Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸སྐུའི་གྱ་སྟོན་ལ་བླ་ཆེན་དབུ་ཁྲིད་ཁག་ཅིག་གི་འཚམས་འདྲི།

Posted on 2015-06-202015-06-20 By ཁ་བརྡ་ 9 Comments on ༸སྐུའི་གྱ་སྟོན་ལ་བླ་ཆེན་དབུ་ཁྲིད་ཁག་ཅིག་གི་འཚམས་འདྲི།

གློག་བརྙན་།

Post navigation

Previous Post: དད་པའི་མཆོད་སྤྲིན་མེ་ཏོག
Next Post: དུས་རབས་ཉེར་གཅིག་པའི་སྟོན་པ།

Comments (9) on “༸སྐུའི་གྱ་སྟོན་ལ་བླ་ཆེན་དབུ་ཁྲིད་ཁག་ཅིག་གི་འཚམས་འདྲི།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-06-20 at 11:53 am

    ༸སྐུའི་གྱ་སྟོན་ལ་འཚམས་འདྲི་གྲངས་མེད་ཞུ། །

  2. ལྡོང་གསེར་མིག says:
    2015-06-20 at 1:15 pm

    བཀའ་རྒྱུད་པས་བླ་ཆེན་རེས་མོས་བྱེད་སྟངས་འདི་ཡག་པོ་འདུག

  3. བཀྲ་ཡེ་ཚང་། says:
    2015-06-20 at 2:32 pm

    བོན་གྱི་བསྟན་པའི་གཙུག་ནོར་རྒྱལ་བ་སྨན་རི་བ་མཆོག་དགུང་ལོ་ ༩༠ ཉེ་ན་ཡང་། ས་ཐག་རིང་མིན་དང་དཀའ་ངལ་ལ་མ་འཛེམས་པར་༧གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་དང་ཆོས་ལུགས་ཀྱི་འཚོགས་འདུར་ཆེད་ཕེབས་གནང་བ་ནི་དགའ་འོས་པ་ཞིག་རེད། དེའང་བན་བོན་དབར་དུ་མཐུན་ལམ་གོང་འཕེལ་གོང་ཐབས་དང་། ལྷག་པར་དུ་༧གོང་ས་༧རྒྱལ་བ་རིན་པོ་ཆེར་གུས་བརྩི་བླ་མེད་མཚོན་པ་རེད། ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བོན་འབངས་རྣམས་ལ་ནམ་རྒྱུན་འདི་ལྟར་གསུངས། ༧གོང་ས་རྒྱལ་བ་རིན་པོ་ཆེ་ནི། གངས་ཅན་པའི་གཙུག་ནོར་ཡིན་པས་ཁོང་གི་བཀའ་དང་འགལ་བའི་རིགས་གཏན་ནས་བྱེད་མི་ཉན་ཞིང་དད་གུས་དང་བཀའ་བཞིན་སྒྲུབ་དགོས་པ་རེད། འོན་ཀྱང་རང་རེའི་བོད་ཀྱི་བླ་དཔོན་དང་མི་དཀྱུས་མ་རེ་ཟུང་གིས་བོན་ལ་སྨ་འབེབས་དང་མཐོང་ཆུང་རིགས་བྱ་སྲིད་ཀྱང་། དེ་ནི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྙིང་དོན་མ་རྟོགས་པ་དང་ཕན་ཚུན་རྒྱུས་ལོན་མེད་པའི་དཀའ་ངལ་ཡིན་པས། བོད་བསྟན་པ་ཆབ་སྲིད་ཀྱི་གནས་སྟངས་ལ་བསམ་སྟེ་བོད་རིགས་ནང་ཁུལ་དུ་རྡོག་རོལ་མི་རྒྱུ་ཧ་ཅང་གལ་ཆེ་བ་དང་། ལྷག་པར་དུ་ཆོས་པ་ཞིག་ཡིན་པའི་ཆ་ནས་བཟོད་སྒོམ་གང་ཐུབ་ཐུབ་བྱ་རྒྱུ། ཡང་ན་གནོད་སེམས་དང་དང་སྡང་སེམས་གང་ཡང་མེད་པའི་སྒོ་ནས་ཕན་ཚུན་གླེང་མོལ་དང་ཞི་བའི་ལམ་ནས་གོ་བརྡ་རེ་སྤྲོད་ཐུབ་ན་འོས་ཞེས་གསུངས་མྱོང་། །

  4. པདྨ says:
    2015-06-21 at 4:46 am

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།
    དིལ་མགོན་མཁྱེན་བརྩེ་རིན་པོ་ཆེས་གསུངས་སོ།།

  5. གངས་སྤྲེལ་ཚ། says:
    2015-06-21 at 6:23 am

    དེ་ན་སྨན་རི་བས་ཡང་ངོ་དགའ་འཁྲབ པ་རེད་་་་་སྔོན་མ་ཏ་ལའི་བླ་མས་བོན་འདི་ནང་བ་མིན་ཚུལ་བཤད་ཡོད་ལ་སྐབས་དེར་་་་བོན་པོས་ཡང་ངོས་ལེན་བྱེད་་ཡོད་་་་ད་འདི་འདྲ་ཏག་ཏག་རེད་་་་་་

  6. ལྡོང་གསེར་མིག says:
    2015-06-21 at 3:15 pm

    ༧གོང་ས་མཆོག་ ༢༠༠༧ ལོར་གདན་ས་སྨན་རིའི་གླིང་དུ་ཕེབས་སྐབས་འདི་ལྟར་གསུངས་ཡོད། “ངས་བོན་པོ་ནང་པ་མ་རེེད་ཅེས་བཤད་པ་རྒྱ་གར་ནས་དར་བའི་སྟོན་པ་བཅོམས་ལྡན་འདས་ཀྱི་རྗེས་སུ་འཇུག་པའི་ནང་པ་མ་རེད་ཅེས་བཤད་པ་ཡིན། ཁྱེེད་རང་ཚོ་སྟོན་པ་གཤེན་རབ་ཀྱི་རྗེས་སུ་འཇུག་པའི་ནང་པ་མ་གཏོགས་སྟོན་པ་བཅོམས་ལྡན་འདས་ཀྱི་རྗེས་སུ་འཇུག་པའི་ནང་པ་རེད་མི་འདུག་ག” ཅེས་བཀའ་གསལ་བོ་བསྩལ་ཟིན་པ་རེད། སྤྱིར་མི་གཅིག་གིས་བོན་པོ་ནང་པ་རེད་ཅེས་ལབ་ན་ཡིན་པར་འགྱུར་བ་དང་། མ་རེད་ཅེས་ལབ་ན་མིན་པར་འགྱུར་འགྲོ་བ་གང་ཡང་ཡོད་པ་མ་རེད། བོན་པོ་ནང་པ་ཡིན་མིན་ཤེས་འདོད་ན་བོན་གྱི་གཞུང་དོན་ལ་བསམ་བློ་གཏོང་དགོས་པ་རེད། དྲ་འབུ་ཚོ། ངོ་མ་ཁྱོད་ཚོ་སྙིང་ཡང་རྗེ་གི། བོན་པོ་ཚོས་ཁྱོད་ཀྱི་ཕ་བསད་པ་རེད་དད་མ་རྒན་བསད་པ་རེད། ཇི་ལྟར་བཤད་ཀྱང་རུང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཞེས་འཛམ་གླིང་ལ་ངོམས་ཁུལ་བྱེད་བཞིན་པ་འདི་བོན་ལ་མ་བརྟེན་པ་རྐང་གཅིག་ཀྱང་ཡོད་པ་མ་རེད། བོད་ཀྱི་ཆོས་རིག་གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁའ་ལ་ཤར་བའི་དཔེ་བཞིན་ད་བར་མ་ཉམ་པར་བདག་པོ་རྒྱག་མཁན་བོན་པོ་ཚོ་རེད། བོན་པོ་ཚོ་མེད་ན་བོད་ཀྱི་ཐུན་མིན་གྱི་ཆོས་རིག་གཉིས་ཀ་རྒྱ་བལ་གྱི་གཞོན་ནུ་མ་ཚོའི་སྟུ་དྲོད་ལ་དད་པའི་བོད་རྒྱལ་མེས་པོ་འགས་དུར་ཁུང་དུ་བརྫངས་ཚར་བ་རེད། དྲ་འབུ་ཁྱོད་ཚོས་ཇི་ལྟར་བཤད་ཀྱང་རུང་། བོན་པོ་ཚོ་བོད་ཀྱི་ཡབ་མེས་ཀྱི་ཕྱག་རྗེས་མི་ཉམ་པར་དགའ། ཡབ་མེས་ཀྱི་རིག་གཞུང་ལ་དུང་། ཡབ་མེས་ཀྱི་ཆོས་བཤད་ལ་དད། ཡབ་མེས་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་ཐུབ། ཡབ་མེས་དང་རིག་གཞུང་གི་ཆེད་དུ་འཆི་ཡང་ཕོད་པའི་སྙིང་སྟོབས་ཡོད། མདོར་ན་བོད་ཀྱི་ཡབ་མེས་ལ་བླ་གཙག་དང་ཞབས་འདྲེན་མི་ཞུ་རྒྱུ་བོན་པོ་ཚོའི་དམ་བཅའ་རེད་འདུག དེ་ཤེས་པ་གྱིས།

  7. ལྡོང་གསེར་མིག says:
    2015-06-21 at 3:48 pm

    གོང་གི་དྲ་འབུ་ Ranging ལན་ཞིག་བརྗེད་འདུག གལ་སྲིད་རྒྱལ་བ་སྨན་རི་བས་བོན་པོ་ནང་པ་མིན་པར་ཞལ་ལན་ཕུལ་ཡོད་ཚེ་དེའི་དོན་གང་ཡིན་ཟེར་ན། ༧གོང་ས་མཆོག་གིས་བོན་པོ་སྟོན་པ་བཅོམས་ལྡན་འདས་ཀྱི་རྗེས་འཇུག་ཏུ་གྱུར་བའི་ནང་པ་རེད་མི་འདུག་ཅེས་གསུངས་པར། ལུང་ལས། དགོངས་པ་དོན་རྫོགས་གསུང་གིས་མཇལ་བར་སྤྲད། ཅེས་གསུངས་པ་ལྟར་ལན་གནང་བ་ཡིན་རྒྱུ་རེད། སྤྱིར་བོན་པོ་རྣམས་སྟོན་པ་བཅོམས་ལྡན་འདས་ལ་དད་པ་ཡོད་པ་མ་ཟད་བཅོམས་ལྡན་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་ཟུར་སྡོང་དུ་རྒྱ་གར་དུ་བྱོན་ཅིང་སྤྲུལ་བའི་སྐུ་ཞིག་ཀྱང་ཡིན་པ་ལོ་རྒྱུས་ཁག་ཅིག་ཏུ་གསལ། གང་ལྟར་ཁྱེད་ཀྱིས་བཤད་པ་དེ་བདེན་ན་རྒྱལ་བ་སྨན་རི་བས་༧གོང་ས་མཆོག་ལ་ངོ་དགའ་འཁྲབ་པའི་རྒྱུ་མཚན་གཏན་ནས་མ་ཡིན་པའི་ལན་གོང་དེས་འཐུས་པ་གྱིས།

  8. དྲི་མེད་ལྷག་བསམ། says:
    2015-06-23 at 10:32 am

    ༄༅། །སྐུའི་འཁྲུངས་སྐར་ཀྱི་སྨོན་ལམ་་དོན་གྱི་ལོ་ཏོག
    རྒྱལ་བ་ཚེ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཞི་བདེའི་དེད་དཔོན་ལོ་བརྒྱར་ཞབས་བརྟན་ཤོག །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བྱམས་དང་སྙིང་རྗེའི་བདག་རྒྱུད་ཕྱུག་པར་ཤོག །ཨ་ཐ།།སྐྱེ་བ་སྔ་ཕྱིའི་མངོན་ཤེས་ང་ལ་མེད། །སྤྱན་རས་གཟིགས་ཀྱི་བདེན་དཔང་མ་མི་རྙེད་ཀྱང་། །ཁྱོད་ལས་ལྷག་པའི་ཐུགས་རྗེའི་དབང་ཕྱུག་ཅིག །སྲིད་འདིར་མ་རྙེད་ཚེ་རབས་སྐྱབས་སུ་བརྟེན། །འཛམ་གླིང་ཞི་བདེ་སྨོན་པའི་ཡུལ་ལས་མེད། །རང་ཡུལ་ཞི་བདེའི་བདེན་མཐའ་མ་རིག་ཀྱང་་། །ལན་དང་རྣམ་པར་སྨིན་པ་མི་གཉེར་བར། །སྐུ་ཚེར་ཞི་བདེ་དོན་གཉེར་ཁྱོད་གཅིག་པུ། །བསིལ་རིའི་བདག་པོ་སུ་ཡིན་ཆ་མ་འཚལ། །བོད་དོན་འཐབ་རྩོད་མཁན་ཡང་ཉུང་བ་མིན། །བདེ་སྡུག་ལོག་སྒྲུབ་གང་བྱུང་ལམ་ཁྱེར་དུ། །ཚེ་གཅིག་བོད་མི་སྐྱོང་མཛད་ཁྱོད་དུ་ངེས། །ཐུབ་པའི་བསྟན་འཛིན་བོད་མི་གཅིག་པུ་མིན། །བཤད་སྒྲུབ་ལས་གསུམ་འཁོར་ལོའི་བདག་ཉིད་མང་། །མདོ་སྔགས་ཚན་རིག་རྟེན་འབྱུང་བདེན་པ་རུ། །ཟབ་གནད་གཅིག་ཤེས་ཀུན་གྲོལ་ཁྱོད་དུ་ངེས། །མཐོན་པོའི་གནམ་ཡིན་མགོ་འདྲེན་ཁྱོད་དུ་ངེས། །ཡངས་བའི་ས་ཡིན་རྟེན་ས་ཁྱོད་ལ་རེ། །གཅེས་པའི་ཕ་ཡིན་བསླབ་བྱ་སེམས་ལ་འཛིན། །བརྩེ་བའི་མ་ཡིན་དྲིན་ལན་གཞལ་དུ་མེད། །མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་པར། །དྲིན་ཤེས་ལན་མཇལ་དམ་ཚིག་འདའ་བ་མེད། །འཛམ་གླིང་ཞི་བདེ་མཐར་ཐུག་མྱང་འདས་སུ། །སྦྱོར་བའི་ཕྲིན་ལས་བྱེད་པོར་འགྱུར་བར་ཤོག །ཅེས་པའང་དྲི་མེད་ལྷག་བསམ་གྱིས་སྙིང་ནས་སྨོན་པ་དགེ། །

  9. དྲི་མེད་ལྷག་བསམ། says:
    2015-06-26 at 9:37 pm

    རྙིང་མ་སྟག་ལུང་རྩེ་སྤྲུལ་དང་། བཀའ་བརྒྱུད་འབྲུག་ཆེན་གྱི་ཚབས་ཀཿཐོག་དགེ་རྩེ་རེད་འདུག །སྟག་ལུང་ལོ་རྒས་པས་ཕེབས་མ་ཐུབ་པ་དང་། འབྲུག་ཆེན་སྟབས་མ་བདེ་བ་རེད་འདུག སྔོན་བོད་གཞུང་གི་འགྲོ་སྟངས་བྱས་ན་ཀརྨ་པ་དང་འབྲུག་ཆེན་གདན་ཐོབ་གཅིག་ཡིན་ཞིང་ཁྱད་པར་ཅུང་ཟད་འབྱེད་དགོས་དུས་བསླབ་པའི་རྒན་གཞོན་གནང་གི་ཡོད་མོད། ཉེ་བའི་ལོ་ཤས་ནས་འབྲུག་ཅེན་གྱི་གདན་ཐོབ་མེད་པ་ལྟ་བུར་གྱུར་བས། འབྲུག་པ་གཞུང་ལས་སློབ་འབངས་མང་ཆེ་བས་གཞུང་འབྲེལ་ཚོགས་འདུ་ལ་མི་ཕེབས་པའི་རེ་བ་བཏོན་འདུག་ཟེར། ཚོགས་འདུས་སྐབས་སུ་ཀརམ་པ་དང་འབྲུག་ཆེན་གཉིས་ཀའི་གདན་ཐོབ་ལ་ཕྱོགས་གཏོགས་ཀུན་གྱིས་རྩོད་ཡོང་ངེས་པས། གནས་ཚུལ་དེ་ལ་ཡོལ་ཐབས་བྱས་པ་འདྲ། དེར་མ་ཟད་འབྲུག་ཆེན་གྱི་ཕྱག་དེབ་༼སྨྱོན་པའི་སྙིང་གི་རི་མོ༽ཟེར་བ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་སྡེ་རེ་འགའ་ཀརྨ་བཀའ་བརྒྱུད་དུ་བསྒྱུར་བ་ལ་བློ་ཕམ་ཆེ་ཚུལ་བཤད་འདུག །ཡང་ལ་དྭགས། གར་ཞ། ཁུ་ནུ་སོགས་ཀྱི་འབྲུག་པ་བཀའ་བརྒྱུད་ཀྱི་གྲྭ་རྒྱུན་བསྒྱུར་གནང་གི་ཡོད་པའི་སྐོར་ལའང་གསུང་བཤད་རེ་གཉིས་འདུག དགེ་རྩེས་དུས་ཚོད་གལ་ཆེན་འདི་ལྟ་བུར་༧འབྲུག་ཆེན་ཕེབས་མི་ཐུབ་པ་གདན་ཐོབ་ཀྱིས་ཡིན་མིན་ཞལ་གསལ་གནང་ན་ལེགས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme