Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་ངེས་པར་དུ་ཕེབས་དགོས་སམ།

Posted on 2010-04-25 By དགེ་རབ་ No Comments on ༸གོང་ས་མཆོག་ངེས་པར་དུ་ཕེབས་དགོས་སམ།

ཤར་ཕྱོགས་ཁུག་རྟ།
རྒྱ་ནག་གཞུང་ལ་༸གོང་ས་མཆིག་ཆིབས་བསྒྱུར་གནང་མིན་ཐད་འབྲེལ་བ་གནང་བཞིན་པར་ཐག་བཅད་ན་མ་ཆོག་པ་ཡོད་པ་མ་རེད་བསམ་སོང་། འོན་ཀྱང་༸གོང་ས་མཆོག་ཕེབས་ན་ས་གནས་ས་ཐོག་རང་ཏུ་འཕུར་ལྡིང་ཅིག་བྱས་རྗེས་ཐད་ཀར་ཕྱིར་ཕེབས་དགོས་པའང་སྲིད་སྟབས། ང་ཚོས་རྒྱ་ནག་གཞུང་གིས་མཁྱེན་བསྡད་པའི་༸གོང་ས་མཆོག་མ་ཞུས་ན་བོད་རིགས་ཡོངས་ལ་སེམས་ནད་ཅི་ཙམ་ཐེབས་མིན་དེ། དོན་དངོས་པོས་ལན་ཞིག་རྒྱག་རྒྱུའམ། ཡང་ན་ཆབ་སྲིད་ཀྱི་རྩེད་མཚར་གནང་མིན་ལ་ལྟ་རྒྱུ་དེ་རེད། ཁོ་བོས་བསམ་ན་བོད་གཞུང་གིས་དམིགས་འཛུགས་བྱས་ཏེ་ས་ཡོམ་འདིའི་སྔ་ཕྱིར་ཞིབ་འཇུག་མཐིལ་ཕྱིན་ཞིག་བྱས་ན་རྩ་དོན་ལ་ཕན་པར་སེམས། བོད་པ་ཚོ་མི་གྲལ་ལ་བཞག་མེད་པའི་རང་འཚིང་དམར་རྗེན་དེ་མཛུབ་མོ་བཙུགས་ནས་བརྡ་སྤྲོད་བྱེད་རྒྱུར་བག་ཡངས་སུ་ཕྱིན་ན་ཕྱི་སྡོད་མགྲིན་ཚབ་པ་ཚོས་ལོ་རྒྱུས་ནང་ནག་ཉེས་ཆེན་པོ་བསགས་རྒྱུ་རེད། ཞིབ་འཇུག་གི་གྲུབ་དོན་དེ་དམིགས་གཟས་བོད་ནང་ནས་ཤེས་ཐུབ་རྒྱུ་གལ་ཆེན་རེད། དེའི་རྒྱུ་མཚན་ནི། ཨ་རིའི་ས་དཔྱད་འབྲེལ་ཡོད་ཞིག་ནས་ཚེས་ ༡༤ ཉིན་རང་ལ། ས་ཡོམ་གྱི་གྲངས་ཚད་རྒྱ་ནག་གིས་རང་དགར་སྤར་བ་དང་། དངོས་གནས་བྱས་ན་ ༦ དང་གྲངས་ཆུང་ལས་བརྒལ་མེད་རབ་འདོད་ཚུལ་དང་། དེ་འདྲའི་ས་ཡོམ་གྱི་མི་ཤི་ཚད་མང་པོ་མིན་ཚུལ་གྱི་སྙན་ཞུ་འབྱོར་བ་རེད་ཟེར། རྒྱ་གཞུང་གིས་གཙང་གསུམ་གྱི་མགོ་ཁུངས་ཞེས་བསྔགས་བསྡད་པ། འཛུགས་བསྐྲུན་བྱ་འཕུར་བ་ལྟར་ཡིན་ཞེས་བསྒྲགས་བསྡད་པ་དེའི་རང་འཚིང་བརྡོལ་ཡོང་སྐབས་ཚད་གཞི་ ༧ ༡ བཏགས་པ་དེ་ཞིབ་འཇུག་བྱེད་དགོས་ཤིང་། མྱུར་སྐྱོབ་རུ་ཁག་ཆུ་ཚོད་ག་ཚོད་ཀྱི་རྗེས་ནས་ས་གནས་ས་ཐོག་ཏུ་འབྱོར་མིན་དང་དོན་དངོས་ས་འོག་ནས་སྐྲག་སྣང་གིས་སྐད་རྒྱགས་བཞིན་པ་ཐོས་ཀྱང་དང་པོ་ཕྱོགས་མ་ཤེས་བ། གཉིས་ནས་ས་སློག་བྱེད་ཀྱི་ལག་ཆ་ཚད་ལྡན་མེད་པས་བོད་རིགས་སྤུན་ཟླ་དེ་ཚོ་ངན་བསོད་བྱས་སོང་བས། སྲིད་འཛིན་སྲིད་བློན་གཉིས་ངོ་ཕེབས་བྱས་བ་དང་དོན་དངོས་མྱུར་སྐྱོབ་ཀྱི་ལག་ཆ་དང་བཀོད་སྒྲིག་གཉིས་ཀྱི་བར་ལ་རྦད་དེ་ཧེ་བག་ཤོར་འདུག་པས་རྒྱ་ནག་གཞུང་གི་དམིགས་ཡུལ་ངོ་མར་ཐེར་འདོན་དང་དྲི་བ་གཏོང་རྒྱུ་མགྲིན་ཚབ་པ་ཚོའི་འགན་ཁུར་མིན་ན་སུས་ཁྱེར་དགོས་བ་རེད་དམ། གང་ལྟར་དང་པོ་ཁང་པའི་རྒྱུ་ཆ་ནས་མཐའ་མ་ཕུང་བོ་སྦྱིན་བསྲེགས་བར་ཞིབ་འཇུག་བྱེད་རྒྱུ་ལྷག་བསྡད་པས་འགན་དེ་རང་གཞུང་གི་འགན་ལས་གཡོལ་ཐབས་མེད་པས། ༸གོང་ས་མཆོག་ཕེབས་དགོས་ཀྱང་ཚུར་གུས་བརྩི་ཆེན་པོས་གདན་འདྲེན་མ་ཞུས་ན་ཕེབས་ཐབས་མེད་པ་དང་། ལྷག་ཏུ་འབྱུང་འགྱུར་ས་ཡོམ་འདི་དང་འབྲེལ་བའི་བོད་མིའི་བསམ་བློའི་རང་སྟོབས་ཀྱི་ངེས་ཤེས་དང་ངར་ཤུགས། ཚོར་སྣང་སོགས་ལ་ཤུགས་རྐྱེན་ཐེབས་པའི་ཆ་རྐྱེན་ཕྲ་མོ་ཙམ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་ཁས་ལེན་མི་བྱེད་རྒྱུ་དེ་བས་ཀྱང་གལ་ཆེན་རེད།
སྤྱིར་བཏང་ད་རེས་ལྷ་སའི་ཁུལ་ནས་གཞུང་སྒེར་ཚང་མས་སྐྱོབ་གསོ་དང་འཚམས་འདྲི་དེ་ཙམ་མ་གོ་མ་གཏོགས། མདོ་སྟོད་སྨད་ལྷག་པར་ཏུ་མདོ་སྨད་ས་ཕྱོགས་གང་ས་གང་ནས་ཚོད་དཔག་ལས་བརྒལ་བའི་མི་རྒྱུ་སྲོག་གསུམ་གྱིས་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་པ་འདིས། རྒྱ་ནག་གཞུང་གིས་༸གོང་ས་མཆོག་ཕེབས་པར་མོས་མཐུན་བྱས་སོང་ཞེས་པའི་ མོས་མཐུན་ ཙམ་གྱི་ཚིག་འདིས་ཡུལ་དུས་གནས་བབ་གང་དུའང་ལྷིང་འཇགས་དང་ཕན་རླབས་ཆེ་བ་མཁྱེན་གྱི་རེད། རྒ་སྐྱེ་རྒུ་མདོ་ནི་མདོ་གསུམ་གྱི་ཡ་གྱལ་ཡིན་པའི་ལོ་རྒྱུས་ཀྱི་འགྲོས་ལྟར། ས་གནས་དེ་རང་དུ་ཤུལ་ལུས་ཚོས་བོད་པའི་ངོ་བོ་གཙང་མའི་ཐོག་ཁྱིམ་གཞི་འཛིན་རྒྱུར་བོད་པ་ཚང་མས་ཧུའུ་ཡི་ཕྱག་བསྟར་མར་ཟླ་ཤས་ནང་ལྟ་གལ་ཆེ་ལ། ཁོང་ཚོའི་ཁང་བ་གསར་བ་དང་འཚོ་བའི་དྲོད་འཇམ་སོགས་ལ་མི་འགྱང་བའི་ནང་ང་ཚོར་འོས་འགན་གསར་བའང་སླེབས་མི་སྲིད་པ་མིན་སྟབས་༸གོང་ས་མཆོག་ཕེབས་པ་ལས་ཐབས་མཆོག་གཞན་མི་འདུག་བསམ་པ་དེ་བླུན་པོའི་སྐད་ཆ་རང་རེད།
ད་རེས་བཙན་བྱོལ་རླུང་འཕྲིན་ཁང་ཚོ་བོད་ནང་དུ་འབྲེལ་བ་ཆེ་རབ་ཀྱི་འུར་ལ་ཁུངས་མེད་པ་གཞི་ནས་ཤེས་སོང་ལ། ས་གནས་ས་ཐོག་རང་ཏུ་བོད་རིགས་ས་ཁུལ་གང་ནས་གཞུང་སྒེར་སུས་སྐྱོབ་གསོ་བྱེད་ཀྱི་འདུག་མིན། བོད་རིགས་ནང་ཁུལ་གྱི་དཀྲུས་ན་མ་དག་པའི་ལར་ཞེན་དེ་བརྒྱུད་བསྒྲགས་བྱ་རྒྱུའི་ཐབས་ཤེས་ཧ་ཅང་ཞན་པ་དེ་ནི་རང་རང་ལས་དོན་སྟེང་གི་ལོ་རྒྱུས་ཤིག་ཆགས་ཚར་བ་རེད། དཔེར་ན། ཨ་ཤེའི་ཡ་རླུང་འཕྲིན་ཁང་ལྟ་བུས་རང་རང་སོ་སོས་ཕ་ཡུལ་གྱིས་མཚོན་པའི་ས་ཁུལ་ཚང་མའི་གནས་ཚུལ་བླངས་ཏེ་གཞིས་ལུས་བོད་མིའི་དམ་ཚིག མཁྱེན་རྒྱ། མཛད་འཕྲིན་སོགས་ཀྱི་བརྩེ་བའི་བསྣོལ་ཐག་དམ་ནས་དམ་ཏུ་སྦྲེལ་དགོས་མོད། ཡིན་ཡང་གཞི་རིམ་བོད་མི་ཚོའི་ས་ཡོམ་འདི་འབྲེལ་གྱི་གནས་ཚུལ་ཤེས་རྟོགས་བྱས་པ་ཧ་ཅང་སྐྱོ་བོ་རེད། ནམ་རྒྱུན་ཁ་པར་བརྒྱུད་ལམ་ནས་མི་རྫུན་མ་བཟོས་ཏེ་བོད་ནང་གི་རྒད་པོ་ཞིག་ཡིན་ཚུལ། ཤེས་ཡོན་པ་ཡིན་ཚུལ་སོགས་བཅོས་ནས་བོད་གཞུང་ལ་ཁ་བཏང་དུས་ཐབས་ཤེས་ཚང་མ་ཡོད་པ་རེད། ད་རེས་དམིགས་བསལ་ཨེ་ཤིའི་ཡ་རླུང་འཕྲིན་ཁང་ལ་བློ་ཕམ་སོང་ཡིད་ཆད་སོང་།
མཐའ་དོན་༸གོང་ས་མཆོག་ཕེབས་རྒྱུ་ལས་ཞིབ་འཇུག་བྱ་གལ་ཆེ་བར་མཐོང་ལ། རྐྱེན་ངན་འདི་འདྲ་གོད་ཆག་འདི་འདྲ་ཟླ་བ་ཁ་ཤས་རྗེས་ནས་ཁུ་སིམ་མེར་ཕྱིན་ན་ཧ་ཅང་བློ་ཕམ་རེད་ལ། ༸གོང་ས་མཆོག་དང་རང་གཞུང་གིས་ཡང་ཡང་ཡོང་གི་ཡིན་ཞེས་གསུངས་དགོས་ཀྱི་ཨེ་ཡོད། གལ་སྲིད་རང་གཞུང་གིས་ཆེད་འཛུགས་རང་དབང་ཅན་གྱི་རླུང་འཕྲིན་ལས་ཁུངས་ཞིག་ཡོད་ན་རྐྱེན་ངན་འདི་འདྲིའི་སྐབས་སུ་བོད་ཀྱི་རྩ་དོན་ལ་ཕན་རླབས་ཆེ་བའི་དངོས་དོན་མང་པོ་ཞིག་ཁྱབ་བསྒྲགས་བྱེད་རྒྱུ་ལྷག་གི་མ་རེད་བསམ་སོང་ལ། གཞིས་ལུས་རྒྱ་ཆེའི་མི་མང་གིས་ཀྱང་༸གོང་ས་མཆོག་གིས་ཐུགས་འདུན་གནང་བཞིན་པ་གོ་ཐུབ་ཀི་རེད་བསམ་སོང་།
༢༠༡༠། ༤། ༢༣། སློབ་གྲྭ་འགྲོ་བའི་ལམ་ཁ་མེ་འཁོར་ནང་ནས་ཤར་མར་བྲིས་ཞུ་དག་བྱེད་ཁོམ་མ་བྱུང་བས་ཡིག་ནོར་ཡོད་ན་དགོངས་དག་ཞུ།

གསར་འགྱུར།

Post navigation

Previous Post: ཨ་མ་འདི་ན་ཡོད།
Next Post: གཉིད་ལས་སློང་བའི་ཅོང་སྒྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme