Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་གིས་ཁེ་ལི་ཕོར་ནི་ཡའི་ཁུལ་དུ་གནས་སྡོད་བོད་རིགས་རྣམས་ལ་བཀའ་སློབ་སྩལ་བ།

Posted on 2016-06-202016-06-20 By ཁ་བརྡ 17 Comments on ༸གོང་ས་མཆོག་གིས་ཁེ་ལི་ཕོར་ནི་ཡའི་ཁུལ་དུ་གནས་སྡོད་བོད་རིགས་རྣམས་ལ་བཀའ་སློབ་སྩལ་བ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ

 
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཁེ་ལི་ཕོར་ནི་ཡའི་ཁུལ་གྱི་མཛད་འཕྲིན་གཉིས་པའི་ཐོག་མར། ༸གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་དུ་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་ཁུལ་དེར་གནས་སྡོད་བོད་མི་ ༤༠༠ ཙམ་ལ་བླང་དོར་བཀའ་སློབ་སྩལ་དོན། ང་ཚོའི་ཆབ་སྲིད་ཀྱི་ཐོག་ནས་ཆ་བཞག་ན་རྒྱ་ནག་ནང་འགྱུར་བ་ཏན་ཏན་འགྲོ་གི་རེད། ང་ཚོ་བོད་པ་ཚོར་ཆ་བཞག་ན་ང་ཚོས་མང་གཙོའི་ལམ་གྱི་ཐོག་གཏན་འཁེལ་ཏེ་འགྲོ་བཞིན་ཡོད། བར་སྐབས་ང་ཚོས་འོས་བསྡུའི་ལས་རིམ་སྐབས་ཨ་རི་དང་རྒྱ་གར་གྱི་ཆབ་སྲིད་པ་ཚོས་ལས་འདོད་ཕྲན་བུ་བྱས་ཡོད། ཁ་ཐུག་དེར་ཐལ་འཚུབ་ཕྲན་བུ་ལངས་སོང་སྟེ་ད་ཆ་ཐལ་འཚུབ་ཕྲན་བུ་འཇགས་པ་ཡོད། ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན།

2016-09-19-LA-G10-DSC_4798

ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱོས། ངོས་རང་ཆ་བཞག་ན་ཁ་སེང་སྨན་བཅོས་ལ་ཕྱིན་རྗེས་སྨན་པས་གཟུགས་པོའི་མ་རྩ་ཧ་ཅང་ཡག་པོ་འདུག་ཟེར་བྱུང་། སྨན་བཅོས་བྱེད་རྒྱུ་ལས་སླ་པོ་བྱུང་། ངོས་རང་བདེ་ཐག་ཆོད་ཡོད། ན་ནིང་ངོས་རང་རྒྱ་མིའི་སྨན་པ་ཞིག་ཐུག་པ་རེད། ཁོང་གིས་ངོས་ཀྱི་རྩ་དང་གདོང་ལ་བལྟས་ནས་ཞིབ་འཇུག་བྱས་རྗེས་ཕྱོགས་བསྡོམས་དེར་རྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱ་བཞུགས་པ་ལ་ཐེ་ཚོམ་མི་འདུག་ཅེས་བརྗོད་བྱུང་། ཉེ་ཆར་ལོན་ཌོན་གྱི་གནམ་ཐང་དུ་ཁྱུག་ཙམ་བསྡད་སྐབས་ངོས་ཀྱི་ངོ་ཤེས་ཁ་ཤས་ཤིག་ངོས་རང་ཐུག་ཏུ་བསླེབས་པ་རེད། ཁོང་ཚོས་ངོས་ཀྱི་གདོང་ལ་བལྟས་ནས་རྒྱལ་བ་རིན་པོ་ཆེའི་གདོང་ནི་ལོ་ངོ་དྲུག་ཅུ་ཙམ་གྱི་གདོང་བཟོ་འདྲ་འདུག་ཅེས་བརྗོད་བྱུང་།

དེ་ལྟ་བུའི་གཞོན་ཤ་དད་པོ་ཡོང་རྒྱུའི་རྒྱུ་རྐྱེན་གང་ཡིན་སྐོར་འདྲི་སྐབས་ངོས་ཀྱི་རྩེད་མོ་དང་སྦྲགས་དེ་ངའི་གསང་བ་རེད་ངོས་ཀྱིས་བཤད་ཀྱི་མ་རེད་ཅེས་བརྗོད་པ་ཡིན། ངོས་ཀྱིས་དེ་རྗེས་ཁོང་ཚོར་གཞན་དག་གང་ཡང་མེད། དངོས་གནས་དྲང་གནས་ངོས་རང་གི་ཉམས་མྱོང་རང་གི་ཐོག་ནས་སེམས་ཀྱི་ཞི་བདེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག སེམས་ཀྱི་ཞི་བདེ་ཟེར་རྒྱུ་དེ་གླེན་པ་དང་ལྐུག་པ་བྱས་ཏེ་བསམ་བློ་དེ་ཙམ་མ་འཁོར་བར་བསྡད་པ་མིན་པར། བསམ་བློ་ཆ་ཚང་འཁོར་ཏེ་བཟང་ངན་གྱི་གནས་ཚུལ་རྒྱུན་རྐྱེན་དང་བཅས་པ་ཆ་ཚང་ཞིབ་ཚགས་པོ་ཤེས་པར་བྱས། འོན་ཀྱང་སེམས་ཚོར་གྱི་རིམ་པ་མར་བབ་སྟེ་ སེམས་ལྷོད་ལྷོད་བསྡད་ཐུབ་རྒྱུ། དེར་གཞན་ཕན་གྱི་བྱང་ཆུབ་སེམས་ཞེས་པས་ཧ་ཅང་ཕན་གྱི་འདུག རྟེན་འབྱུང་གི་དེ་ཁོ་ན་ཉིད་ཟེར་བའི་ལྟ་བས་ཧ་ཅང་ཕན་ཐོགས་འདུག གང་ལྟར་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཁམས་ཤེས་པའི་ཐོག་ནས་རྣམ་རྟོག་འདྲ་མིན་སྐྱེས་སྐབས་དེར་གཉེན་པོ་བསྟེན་སྟངས་ཤེས་སྐབས་དེས་སེསམ་ཀྱི་ཞི་བདེ་ཡོང་བར་གཙོ་བོ་དེས་ཕན་ཐོགས་ཡོང་བཞིན་འདུག སེམས་ཀྱི་ཞི་བདེས་གཟུགས་པོའི་གཞོན་ཤ་དོད་པོ་ཡོང་རྒྱུ་དེ་འདི་ལྟར་རེད་ཅེས་བརྗོད་པ་ཡིན།

ཁྱེད་རང་ཚོ་སྤོ་རྨོ་ཆགས་ཚར་མཁན་དེ་ཚོ་དེ་ཙམ་བྱེད་རྒྱུ་གང་ཡང་མེད། སྤོ་རྨོ་མ་ཆགས་མཁན་ཚོ་སེམས་ཀྱི་ཞི་བདེ་ཡག་པོ་བྱུང་ན་ཕོ་གསར་མོ་གསར་གྱི་གདོང་དེ་ཡུན་རིག་བསྡད་ཀྱི་རེད། ཁྱེད་རང་ཚོ་ས་ཁུལ་གང་དུ་བསྡད་ཀྱང་བོད་པ་གཅིག་ཡིན་བསམ་པའི་འདུ་ཤེས་དེ་མ་བྲལ་བར་བོད་སྤྱི་པའི་ལ་རྒྱ་དང་། བོད་རྒྱ་ཆེའི་མི་མང་གིས་ད་བར་དཀའ་ལས་བརྒྱབ་སྟེ་ཆབ་སྲིད་ཀྱི་ཐོག་ནས་བོད་དུམ་བུར་ཕྱིན་ཡོད་ཀྱང་། བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་མི་རབས་ནས་མི་རབས་ལོ་སྟོང་ཕྲག་ལྷག་གི་རིང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ཀྱི་བོད་ཀྱི་རིག་གཞུང་བདག་པོ་བརྒྱབ་སྟེ་བསྡད་པ་རེད། ང་ཚོས་ཀྱང་དེ་དེ་བཞིན་གཟབ་གཟབ་བྱོས་ཨང་། ཆབ་སྲིད་ཀྱི་འབོད་སྒྲ་སྒྲོག་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་གཙོ་བོ་དུས་རྒྱུན་ལྡན་ནས་སོ་སོ་བོད་མི་རིགས་ཀྱི་ཁྱད་ཆོས་དེ་སོ་སོའི་གོམས་གཤིས་ལ་འཇགས་པ་བྱེད་དགོས། བོད་པ་ཞེས་བརྗོད་སྐབས་དཔེ་མཚོན་ཐུབ་རྒྱུ་ཞིག་བྱེད་དགོས།

གཞན་བར་སྐབས་བོད་པ་ནང་ཁུལ་གསོད་རེ་གཏོང་རྒྱུ་བྱུང་ཡོད། དེ་ཚོ་གྲས་ཁག་མེད། འོན་ཀྱང་སྐྱོན་དེ་སྐྱོན་དུ་མཐོང་བའི་སྒོ་ནས་དེ་ལྟ་བུ་མི་ཡོང་བའི་སྔོན་འགོག་དེ་རྒན་པ་ཚོས་གཞོན་པ་བསླབ་ཡིན་ནའང་རེད། ཡང་ན་ཁྱེད་རང་ཚོ་ནང་ཚགས་ཡིན་ནའང་རེད། གང་ལྟར་ང་རང་ཚོ་ཞི་བདེ་བག་དང་ལྡན་པའི་མི་རིགས་ཤིག་ཡིན་པ་དེ་གསོན་གནས་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་རྗེས་ཨ་རིའི་ལྷོ་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་ཝེས་མི་ནིས་ཊར་ Westminster ཞེས་པའི་གྲོང་ཁྱེར་ནང་གསར་དུ་བཞེངས་པའི་ཝེ་ཐི་ནམ་ནང་པའི་དགོན་པ་ Dieu Ngu དབུ་འབྱེད་ཀྱི་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེར་ཡོད་པའི་ཝེ་ཐི་ནམ་གཞོན་སྐྱེས་ཚོར་ཡ་རབས་སྤྱོད་བཟང་བྱེད་དགོས་པ་དང་། ལྷག་པར་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ཞི་བདེའི་དུས་རབས་ཤིག་ཏུ་བསྐྲུན་རྒྱུར་གཞོན་སྐྱེས་ཚོར་འགན་འཁྲི་ཡོད་སྐོར་བཀའ་སློབ་སྩལ་ཡོད། །

གསར་འགྱུར།

Post navigation

Previous Post: སྐྱོ་བྲག །ཅེས་པའི་འཕྲིན་སྟེགས།
Next Post: བོད་ཀྱི་སྦྲ་ནག་སྐོར་གླེང་བ།

Comments (17) on “༸གོང་ས་མཆོག་གིས་ཁེ་ལི་ཕོར་ནི་ཡའི་ཁུལ་དུ་གནས་སྡོད་བོད་རིགས་རྣམས་ལ་བཀའ་སློབ་སྩལ་བ།”

  1. ནུབ་ཕྱོགས་གངས་ཕྲུག says:
    2016-06-20 at 12:02 pm

    འོས་བསྡུའི་བསྐོར་ལ་ནམ་མཁའ་གཡའ་དག ས་གཞི་རྡུལ་དག་ཡིན་ནའང་། སྲིད་སྐྱོང་གི་དངོས་གཞི་ཕྱག་ལས་། ད་དུང་མུ་མཐུད་དེ་ཡར་རྒྱས་མ་འགྲོ་ནས་དེ་མུར་ལུས་པ་ཡིན་ན། དུས་ཚོད་འཕྲོ་བརླག་རེད།

  2. ྸཨ་འབར་འཇིགས་དབང། says:
    2016-06-20 at 10:03 pm

    ༅༅། མིང་དང་སྙན་གྲགས་ཡོད་ཀྱང་མེད་ཀྱང་རུང།། ལུས་ཀྱི་ལང་ཚོ་ཡག་ཀྱང་བཙོག་ཀྱང་རུང།།
    ཡུལ་གྱར་འཚོ་བ་སྐྱིད་ཀྱང་སྡུག་ཀྱང་རུང།། ༧སྐྱབས་མགོན་སྐུ་ཁམས་བདེ་བས་སེམས་པ་སྐྱིད།།
    སྐྱེ་བ་ཕྱི་མ་བོད་དུ་སྐྱེ་བ་ཤོག། མགོན་པོ་ཉིད་ཀྱི་ཐུགས་རྗེས་འཛིན་པ་ཞུ།།

  3. ཚེ་རིང་ says:
    2016-06-21 at 6:40 am

    ནུབ་ཕྱོགས་གངས་ཕྲུག་ལགས་མང་མོས་ཀྱི་རྒྱལ་ཁ་ཐོབ་ཚར་བའི་རྗེས་ལ་ང་ཚོས་དབུ་ཁྲིད་དེར་མཁས་ལེན་དང་རྒྱབ་སྐྱོར་མཉམ་རུབ་གནང་རྒྱུ་གལ་ཆེན་པོ་རེད་་་་་་སྔོན་གྱི་མཁས་པ་མང་པོས་གསུངས་མྱོང་ཡོད་་མང་གཙོའི་ལམ་ལུགས་དེ་ལམ་ལུགས་ཚང་མའི་ནང་ནས་ལེགས་ཤོས་ཡིན་ལ་ལམ་ལུགས་ཚང་མའི་ནང་ནས་སྡུག་ཤོས་དེ་ཡང་ཡིན་ཟེར་གྱི་ཡོད་

  4. ཀརྡོ་གཉེར་ཕྱག་པ་་ says:
    2016-06-21 at 6:46 am

    ནམ་མཁའ་གཡའ་དག ས་གཞི་རྡུལ་དག་ཡིན་སྟངས་སྐོར་ལ།
    https://www.facebook.com/rfa.tibetan/videos/966078056844767/

  5. ནུབ་ཕྱོགས་གངས་ཕྲུག says:
    2016-06-21 at 11:05 am

    ཚེ་རིང་ལགས་ཀྱིས་གསུངས་པ་ལེགས། ཡིན་ནའང་སྲིད་སྐྱོང་ང་རྒྱལ་ཅན། རྫུན་གཏམ་ཅན། འུར་སྒྲོགས་ཅན། མཐོང་དུས་སེམས་པ་ཡིད་མུག་གི་འདུག དེར་བརྟེན་ཁོང་ལ་དྲ་ཐོག་དང་ཡིག་ལམ་བརྒྱུད་ནས་ཡོ་སྲང་བྱེད་ཀྱི་ཡིན་ད།

  6. ཁ་བ་རི་བ says:
    2016-06-21 at 2:46 pm

    ནུབས་གངསཕྲུག།རང་སྨ་རང་གི་ཕབས་།ཕོ་ཆོ་ག་ཡིན་ད་་་་

  7. ྸཨ་འབར་འཇིགས་དབང། says:
    2016-06-22 at 12:39 am

    ༅༅། བོད་རྒྱ་ཆེ་མི་མང་གིས་འོས་འཕངས་ཏེ་སྲིད་སྐྱོང་ཆགས་པའི་རྗེས་ལ་ད་དུང་སྲིད་སྐྱོང་བློ་བཟང་སེང་གེ་
    ཁོ་པ། ང་རྒྱལ་ཅན། རྗོད་གཏམ་ཅན། འུར་སྒྲོགས་ཅན་དེ་ལ་ཡིད་མུག་གི་འདུག་ཟེར་བ་དེ་ཡག་ཀྱང་སྡུག་
    ཀྱང་གུས་ཞབས་བྱེད་དགོས་པ་ལས་སྨད་མི་རིགས། སྨད་ན་རྒྱ་ཆེའི་མང་ཚོགས་ལ་སྨད་པ་རེད།
    སོ་སོ་སྐྱོན་མེད་ཡོན་ཏན་ཀུན་ལྡན་དང། བྱང་ཆུབ་སེམས་པ་ཡིན་མདོག་མ་བཤད་མཁས་ལྡན་ཚོ་
    བཞེད་མོ་ཤོར་ཡོང།

  8. ཅང་ཤེས་རྟ་མཆོག says:
    2016-06-22 at 1:21 am

    ཚེ་རིང་ལགས་ཀྱིས་གསུངས་པ་ལེགས། ཡིན་ནའང་སྲིད་སྐྱོང་ང་རྒྱལ་ཅན། རྫུན་གཏམ་ཅན། འུར་སྒྲོགས་ཅན། མཐོང་དུས་སེམས་པ་ཡིད་མུག་གི་འདུག

  9. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-06-22 at 1:30 am

    བོད་པའི་སྤྱི་ཚོགས་ནང་ཕྱི་ནང་མེད་མཁན་གྲོད་སྤུ་ཅན་ཚོའི་ཁ་ལ་ཉན་རིན་ཡོད་མ་རེད། སོ་སོའི་ནག་ཁུང་ནང་ཡིབ་ནས་་་་ཧཧཧཧཧ་་་་་་རྐུ་མ་ཅིག་འདྲ་བ་ལ་ཨང་།

  10. ཨ་རོགས་ཁམས་ཕྲུག says:
    2016-06-22 at 4:45 am

    མགོ་སེར་གྱི་རྐུབ་གཡོག་མ་རགས་མཁན་གྱི་དྲ་བུ་འདི་ཚོ་སྙིང་རྗེ། འཛམ་གླིང་གི་མི་གྲས་ལ་སླེབས་པའི་སྲིད་སྐྱོང་མཆོག་ལ་གཅིག་གཅིག་ཉིག་ཉིག་འདྲ་བཤད། བོད་པའི་ཞབས་འདྲེན་རང་རེད།

  11. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-22 at 7:12 am

    མི་རིགས་ལར་རྒྱ་བོད་ཀྱི་བདེན་མཐའ་གསལ་བའི་སྲོག་།
    མི་རིགས་ཞེན་ཁོག་བོད་ཀྱི་བདེན་མཐའ་གསལ་བའི་ལམ་།
    མི་རིགས་འདྲ་མཉམ་ཆོལ་སུམ་བོད་མིའི་ཆིག་བསྒྲིལ་བརྟན་།
    མི་རིགས་གཅིག་དང་སྐད་ཡིག་གཅིག་གི་བོད་དོན་རྩོད་།

  12. ནུབ་ཕྱོགས་གངས་ཕྲུག says:
    2016-06-22 at 10:49 am

    ཁ་བ་རི་པ། བོད་ཡིག་ཡག་པོ་སྦྱང་ཨ། དེ་ནས་ངའི་མཉམ
    དུ་བགྲོ་གླེང་་བྱེད་ཆོག ཡི་གེ་བྲི་སྟངས་ལ་བལྟ་ན་སེ་འབྲས་དགེ་གསུམ་གྱི་གྲྭ་ལོག་གཅིག་ཡིན་ས་རེད། ཧ་ཧ་ཧ་ །

  13. ཀརྡོ་གཉེར་ཕྱག་པ་་ says:
    2016-06-22 at 3:28 pm

    https://www.facebook.com/voatibetan/videos/1047056651996786/
    འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །
    སངས་རྒྱས་ཆོས་དང་དགེ་འདུན་ལ། །
    བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །
    རྟག་པར་བདག་ནི་སྐྱབས་སུ་མཆི། །
    ཤེས་རབ་སྙིང་བརྩེར་དང་བཅས་པ། །
    བརྩོན་པའི་སེམས་ཅན་དོན་དུ་བདག །
    སངས་རྒྱས་མདུན་དུ་གནས་བགྱིས་ཏེ། །
    རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །

  14. སངས་རྒྱས་བསྟན་འཛིན་ says:
    2016-06-22 at 10:00 pm

    བཀའ་སློབ་ག་བར་ཉན་ཐུབ་བམ་།

  15. ཆུ་ལྷ་མོ། says:
    2016-06-28 at 9:09 pm

    ཚེ་རིང་ལགས་སྲིད་སྐྱོང་ལས་འཇིག་སྐྲག་ཆེ་བ་ཤིག་ང་རྒྱལ་ཅན། རྫུན་གཏམ་ཅན། འུར་སྒྲོགས་ཅན། མཐོང་དུས་སེམས་པ་ཡིད་མུག་དགོས་པ་ཞིག་གྲ་ལོག་སྐལ་བསྟན་བློ་གྲོས་ཡོད་ས་རེད་ད་། ཁོས་ཚང་མ་ཏག་ཏག་བཟོ་ཡ་གི་སྤྱོད་ལོག་ཡོད་ས་རེད་ད་། སྲེད་སྐྱོང་རྫུན་གཏམ་ཤོད་པ་དང་འུར་སྒྲོགས་བྱེད་པ་ཙམ་ལས་སྐལ་བསྟན་ཇུས་ངན་བཤམ་ལ་ཁ་བཏད་བཅག་ཐུབ་ཡ་ཡོད་ས་མ་རེད་།

  16. ཀརྡོ་གཉེར་ཕྱག་པ་་ says:
    2016-06-29 at 9:55 am

    ༸གོང་ས་མཆོག་གིས་ཁེ་ལི་ཕོར་ནི་ཡའི་ཁུལ་དུ་གནས་སྡོད་བོད་རིགས་རྣམས་ལ་བཀའ་སློབ་སྩལ་བ།
    https://www.facebook.com/voatibetan/videos/1047056651996786/

  17. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-29 at 10:18 am

    བཀའ་སློབ་དུད་རྩི་སྙིང་ལ་བཅང་ནས་ལག་ལེན་ཟབ་།
    བཀའ་སློབ་དུད་རྩི་ཁ་ལ་ཁྱེར་ནས་སྤྱི་ཚོགས་མ་དཀྲུགས་།
    བཀའ་སློབ་དུད་རྩི་ངོ་ལྐོག་མེད་པར་སེམས་ལ་
    བཞོག་།
    བཀའ་སློབ་དུད་རྩི་བོད་མི་ཡོངས་ཀྱི་བརྩི་བཀུར་
    ཞུ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme