།།
    ལ་དགུ་ལུང་དགུ་བྲོས་པའི་མཐར།།
    མཛུབ་མོ་གནམ་ལ་ཀེར་བ་ཡིས།།
    བོད་རྒྱལ་དང་བོར་དབང་བསྐུར་ཅེས།།
    ལྷ་རམས་པ་ཡིས་སྤོབས་པའི་སྨྲ།།
    དེ་ཡང་མ་བརྟག་མ་དཔྱད་པར།།
    ལུང་དང་ལོ་རྒྱུས་ཐ་ཐོར་ལ།།
    སྒོམ་སྡེའི་བློ་ཁ་གཏད་དྲགས་པས།།
    འབྲས་བུ་ཡིན་པ་བཤད་མི་དགོས།།
    རིགས་པ་སྨྲ་བ་གང་ཞིག་གིས།།
    མི་ཡི་བྱུང་འཕེལ་ལོ་རྒྱུས་ལ།།
    ཕྱིར་མིག་བལྟས་པ་ཙམ་གྱིས་ནི།།
    དེ་དག་ཐམས་ཅན་འཐོར་བར་འགྱུར།།

  49. མགོ་རུལ། says:
    2010-05-08 at 2:26 am

    ངས་མནའ་སྐྱེལ་ཐུབ། ལྷ་རམས་པ་འདི་རྒན་རྒོན་ཆགས་ནས་གང་བཤད་ལ་ངེས་པ་མེད་པ་ཞིག་ཆགས་འདུག

  50. ཟླ་བ་གཞོན་ནུ། says:
    2010-05-08 at 2:32 am

    སྒོམ་སྡེ་ལགས། སྐད་ཆ་ཁ་ཤས་དྲང་མོར་ཞུ་འདོད་བྱུང་།
    कौरव་ལ་ཀཽརཝ་ཞེས་འབྲི། ཁྱེད་ཀྱི་ཀའི་འོག་གི་འ་དེས་ཅི་ཞིག་མཚོན་པ་རེད། पाण्डव་ལ་པཱཎྜཝ་ཞེས་འབྲི། ཚེག་དེ་དག་གིས་ཅི་ཞིག་བྱེད་དམ། སྒོམ་སྡེ་ལགས། ཅི་ཁྱེད་བོད་ཡིག་འབྲི་གནང་གིན་ཡོད་དམ།
    दुर्योधन་ལ་དུརྱོདྷན་ཞེས་པར་ཡང་ཁྱེད་ཀྱིས་གོང་ལྟར་འ་མི་དགོས་སར་འ་ཞིག་བཞག་ནས་ནོར་འཁྲུལ་ཤོར་འདུག
    अर्जुन་ལ་ཨརྫུ་ཞེས་བྲིས་ཡོད་པ་ནོར། ཨརྫུན་ཞེས་འབྲི་གནང་རོགས།
    नकुलའམ་ནཀུལ་ཞེས་པ་སེམས་དཔའ་ཆེན་པོ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བར་རིགས་མེད་ཅེས་བསྒྱུར་ཡོད་རེད། ན་དགག་ཚིག་དང་། ཀུལ་ཞེས་པ་རིགས་ཀྱི་དོན་ཡིན་པ་ཁྱེད་ཀྱིས་ཀྱང་མཁྱེན་མདོག་ཁ་པོ་རེད། དེ་ཡང་མཁྱེན་པར་མཛོད།
    དང་མ་ངས་ཁྱེད་ཀྱིས་ལེགས་སྦྱར་མཁྱེན་གྱི་ཡོད་པ་རེད་འདོད་ཡོད། ཉིན་ཞིག་ལ་ཁྱེད་ཀྱི་ཁ་ནས་ལེགས་སྦྱར་མི་ཤེས་ཞེས་པ་གོ་མྱོང་མྱོང་ཞིག་འདུག་པས་དེ་བདེན་པ་འདྲ།

    དྲང་སྲོང་རྒྱས་པས་བརྩམས་པའི་མཧྰབྷཱརཏ་ཞེས་པ་དེ་དངོས་སྒྲུང་ཡིན་ནམ་རྟོགས་བཟོ་ཡིན་མིན་ཡང་ཅུང་དཔྱད་དགོས་པ་ཞིག་ཡོད་པས། དེ་ལ་ཡིད་བརྟན་བྱེད་པ་ནི་རེ་བ་འཇའ་ཚོན་ལ་བཅོལ་ཏེ་ལྷའི་ཁང་བཟང་བསྐྲུན་འདོད་པ་མ་ཡིན་ནམ།
    སྔོན་བོད་ཀྱི་མཁས་པ་དག་གིས་བོད་མིའི་མགོ་ཁུངས་འདི་ལྟ་བུ་ལ་བཅོལ་བ་ནི་ལྷ་ལས་ཕུལ་བྱུང་སོགས་ལ་གཟིགས་ནས་དེ་ལྟར་དགོངས་པ་རེད་འདོད།
    ད་དུང་རྒྱ་གར་གྱི་འབངས་མི་རྣམས་གངྒཱ་སོགས་ལ་སྡིག་སྒྲིབ་དག་པར་འདོད་པའི་ཡིད་ཆེས་ཁྱད་མཚར་རེ་ཡོད་པ་དེའང་སྒྲུང་འདི་དག་ལ་བརྟེན་ནས་མགོ་རྨོངས་པར་བདག་
    འདོད་དོ༎ རིག་བྱེད་སྒྲུང་འདི་དག་ཚད་ཐུབ་ཡིན་མིན་ཁྱེད་ཀྱི་ཐུགས་ལའང་གསལ་ངེས་ཡིན།

    དྲང་སྲོང་རྒྱས་པ་མི་ཅི་འདྲ་ཞིག་ཡིན་པ་ཁྱེད་ཀྱིས་ཁྱད་པར་འཕགས་བསྟོད་ཀྱི་ཤོ་ལོ་ཀ་སུམ་ཅུ་ནས་མགོ་བཙུགས་ཏེ་གཟིགས་གནང་དང་གསལ་བོར་མཁྱེན་ཡོང་ངེས་ཡིན།

    དུས་ད་ལྟའང་ཀཤཱིའམ་གསལ་ལྡན་གྲོང་འདིར་བཞུགས་པའི་དྲང་སྲོང་འགས་བོད་དང་འབྲས་ལྗོངས་དང་བལ་ཡུལ་སོགས་ནི་འདས་པའི་དུས་སུ་རྒྱ་གར་གྱི་མངའ་ཁོངས་བསྙོན་མེད་ཡིན་པའི་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱིན་འདུག་པ་དངོས་སུ་གོ་རྒྱུ་བྱུང་ན་ཁྱེད་རང་ལ་དེའི་སྐོར་ནས་གསལ་བཤད་འདྲ་གནང་རྒྱུ་ཡོད་དམ།

  51. མེ་ཏོག་དཀར་པོ། says:
    2010-05-08 at 3:33 am

    བོད་དུ་བརྟོོལ་ཕྱིར་གཡུལ་བརྟན་བོད་རྗེར་གྱུར། །
    མཛུབ་མོ་ཀེར་ཕྱིར་བོད་སྐད་མ་ཤེས་ལོ། །
    བོད་སྐད་མ་ཤེས་ཕྱིར་ན་རྒྱ་གར་བ། །
    འདི་གསུམ་ལྷ་རམས་མཁྱེན་པའི་རྩལ་ལས་འཁྲུངས། །

  52. ཆོས་འཁོར་ཚང་། says:
    2010-05-08 at 6:07 am

    གཞིས་ལུས་བོད་པ་ལགས། ཁྱེད་ཀྱིས་གསུངས་པ་བདེན་པ་རེད། དྲ་བྱང་འདིར་གཟིགས་རོགས།
    http://www.rgbm123.com/forum/233/
    འདིར་རྩོམ་དུམ་ཙམ་ཞིག་བཀོད་པ་ཡིན་པས། བདག་གི་རྩོམ་ལུས་དངོས་ན་དགེ་ཆོས་ཀྱིས་གང་གསུངས་པ་རྣམས་ཀྱང་མཆན་གྲངས་བཀོད་ནས་གསལ་འགྲེལ་བྱས་ཡོད། དེ་ལ་རང་ངོས་ནས་དཔྱད་པ་རྣམས་ཀྱང་གསར་འདོན་ཞུས་ཡོད།

  53. སྒོམ་སྡེ་ལྷ་རམས་པ། says:
    2010-05-08 at 5:16 pm

    ཟླ་བ་གཞོན་ནུ་ལགས།


    ༼དེ་ཕོ་མེད་སར་བོང་བུས་ནམ་ཚོད༽ཀྱི་དཔེ་ལས། ངས་ནི་ལེགས་སྦྱར་མི་ཤེས་ཞེས་ལན་བརྒྱར་ཞུས་ཡོད། ལེགས་སྦྱར་སྦྱངས་མྱོང་མེད་པ་ཞིག་གིས་འདི་ཙམ་ཞིག་གླེང་རྒྱུ་བྱུང་བ་ཡང་ཨའུ་ཙི་མ་རེད་བས། དེང་སློབ་གྲྭ་ལ་ཕེབས་མྱོང་རྣམས་ལ་ཡང་གསུང་འབྱོན་ཡ་ཞེ་དྲག་མི་འདུག་ད། ཕྱེད་ཀ་ཀུ་རེ་ཡིན།
    ལན༽
    ༡༽ ཨརྫུ་ན། དེ་ནི་འབྲི་བའི་ཆད་འདུག ངའི་མ་དཔེར་ཨརྫུ་ན་ཞེས་ཡོད།
    ༢༽ पाण्डव་ལ་པཱཎྜཝ་ཞེས་ཚེག་བྲིས་པ་ནི་ལེགས་སྦྱར་ལ་མེད་ཀྱང་། བོད་ཀྱིས་ལོ་ཙཱ་བ་རྣམས་ཀྱིས་དེ་ལྟར་བྲིས་ཤིང་། དེ་འབྲི་ཀློག་བདེ་བའི་ཕྱིར་བོད་པས་གསར་གཏོད་ལྟ་བུ་ཞིག་རེད། དེའི་རྗེས་སུ་འབྲངས་པ་ཡིན།
    ༣༽ दुर्योधन་ལ་“དུརྱཱོདྷན”ལ་འ་ཡིག་གི་སྨད་འདོགས་མི་འདུག་གསུངས་པ་ནི། གློག་ཀླད་ཀྱི་ཁྱད་པར་བྱུང་བ་འདྲ། ཀུ་ཤུའི་རྟགས་ཅན་གྱི་གློག་ཀླད་ཡིན་ན་མཐོང་གི་འདུག པི་སི་ལ་གསལ་གྱི་མེད་པ་འདྲ།
    ༤༽ नकुल“ནཀུལ”ལ་རིགས་མེད་དང་ནེའུ་ལེ་ཞེས་བསྒྱུར་བ་ནི་ཐད་འགྱུར་དང་དོན་འགྱུར་གྱི་ཁྱད་པར་ཙམ་ལས། གཉིས་ཀ་འཐད་པ་ཡིན། རྒྱུ་མཚན་ནི། ན་ཀུ་ལ་ནི། ནེའུ་ལེའི་མིང་དུ་ཡོངས་སུ་གྲགས་ཤིང་། གནའ་དེང་ཚིག་མཛོད་རྣམས་སུའང་ཤིན་ཏུ་གསལ་པོ་ཡོད་རེད་ལགས། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་དང་། Apteཚིག་མཛོད་རྣམས་སུའང་དེ་རང་འདུག

    གལ་ཏེ་ངས་ནོར་ཡོད་ན་“ཀཱཽརཝ”ལ་འ་ཡིག་གི་སྨད་འདོགས་བཏགས་པ་དེ་རེད། འོན་ཀྱང་ངོས་ནས་འ་ཡིག་བཏགས་པའི་རྒྱུ་མཚན་ནི་ कौरव ལ་ཨ་ཡིག་མཚོན་པའི་ཤད་“ा”ཅིག་འདུག་པ་དེ་ལ་བསམས་ནས་འ་ཡིག་བཏགས་པ་ཡིན། དེ་དེ་ལྟར་ཡིན་མིན་གསལ་བཤད་གནང་རོགས།

    “མཧཱ་བྷ་ར་ཏ”ཡང་“མཧཱ་བྷཱ་ར་ཏ”ཞེས་བཅོས་རོགས། སྨད་འདོགས་ཀྱི་འ་ཡིག་ཅིག་ཆད་འདུག

    མཧཱ་བྷཱརཏའི་གཏམ་རྒྱུད་འདི་ནི་རྒྱ་གར་བ་རྣམས་ལ་ས་གྲགས་རྡོ་གྲགས་ཀྱི་ལོ་རྒྱུས་ཤིག་དང་། ས་ཆ་སོགས་ཀྱི་དཔང་རྟགས་ཀྱང་མང་པོ་སྟོན་ཡ་ཡོད་སྐད་འདུག འོན་ཀྱང་གཏམ་རྒྱུད་འདི་རྫུན་པ་ཡིན་པའི་ཕྱོགས་ལ་ནི་སྒྲུབ་བྱེད་ཉུང་ཉུང་རེད་བསམ་གྱི་འདུག ཧ་ལམ་ང་ཡིད་ཆེས་ཀྱི་མི་འདུག་ཟེར་བ་དེ་ཙམ་མོ། །དེ་འདྲ་ཟེར་མཁན་རེ་ཟུང་ཡོད་རེད། དེ་ཚོ་ཕྱི་རྒྱལ་མགོ་སེར་བ་དེ་ཚོ་རེད། ཁོ་ཚོ་ཡུལ་དེར་ས་སྐྱེས་རྡོ་སྐྱེས་ཚོ་ལས་ཀྱང་རྒྱུས་ཡོད་ཆེ་བའི་ལྟ་བུའི་མངོན་པའི་ང་རྒྱལ་ཧ་ཅང་ཆེ་དྲགས་པ་དང་། ཧམ་པ་ཆེས་པའི་སྐྱོན་རེད་སྙམ།

    ངེད་ནས་བསྒྱུར་མ་ཐུབ་པའི་གཤམ་གྱི་ཚིག་དེ་དག་ཅིག་བསྒྱུར་རོགས་གནང་།

    ༡༽“དྷྀཏ་རཱཥྚྲ”धृतराष्ट्र dhritarāshtra
    ༢༽ “གཱཾ་དྷཱ་རཱི” गांधारी, Gāndhārī 
༣༽ “ཀུཾ་ཏཱི” कुंती, Kunti
    ༤༽ “དུཿཤཱ་སན”दुःशासन; Duḥśāsana
    ༥༽ ཚེ་དང་ལྡན་པ། “ཨ་ཡུས་མཱ་ན”རེད་དམ། ཚེ་དང་ལྡན་པའི་དོན་གང་ཡིན་ནམ།

  54. གཅན་དགྲ་ནག་པོ། says:
    2010-05-08 at 5:47 pm

    དེ་བྱས་དུས་མཁས་བ་ཚང་མ་འཛོམས་ས་ཁ་བརྡ་དྲ་བའི་ཐོག་ལ་རེད་འདུག སང་ཉིན་ནས་འདིར་ཡོང་ནས་ཁྱེད་ཚོའི་མཉམ་དུ་རྩོད་ཀྱིཡིན།

    ཁ་བརྡ་མ་རེད་མཁས་བ་འཛོམས་ས་རེད།
    ཁ་བརྡ་མ་རེད་མཁས་བའི་གདན་ས་རེད།
    ཁ་བརྡ་མ་རེད་མཁས་བའི་རྩོད་གྲ་རེད།

  55. མེ་ཏོག་དཀར་པོ། says:
    2010-05-09 at 2:48 am

    ཁ་བརྡ་རེད་ལ་མཁས་པ་འཛོམ་ས་རེད། །
    ཁ་བརྡ་རེད་ལ་མཁས་པའི་གདན་ས་རེད། །
    ཁ་བརྡ་རེད་ལ་མཁས་པའི་རྩོད་གྲྭའང་རེད། །
    གཅན་དགྲ་ནག་པོ་ཕེབས་དང་དགའ་བསུ་ཡོད། །

  56. ལྷགབསམ་རྒྱ་མཚོ། says:
    2010-05-09 at 4:37 am

    མཁས་དབང་སྒོམ་སྡེ་གསུང་གནང་པ་དེ་ལུང་སྔོན་བྱོན་མཁས་པའི་གསུང་པ་དང་། རིགས་པ་ཚད་མར་གྱུར་བའི་ལོ་རྒྱུས་ལ་གྲགས་པས་འགལ་བ་ཆེར་མེད་སྙམ། ད་ཆར་ཚང་མས་ལོ་རྒྱུས་སྟེང་ནས་བཤད་ན་ང་བདེན་ཁོ་བདེན་རེད། དགེ་ཆོས་ཀྱིས། ཀུན་ལ་རྒྱབ་སྐྱོར་རྡོ་རྗེའི་བཀའ་ལུང་རེ། །ཟེར་བ་ལྟ་བུ་ལགས། འོན་ཀྱང་ལོ་རྒྱུས་གུང་བསྒྲིགས་ནས་དཔྱད་པ་གནང་པ་དེ་མཁས་པའི་རྟགས་རེད། བདེན་རྫུན་ནི་ཞིབ་འཇུག་གི་བརྒྱུད་རིམ་ལས་མཐར་འབྲས་ག་ལ་ཡིན། ད་དུང་ཞིབ་ཆ་བྱེད་སྟངས་གཅིག་ནི་དངོས་པོའི་གཞི་རྡུལ་DNAལ་བརྟགས་དཔྱད་བྱ་རྒྱུ་དེ་རེད། བཙན་པོའི་གདུང་རིགས་གང་ནས་བྱུང་མིན་དེའི་བརྒྱུད་པ་ལ་བརྟགས་དཔྱད་གནང་དགོས། དཔེར་ན། བོད་ཆོས་རྒྱལ་གྱི་གདུང་རིགས་རྩོད་པ་མེད་པ་ཨེ་ལྷ་རྒྱ་རིའི་གདུང་འབྲི་གུང་༧སྐྱབས་མགོན་ཆུང་ཚང་རིན་པོ་ཆེ་དང་། ལ་དྭགས་རྒྱལ་སྲས་༧དགའ་ལྡན་གསེར་ཁྲི། ཀོང་པོ་ཀ་གནམ་སྡེ་བའི་གདུང་༧བདུད་འཇོམས་གདུང་སྲས་འཕྲིན་ལས་ནོར་བུ། ཁམས་དང་ཨ་མདོར་བཞུགས་པའི་སྒོ་ལྷ་རིགས་དཀར་པོའི་དཔོན་བརྒྱུད། ཕྱི་སོག ནང་སོག བོད་སོགས་བཅས་པར་ཡོད་པའི་སོག་རྒྱལ་ཇིང་གིར་ཁཱན་གྱི་བརྒྱུད་པ་། རྒྱ་གར་ན་སྐྱ་བསང་བུ་ལྔའི་རྒྱུད་པར་འདོད་པར་ཡོད་དོ་ཅོག་ཐམས་ཅད་ལ་བརྟགས་དཔྱད་ཅིག་བྱེད་ཐུབ་ན་བདེན་རྫུན་ཀྱི་དབྱེ་བ་འབྱེད་ཐུབ་འོང་ལས་ཆེ། རྨོངས་གཏམ་ལ་མི་ཁྲེལ་བར་ཞུ།

  57. མེ་ཏོག་དཀར་པོ། says:
    2010-05-09 at 11:45 am

    ལྷག་བསམ་རྒྱ་མཚོའི་ལྷག་བསམ་རྒྱ་མཚོ་ལྟར། །
    ལྷོག་ལྷོག་ཁོལ་ནས་ལྷག་ལྷག་ཕྱུར་བ་དེ། །
    ལྷམ་ལྷམ་སེམས་ལ་ལྷང་ལྷང་ཕན་སོང་བས། །
    ལྷུག་ལྷུག་ངག་གིས་ལྷབ་ལྷབ་བསྟོད་ན་འདོད། །

  58. བྱམས་རྒྱལ་ says:
    2010-05-09 at 4:59 pm

    མཁས་པ་ཚང་མ་འདིར་འཛོམས་ཀྱི་འདུག་གོ་།

  59. གཞོན་ནུ་ཟླ་མེད། says:
    2010-05-10 at 6:21 pm

    རྩོམ་ཡིག་དང་མཆན་ཚང་མ་དབུགས་ཐེངས་གཅིག་གིས་ཀློག་ཚར་བ་ཡིན། ད་ལོ་རྒྱུས་སྨྲ་བ་དེ་ཚོ་ངོ་ནས་ཡག་པོ་རེད། བཞེད་ཚུལ་མི་མཐུན་པ་མང་པོ་བཀོད་འདུག ད་དུང་བཞེད་ཚུལ་མི་མཐུན་པ་ཞིག་ནམ་མཁའི་ནོར་བུའི་དེབ་གྱི་གསུངས་ཚུལ་དེ་བཀོད་མེད་པ་འདྲ་ཟིག་མཐོང་སོང་། ཡིན་ན་ཡང་ངས་ཡག་པོ་ཞིག་དྲན་གི་མི་འདུག སྔོན་མ་ཟིག་ཀ་རྡ་སའི་དཔེ་མཛོད་ནས་དེབ་དེ་ཐེངས་གཅིག་ཀློག་མྱོང་མོད། ད་འདིར་དེབ་དེ་མེད་གི།

  60. སྤོབས་པ་མཐའ་ཡས། says:
    2010-05-10 at 7:28 pm

    ལྷ་རྒྱ་རི་ཟེར་བ་འདི་ཚང་བོད་ཆོས་རྒྱལ་གྱི་གདུང་རྒྱུད་ཡིན་ཟེར་བ་དེར་རྒྱུ་མཚན་ཡང་དག་ཅིག་མེད་པ་འདྲ། འདི་ཚང་རྒྱལ་བ་ལྔ་པའི་དུས་སུ་སྤྲུལ་སྐུ་ངོས་འཛིན་པ་ནང་བཞིན་བྱས་པ་ཞིག་ཡིན་པ་འདྲ། རྒྱལ་བ་ལྔ་པ་དང་གཉེན་འབྲེལ་ཡོད་ས་ཞིག་ཡིན་པས་དེ་ག་ཙམ་དུ་ཆེ་བསྟོད་ལྟ་བུ་བྱས་པ་ཞིག་ཡིན་ནམ། འདི་ཚང་ལ་རྒྱལ་བ་ལྔ་པ་ཡན་གྱི་ལོ་རྒྱུས་ཡོད་པ་སུས་ཤེས་ན་གསུངས་རོགས།
    བོད་བཙན་པོའི་གདུང་རྒྱུད་མ་འཁྲུལ་བ་དེ་ལ་དྭགས་རྒྱལ་པོ་ཚང་ཡིན་ངེས་རེད། འདི་ཚང་གི་ཁྱིམ་རྒྱུད་དེ་ཏག་ཏག་སྟོད་ཀྱི་མགོན་གསུམ་ལ་གཏུག་ཐུབ་ཀྱིན་འདུག ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བོད་བཙན་པོའི་གདུང་རབས་སོགས་ལས་ཀྱང་ཏག་ཏག་གཏུག་འདུག

  61. སྒོམ་སྡེ་ལྷ་རམས་པ། says:
    2010-05-10 at 9:18 pm

    “པུར”ལེགས་སྦྱར་ཡིན་པ་མི་བདེན་ནོ་སྙམ་ན། སྡེ་པ་གཞུང་ཞེས་པ་དང་། སྡེ་པ་གཙང་པ་ཟེར་སོགས་ཀྱི་”སྡེ་པ”དེ་ལེགས་སྦྱར་ཟུར་ཆག་པ་ཡིན་ནམ་མིན། མིན་ན། དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོ་༡༥ལས། སྡེ་པ་བྱ་བ་ཡང་ཕྱིས་ཀྱི་ཐ་སྙད་ཡིན་ལ། དེ་ཡང་རྒྱ་གར་བ་རྣམས་རྒྱལ་པོ་ལ་དེ་ཝ་སྟེ་ལྷ་ཞེས་འབོད་པ་དེ་ཟུར་ཆག་ནས། ཁ་ཆེ་བ་རྣམས་ཀྱི་སྐད་ལ་བདེ་ཝང་དུ་འབོད་པའི་ཐ་སྙད་དེ་ག་ཐོག་མར་མངའ་རིས་ཆོས་རྒྱལ་ལ་ཆོ་ལོར་སྦྱར་ཞིང་། ཕྱིས་རིན་སྤུངས་སྣེའུ་གདོང་གཙང་པ་སོགས་ལ་ཡང་སྦྱར་རོ། །ཞེས་གསལ་བར་གསུངས་འདུག་པས་སོ། །

  62. སྒོམ་སྡེ་ལྷ་རམས་པ། says:
    2010-05-10 at 9:27 pm

    གལ་ཏེ་སྡེ་པ་ལེགས་ར་ཡིན་སྲིད་ན། པུར་ལེགས་སྦྱར་ཡིན་མི་སྲིད་པའི་སྒྲུབ་བྱེད་ཅི་ཡང་མེད་དོ། །

  63. སྒོམ་སྡེ་ལྷ་རམས་པ། says:
    2010-05-10 at 9:28 pm

    ལེགས་སྦྱར་ཞེས་བཅོས་རོགས།

  64. མགོ་རུལ། says:
    2010-05-11 at 12:30 am

    དེ་ནི་མ་ངེས་ཏེ། ཨ་མདོའི་སྐད་དུ་ཚོ་བ་དང་གྲོང་ཚོ་ལ་སྡེ་བ་ཟེར་ཞིང་། སྡེ་བ་དེའི་སྲིད་གཉེར་ལ་སྡེ་དཔོན་ཟེར། ལྷ་ས་བ་ཚོས་ཀྱང་སྡེ་སྲིད་ཅེས་པའི་ཐ་སྙད་དེ་དེ་ལྟར་བོད་པའི་འབོད་སྲོལ་གཞིར་བཞག་གིས་བཏགས་པར་སེམས་སོ།།

  65. མགོ་རུལ། says:
    2010-05-11 at 12:40 am

    གོང་དུ་བརྗོད་ཟིན། པུར་རྒྱལ་ནི་པུར༷་རམ་རོ་མེད་ལྷ་ཡུལ་ལ་ཟངས་ཐལ་དུ་བགྲོད་ཐུབ་པའི་རྒྱལ༷་པོ་གནམ་གྱི་ཁྲི་བདུན་གྱི་སྤྱི་མིང་ཞིག་ཡིན་ནོ།།

  66. མགོ་རུལ། says:
    2010-05-11 at 12:44 am

    སྡེ་བ་ཕྱེད་དང་བརྒྱད་དུ་གནས། །ཞེས་པ་ལྟ་བུ། དུམ་བུའམ་ཚན་པ་བྱས་ནས་ཡོད་པའི་སྲོག་ཆགས་དང་དངོས་པོ་གཞན་དག་ལ་སྡེ་བ་ཞེས་འབོད་སྲོལ་ཡོད། སྡེ་བ་དེའི་མགོ་དཔོན་ལ་སྡེ་བ་ཟེར་ལ། ཡང་སྤྱི་ཚོགས་ཤིག་གི་མགོ་གཙོར་སྤྱི་བ་ཞེས་ཀྱང་འབོད་སྲོལ་འདུག འདི་ཙམ་ཡང་མི་ཤེས་སམ། དེབ་དཀར་ལ་ཡང་ཞེ་དྲགས་ཁུངས་གཏུག་རྒྱུ་མི་འདུག་སྟེ། དེར་རྒྱའི་ལོ་རྒྱུས་མང་པོ་དྲངས་ནས་བོད་མིའི་མགོ་ཁུངས་རྨ་ཆུའི་འགྲམ་རྒྱུད་ཀྱི་འཇང་རིགས་སམ་ཐ་ན་རྒྱ་རིགས་ལ་ཡང་གཏུགས་གྲབས་བྱས་ཡོད་དོ།།

  67. མགོ་རུལ། says:
    2010-05-11 at 12:49 am

    གཡུལ་ལས་རྒྱལ་བ་ལ་གཡུལ་རྒྱལ་ཟེར་ཆོག་ན་པུར་ལས་རྒྱལ་བ་ལ་པུར་རྒྱལ་ཟེར་ལོས་ཀྱང་ཆོག་གོ། དཔེར་ན་མྱ་ངན་ལས་འདས་པ་ལ་མྱང་འདས་ཟེར་བ་བཞིན་ནོ།།

  68. རྩམ་དགའ། says:
    2010-05-11 at 12:50 am

    བཀུར་འོས་སྒོམ་སྡེ་ལགས་ལ་་་་་ལུང་གི་རྒྱབ་རྩ་ཆུ་ཕྲན་བཞིན་ཟད་དུ་མེད་པ་ཡོད་ན་ཡང་། སོ་སོའི་རིག་པས་ཆེར་མི་དཔྱད་པར་ཡོད་ཚེ་ལུང་ལ་བཅོལ་འགྲོ་བ་ནི་ཡིད་རེ་སྐྱོ། འདི་ནི་ད་བར་དུ་ཉིད་ཀྱི་རྩོམ་ཡིག་ཁག་ལ་བལྟས་པའི་མྱོང་ཚོད་ཙམ་ཡིན།

  69. རྩམ་དགའ། says:
    2010-05-11 at 12:57 am

    བཀུར་འོས་སྒོམ་སྡེ་ལགས་ལ་་་ལུང་གི་རྒྱབ་རྩ་ཆུ་ཕྲན་བཞིན་ཟད་དུ་མེད་པ་ཡོད་ན་ཡང་། སོ་སོའི་རིག་སྟོབས་ཀྱིས་དཔྱད་པའི་བསམ་ཚུལ་བཀོད་པ་ཆེར་མི་སྣང་བ་འདི་ཡིད་འཕང་བའི་གནས་སོ།

  70. སྤོབས་པ་མཐའ་ཡས། says:
    2010-05-11 at 2:06 am

    སྤུ་རྒྱལ་ཟེར་བ་དེ་བོད་ཀྱི་རྒྱལ་པོའི་འབྱུང་ཁུངས་སྤུ་བོ་ནས་ཡིན་པས་རེད།

  71. ཟླ་བ་གཞོན་ནུ། says:
    2010-05-11 at 2:55 am

    སྒོམ་སྡེ་ལགས།
    ལེགས་སྦྱར་སྦྱང་མྱོང་མེད་པ་ཞིག་གིས་འདི་ཙམ་གླེང་རྒྱུ་བྱུང་བ་དངོས་གནས་རྗེས་སུ་ཡི་རང་ཞུ་ཡུལ་རེད།
    འདི་ཙམ་ཤེས་པའང་སྦྱངས་ནས་ཤེས་པ་མ་རེད་དམ། ཨ་ལ་གཤང་བ་བྱས་ཡིན
    །
    དུརྱོདྷན་དང་འོག་གི་ཀཽརཝ་གཉིས་ཀར་འ་ཡིག་སྨད་འདོགས་འདོགས་དགོས་དོན་ཡོད་པ་མ་རེད། བདག་གིས་ཀྱང་ཁྱེད་རང་གིས་རྟགསा་འདི་ལ་གཟིགས་ནས་འཁྲུགས་པ་རེད་འདོད་སོང་། རྟགས་དེ་ोཨོ་དང་ौཨཽའི་རྟགས་ཡིན་པ་ལས་གཞནा་ཨའི་རྟགས་མཚོན་གྱིན་ཡོད་པ་མ་རེད། ोདང་ ौདང་ ा སོགས་རིམ་པ་བཞིན་ཨོ་དང་ཨོཽ། ཨ་བཅས་ཡིན་ལ། ཁྱེད་རང་དེ་ལྟར་འཁྲུགས་དོན་ནི་ཨོ་དང་ཨོཽ་གཉིས་ཀྱི་མཚོན་རྟགས་ोདངौའདི་གཉིས་ཡིན་པ་མ་མཁྱེན་པས་རེད་འདོད།
    ༡༽धृतराष्ट्र དྷྲྀཏརཱཥྚྲ
    ༢༽गांधारी, གཱངྡྷཱརཱི
    ༣༽ कुंतीཀུཾཏཱིའམ་ཡང་ན་ཀུནྟཱི་ཞེས་འབྲི།
    ༤༽ दुःशासनདུཿཤཱསན
    ༥༽अयुष्मान्ཨཡུཥྨཱན྄་ཡིན་པ་ཡོད། ཚེ་དང་ལྡན་པར་གྱུར་ཅིག་ཅེས་པའི་དོན་ནི་ང་རང་གི་གོ་ཚུལ་ལྟར་ན་ཚེ་དང་ལྡན་པའམ་ཚེ་དང་བཅས་པ་སྟེ། ཚེ་རིང་བར་གྱུར་ཅིག་ཅེས་དྲང་སྲོང་ལ་སོགས་པས་རང་གི་སློབ་མ་སོགས་ལ་བྱིན་རླབས་འཇུག་དུས་འདི་ལྟར་འབོད་ཅིང་། དེས་ཚེ་དང་ལྡན་པར་གྱུར་ཅིག་ཅེས་འབོད་པ་དེས་ང་ཚོས་ཚེ་རིང་བར་ཤོག་དང་ཚེ་རིང་ལོ་བརྒྱ་ཞེས་ཁ་གཡང་འབོད་པ་དེ་དང་ཡང་འདྲ་བར་སྣང་།
    ཡང་ན་རྒྱ་ནག་གིས་གོང་མ་སོགས་ལ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཟེར་བ་སོགས་པ་དོན་ལ་འདྲ་བར་བདག་འདོད་དོ༎
    སྐབས་འདིའི་ཨཡུ་ནི་ལོ་ལ་གོ་མོད། ཚེ་རུ་བསྒྱུར་འདུག

    ལྷ་རམས་པ་ལགས།
    ལེགས་སྦྱར་ལ་ཐུགས་སྣང་དེ་ལྟ་བུ་ཡོད་ན། དངོས་སུ་ལེགས་སྦྱར་མཁས་པ་རེ་བསྟེན་ན་མི་བཟང་ངམ།
    དེ་ལྟར་གནང་ན་འདི་ལས་ཀྱང་ཕན་ཐོགས་བླ་ལྷག་ཏུ་འབྱུང་བ་ནི་གདོན་མི་ཟའོ༎
    མཁས་དབང་དགེ་འདུན་ཆོས་འཕེལ་གྱི་༼ལེགས་སྦྱར་མཛོད༽་ཅེས་པ་དེའང་རིན་ཐང་ཅན་ཞིག་རེད་འདུག་ཀྱང་། དེའི་རིན་ཐང་རྟོགས་མཁན་ཡང་ག་ཚོད་ཅིག་ཡོད་དམ། དེ་ཡང་ཡིག་རྙིང་དག་གི་ཁྲོད་ན་རུལ་གྲབས་འདུག
    རྗེས་མ་འདི་དག་ལའང་དོ་སྣང་རེ་བྱ་ཐུབ་ན་འདོད་ཡོད། ང་རང་གིས་ཀྱང་ད་ལྟ་བར་དུ་ལེགས་སྦྱར་དོ་སྣང་བྱེད་ཀྱིན་ཡོད་པ་ལས་ཆེད་སྦྱོང་བྱེད་ཀྱིན་མེད།

    ཉེས་པར་བཤད་པ་ཅི་ཞིག་ཡོད་ཀྱང་སྦ་གསང་མེད་པར་གསུང་རོགས་ཞུ།

  72. སྒོམ་སྡེ་ལྷ་རམས་པ། says:
    2010-05-11 at 4:39 pm

    ཟླ་བ་གཞོན་ནུ་ལགས།
    བློ་སྐྱེད་གནང་བར་བཀའ་དྲིན་ཆེ།
    ཕན་ཐོགས་ཡག་པོ་བྱུང་།

    ནམ་རྒྱུན་ཁོ་བོའི་ལྟ་བར་རྒྱུ་མཚན་ལྡན་པའི་སྒོ་ནས་རང་ལ་སྐྱོན་བརྗོད་བྱེད་མཁན་དེ་ཧ་ཅང་རྩ་བ་ཆེན་པོ་རེད་བསམ་གྱི་ཡོད། སྐྱོན་བརྗོད་མེད་ན་ཡར་རྒྱས་འགྲོ་ཐབས་གཏན་ནས་མེད། དེར་བརྟེན་དངོས་ཡོད་གནས་ཚུལ་ལ་རང་ལ་བསྟོད་པ་བྱེད་མཁན་ལས་ཀྱང་། སྐྱོན་བརྗོད་བྱེད་མཁན་དེ་རྩ་བ་ཆེ་བ་རེད།

    སྤྱིར་བཏང་རང་རེ་བོད་པ་ཚོར་གོམས་གཤིས་ངན་པ་ཅིག་ཡོད་རེད། དེ་ནི་སྐྱོན་བརྗོད་བྱེད་མཁན་ལ་དགྲ་ལྟར་བརྩི་བ་དེ་རེད། སྐྱོན་བརྗོད་བྱེད་མཁན་ལ་གྲི་དང་གདུང་ཁྱེར་ནས་མ་ཡོང་ཙམ་བྱེད་ཀྱི་རེད། དེ་ལྟར་བྱས་ན་ཡར་རྒྱས་ཇི་ལྟར་འགྲོ། དེ་ནི་ཐབས་སྐྱོ་པོ་དང་། རྗེས་ལུས་ཀྱི་བསམ་བློ་ཞིག་རེད། སྐྱོན་བརྗོད་མི་འདོད་མཁན་དེ་ཚོ་ནི། ང་ཚོར་ཡར་རྒྱས་མི་དགོས་ཟེར་བ་དང་གཅིག་མཚུངས་རེད།

    ཡང་རྒྱུ་མཚན་མེད་པའི་སྤྱི་ཚོགས་འཁྲུག་རྐྱེན་ཡོང་བའི་སྐྱོན་བརྗོད་ནི་རང་གཞན་གྱི་སེམས་ཀྱི་ཞི་བདེ་དང་དགེ་རྩའི་བླ་སྲོག་འཕྲོག་པའི་འགོ་ནད་གདུག་པ་ཅན་ཞིག་དང་འདྲ་བས། རིངས་པར་གད་སྣོད་ནང་བསྐྱུར་བར་བྱའོ། །

  73. གཞོན་ནུ་ཟླ་མེད། says:
    2010-05-14 at 7:31 pm

    པུར་རྒྱལ་སྐོར་ལ་ཀུ་རེ་དང་སྦྲག་ནས་བསམ་ཚུལ་ཞིག་འབུལ་འདོད། མ་གཞི་གོང་གསལ་དག་ལས་མགོ་རུལ་གྱི་བཤད་པ་དེ་རྣ་བར་འགྲོ་སེ་འདུག གལ་ཏེ་རྣ་བར་མ་སོང་ཚེ་ཡང་ཁོང་ཁོང་ཁྲོ་ཡང་ཟ་ཡོང་གི་རེད། ཧཧ དེ་ནས་སྤུ་རྒྱལ་ཟེར་བ་འདི་རེད། བོད་མིའི་འབྱུང་ཁུངས་སྤུ་ཅན་སྤྲེའུ་དང་སྦུ་ཅན་བྲག་སྲིན་མོ་རེད། རིམ་གྱིས་སྤུ་ལས་རྒྱལ་བ་སྟེ། མི་རིགས་འདིའི་ལུས་ཐོག་གི་སྤུ་མེད་པར་གྱུར་བས་ན་སྤུ་རྒྱལ་བོད་ཟེར་བ་ལོས་ཡིན། མིང་འདིས་ངོས་ནས་བོད་མི་བྱུང་བའི་ལོ་རྒྱུས་སྟོན་ནུས་གྱི་མིང་ཚིག་ནུས་པ་ཅན་ཞིག་རེད་འདོད།

  74. སེང་བུ་འབྲུག་ཞོན། says:
    2020-12-11 at 3:59 am

    མ་ནི་བཀའ་འབུམ་དང་བཀའ་ཆེམས་བཀའ་འཁོར་མཁས་མ་ལེན་ན། བོད་ཀྱི་ལོ་རྒྱུས་ཁོངས་གཏུགས་ས་མེད་པ་ཆགས་ཉེན་ཆེའོ།

  75. ཀརྡོ་རབ་འབྱམས་པ་ says:
    2020-12-11 at 12:16 pm

    གཉའ་ཁྲི་བཙན་པོ་ནི། བོད་མི་ཉག་གཅིག་ཡིན་པ་ནི། གསལ་དུ་གསལ་དུ་འགྲོ་བཞིན་ཡོད་རེད། དཔེར་ན། གཉའ་ཁྲིའི་ཡབ་དེ། བོད་རྒྱལ་ཕྲན་བཅུ་གཉིས་པའི་གང་རུང་ཞིག་ཡིན་མིན་མི་ཤེས་ཀྱང་། བོད་ཀ་གཡག་དྲུག་གི་ནང་ཚན་དུ་གཏོགས་པ་ནི་སྔར་གྱི་ཡིག་རྙིང་ལས་ཐོན་ཡོད་ཡོད་པ་རེད། དེས་མ་ཟད། གཉས་ཁྲིའི་ཡབ་དང་ཡབ་ཀྱི་ཡབ་སོགས་ཡང་མེས་བཅོ་ལྔ་ཙམ་ཡོད་པ་ཡང་ཐོན་བཞིན་ཡོད་འདུག་གདའ།

  76. ཚེ་དཔག་རིག་འཛིན། says:
    2020-12-11 at 6:32 pm

    ངོ་མ་རང་རེའི་བོད་ཀྱི་ལོ་རྒྱུས་ཀྱི་ལེ་ཚན་འདི་སླར་ཡང་བོད་དྲི་རྩམ་དྲི་རྙིང་དྲི་གསར་དྲི་ཉོག་དྲི་སྣ་ཚོགས་མྱངས་རྒྱུ་འདྲ་བྱུང་བར་དགའ་སོང་། ངས་གདན་ཐོག་གཅིག་ལ་མགོ་ནས་མཇུག་བར་ཆ་ཚང་ཅིག་བཀླགས་པ་ཡིན། དྲི་བ་འཕར་མ་ཞུ་མི་དགོས་ཐོག དང་ཐོག་སྒོམ་སྡེ་ལགས་གཙོས་ཚང་མར་བཀྲིན་ཆེ་ཞུ་བ་དང་། ཞར་བྱུང་དུ་སྙན་སེང་ཞུ་འདོད་པ་ནི། མང་པོས་ལོས་མཁྱེན་གྱི་ཡོད་སྲིད། ད་བར་གཉའ་ཁྲི་བཙན་པོའི་སྐོར་ཞིབ་འཇུག་རྒྱས་ཤོས་ནི་རང་རེའི་བོད་ཀྱི་བུད་མེད་མཁས་པ་གཡང་མོ་ཚོས་བརྩམས་དེབ་་་གཉའ་ཁྲི་བཙན་པོ་ཞིབ་འཇུག ་་་ཅེས་པའི་དེ་འདི་རང་ཡིན་རུང་། འདི་ལ་སུ་ཞིག་གིས་ཀྱང་མཆན་འདེབས་ཕར་བཞག་གཡང་མོ་ཚོ་དང་ཁོང་གི་ཞིབ་འཇུག་ལས་ལུང་འདྲེན་ཙམ་ཡང་མེད་པར་བློ་མ་བདེ། དེབ་དེར་ལེའུ་བརྒྱད། དོན་སྡུད་པའི་གཏམ། ཟུར་བཀོད། སྐྱ་སེང་བུ་ལྔ་དང་དགྲ་ངན་སྤུངས་ཚོགས་བཅུ་གཉིས་ཀྱི་སྒྲུང་རབས། ཐ་མར་ཕུལ་བའི་གཏམ་བཅས་ཤོག་གྲངས་ ༧༨༠ འདུག་པར་བློ་སྐྱེད་ཆེས་མང་པོ་སྤུངས་འདུག དེབ་སྤེལ་ཁུངས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ISBN 987-7-80253-884-9/K.457 རེད་འདུག་ལགས།། 🙏

  77. ཀརྡོ་རབ་འབྱམས་པ་ says:
    2020-12-12 at 1:41 pm

    ་་་་་་་ཡབ་ཁྲི་རྒྱལ་བ་དང་ཡུམ་དྲི་མུ་ཁྲི་བཙན་གྱི་སྲས་སུ་བཞེད། སྟོད་ལྷ་རབས་སམ་ཡོ་ག་ལྷ་གྱེས་ཅན་གྱི་ལུགས་ལ་གོང་དུ་དྲངས་པ་ལྟར་ཡབ་ཁྲི་གར་གྱི་བདུན་ཚིགས་དང༌། ཡུམ་དྲི་རྨུ་དྲེ་བཙན་གྱི་སྲས་སུ་བཞེད་པ་འདི་་་་་་་་་་་
    ་
    https://kirti92.org/index.php/2016-05-18-07-02-49/104-2016-08-27-04-42-28

  78. ཀརྡོ་རབ་འབྱམས་པ་ says:
    2020-12-13 at 7:52 am

    མཧྰ་བྷརཏ། དང་། རམཎཡན་གཉིས་ནི། ཕྱི་རོལ་མུ་སྟེགས་པའི་ལྷ་སྒྲུང་ཀླུ་སྒྲུང་རྒྱལ་རབས་ཆོས་སྲིད་ཚང་མ་བསྲེས་པའི་ཉ་ཉུག་འདྲེས་མ་ཞིག་རེད།
    བོད་རང་གི་དམུ་ཐག་དང་། སྤྲེའུ་བྱང་ཆུབ་སེམས་དཔའ་ཡང་བདེན་ན་ཡང་། ད་ལྟའི་ཚན་རིག་པས་དཔྱད་པར་འོངས་མི་ཐུབ་ཀྱང་།
    གཉའ་ཁྲིའི་འབྱུང་ཁུངས་དང་། བརྒྱལ་ཕྲན་སིལ་མ་བཅུ་གཉིས་དང་། བཞི་བཅུ་སོགས་ལ་དཔྱད་པ་ཇི་ཙམ་ཐུབ་ན་ཡང་། རྙིང་ནུབ་ཤུལ་ལུས་གནའ་རྫས་གསར་ཐོན་གྱིས་གྲོགས་ལ་བརྟེན་ནས། དེང་གི་ཚན་རིག་མཐུན་པར་གཏན་ལ་ཕམ་མི་ཐུབ་མེད་པས། ང་ཚོས་མུ་མཐུད་ནས་དཔྱད་དགོས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme