Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་ལ་ཕྱི་ལོ་༢༠༡༥ ལོའི་ཨ་རིའི་རང་དབང་གཟེངས་རྟགས་འབུལ་འཆར།

Posted on 2015-06-182015-06-18 By ཁ་བརྡ་ 2 Comments on ༸གོང་ས་མཆོག་ལ་ཕྱི་ལོ་༢༠༡༥ ལོའི་ཨ་རིའི་རང་དབང་གཟེངས་རྟགས་འབུལ་འཆར།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ

 

༸གོང་ས་མཆོག་ལ་ཕྱི་ལོ་༢༠༡༥ ལོའི་ཨ་རིའི་རང་དབང་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་སྤེལ་བ།

ཨ་རིའི་ཕི་ལ་གྲེལ་ཕི་ཡར་(Philadelphia)རྟེན་གཞི་བྱས་པའི་ཕི་ལ་གྲིལ་ཕི་ཡ་མངའ་སྡེའི་རྩ་ཁྲིམས་བསྟི་གནས་ཁང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འཛམ་གླིང་སྤྱིར་ཁྱབ་པའི་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་གཏོང་གནང་མཛད་མཁན་ཞིག་ཡིན་པར་ངོས་འཛིན་གྱིས་ཕྱི་ལོ་༢༠༡༥ ལོའི་རང་དབང་གཟེངས་རྟགས་འབུལ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད། དེ་ཡང་ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༢༦ རེས་གཟའ་ཟླ་བའི་ཕྱི་དྲོ་ཆུ་ཚོད་༥ པའི་ཐོག་ཕི་ལི་གྲེལ་ཕི་ཡའི་ནང་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་སྐྱེད་ཚལ་(Independence National Historical Park in Philadelph)དུ་ལོ་ངོ་ཧྲིལ་པོ་ ༢༧ འཁོར་བའི་སྙན་གྲགས་ཅན་གྱི་གཟེངས་རྟགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཡིན་འདུག

Dalai Lama

སྐབས་དེའི་མཛད་རིམ་ཁག་ས་གནས་དེ་གའི་ཨེ་བི་སི་དང་། ཝི་པི་ཝི་ཨཧེ་བརྙན་འཕྲིན། སིག་སེ་ཨེ་བི་སི་བཅས་ཀྱི་ནང་ (local ABC affiliate, WPVI-TV/6abc)རྒྱང་སྲིང་ཞུ་རྒྱུ་ཡིན་ཞེས་གསལ་བརྡ་བཏང་ཡོད་འདུག ཕི་ལ་གྲིལ་ཕི་ཡ་མངའ་སྡེའི་རྩ་ཁྲིམས་བསྟི་གནས་ཁང་གིས་རང་དབང་གི་གཟེངས་རྟགས་ (Liberty Medal) དེ་བཞིན་ཕྱི་ལོ་ ༡༩༨༨ ལོར་གནང་འགོ་བཙུགས་ཏེ་ལོ་རེར་གོ་ལ་དེའི་སྟེང་རང་དབང་འཐབ་རྩོད་གནང་མཁན་གྱི་ཕོ་མོ་ཁྱད་མེད་གང་རུང་ལ་ཆེ་བསྟོད་ཀྱིས་གཟེངས་རྟགས་དེ་དང་། དངུལ་གྱི་བྱ་དགའ་ཨ་སྒོར་འབུམ་གཅིག་གནང་སྲོལ་ཡོད་པ་དང་། ལོ་སྔོན་མའི་གཟེངས་རྟགས་བཞེས་མཁན་ཁྲོད་པ་ཀི་སི་ཐན་(Pakistan)ནང་གི་རང་དབང་འཐབ་རྩོད་པ་བུ་མོ་མཱ་ལ་ཡུ་ས་ཕི་དང་། (Malala Yousafzai) མངའ་སྡེའི་དྲུང་ཆེ་ཟུར་པ་ཧི་ལི་རི་རོ་དམ་ཁི་ལིན་ཊོན་ལགས། (former Secretary of State Hillary Rodham Clinton) ཁུ་ཚུར་རྩལ་འགྲན་པ་མོ་ཧད་མད་ཨ་ལི་(boxer Muhammad Ali) བཅས་ལ་ཐོབ་ཡོད་པ་དང་། ཐེངས་འདིར་ཕི་ལ་གྲིལ་ཕི་ཡ་མངའ་སྡེའི་རྩ་ཁྲིམས་བསྟི་གནས་ཁང་གི་གཙོ་འཛིན་དང་། ཚོང་དོན་སྤྱི་ཁྱབ་གཅིག་ལྕོགས་ཡིན་པ་ཇེབ་རི་རོ་སིན་(National Constitution Center president and CEO Jeffrey Rosen)ལགས་ཀྱིས་༸གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་ལམ་ཞུ་དགོས་པའི་གསལ་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་རྩ་དོན་དང་། དེ་བཞིན་འཛམ་གླིང་སྤྱི་ཡོངས་ལ་འདྲ་མཉམ་དགོས་པ་དང་། འགྲོ་བ་མི་རིགས་ཡོངས་ལ་བདེ་སྐྱིད། ཞི་བདེ། རང་དབང་། འདྲ་མཉམ་སོགས་ཀྱི་ཐོག་རྩོད་ལེན་མཛད་མཁན་ཞིག་ཡིན། མ་ཟད་ཁོང་གིས་ཕྱི་ལོ་ ༡༩༨༩ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་གནང་མཛད་ཡོད། ཁོང་ནི་འཛམ་གླིང་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐོག་རྩོད་ལེན་མཛད་མཁན་ཞིག་དང་། ལྷག་བསམ་རྣམ་དག་གིས་སྒོ་ནས་རང་དབང། གྲོས་མོལ། དེ་བཞིན་བཟོད་སྲན་བཅས་ཀྱི་དགོངས་པ་ནན་བརྗོད་ཀྱི་མཛད་རྗེས་དེས་རང་དབང་གི་གཟེངས་རྟགས་དེ་ཉིད་གསལ་པོར་མཚོན་གྱི་ཡོད་པར་བརྟེན། ཐེངས་འདིའི་གཟེངས་རྟགས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་་མར་འབུལ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་འདུག

གཞན་ཡང་ཕི་ལ་གྲིལ་ཕི་ཡ་མངའ་སྡེའི་རྩ་ཁྲིམས་བསྟི་གནས་ཁང་གི་གཟེངས་རྟགས་ཀྱི་གསུང་འཕྲིན་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་བརྒྱུད་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། ངོས་ཀྱི་མི་ཚེའི་བྱ་གཞག་ནང་དམ་བཅས་པའི་བྱམས་པ་དང་བརྩེ་བ་གོང་སྤེལ་གཏོང་རྒྱུའི་ལས་གཞི་དེར་སྤུན་ཟླ་ཕོ་མོ་ཚོས་མཛའ་བརྩེའི་འདུ་ཤེས་ཐོག་ངོས་འཛིན་གནང་བ་འདི་ལས་ལྷག་པའི་ངོས་ལ་ཆེད་མཐོང་ངོས་འཛིན་ཞིག་དགོས་པ་མ་མཐོང་། ཅེས་བཀའ་ལན་སྩལ། ཕི་ལ་གྲིལ་ཕི་ཡ་མངའ་སྡེའི་བསྟི་གནས་ཁང་ནི་ཁེ་མེད་ཚོགས་པ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མ་ཡིན་པའི་ཨ་རིའི་རྩ་ཁྲིམས་མཚོན་པའི་ཚོགས་པ་ཞིག་རེད་འདུག ཚོགས་པ་དེ་ཉིད་ཨ་རིའི་ཨིན་གྲི་པེན་གྲེན་མོལ་པན་ས་ལི་ཝི་ནི་ཡ་ (Independence Mall, Pennsylvania) ཞེས་པ་དེར་ཆགས་ཡོད་པ་དང་། ཚོགས་པ་དེས་གཞུང་གི་འགོ་ཁྲིད་མི་སྣ་དང་། གསར་འགོད་པ། ཤེས་ལྡན་མི་སྣ། གྲགས་ཅན་མི་སྣ། བཅས་མཉམ་ཞུགས་ཐོག་རྩ་ཁྲིམ་སྐོར་གྲོས་མོལ་དང་། སྲིད་འཛིན་འདེམས་ཕྱོགས་ཀྱི་གོ་བསྡུར། འགྲེམས་སྟོན་ལས་རིགས་བཅས་མུ་མཐུད་གོ་སྒྲིག་གནང་གི་ཡོད་འདུག་པ་བཅས། །

གསལ་བསྒྲགས།

Post navigation

Previous Post: བོད་གཞུང་གི་གསེར་དངུལ་ཚོང་བསྒྱུར་གྱི་དངོས་ཡོད་རྩིས་ཁྲ།
Next Post: བཀྲ་ཤིས་གྱ་སྟོན། ༼གླུ་གཞས།༽

Comments (2) on “༸གོང་ས་མཆོག་ལ་ཕྱི་ལོ་༢༠༡༥ ལོའི་ཨ་རིའི་རང་དབང་གཟེངས་རྟགས་འབུལ་འཆར།”

  1. ཇུས་ཏོག་ says:
    2015-06-18 at 12:00 pm

    གཏམ་བཟང་རེད་གྱ་སྟོན་ལ་ཆེ་བསྟོད་ཕུལ་བ་བཀྲིས་བདེ་ལེགས་ཞུ་།
    ཨ་རི་་ལ་ཐུགས་རྗེ་ཆེ་ཞུགི་ཡོད་།
    Thank u u,s,a,

  2. ལྷ་བྱ་འཕུར་མ། says:
    2015-06-18 at 5:02 pm

    ༧གོང་ས་མཆོག་གི་སྐུ་ཚེ་བརྟན་པར་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme