Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་ཐེ་ཝན་བོད་རིགས་ཚོགས་པས་གོ་སྒྲིག་གནང་བའིི་བོད་ཀྱི་མང་གཙོ་དུས་དྲན་ཐེངས་ ༦༠ པའི་ཐོག་བསྩལ་པའི་གསུང་བཤད།

Posted on 2020-09-13 By ཁ་བརྡ 1 Comment on ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་ཐེ་ཝན་བོད་རིགས་ཚོགས་པས་གོ་སྒྲིག་གནང་བའིི་བོད་ཀྱི་མང་གཙོ་དུས་དྲན་ཐེངས་ ༦༠ པའི་ཐོག་བསྩལ་པའི་གསུང་བཤད།

འོས་སྦྱོར་བ། རེ་མདོ་སེངྒེ།
 
ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༩ ཚེས་ ༦ ཉིན།

༄༅།། རང་གཞུང་སྐུ་ཚབ་དོན་གཅོད་སྐུ་ངོ་མཆོག་དང། དེ་རིང་འདིར་ཕེབས་པའི་སྐུ་མགྲོན་རྣམ་པ། ཐེ་ཝན་བོད་མིའི་ཕན་བདེ་མཐུན་ཚོགས་ཀྱི་ཚོགས་མི་དང་འབྲེལ་ཡོད་ལས་བྱེད་རྣམ་པ། སེར་སྐྱ་མི་མང་དང་བཅས་པར་ཐོག་དང་པོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་འདིར་ཕེབས་པའི་སྐུ་མགྲོན་རྣམ་པ་འགའ་ཤས་མ་གཏོགས་བོད་རིགས་ཤ་སྟག་ཡིན་དུས། སྐབས་སུ་བབ་པའི་ཚོགས་འདུའི་བརྗོད་གཞི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང། བོད་ཀྱི་མང་གཙོའི་དུས་དྲན་དང་འབྲེལ་བའི་སྐོར་ཚིག་འགའ་ཤས་ཤིག་ཞུ་རྒྱུ་ཡིན། ང་བོད་གཞུང་གི་ལས་བྱེེད་ཟུར་པ་མི་རྒན་ཞིག་ཡིན་པའི་ཆ་ནས་སེམས་ནང་ལ་རྒྱུན་དུ་ན་བཞིན་ཡོད་པའི་གནད་དོན་འགའ་ཤས་ཤིག་དེ་རིང་འདིར་ཞུ་འདོད་བྱུང།

ད་ལོའི་ལོ་འདི་བོད་གཞུང་མང་གཉིས་ཀའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོ་ལ་སྲུང་བརྩི་གནང་གི་ཡོད་པ་བཞིན་དུ། ཐེ་ཝན་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཀྱང་ད་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་གནང་བཞིན་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་སྟངས་ནི། ལག་ལེན་ངོ་མའི་ཐོག་ནས་༸རྒྱལ་བའི་དགོངས་པ་བསྒྲུབ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། ད་ལོའི་ལོ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་ལ་མང་གཙོ་ཆ་ཚང་བ་གསོལ་བསྩལ་གནང་བའི་རྗེས་ཀྱི་བཀའ་སྤྱི་གཉིས་ཀའི་འོས་བསྡུ་ཆེན་མོ་ཐེངས་གསུམ་པ་དེ་རེད། བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་ཐེངས་གཉིས་པའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་ཕམ་གནང་དགོས་པ་དང། བོད་གཞུང་མང་གཉིས་ལ་མཚན་ཤས་ངན་པ་བཟོས་པ་སོགས་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་ངན་པ་མང་པོ་ཞིག་བྱུང་བ་རེད།

འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་འདི་ནས་བསླབ་བྱ་བླངས་ཏེ་བཀའ་སྤྱི་གཉིས་ཀྱི་ཐེངས་གསུམ་པའི་འོས་བསྡུ་ཆེན་མོ་འདིའི་སྐབས་བོད་མི་མང་གིས་འགན་བླངས་ནས་མང་གཙོ་ལག་བསྟར་ཡང་དག་པ་ཞིག་ཡོང་ཐུབ་ཐབས་ལ་འབད་བརྩོན་གནང་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་དང་སྐབས་སུ་བབས་པའི་ལས་འགན་གཙོ་བོ་ཞིག་རེད། ༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་སུ་རྫོགས་པ་བོད་མི་མང་གིས་བདམས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་རྩིས་སྤྲོད་གནང་བ་རེད། ༸རྒྱལ་བ་རིན་པོ་ཆེས་ཐུགས་རེ་ཆེན་པོའི་ཐོག་ནས་བོད་མི་མང་ལ་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་གནང་བ་དེ་བདག་པོ་ཡག་པོ་ཞིག་བརྒྱབ་ཤེས་དགོས་པ་འདི་བོད་མི་ཡོངས་རྫོགས་ལ་འགན་དུ་འཁྲི་བའི་ལས་འགན་གལ་ཆེ་ཤོས་དེ་རེད།

བོད་པའི་སྤྱི་ཚོགས་ནང་དུ་ད་དུང་ཡང་མང་གཙོ་དང་རང་དབང་ལ་ཁ་གཡར་ནས་སྐད་ཆ་འདྲ་མིན་ཤོད་མཁན་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་བར་ལ་འཐེན་འཁྱེར་བྱེད་མཁན་གྱི་མི་རེ་ཟུང་ཡོང་གི་འདུག་པས། འདིའི་གྲས་ཀྱིས་༸རྒྱལ་བ་རིན་པོ་ཆེ་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཚབ་ཏུ་བཀའ་དྲིན་ལོག་མཇལ་ཞུ་གི་ཡོད་པ་ཞིག་ཏུ་ངས་མཐོང་གི་འདུག དེ་འདྲ་ཡིན་དུས་རྣམ་པ་ཚོས་འདི་ཚོའི་གྲས་ལ་གཟབ་གཟབ་གནང་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང།

ད་ལྟའི་དུས་ཚོད་འདི་ལ་མི་རབས་རྒན་པ་རྣམས་རིམ་གྱིས་རྫོགས་འགྲོ་གི་ཡོད་དུས། ན་གཞོན་ཚོ་ལ་བོད་སྤྱི་པའི་ལས་ཀའི་འགན་བཀལ་ནས་གོ་སྐབས་སྤྲོད་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད་བསམས། བོད་རིགས་ན་གཞོན་མི་རབས་ཕྱི་མ་རྣམས་ང་ཚོས་སྐྱེད་སྲིང་ཡག་པོ་བྱས་ཏེ་ལམ་ཁའི་ཐོག་ལ་ཁྲིད་ཐུབ་ཐབས་བྱ་དགོས་པ་ནི་བོད་པ་མི་རབས་རྒན་པ་རྣམས་ཀྱི་འགན་དུ་འཁྲི་བའི་ལས་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད། སྲིད་སྐྱོང་དང་སྤྱི་འཐུས་སུ་ཡིན་ཡང་རུང་ཤེས་འཇོན་གཉིས་ལྡན་ཞིག་ཡིན་པའི་ཐོག།ལྷག་བསམ་ཡོད་པ། བོད་མི་རིགས་ཀྱི་ལས་དོན་སྒྲུབ་ཐུབ་མཁན་དང་འཇོན་ཐང་ཡོད་མཁན། བོད་མི་མང་ལ་ཤ་ཚ་རྣམ་དག་བྱེད་མཁན་གྱི་མི་ཞིག་བདམ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད།

འདས་པའི་ཉམས་མྱོང་གི་ཐོག་ནས་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་མང་པོ་གནང་ཡོད་ནའང། ད་དུང་ཡང་མངོན་གསལ་དོད་པོ་མེད་པའི་ཐོག་ནས་ལས་ཀ་བྱེད་སྟངས་སྔོན་མའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལོག་པ་དེའི་ནང་ལ་འགྲོ་མཁན་འགའ་ཤས་ཤིག་ཡོང་གི་མེད་དམ་སྙམ་པའི་ཞེད་སྣང་ཞིག་སྐྱེས་ཡོང་གི་འདུག འདིའི་ཐད་ལ་བོད་རྒྱ་ཆེ་མི་མང་གིས་དོ་སྣང་མཛད་ནས་གཟབ་གཟབ་གནང་དགོས་ཀྱི་འདུག

༸རྒྱལ་བ་རིན་པོ་ཆེས་ཐུགས་རེ་གནང་ས་དང། བོད་ནང་གི་བོད་རྒྱ་ཆེ་མི་མང་གིས་རེ་བ་བརྒྱག་སའི་བོད་གཞུང་འདི་མུ་མཐུད་ནས་བརྟན་པོར་གནས་ཐུབ་པར་བྱ་བ་ལ། བོད་མི་ཡོངས་རྫོགས་ཀྱིས་འགན་བླངས་ཏེ་གཟབ་གཟབ་གནང་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། ཅེས་ངས་ཡང་བསྐྱར་ཞུ་འདོད་བྱུང།

མི་རེ་རེ་ལ་འོས་ཤོག་རེ་རེའི་ཐོབ་ཐང་ཡོད་པ་བཞིན་ང་རང་ལ་ཡང་འོས་ཤོག་གཅིག་གི་ཐོབ་ཐང་ཡོད། ང་ཚོ་ཡོངས་རྫོགས་ཀྱིས་སོ་སོ་ལ་ཡོད་པའི་འོས་ཤོག་གཅིག་བུ་འདི། མི་མ་ནོར་བ་འཇོན་ཐང་ཡོད་མཁན་ཞིག་ལ་འཕེན་ཐུབ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། བོད་རྒྱ་ཆེ་མི་མང་གིས་ཆབ་སྲིད་ཀྱི་དབུ་ཁྲིད་སུ་ཞིག་བདམས་པ་ཡིན་ན་དེའི་གཞུང་ལ་བོད་མི་ཡོངས་རྫོགས་ཀྱིས་བརྩི་བཀུར་དང་རྒྱབ་སྐྱོར་ཞུ་དགོས་པ་རེད། ང་ལྟ་བུ་ཡིན་ནའང་བོད་མི་མང་གིས་བདམས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་དེས་བཙུགས་པའི་གཞུང་དེ་ལ་ད་ལྟའི་བར་དུ་རྒྱབ་སྐྱོར་དང་བརྩི་བཀུར་ཞུས་པ་ཡིན།

བོད་ནང་གི་བོད་རྒྱ་ཆེ་མི་མང་གིས་ད་ལྟའི་བར་དུ་སེམས་ཤུགས་དང་ལངས་ཕྱོགས་ནི་བྲག་རི་ལྟ་བུའི་བརྟན་པོར་གནས་ནས་བཞུགས་ཡོད། བཙན་བྱོལ་ནང་དུ་ཡོད་པའི་བོད་རྒྱ་ཆེ་མང་ཚོགས་སྤྱི་ཡོངས་ཀྱི་ཆ་ནས་ལངས་ཕྱོགས་བརྟན་པོ་དང་གཟབ་གཟབ་གནང་གི་འདུག་ལ། གནང་དགོས་པ་ཞིག་ཀྱང་རེད། ཡིན་ནའང་བོད་མི་རེ་ཟུང་ཞིག་གིས་ད་དུང་ཡང་བོད་སྤྱི་པའི་ཆིག་སྒྲིལ་ལ་གནོད་པའི་སྐད་ཆ་འདྲ་མི་འདྲ་ཤོད་པ་དང། ལས་ཀ་འདྲ་མིན་བྱེད་མཁན་རེ་ཟུང་ཡོང་གི་འདུག་པས། འདིའི་ཐོག་བོད་མི་མང་ཡོངས་རྫོགས་ཀྱིས་རྒྱུན་དུ་དོ་སྣང་ཆེན་པོ་མཛད་ནས་གཟིགས་དགོས་པ་དང། གཟབ་གཟབ་གནང་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། ཅེས་ཞུ་འདོད་བྱུང།

ཐེ་ཝན་ལ་གནས་སྡོད་བྱེད་མཁན་གྱི་བོད་མི་རྣམས་ཀྱིས་བོད་རིགས་ཚོགས་པ་བཙུགས་ཏེ་བོད་མི་ཡོངས་རྫོགས་ཆིག་སྒྲིལ་ཡོང་ཐབས་གནང་བཞིན་འདུག་པ་འདི་ཤིན་ཏུ་ཡག་པོ་བྱུང་འདུག།མ་འོངས་པར་ཡང་ཐེ་ཝན་ལ་བཞུགས་མཁན་གྱི་བོད་མི་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ནས་བོད་གཞུང་གི་ལམ་སྟོན་འོག་ལ་འགྲོ་ཐུབ་པར་བྱ་དགོས་པ་དེ་གལ་ཆེན་པོ་རེད། ཐེ་ཝན་གྱི་བོད་རིགས་ཚོགས་པའི་རྒྱུན་ལས་རྣམ་པ་ཁ་སྔོན་ངའི་སར་ཕེབས་བྱུང། ཁོང་ཚོས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་དབྱེ་བ་མེད་པར་ཡག་པོ་གནང་གི་ཡོད་ཅེས་བཀའ་གནང་གི་འདུག་པས་ཤིན་ཏུ་ཡག་པོ་རེད། མ་འོངས་པར་ཡང་དེ་ལྟར་ཧུར་ཐག་བར་ཐག་གནང་རོགས་གནང་ཞེས་རེ་བ་ཞུ་རྒྱུ་ཡིན།
ང་རྒན་འཁོགས་ཡིན་པས་ཨ་མཆོག་གིས་མི་གོ་བ་དང། རྒྱ་སྐད་ཀྱང་མི་ཤེས་པས་དེ་རིང་འདིར་ཕེབས་པའི་བོད་དོན་ཐོག་དམིགས་བསལ་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་རྣམ་པ་ལ་ངས་འབྲེལ་བ་ཡག་པོ་ཞིག་ཞུ་ཐུབ་མ་སོང་བར་དགོངས་དག་ཞུ་གི་ཡིན། ཐུགས་རྗེ་ཆེ།

གསུང་བཤད།

Post navigation

Previous Post: ངས་ཋམ་(Trump)ལ་རྒྱབ་སྐྱོར་མི་བྱེད་པ་རྒྱུ་མཚན་ཆེན་པོ་གསུམ་།
Next Post: སྲིད་སྤྱིའི་འོས་བསྡུར་སྐོར་གྱི་བསམ་འཆར། ( ༣ )

Comments (1) on “༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་ཐེ་ཝན་བོད་རིགས་ཚོགས་པས་གོ་སྒྲིག་གནང་བའིི་བོད་ཀྱི་མང་གཙོ་དུས་དྲན་ཐེངས་ ༦༠ པའི་ཐོག་བསྩལ་པའི་གསུང་བཤད།”

  1. ཀརྡོ་རབ་འབྱམས་པ says:
    2020-09-14 at 1:07 am

    ་་་་་་་་་་་་་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་སྟངས་ནི། ལག་ལེན་ངོ་མའི་ཐོག་ནས་༸རྒྱལ་བའི་དགོངས་པ་བསྒྲུབ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། ་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme