Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸ས་སྐྱ་བདག་ཁྲི་རིན་པོ་མཆོག་བལ་ཡུལ་ཏུ་ཆིབས་བསྒྱུར།

Posted on 2014-09-212014-09-21 By ཁ་བརྡ་ 1 Comment on ༸ས་སྐྱ་བདག་ཁྲི་རིན་པོ་མཆོག་བལ་ཡུལ་ཏུ་ཆིབས་བསྒྱུར།

གནས་ཚུལ་གཏོང་མཁན། ཨ་འདུས་སྐལ་བཟང་རྒྱ་མཚོ།

དེ་རིང་ཕྱི་དྲོ་བལ་ཡུལ་གྱི་ཆུ་ཚོད་ལྔ་བའི་སྟེང་༸དཔལ་ས་སྐྱའི་༸སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། གནམ་ཐང་དུ་༸འཁོན་གདུང་སྐུ་བགྲེས་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་དཀར་ཞབས་དྲུང་རིན་པོ་ཆེ། རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གི་ངེས་སྟོན་པ་མཁན་རིན་པོ་ཆེ་འབྱོར་ལྡན་གཙོ་བྱས་པའི་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་ལས་བྱེད་དང་། དད་ལྡན་སེར་སྐྱ་ཕོ་མོ་བརྒྱ་ཕྲག་མང་པོས་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་དུ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།

ཐེངས་འདིར་མགོན་པོ་མཆོག་བལ་ཡུལ་དུ་གདན་འདྲེན་བྱེད་མཁན་གཙོ་བོ་དཔལ་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་དང་། གློ་བོ། གཉེ་ཤངས། ཝ་ལུང་སྐྱིད་སྡུག་སོགས་ཡིན་འདུག
ད་ལམ་གྱི་མཛད་རིམ་གཙོ་བོ་ཁག་ནི། ཕྱི་ཚེས་༢༡། ཉིན་ཡང་ལེ་ཤོད་དུ་ཁྲ་རིགས་དགོན་པའི་སྒྲུབ་ཁང་གསར་བར་རབ་གནས་དང་། དེ་རྗེས་དཔལ་ཨ་འཛོམས་འོད་གསལ་མདོ་སྔགས་ཆོས་འཁོར་གླིང་དུ་ཆོས་འབྲེལ་བསྐྱངས་རྒྱུ།

ཕྱི་ཚེས་༢༣། ཉིན་གྱི་སྔ་དྲོ་ byoma kusuma ཆོས་ཚོགས་སུ་ཕེབས་ཆོས་འབྲེལ་དང་། ཕྱི་དྲོ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་དུ་བསྐང་གསོའི་ཚོགས་མགོན་དུ་ཕེབས་རྒྱུ།

ཕྱི་ཚེས་༢༤། ཉིན་མཆོད་རྟེན་བྱ་རུང་ཁ་ཤོར་ཡར་རྒྱས་ཚོགས་པའི་ཉེ་ལམ་ཉམས་གསོ་ཟིན་པའི་མཆོད་རྟེན་རིན་པོ་ཆེར་རབ་གནས་དང་། མང་ཚོགས་ལ་ཚེ་དབང་བཀའ་དྲིན་བསྩལ་རྒྱུ་དང་།

ཕྱི་ཚེས་༢༥། ཉིན་མགོན་པོ་གང་ཉིད་སྐུའི་དགུང་གྲངས་བདུན་ཅུར་ཕེབས་པའི་འཁྲུངས་སྐར་གྱི་ཚོགས་མགོན་དུ་ཕེབས་རྒྱུ།

ཕྱི་ཚེས་༢༦། ཉིན་བལ་ཡུལ་དཔལ་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་གཟབ་རྒྱས་འབུལ་བཞེས་གནང་རྒྱུ།

ཕྱི་ཚེས་༢༧། ནས་སྤོག་ར་བརྒྱུད་གློ་བོ་འཛོམ་གསུམ་དུ་ཆིབས་བསྒྱུར་གནང་སྟེ་གློ་བོ་དགོན་ཁག་ཐུན་མོང་གི་གཙུག་ལག་ཁང་གསར་པའི་རྟེན་འབྲེལ་དབུ་དབྱེ་དང་ཆོས་འབྲེལ་སོགས་ཉིན་དྲུག་གི་མཛད་རིམ་བསྐྱངས་རྒྱུ། དེ་རྗེས་སླར་ཡང་བལ་ཡུལ་དུ་ཕེབས་ཏེ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་དུ་མགོན་པོ་གང་ཉིད་ཀྱི་ཡོངས་འཛིན་༸སྐྱབས་རྗེ་བདེ་བར་གཤེགས་པ་མཁན་ཆེན་ཨ་པད་རིན་པོ་མཆོག་གི་སྐུ་གདུང་མཆོད་རྟེན་ལ་རབ་གནས་དང་། སློབ་གཉེར་ཁང་དེའི་དཔེ་མཛོད་གསར་བ་སྒོ་དབྱེ་གནང་རྒྱུ།

ཕྱི་ཚེས་༡༠། ༩། ཉིན་རྒྱ་གར་དུ་ཞབས་སོར་འཁོད་རྒྱུ་བཅས་མཛད་རིམ་མདོར་བསྡུས་སུ།

ཨ་འདུས་སྐལ་བཟང་རྒྱ་མཚོས་བལ་ཡུལ་ནས་སྤེལ་བའོ།།

གསར་འགྱུར།

Post navigation

Previous Post: དཀྲུག་ཤིང་སློང་ཐབས་གསར་པ་ཞིག
Next Post: དབྱར་ཕྱི་མའི་མཚན་ཐོག་ཐག

Comment (1) on “༸ས་སྐྱ་བདག་ཁྲི་རིན་པོ་མཆོག་བལ་ཡུལ་ཏུ་ཆིབས་བསྒྱུར།”

  1. གློག་ཀླད says:
    2014-09-21 at 10:08 pm

    བརྩེ་ཆེན་བསྟན་པའི་མངའ་བདག་ཀུན་དགའ་སྙིང༌།།
    མཁྱེན་རབ་འགྲན་ཟླ་བྲལ་བ་ས་པཎ་རྗེ།།
    མཐུ་སྟོབས་དབང་སྒྱུར་ངོར་ཆེན་རྡོ་རྗེ་འཆང༌།།
    རིཊ་གསུམ་གཅིག་བསྡུས་འཁོན་གདུང་གོང་མར་འདུད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme