Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཕུལ་བ།

Posted on 2013-07-052013-07-05 By ཁ་བརྡ་ 2 Comments on ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཕུལ་བ།

ཚེ་རིང་དཔལ་ལྡན།

ཁམས་གསུམ་འཁོར་བའི་འཇིག་རྟེན་འདི་ན་བྱིས་རྣམས་རྨོངས་པའི་ཆགས་སྡང་གིས།།
ཕན་ཚུན་འཁོན་པའི་རྡུལ་མཚོན་ཕྲ་མོས་རྟེན་འབྱུང་ཆོས་ཉིད་འདོར་བའི་ཚེ།།
ལུགས་གཉིས་བཟུང་འབྲེལ་ཉིན་བྱེད་འོད་ཀྱིས་ཉོན་མོངས་མུན་པ་འཇོམས་བྱས་ཏེ།།
ཟབ་མོ་ཆོས་ཀྱི་གསུངས་དབྱངས་དྲུག་ཅུས་མཁའ་ཁྱབ་འགྲོ་རྣམས་འདྲེན་མཛད་པ།།

སྤྱན་རས་གཟིགས་དབང་ཆོས་ཀྱི་རྒྱལ་པོ་ཁམས་གསུམ་འགྲོ་བའི་དེད་དཔོན་མཆོག །
བླ་མེད་བྱང་ཆུབ་སེམས་བསྐྱེད་ཆེན་པོས་དོན་གཉིས་སྒྲུབ་ལ་ལེགས་དགོངས་ནས།།
འཇིག་རྟེན་འཛིན་མའི་ཁྱིམ་གཞིས་འདི་རུ་ཚད་མེད་བཞི་ཡི་འཛུམ་ཕྱུང་བས།།
ས་གསུམ་འཇིག་རྟེན་སྐྱེ་རྒུ་ཡོངས་ཀྱིས་དད་དམ་གཙང་མའི་ཕྱག་འཚལ་ཏེ།།
སྐྱབས་མགོན་གང་གི་མཛད་བཟང་བསྔགས་པའི་མཛེས་སྡུག་མེ་ཏོག་ཀུན་ནས་མཆོད།།
དེ་རིང་བཀྲ་ཤིས་སྐུ་ཡི་འཁྲུངས་སྐར་འཚམས་འདྲིའི་སྙན་འཇེབས་གླུ་དབྱངས་དང་།།
ཡིད་འོང་ཞབས་བྲོ་གར་གྱི་ཉམས་འགྱུར་དྲི་མེད་དར་གྱིས་ལེགས་དྲངས་ནས།།
འདི་ཕྱིའི་སྐྱབས་མཆོག་བསྐལ་བརྒྱར་བརྟན་པའི་གསོལ་བ་སྨོན་ལམ་རྩེ་གཅིག་ཏུ།།
སྙིང་ནས་འདེབས་སོ་གང་གི་མཛད་བཟང་མཉམ་མེད་རྒྱས་པའི་བཀྲ་ཤིས་ཤོག །

ཅེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་བྱམས་བརྩེ་དང་སྙིང་རྗེའི་བདག་ཉིད་ཆེན་པོ་དགུང་ལོ་༧༨ ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་མགོན་པོ་གང་གི་བཞེད་དོན་ཇི་བཞིན་འགྲུབ་པར་གསོལ་བ་སྨོན་ལམ་སྙིང་དབུས་ནས་འདེབས་པར་ལགས།

རྩོམ་རིག

Post navigation

Previous Post: མཚུངས་མེད་བླ་མ་ཀུན་ནས་རྒྱལ།
Next Post: རྟེན་འབྲེལ་རིགས་པའི་དེད་དཔོན།

Comments (2) on “༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཕུལ་བ།”

  1. གནམ says:
    2013-07-05 at 9:28 am

    འདི་དང་ཕྱི་མ་བར་དོ་ན།
    ཁྱེད་ལས་སྐྱབས་མགོན་མ་ཡོད་པས།།
    རང་ཉིད་རེ་ས་སྐྱབས་གནས་སུ།།
    སྐུ་ཚེ་ཚེ་རིང་བཀྲ་ཤིས་སྨྱོན།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-07-06 at 6:23 am

    ཁྱེད་ཀྱི་དག་ཆ་རྣམས་ཕལ་ཆེ་བ་སྐྱོན་མེད་པ་ལྟ་བུར་སྣང་བས། ཁྱེད་ཀྱི་བཞེད་དོན་འགྲུབ་པར་སྨོན། བདག་གིས་དམིགས་བསལ། གངས་རིའི་མགོན་པོར་བསྟོད་པ་ཞིག་རྩོམ་མི་ཤེས་ཀྱང་། ཡི་གེའི་དག་ཆ་སོགས་ལ་དཔྱད་པ་བྱེད་ཐུབ་ན།
    འགྲོ་བའི་མགོན་པོ་ཐུགས་མཉེས་པ་དང་། རང་དོན་ཀླད་པ་ལ་རྒས་ནད་མི་ཕོག་པ་ལ་ཕན་པར་ཟེར་བ་། དེ་ཡང་། ད་ལྟ་རང་ཨིན་ཡིག་ན་བཀླགས། བདག་གི་བསམ་པ་བཞིན་བཤད་ཡོད་པ་ཞིག་ཏུ་མཐོང་། དེས་ན། གཤམ་གསལ་མིང་ཚིག་གསུམ་པོ་ལ་དཔྱད་པ་བྱེད་ཆོག་པ་ཞུ།

    བཟུང་འབྲེལ་ ཞེས་པ་དེ། བ་ཡིག་སྔོན་འཇུག་མེད་པ། ཟུང་འབྲེལ་ཞེས་དགོས་ཏེ། ཟུང་ནི་དངོས་པོ་གཉིས་མཉམ་དུ་ཡོད་པ་སྟེ། དེ་ལ་ཕྲུགས་ཀྱང་ཟེར། ཚད་མ་རིགས་རྒྱན་དུ། ཕྲུགས་ནི་ཟུང་ཡིན་ལ་ཞེས་པ་ཞིག་དྲན། བྱ་ཚིག འཛིན་ བཟུང་ གཟུང་ ཟུངས། ད་ལྟ་འདས་མ་འོངས་བསྐུལ་ཚིག་བཅས་སོ།
    སྐྱེ་རྒུ། ཞེས་པ་ནི་དགུ་ཞེས་པ་མང་ཚིག་ལ་འཇུག དེ་ཡང་སྔོན་འཇུག་ད་ར་རུ་འབོད་པ་ལས་ནོར་བྲིས་ཤོར། གཞུང་དཔེ་དག་ན་ཡང་། དེ་ལྟར་བྲིས་པ་མང་དུ་མཐོང་།
    མཉམ་མེད་རྒྱས་པའི་བཀྲ་ཤིས་ཤོག འདིར་ཁྱེད་ཀྱི་ཞེ་འདོད་ལ་རག་ལས། མཚུངས་པ་མེད་པའི་དོན་ཡིན་ན། ཤིན་ཏུ་སྐྱོན་མེད་ཡིན། འོན་ཀྱང་རྒུད་པའི་དོན་ཡིན་ན། ཉམས་མེད་ཅེས་དགོས་ཏེ། རྒྱས་པའི་ལྡོག་ཕྱོགས་ཉམས་པའམ་རྒུད་པ་ཡིན་པས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme