Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་གི་སྐུ་ཕྱར་ཉེན་ཁ་སླེབས་འདུག

Posted on 2012-05-212012-05-22 By ཁ་བརྡ་ 25 Comments on ༸གོང་ས་མཆོག་གི་སྐུ་ཕྱར་ཉེན་ཁ་སླེབས་འདུག

གསང་གྲོལ་གྱིས།

དབྱིན་ཡིག་ནང་གཟིགས་ན་འདི་རུ་བསྣུན།

དབྱིན་ཇིའི་ཏར་འཕྲིན་The Telegraphདྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ༸གོང་ས་མཆོག་སྤེལ་རྗམ་དུ་ཞབས་སོར་འཁོད་ལ་ཉེ་བའི་སྐབས་འདིར། སྤེལ་རྗམ་རྒྱལ་ས་སྤར་སིལ་དང་སྤྱི་ལེ་༨༠ཙམ་ཡོད་པའི་ཡོན་ཏན་གླིང་ཆོས་ཚོགས་སུ་རྫས་དཀར་པོ་བཅུག་ཡོད་པའི་ཡིག་སྐོགས་ཞིག་འབྱོར་ཡོད་པ་ཤེས་རྟོགས་བྱུང་འདུག་ལ། ཉེན་རྟོག་པའི་ཡིག་སྐོགས་ནང་གི་རྫས་དཀར་པོ་དེ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་ཀྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་སང་གཟའ་ཉི་མའི་ཉིན་བཙན་བྱོལ་བོད་གཞུང་གི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་གྱིས་རྒྱ་ནག་གཞུང་གིས་གསང་བའི་སྒོ་ནས་༸གོང་ས་མཆོག་གི་སྐུའི་གཟུང་ཁྲག་དང་ཆབས་གཅིན། དབུ་སྐྲ་རག་ཐབས་བྱེད་ཀྱི་ཡོད་པ་དང་། དེང་རབས་ཡར་ཐོན་ཅན་གྱི་རྫས་སྨན་དང་དུག་རིགས་རྫས་སྦྱོར་ལ་བརྟེན་ནས་༸གོང་ས་མཆོག་གི་སྐུ་ཕྱར་གནོད་འཚེ་གཏོང་རྒྱུའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་ཚུལ་འགྲེལ་བརྗོད་བྱས་ཡོད།

ཟླ་འདིས་ཚེས་༢༣ གྱི་ཉིན་རྒྱབ་ཙམ་ལ་༸གོང་ས་མཆོག་སྤེལ་རྗམ་ས་གནས་དཔེའུHuyརུ་ཆགས་ཡོད་པའི་ཡོན་ཏན་གླིང་ཆོས་ཚོགས་སུ་ཞབས་སོར་འཁོད་རྒྱུ་ཡིན་པ་དང་། ཚེས་༢༤ ཉིན་གྱི་ཞོགས་པར་ཆོས་ཚོགས་ཀྱི་འདུ་ཁང་དབུ་འབྱེད་དང་། སྤེལ་རྗམ་གཙོས་ཡུ་རོབ་རྒྱལ་ཁབ་ཁག་ནས་འབྱོར་བའི་བོད་མི་དང་ཤར་པ་བཅས་མི་གྲངས་ཉིས་སྟོང་ཙམ་ལ་དམིགས་བསལ་མཇལ་འཕྲད་དང་བཀའ་སློབ་སྩོལ་རྒྱུ་ཡིན་འདུག་ལ། ཉིན་རྒྱབ་མང་ཚོགས་ཡོངས་ལ་གསུང་བཤད་གནང་རྒྱུའི་མཛད་རིམ་གོ་སྒྲིག་གནང་ཡོད་འདུག སྤེལ་རྗམ་ནི་ཡུ་རོབ་ནང་གི་བོད་མི་འདུས་སྡོད་ཆེ་ཤོས་ཨང་གཉིས་བ་ཆགས་ཡོད་འདུག

གསར་འགྱུར།

Post navigation

Previous Post: ཉག་གའི་ལྗང་སེར་གློ་དམར་གྱི་བསྟན་དོན་ངོ་མ།
Next Post: གླིང་ཚ་ལྷ་མོ་སྐྱིད་སློབ་གྲྭར་འགྲོ་འཆར།

Comments (25) on “༸གོང་ས་མཆོག་གི་སྐུ་ཕྱར་ཉེན་ཁ་སླེབས་འདུག”

  1. yeshe says:
    2012-05-21 at 11:05 pm

    དོལ་ཚོགས་ལ་གཟོབས།

  2. རུ་ཤུལ་བུ་ says:
    2012-05-21 at 11:17 pm

    དངུལ་གྱིས་བྲན་གཡོག་དག་ལ་གཟབ་དགོས།

  3. འདོད་ལྷ་ཁམས་པ། says:
    2012-05-21 at 11:35 pm

    རེད། ཉེན་བརྡ་འདི་གལ་ཆེན་པོ་རེད།
    གསང་གྲོལ་བཞིན་ཁ་གསང་ནས་ཤོད་རྒྱུ་དེ་བས་གལ་ཆེན་པོ་རེད།
    དུས་སྐབས་འདིར་ཆེས་གཟབ་དགོས་ས་གཙོ་བོ་དེ་རང་རིགས་བོད་མིའི་ཁྲོད་གཟབ་དགོས་པ་ཡིན།
    བོད་མིའི་ཁྲོད་ནས་ཀྱང་བོད་ནས་ཡོང་བའི་བོད་མིའི་ཁྲོད་གཟབ་དགོས་པ་ཡིན།
    དོན་དག་འདི་བོད་མི་ཚང་མར་འགན་ཡོད། ལྷག་པར་དུ་ལས་སྣེ་ཚོར་ཡོད།
    འདི་ལ་དོགས་ཟོན་བྱེད་དང་། དེ་ལ་དོགས་ཟོན་མ་བྱེད་ཟེར་བའི་མི་མེད། ཚང་མར་ཏན་ཏན་ཏིག་ཏིག་གིས་ཞིབ་དཔྱོད་བྱེད་དགོས། གཙོ་བོ་དེ་ལུས་དཔྱད་པའི་མི་ཚད་ལྡན་དགོས་པ་ཡིན། ལས་ཀ་དེ་མི་གང་བྱུང་མང་བྱུང་གིས་ཡོང་གི་མ་རེད།

  4. བསྟན་འཛིན་ says:
    2012-05-21 at 11:55 pm

    གཙོ་བོ་དོལ་ཚོགས་སམ་བདུད་ཚོགས་ལ་གཟོབས།

  5. ཤེལ་དཀར་བུ། says:
    2012-05-22 at 12:09 am

    དོལ་ཚོགས་ནི་རྒྱའི་ལག་ཆ་གཙོ་བོ་རེད་དོལ་ཚོགས་ཕུད་པས་རང་རེ་ཙམ་ཟན་ཡོངས་ནས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་དང་༸གོང་ས་མཆོག་གི་སྐུ་ཚེར་གེགས་མི་ཡོང་བའི་སྨོན་ལམ་དུས་དང་རྣམ་པ་ཀུན་ཏུ་བརྒྱག་རོགས།

  6. མེ་ཏོག་དཀར་པོ། says:
    2012-05-22 at 12:19 am

    དོལ་ཚོགས་བོད་མི་ཡིན་ན་ཚུར་བཀུགས་དགོས། ཕར་བསྐྲད་མི་ཉན་ཡ།

  7. མཚོ་ནག says:
    2012-05-22 at 12:31 am

    ༧གོང་ས་མཆོག་ནི་ང་ཚོའི་མི་ལ་ངོམ་རྒྱུ་དང་རང་ལ་སྨོན་རྒྱུ་དེ་རེད། ༧གོང་ས་མཆོག་ནི་ང་ཚོའི་རྩ་ཆེན་གྱི་ནོར་བུ་ངོ་མ་དེ་རེད། ༧གོང་ས་མཆོག་ནི་ང་ཚོའི་མགོན་སྐྱབས་དང་སྐྱབས་གནས་ངོ་མ་དེ་རེད། ༧ གོང་ས་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་དང། ༧གོང་ས་མཆོག་ནི་འཚེ་མེད་ཞི་བདེ་སྐྲུན་པའི་རྒྱལ་པོ་ངོ་མ་དེ་རེད། ༧གོང་ས་མཆོག་ནི་བོད་གཞིས་བྱེས་གཉིས་ཀྱི་ཡོད་ན་གཅིག་ཆོག་དང་མེད་ན་དེ་ཕུང་གི་མི་བུ་རླབས་ཆེན་ཞིག་རེད། སྐྱབས་སུ་མཆི་ལ་ཐུགས་རྗེའི་གཟིགས། གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱལ་མཚོ་ཡི། སྐུ་ཚེ་བསྐལ་བརྒྱའི་བར་དུ་གནས་གྱུར་ཅིག། མི་རེ་ངོ་རེ་༧གོང་ས་མཆོག་གི་སྐུ་ཕྱའི་ཐད་འགན་ཡོད་དུས་ཚང་མས་ཆོལ་ཁ་དང་ལུང་ཞེན་མེད་པར། ཆོལ་གསུམ་གོང་བུ་གཅིག་དུ་བཟོས་ནས་འགན་ལེན་ཞུ་རོགས། ། ཡིན་དང་ཡིན། ཚེ་སྲོག་གི་འགྲོ་གྲོན་གཏོང་དགོས་བྱུང་ཡང་འགྱོད་མེད་ཞུ་དགོས།

  8. མཚོ་ནག says:
    2012-05-22 at 12:33 am

    མེ་ཏོག་དཀར་པོའི་གསུངས་པ་ལ་མངོན་པར་བསྟོད་དོ། ད་ལན་བརྩོད་པ་མེད།

  9. རྡ་སའི་གླུ་བ། says:
    2012-05-22 at 12:37 am

    གནད་དོན་འདི་ནི་བོད་རུས་ཞེན་པ་ཞིག་ཡིན་ཕྱིན་སེམས་ཁྲེལ་ཞིག་ངང་གིས་ཡོང་བ་ཞིག་རེད་ལ། ༸གོང་ས་མཆོག་རྒྱ་གར་ནང་ལོག་དང་ཕྱི་ཕྱོགས་སུ་ཕེབས་ཐེངས་རེ་རེར། ངས་རང་ཉིད་ཀྱི་འབྲེལ་ཡོད་ངོ་ཤེས་ཚོར་སྐུ་ཕྱཱའི་བདེ་འཇགས་ཀྱི་གནས་སྟངས་སྐོར་འདྲི་གི་ཡོད། སྐུ་འཁོར་ཚོས་ཆེས་གཟབ་གཟབ་གནང་དགོས་ལ། དེ་བས་ཀྱང་སྐུ་སྲུང་ཚོས་རི་བོ་ལས་ལྕི་བའི་འགན་འཁྲི་ཞིག་ཡོད་པ་དེ་ཤེས་དགོས། གཟབ་གཟབ་བྱེད་ས་ལ་ཕྱི་ནང་མི་རིགས་ཀྱི་ཁྱད་པར་ཅི་ཡང་མེད་པ་རྟོགས་དགོས་པར་སྙམ་ལ། དེའི་ཁྲོད་ནས་རང་རེ་བོད་མི་ཚང་མས་དཔུང་རྡང་མཉམ་གཤིབ་ཀྱིས་འགན་ལེན་གནང་དགོས།

  10. རིག་བློ says:
    2012-05-22 at 12:53 am

    དོལ་འདྲེ་དེ་ཚོར་ཆོས་ཟེར་བ་དང་མི་རིགས་ཀྱི་ལར་ཞེན་ཟེར་མེད་པར་དགྲ་བོ་རྒྱ་དམར་གྱི་དངུལ་བྱུང་ན་མི་ལས་དགུ་ལས་ཚང་མ་བྱེད་ཀྱི་རེད། ཆོལ་གསུམ་བོད་མི་ཚང་མས་གཟབ་གཟབ་བྱས་ཏེ་བོད་འདུས་སྡོད་ཀྱི་ས་གནས་གང་དུ་ཡོད་ཀྱང་དུས་རྒྱུན་ནས་དོལ་འདྲེ་ཚོའི་བྱ་སྤྱོད་ལ་གཟབ་ནན་གྱིས་རྟོགས་ཞིབ་གནང་རྒྱུ་དེ་ཧ་ཅང་གལ་ཆེ་བ་མ་ཟད། ༸གོང་ས་མཆོག་ཆིབས་བསྒྱུར་གནང་སའི་ཡུལ་ལུང་དང་རྒྱལ་ཁབ་གང་ཡིན་ཡང་དེའི་འབྲེལ་ཡོད་བདེ་སྲུང་ཚན་པར་མཉམ་འབྲེལ་གྱིས་ཧུར་ཐག་ཆེན་པོས་སྐུའི་སྲུང་སྐྱོབ་ལ་འབད་རྒྱུ་དེ་འཛམ་གླིང་སྐྱེ་འགྲོ་སྤྱི་དང་ཡང་སྒོས་བོད་གངས་ཅན་པའི་བདེ་སྡུག་ཚང་མར་རག་ལས་ཡོད་པ་ཤེས་པའི་ཐོག་ནས་འབད་བརྩོན་གནང་རོགས་ཞེས་འབོད་བསྐུལ་ཞུ་བཞིན་ཡོད།

  11. ཞི་བ་དགའ་ནས། says:
    2012-05-22 at 1:23 am

    བླ་མ་ཡི་དམ་བཀའ་བསྲུང་སྐུ་བསྲུང་ལ།།
    རེ་ཅིང་གསོལ་བ་བཏབ་པའི་དགེ་ཚོགས་ལས།།
    ༧གོང་ས་མཆོག་གི་སྐུ་ཚེ་སྲུང་བའི་སླད།།
    ལྟ་ལོག་བསམ་ངན་སྦྱོར་རྩུབ་དཔུང་ཚོགས་ཀུན།།
    ལོ་ཟླར་མ་བཞག་གནས་ནས་སྐྲོད་པོར་མཛོད།།

  12. གངས་སེང་དཀར་མོ། says:
    2012-05-22 at 2:33 am

    ང་ཚོས་དོགས་ཟོན་བྱེད་ས་དེ་དག་ཧ་གོ་བར་བྱེད་དགོས། སྣང་མེད་ལ་གཏན་ནས་འཇོག་མི་ཉན། དེ་ཡང་ཕྱི་ནང་ཟེར་ནས་འབྱེད་རྒྱུ་ཅི་ཡོད་པ་མ་རེད། རྒྱ་ནག་གིས་གང་ལ་ཡང་ལག་པ་འཆང་སྲིད་པ་རེད། ད་དུང་དོ་སྣང་མི་བྱེད་ས་དང་། དོགས་ཟོན་མི་དགོས་ས་དེ་དག་གཙོ་བོ་བཀོལ་སྲིད་པ་རེད། དེ་བཞིན་དུ་བོད་རིགས་ཟེར་ནས་ཀྱང་མཐའ་གཅིག་ཏུ་ངེས་འཛིན་དཀའ་མོ་རེད། རྒྱ་མི་རིགས་སོགས་མི་རིགས་འདྲ་མིན་བཀོལ་རྒྱུ་རག་ན་བཀོལ་ཐག་ཆོད་རེད། ཡང་ཤེས་དགོས་པ་ཞིག་ལ། བོད་རིགས་དེ་དག་དམིགས་བསལ་གྱིས་བཀོལ་རྒྱུ་རེད། དེ་ནི་རྒྱ་ནག་གི་ལང་ཕྱོགས་གཙོ་བོ་རེད། བོད་པའི་ཆིག་སྒྲིལ་དང་། བརྟན་ལྷིང་རྩ་མེད་བཟོ་ཆེད་དེ་ལྟ་བུའི་ཆབ་སྲིད་བེད་སྤྱོད་གཏོང་གི་ཡོད་པ་མཐོང་ཆོས་མངོན་འགྱུར་རེད། རྒྱུ་མཚན་དེ་འདྲ་ཞིག་གིས་བོད་ཀྱི་བུད་མེད་རྣམས་བཀོལ་གི་ཡོད་པ་ལས་གཞན་རྒྱ་ནག་ལ་མི་མེད་སོང་བ་གཏན་ནས་མིན། དེས་ན་ང་ཚོས་ཆིག་སྒྲིལ་གྱི་ཕྱོགས་ལ་ཡང་ཞོར་དུ་ཐུགས་བསམ་རྒྱ་ཆེར་གཏོང་དགོས།

  13. རང་མདངས་ says:
    2012-05-22 at 2:55 am

    བོད་མི་་རེ་རེ་ནས་འགན་ཁུར་དགོས་ལྷགས་པར་དུ་མི་དོག་ཅན་རྣམས་ལ་དོ་སྣང་ངེས་པུར་དུ་་བྱེད་དགོས་གལ་ཆེ་བ་སྣང་་་་་་་་་་

  14. ཀརྡོ་གཉེར་ཕྱག་པ་ says:
    2012-05-22 at 3:37 am

    བླ་མ་ཡི་དམ་དམ་ལྡན་་༸སྐུ་སྲུང་དང་། །
    དད་ལྡན་དད་བདེན་་བདེན་པའི་སྨོན་ལམ་གྱིས། །
    ༧གོང་ས་མཆོག་གི་སྐུ་ཚེའི་བར་ཆད་བགེགས། །
    བསམ་སྦྱོར་ངན་རྩུབ་ཐམས་ཅད་ཞི་འགྱུར་ཅིག །

  15. མཚོ་ནག says:
    2012-05-22 at 3:58 am

    རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། གངས་ལྗོངས་འགྲོ་བའི་མགོན་པོ་སྤྱན་རས་གཟིགས། སྙིགས་དུས་འགྲོ་བའི་སྐྱབས་མགོན་པདྨ་འབྱུང། ༧གོང་ས་མཆོག་གི་སྐུ་ཕྱར་སྲུང་བར་མཛོད། མཐུ་སྟོབས་བདག་པོ་ཕྱག་ན་རྡོ་རྗེ་དང། བོད་ཡུལ་སྲུང་བའི་ལྷ་སྲུང་གནས་སྐྱོངས་སོགས། བདེན་པའི་བཀའ་སྒོས་དམ་ལ་གནས་པའི་ཚོགས། ༧གོང་ས་མཆོག་གི་སྐུ་ཕྱར་སྲུང་སྐྱོབས་མཛོད།

  16. ནག་ཐར་སྐྱིད། says:
    2012-05-22 at 5:09 am

    ཉེ་སྔོན་འདི་ནས་༧གོང་ས་མཆོག་གི་སྐུའི་བདེ་འཇགས་སྐོར་ལ་གླེང་སློང་སྣ་ཚོགས་པ་ཞིག་བྱུང་སོང་། ཁ་གསལ་མེད་པའི་བརྒྱུད་ལམ་འདི་དག་གི་ཁྲོད་སྙིང་རླུང་སྟོད་ལ་ཚང་གི་འདུག དོན་དངོས་ནས་ཅི་ཡིན་འདི་ཡིན་གྱི་བརྡ་ལན་གསལ་བོ་ཞིག་སྐུ་སྒེར་ཡིག་ཚང་དང་བདེ་སྲུང་ལྷན་ཁང་བརྒྱུད་འབྱོར་རེ་ཤིན་ཏུ་ཆེ།
    གང་ལྟར་་་བོད་མི་རྩམ་གཟན་ཡོངས་རྡོག་གཅིག་ཏུ་སྒྲིལ་ནས་རྐྱེན་ངན་འདི་དག་ཟློགས་ཐབས་ལ་འབད་རྒྱུའི་སྨོན་ལམ་སྙིང་ནས་འདེབས།

  17. གཟེ་མ་ར་མགོ says:
    2012-05-22 at 5:33 am

    བོད་མི་རིགས་ལ་དུངས་ཞེན་དང་བརྩེ་སེམས་ལ་རྒྱ་ཡོད་མཁན་ཚང་མས་ཤིན་ཏུ་ཐུགས་གཟབ་གནང་གལ་ཆེ། དོགས་གཞི་བྱུང་ན་རང་གཞུང་གི་བདེ་སྲུང་ལས་ཁུངས་དང་རྒྱ་གར་གྱི་བདེ་སྲུང་སོགས་ལ་ལམ་སེང་སྙན་ཞུ་དང་བརྡ་ལན་སྤྲོད་ཐུབ་པར་བྱེད་དགོས། ལྷག་པར་དུ་དོལ་ཚོགས་ལ་གཟབ་དགོས་རེད། ལྷོད་གཡེང་མ་བྱེད་་་་་་་་་་་་་་་

  18. བྱང་ཆུབ་། says:
    2012-05-22 at 8:41 am

    གང་ཅན་མགོན་པོའི་ཞབས་པད་སྲིད་མཐར་བསྟན་། ནག་ཕྱོགས་ཀླ་ཀློའི་བསམ་ངན་ཞིར་བར་ཤོག།

  19. བསྟན་འཛིན་ says:
    2012-05-22 at 9:07 am

    དོལ་ཚོགས་དེ་ལ་ངོ་ཚ་རྒྱུ་ཞིག་མི་འདུག

  20. ལུང་རྟོགས། says:
    2012-05-22 at 9:45 am

    རྒྱ་དམར་དང་དོལ་འདྲེ་གཉིས་ཀ་ལ་གཟབ་དགོས། ད་དུང་བོད་མི་ཚོས་གོང་ས་མཆོག་ལ་དགེར་འཇལ་ཞུ་རྒྱུ་ཉུང་རུ་གཏོང་དགོས་ལ། ཕྱག་དབང་ཞུ་རྒྱུ་དང་ཁ་དར་དབྱུག་རྒྱུ་སོགས་གཏན་ནས་བྱེད་མི་རུང་།

  21. ཤེས་ལྡན་ནས་ says:
    2012-05-22 at 9:52 am

    གནས་ཚུལ་དངོས་ཧ་གོ་མ་བྱུང་གོང་ལ་་གང་བྱུ་མང་བྱུང་མ་ལབ་ན་ཡག་པོ་རེད་་་་་
    དངོས་ཡོད་གནས་ཚུལ་ཧ་གོ་ན་ལན་སྤྲོད་དགོས་གལ་ཆེན་པོ་རེད་
    མགོ་མ་མཐོང་གོང་ནས་གདོང་དཀར་པོ་ཟེར་བ་དེ་ཡག་པོ་མ་རེད་

  22. མཚོ་བུ་དཀར་པོ། says:
    2012-05-22 at 11:12 am

    ཆུ་མ་གོང་ལ་རགས།རྐྱེན་མ་ཡོང་སྔོན་ལ་བཟློག་ཟེར་བ་བཞིན་ལྷག་པར་དུ་
    སྐུ་སྲུང་ཚང་མས་དོགས་ཟོན་བྱས་དགོས།་རྣམ་གཡེང་དང་སྣང་མེད་ལ་
    གཏན་ནས་འཇོག་མི་ཉན།

  23. གངས་སེང་དཀར་མོ། says:
    2012-05-22 at 12:16 pm

    གང་བྱུང་ཁ་མ་བཏང་ན་ཡག་པོ་འདུག གཙོ་བོ་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་འདི་ང་ཚོ་གངས་ཅན་པ་ཡོངས་ཀྱི་འོས་འགན་རེད། དེའི་ཐོག་ནས་གོང་ས་མཆོག་གི་སྐུ་ཕྱྭ་ལ་འགན་ཁུར་ན་ངེས་པར་དུ་གཟི་བརྗིད་ལྡན་པ་ཞིག་ཆགས་ཀྱི་རེད། གཙོ་བོ་རྒྱ་ནག་གིས་དཀྲུགས་ཤིང་འཕེན་གི་ཡོད་པ་གསལ་པོ་རེད། དེ་ལ་ང་ཚོས་ཀྱང་བརྡ་ལན་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་སྤྲོད་ཐུབ་དགོས་པ་རེད། ད་ལྟ་རྒྱ་ནག་གིས་ཕྱི་ནང་གསང་གསུམ་ན་ཉན་ཡོད། ཁོང་ཚོས་ནང་ཕན་ཚུན་འགལ་བ་གཏུགས་ཐབས་བྱེད་ཀྱི་ཡོད། ད་ལྟ་རྒྱ་ནག་གི་གསང་བ་དེ་ཡང་དེའི་ཡན་ལག་ཅིག་ཡིན་པ་སྨོས་མེད་རེད། དེས་ན་ང་ཚོའི་ཀྱང་དེ་དང་མཐུན་པའི་ལམ་འདེབས་ཤིག་དགོས་པ་སྐབས་དང་དུས་ལ་བབས་པའི་འོས་འགན་ཉག་གཅིག་རེད།

  24. གཉིས་མེད་སེངྒེ says:
    2012-05-22 at 1:42 pm

    རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་ཁུལ་རེད། ལག་ཟུང་ཐལ་མོ་སྦྱོར་བཞིན་ཡོད་པའི་ཤྰཀྱའི་དགེ་སྦྱོང་ཞིག་ལ་ལག་འགུལ་འདོད་པ་ནི་དངོས་གནས་ངོ་ཚ་བླ་ན་མེད་པ་ཞིག་མ་ཡིན་ནམ། ཡིན་ནའང་འདི་བ་ཚང་ལ་ངོ་ཚ་ཞེས་པ་རྣ་རྒྱབ་ཀྱི་རླུང་རེད།

  25. གསང་གྲོལ། says:
    2012-05-22 at 4:41 pm

    སྤེལ་རྗམ་བོད་རིགས་ཚོགས་པའི་༸རྒྱལ་བའི་སྐུ་ཕྱ་སྲུང་སྐྱོབ་དམ་དྲག་ཆེད་མང་ཚོགས་ལ་རེ་སྐུལ་ཅིག་ཞུས་འདུག http://www.tibetan.be/tibetancommunity/file.html

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme