Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་གི་བགྲེས་ཡོལ་ཐད་རྒྱལ་སྤྱིའི་གླེང་སློང་།

Posted on 2011-04-10 By ཁ་བརྡ་ 6 Comments on ༸གོང་ས་མཆོག་གི་བགྲེས་ཡོལ་ཐད་རྒྱལ་སྤྱིའི་གླེང་སློང་།

གསང་གྲོལ་གྱིས།
༸གོང་ས་མཆོག་བགྲེས་ཡོལ་གྱི་སྐོར་རྒྱལ་སྤྱིའི་གསར་ལམ་ཁག་གི་དཔྱད་བརྗོད་ཁོལ་ཕྱུངས་མ།
ཧྥ་རན་སིའི་འཛམ་གླིང་ཚགས་པར་Le Monde ཡིས་མགོ་བརྗོད་དུ་ཏཱ་ལའི་བླ་མའི་རྒྱ་ནག་ལ་མང་གཙོའི་སློབ་ཚན་ཞིག་ཁྲིད་པ་ཞེས་བཀོད་དེ། ད་ལྟའི་བཙན་བྱོལ་བོད་གཞུང་འདི་ནི་མི་མང་གིས་འོས་བདམས་བྱས་པའི་སྲིད་བློན་གྱིས་སྣེ་ཁྲིད་ཀྱིན་ཡོད་ལ། ཏཱ་ལའི་བླ་མའི་ལས་འགན་ནི་ཆེ་མཐོང་རང་བཞིན་ཙམ་རེད། ཡིན་ནའང་བོད་དེ་རྒྱ་ནག་ནང་ཁུལ་ནས་རང་སྐྱོང་ངོ་མ་ཞིག་རག་ཐབས་ཀྱི་རྩོད་ལེན་ཁྲོད་ཏཱ་ལའི་བླ་མ་ནི་དོན་སྙིང་ལྡན་པའི་འགོ་ཁྲིད་ཅིག་རེད། ཏཱ་ལའི་བླ་མའི་ཟླ༣ཚེས་༡༤ཉིན་བོད་ཀྱི་གྲོས་ཚོགས་ལ་ཁོང་ཉིད་བགྲེས་ཡོལ་ལ་ཕེབས་རྒྱུའི་དགོངས་འཆར་གནང་རྒྱུ་ཡིན་པ་དང་བོད་གཞུང་གི་སྲིད་བློན་འོས་འདེམས་ཏེ་ཟླ་༣པའི་ཚེས་༢༠ཉིན་ཡིན་ལ། པེ་ཅིན་དུ་ཡོད་པའི་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས་༼ཏཱ་ལའི་བླ་མའི་དུས་སྐབས་འདི་ལ་སྲིད་སྟེགས་ལས་བགྲོས་ཡོལ་ཕེབས་རྒྱུ་ཁྱབ་བསྒྲགས་བྱས་པ་ནི་ཁོང་གིས་ཐེངས་འདིའི་འོས་འདེམས་དེ་གལ་ཆེན་པོ་བརྩི་བཞིན་པ་མཚོན་ལ། ཁོང་གིས་འགན་དབང་དེ་མི་མང་གིས་འོས་འདེམས་བྱས་པའི་སྲིད་བློན་ལ་རྩིས་སྤྲོད་རྒྱུ་ཡིན་པ་རེད། ༽ ཅེས་བརྗོད། ཏཱ་ལའི་བླ་མའི་ལོ་མང་པོའི་སྔོན་ནས་བཟུང་མང་གཙོ་ཅན་དུ་གྱུར་བར་སྐུལ་མ་འདེད་བྱེད་ཀྱི་ཡོད་ལ། ཐེངས་འདིར་ཁོང་ཉིད་སྲིད་སྟེགས་ལས་དགོངས་པ་ཞུ་བ་ནི་བཙན་བྱོལ་གཞུང་གི་མང་གཙོའི་འགྱུར་མཚམས་ཀྱི་མཐའ་མཇུག་གི་གནས་རིམ་དེ་རེད། ལོ་བཅུའི་སྔོན་གྱི་གསུམ་བཅུའི་དུས་དྲན་སྐབས་ཁོང་གིས་བོད་མི་ཚོའི་འོས་འདེམས་བརྒྱུད་རང་ཉིད་ཀྱི་འགོ་ཁྲིད་ངེས་བར་ཏུ་གདམ་དགོས་གསུང་པ་དང་། ༡༩༩༠ ལོ་ནས་བཟུང་ཁོང་གིས་བཀའ་བློན་ཐད་བསྐོས་གནང་རྒྱུ་མཚམས་བཞག་སྟེ་གྲོས་ཚོགས་ནས་བདམས་པ་དང་། ༢༠༠༡ ལོ་མི་མང་གིས་འོས་འདེམས་བརྒྱུད་བཙན་བྱོལ་བོད་གཞུང་གི་སྲིད་བློན་བདམས་པ་དང་། ༢༠༠༩ ལོ་ཁོང་ཉིད་ཕྱེད་བགྲེས་ཡོལ་གྱི་ཁྱབ་བསྒྲགས་བྱས། ཁ་སང་ཁོང་ཉིད་སྲིད་སྟེགས་ལས་རྦད་དེ་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་གསལ་བསྒྲགས་བསྐྱངས་པ་དང་། ཏཱ་ལའི་བླ་མའི་ཁོང་གིས་ཐག་གཅོད་དེ་ནི་བོད་མི་ཚོར་ཕུགས་རྒྱང་རིང་བའི་ཁེ་ཕན་ཡོད་པ་ལས་ཁོང་ཉིད་ལས་འགན་ལས་གཡོལ་ཆེད་མིན་ཅེས་བརྗོད།
རྒྱ་ནག་གཞུང་གིས་བརྟན་ལྷིང་སྲིད་ཇུས་ཡར་རྒྱས་གཏོང་བ་ནི་བོད་མིའི་འཚོ་བ་ལེགས་བཅོས་ཀྱི་རྨང་གཞིན་ཡིན་པར་བརྗོད་བཞིན་པ་དེ་ལ་ཏྰ་ལའི་བླ་མས་ རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་བསློགས་པའི་ཉེས་མིང་འོག་བོད་མི་ཤེས་ཡོན་ཅན་དང་། ཁོར་ཡུག་སྲུང་སྐྱོང་མི་སྣ། རྒྱ་ནག་ནང་ཁུལ་གྱི་ཐོབ་ཐང་སྲུང་སྐྱོང་མཁན་ཁྲིམས་རྩོད་པ་སོགས་འཛིན་བཟུང་བྱེད་ཀྱིན་ཡོད་པ་ལས་དྲག་གནོན་དེ་དབང་བསྒྱུར་གྱི་ལག་ཆ་བྱེད་བཞིན་པའི་སྲིད་དབང་གི་སྐད་ཆ་ཚང་མ་སྟོང་ལབ་རེད་ཅེས་བརྗོད།
ཧྥ་རན་སིའི་Le Figaro ཚགས་པར་གྱིས་འགོ་བརྗོད་དུ་༼ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་དབང་ཆ་འདོར་བ༽ཞེས་བཀོད་ཡོད་ལ། ཏཱ་ལའི་བླ་མའི་བགྲེས་ཡོལ་གྱི་གསལ་བསྒྲགས་དེའི་ཐད་པེ་ཅིན་གྱི་ཕྱི་འབྲེལ་མགྲིན་ཚབ་པས་འཁྲབ་སྟོན་ཞིག་རེད་ཅེས་བརྗོད།
ཏཱ་ལའི་བླ་མའི་ཁོང་ཉིད་སྲིད་སྟེགས་ལས་དགོངས་པ་ཞུ་རྒྱུའི་ཐུགས་རེ་ཐེངས་མང་པོར་གསུངས་པ་དང་། ཐེངས་འདིར་དངོས་སུ་ཁོང་གི་ཆབ་སྲིད་ཀྱི་སྐུ་དབང་མང་གཙོའི་འོས་བདམས་ཀྱི་སྲིད་བློན་ལ་རྩིས་སྤྲོད་རྒྱུ་ཡིན་པ་རེད།
ཧྥ་རན་སིའི་”Liberation
བཅིངས་འགྲོལ་ཚགས་པར་ན་རེ། སྔོན་ཆད་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་ཆོས་སྲིད་གཉིས་ཀྱི་དབང་ཆ་བཟུང་ཡོད་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤པའི་སྐུ་དབང་རྩིས་སྤྲོད་ཀྱི་ཁྱབ་བསྒྲགས་གནང་བ་དེས་དུས་རབས་བར་མའི་སྲོལ་རྒྱུན་ལམ་ལུགས་འདི་མཇུག་རྫོགས་པར་མངོན། ཏཱ་ལའི་བླ་མའི་གསལ་བསྒྲགས་དེ་ནི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདི་ཁྲིམས་མཐུན་རང་བཞིན་ཅན་དུ་བསྒྱུར་ཆེད་ཡིན་ལ། ༥༩ལོ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་འཛམ་གླིང་གང་སར་བོད་དོན་རྒྱབ་སྐྱོར་ལས་འགུལ་ཚོགས་པ་བཙུགས་ཐུབ་ཡོད་པ་དེ་ནི་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་ནུས་བའི་ཚུར་དྲངས་བ་ཡིན་ལ། གལ་སྲིད་ནམ་ཞིག་ཏཱ་ལའི་བླ་མ་སྐུ་མ་བཞུགས་ཚེ་བོད་འདི་འཛམ་གླིང་གིས་བརྗེད་འགྲོ་ངེས་རེད། དེར་བརྟེན་ཏཱ་ལའི་བླ་མའི་བཙན་བྱོལ་སྤྱི་ཚོགས་ཁྲོད་མང་གཙོའི་ལམ་ལུགས་སྐུལ་འདེད་བྱེད་དེ་བོད་མི་ཚོའི་མུ་མཐུད་རྒྱུན་འཁྱོངས་ཐུབ་པའི་མང་གཙོའི་ཐོན་དངོས་ཤིག་བཞག་ཡོད་པ་རེད་ལ། ཏཱ་ལའི་བླ་མའི་ཁུ་སིམ་མེར་གནས་ཡོད་པའི་བཙན་བྱོལ་གྲོས་ཚོགས་དེ་བོད་ཀྱི་ལས་དོན་གྱི་དར་ཆ་འཛིན་ཐུབ་མཁན་དང་བོད་མི་མང་གི་ལས་དོན་ཐད་ངོ་གདོང་ངམ་རྣམ་པ་གསར་བ་ཞིག་བརྗེ་ཐུབ་པའིི་ཐུགས་རེ་གནང་གི་ཡོད།
ཨོ་སི་ཁྲེ་རེ་ཡའི་དཔལ་འབྱོར་དུས་བབ”Financial Times” ན་རེ། ཏྰ་ལའི་བླ་མའི་བགྲེས་ཡོལ་མ་གནང་བའི་སྔོན་ལ་བོད་མི་ཚོ་ལ་ཁོང་ཉིད་སྐུ་མ་བཞུགས་པའི་དུས་རབས་དེ་གྲ་སྒྲིག་བྱེད་ཀྱིན་ཡོད་པ་རེད། བོད་ཀྱི་དབུ་ཁྲིད་འདིས་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་ནི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་བྱ་རྒྱུ་ཡིན་ལ་མ་འོངས་བར་གྲོས་ཚོགས་ལས་སྟོབས་ཤུགས་ཆེ་བའི་བོད་ཀྱི་དབུ་ཁྲིད་ཞིག་མེད་པ་རེད། ཏྰ་ལའི་བླ་མའི་ཐག་གཅོད་འདིའང་ཉེ་ཆར་ཨ་རབ་འཇིག་རྟེན་ནས་བྱུང་བའི་མང་གཙོ་བརྩོན་ལེན་གྱི་ལས་འགུལ་དང་འབྲེལ་བ་ཡོད་པ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཇར་མན་ཡག་ལག་ཚོགས་གཙོ་Kai Müller)ལགས་ཀྱིས་བརྗོད།
ཨ་རིའི་ལོའོ་སིན་ཨན་ཇེ་དུས་བབ་Los Angeles Times
ན་རེ། ཏྰ་ལའི་བླ་མའི་སྲིད་སྟེགས་ལས་ཡོལ་རྒྱུའི་དུས་སྐབས་འདི་ནི་རྒྱ་ནག་གཞུང་གིས་བོད་ནང་སྔར་ལས་དམ་དྲག་བྱེད་བཞིན་པ་དང་། ཉེ་ཆར་དཀྱིལ་ཤར་དང་བྱང་ཨ་ཧྥེ་རི་ཁའི་མང་གཙོ་ལས་འགུལ་གྱི་དུས་ལ་ཁེལ་ཡོད་བའི་པེ་ཅིན་སྲིད་གཞུང་བློ་འཚབ་སྐྱེས་བཞིན་པའི་དུས་སྐབས་ཤིག་རེད། བོད་དོན་ཆེད་མཁས་བ་(Robert Barnett) ཡིས་རྒྱ་ནག་གིས་ཚད་མཐོ་པོའི་སྒོ་ནས་བོད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་འོས་མི་ལ་དོ་སྣང་དང་སྟངས་འཛིན་བྱེད་བཞིན་ཡོད་ནའང་གྲུབ་འབྲས་དོན་ཕན་ལྡན་པ་བྱུང་གི་མེད། ཕྱི་ལོགས་ནས་པེ་ཅིན་གྱི་སེམས་ཚོར་ངོ་མ་དེ་རྟོགས་དཀའ་མོད་ཡིན་ནའང་པེ་ཅིན་གྱིས་དམིགས་འདུན་ནི་ལྟ་སྤྱོད་མི་མཐུན་པ་རྩ་མེད་བཟོ་རྒྱུ་དེ་རེད། རྒྱ་ནག་གི་འགོ་ཁྲིད་ཚོའི་ཁོ་ཚོའི་འཐུས་ཤོར་འོག་བོད་ལ་གཟི་བརྗིད་དང་ནུས་བ་ཆེ་བའི་འགོ་ཁྲིད་གསར་བ་ཞིག་སླེབས་རྒྱུ་རེད་སྙམ་པའི་སེམས་ཁྲལ་ཡོད་པ་རེད། ཉེ་ཆར་རྒྱ་ནག་གི་གནད་ཡོད་འགོ་ཁྲིད་ཞིག་གིས་ང་ལ་ཏྰ་ལའི་བླ་མ་ཕྱིར་རྒྱལ་ནང་དུ་ཡོང་རྒྱུའི་སྟོབས་ཤུགས་དེ་ནི་དམག་མིའི་རུ་དཔུང་ཆེན་པོ་ཞིག་གི་སྟོབས་ཤུགས་ལས་ལྷག་རེད་ཅེས་བརྗོད་བྱུང་ཟེར།
འཇར་མན་ལྷོ་ཕྱོགས་ཚགས་པར་༼འཇར་མན་གྱི་འགྲེམས་ཚོང་ཆེ་ཤོས༽་ Süddeutsche Zeitungན་རེ།
ཏྰ་ལའི་བླ་མའི་ད་ལྟ་སྲིད་སྟེགས་ལས་ཕེབས་རྒྱུའི་གསལ་བསྒྲགས་དེ་ནི་ཁོང་གི་རྒྱུད་འཛིན་མཁན་གོ་སྒྲིག་དང་འབྲེལ་བ་ཡོད་ལ། ཁོང་ཉིད་དགུང་ལོ༧༦ལ་ཕེབས་ཡོད་པ་དང་ཉེ་བའི་ལོ་ནང་ཐེངས་ཁ་ཤས་ལ་སྨན་བཅོས་གནང་བར་ཕེབས་པ། གཞན་བོད་ནང་རྒྱ་ནག་གིས་དྲག་གནོན་སྔར་ལས་ཚབས་ཆེན་བྱུང་སྟེ་བོད་མི་ཚོ་ཉིན་རེ་བཞིན་རྒྱའི་བཙོན་ཁང་ནང་ནས་ཡལ་བཞིན་པ་རེད། ད་ལྟ་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་རྒྱུའི་ཐུགས་རེ་གནང་བ་དེ་ལས་ང་ཚོའི་ཁོང་ཉིད་ཀྱང་འཆི་བ་ལ་ཞལ་མི་འཁོར་རང་འཁོར་ཡིན་པའི་མི་ཞིག་ཡིན་པ་རྟོགས་ཐུབ།
ཏྰ་ལའི་བླ་མའི་ཆབ་སྲིད་འགན་དབང་རྩིས་སྤྲོད་ཐད་བཙན་བྱོལ་གྲོས་ཚོགས་ནས་བགྲོ་གླེང་བྱ་རྒྱུ་ཡིན་པ་ནི་ཏྰ་ལའི་བླ་མའི་ཡང་སྲིད་བརྩད་གཅོད་འཐབ་རྩོད་ལ་གོམ་གང་མདུན་དུ་སྤོས་བ་རེད། རྒྱ་ནག་གི་འགོ་ཁྲིད་ཚོའི་སྔོན་མ་ནས་ཆོས་ལུགས་ཀྱི་སྲོལ་རྒྱུན་འདི་ལ་ཆབ་སྲིད་ཀྱི་དོན་སྙིང་ཡོད་པ་རྟོགས་ཏེ་༡༩༩༥ལོར་ཏྰ་ལའི་བླ་མའི་ཐུག་ཐག་བཅད་པའི་པཎ་ཆེན་ཡང་སྲིད་ཁས་མ་བླངས་པ་རེད། སྐབས་དེར་གུང་ཁྲན་ཏང་གིས་རང་ཉིད་ནི་མར་ཁེ་སི་དང་མའོ་ཙེ་ཏུང་ལྟ་བའི་ལྷ་མེད་སྨྲ་བ་ཞིག་ཡིན་པ་བརྗེད་དེ་ལམ་སེང་ཡང་སྲིད་ཁྱབ་བསྒྲགས་བྱས་པ་དང་། པཎ་ཆེན་ཡང་སྲིད་གཉིས་བྱོན། ཡང་སྲིད་གཉིས་ཅན་ཡོད་པ་ནི་པཎ་ཆེན་གཅིག་པུ་མིན་ལ་ཀརྨ་བ་ལ་ཡང་ཡང་སྲིད་གཉིས་ཡོད་པ་རེད། ཏྰ་ལའི་བླ་མའི་ཁོང་ཉིད་ཀྱི་ཡང་སྲིད་དེ་རང་དབང་ལུང་བའི་ནང་འཁྲུངས་ངེས་རེད་ཅེས་བརྗོད་ཡོད་ལ། ད་ལྟ་ཁོང་གིས་ཆོས་སྲིད་གཉིས་ཀྱི་ལས་དོན་སོ་སོར་གྱེས་བ་ནི་བཙན་བྱོལ་བོད་གཞུང་འཛིན་སྐྱོང་མཁན་ལ་སྔར་ལས་ལྷག་པའི་སྟོབས་ཤུགས་ཞིག་ཡོང་བའི་ཆེད་དུ་རེད། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཆེ་བའི་རྐྱེན་ལས་འཛམ་གླིང་གི་སྲིད་གཞུང་ཚང་མའི་དོགས་མི་བདེ་བའི་ངང་བའི་ནས་ཏྰ་ལའི་བླ་མ་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ཞིག་ཡིན་པ་ལས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ཡིན་པ་གླེང་གི་མེད། ཆོས་ལུགས་ཀྱི་དབུ་ཁྲིད་རྐྱང་བ་ཞིག་ཆགས་ཚེ་བོད་ཀྱི་ལས་དོན་ཐད་ཕྱི་རྒྱལ་གྱི་སྐུ་ཚབ་སྔར་ལས་ཡག་པོ་ཞིག་ཡོང་ངེས་བ་རེད།
ཏྰ་ལའི་བླ་མའི་འཚེ་མེད་ཞི་བའི་ཐབས་ལམ་ལ་གཞོན་སྐྱེས་ཁྲོད་སྐྱོན་བརྗོད་མཁན་བྱུང་གི་ཡོད་ལ། པེ་ཅིན་གྱིས་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་འདི་ཤོེར་བཞིན་ཡོད་དེ་བོད་ཀྱི་གནད་དོན་ཐག་གཅོད་ཀྱི་ནུས་བ་ནི་ད་ལྟའི་ཏྰ་ལའི་བླ་མའི་ལྷག་ཞིག་ཡོད་པ་མ་རེད།
རྒྱ་གར་གྱི་བང་ཆེན་གསར་ཤོག་Indian Express
གིས་མགོ་བརྗོད་དུ་ཏྰ་ལའི་བླ་མའི་རྒྱ་གར་ལ་ཉམས་ཚོད་ལེན་བཞིན་པ་མ་ཟད། རྒྱ་ནག་ལ་ཉམས་ཚོད་ལེན་པའང་རེད་ཅེས་བཀོད་ཡོད་ལ། ཏྰ་ལའི་བླ་མའི་སྲིད་ཀྱི་ཁུར་བོ་མར་བཞག་ནའང་ཁོང་གི་ནུས་ཤུགས་ལ་ཉམས་པ་སྤུ་ཙམ་ཡོད་མི་སྲིད་པ་རེད། ཡིན་ནའང་དེ་ནས་བཟུང་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་བོད་ཀྱི་མི་རབས་གསར་བའི་འགོ་ཁྲིད་ཚོ་ལ་གདོང་ལེན་བྱེད་དགོས་བ་ཆགས་པ་རེད། ཏྰ་ལའི་བླ་མའི་བོད་ཀྱི་ལས་འགུལ་གྱི་མང་གཙོའི་རྨང་གཞི་སྲ་བརྟན་བཟོ་བར་ཐག་བཅད་པ་ནི་བོད་ཀྱི་ཇ་སི་མིན་མེ་ཏོག་བ་སྤུ་གསར་བརྗེ་ཡི་གོ་སྐབས་ཤིག་ཡིན་ལ། མང་གཙོ་ངོ་མའི་འཛིན་སྐྱོང་གི་མགོ་བཙུགས་པ་རེད་ལ། རྒྱ་དཀར་ནག་གཉིས་ཀྱིས་བོད་པའི་སྣ་མང་སྤྱི་ཚོགས་ཀྱི་ལྟ་བ་མི་མཐུན་པ་དང་ཆབ་སྲིད་ལངས་ཕྱོགས་མི་གཅིག་པ་གནས་བ་ལ་སློབ་སྦྱོང་བྱེད་དགོས་བ་རེད།
ཏྰ་ལའི་བླ་མའི་སྲིད་ཀྱི་འགན་དབང་མ་གནང་བ་དེས་པེ་ཅིན་ལ་གོ་སྐབས་དང་གདོང་ལེན་ཐོབ་པ་དང་། གཅིག་བྱས་ན་མཚམས་ཆད་པའི་བོད་རྒྱ་ཞི་མོལ་བསྐྱར་ཏུ་སྒོ་ཕྱེས་ཐུབ་པའི་རེ་བའང་ཡོད་ངེས།
རྒྱ་གར་གླེང་སྟེགས་ཚགས་ཤོག India Tribune ན་རེ་གལ་སྲིད་ཏྰ་ལའི་བླ་མ་བགྲེས་ཡོལ་ལ་ཕེབས་ཐུབ་ཚེ་བཙན་བྱོལ་བོད་གཞུང་གི་བཅོས་བསྒྱུར་ལ་རྨང་གཞི་བཏིངས་བ་དང་། མཇུག་མཐར་ཆོས་སྲིད་གཉིས་ཁ་བྲལ་བ་མངོན་ཏུ་གྱུར་བ་རེད། ཏྰ་ལའི་བླ་མའི་དམིགས་ཡུལ་ནི་རྒྱ་ནག་གིས་༼ཏྰ་ལའི་རྗེས་ཀྱི་འཆར་གཞི༽་ཟེར་བ་གཏོར་བཤིག་གཏོང་ཆེད་ཡིན་ལ། རྒྱ་ནག་གིས་ཏྰ་ལའི་བླ་མ་སྐུ་གཤེགས་རྗེས་བཙན་བྱོལ་བོད་པའི་ལས་འགུལ་ག་ལེར་འཇགས་འགྲོ་བར་ངང་སྒུག་བྱེད་བཞིན་ཡོད་པ་རེད། ཡིན་ནའང་བཙན་བྱོལ་བོད་གཞུང་མང་གཙོ་ཅན་དུ་གྱུར་ཚེ་པེ་ཅིན་གྱིས་མ་འོངས་པར་འོས་འདེམས་བརྒྱུད་པའི་བཙན་བྱོལ་གཞུང་དང་ཞི་མོལ་མི་བྱེད་རང་བྱེད་ཆགས་པ་དང་། དེ་དང་ལྷན་རྒྱ་ནག་གིས་ཏྰ་ལའི་བླ་མའི་ཡང་སྲིད་ཐད་ཀྱི་འཐབ་ཇུས་ཤོར་སྲིད་པ་རེད་ཅེས་དཔྱད་བརྗོད་སྤེལ་འདུག་གོ

རྩོམ་རིག

Post navigation

Previous Post: ཕུ་ནུ་མིང་སྲིང་ཚོར་སྤྲིངས་པའི་འཕྲིན།
Next Post: ནམ་གུང་ཐོལ་གྱིས་བཞེངས་པའི་མགུར།

Comments (6) on “༸གོང་ས་མཆོག་གི་བགྲེས་ཡོལ་ཐད་རྒྱལ་སྤྱིའི་གླེང་སློང་།”

  1. ཁྲག་ཐིགས། says:
    2011-04-10 at 7:58 pm

    ཕྱི་ནང་གི་གསར་ལམ་ཁག་ནས་ཏྰ་ལའི་བླ་མའི་བགྲེས་ཡོལ་གྱི་ཐད་ལ་བསམ་ཚུལ་སྣ་ཚོགས་ཤིག་བཏོན་འདུག་མོད།གང་ལྟར་ཡང་ཕྱོགས་གཞན་ཞིག་ནས་གླེང་ན་ཏྰ་ལའི་བླ་མའི་བགྲེས་ཡོལ་དེས་བཙན་བྱོལ་སྤྱི་ཚོགས་ཀྱི་གཞུང་དམངས་གཉིས་ཀར་སྦྱོང་བརྡར་ཐེངས་ཤིག་སྤྲད་པ་ཡིན་འདུག

  2. ཤ་ཟན་དམར་པོ། says:
    2011-04-11 at 1:05 am

    ༧གོང་ས་མཆོག་ནས་བགྲེས་ཡོལ་གནང་བ་དེ་ནི། བཙན་བྱོལ་གྱི་བོད་མི་རྣམས་དམངས་གཙོའི་ལམ་དུ་གོམ་ཁ་དངོས་སུ་བསྒྱུར་བར་སྦྱོང་བརྡར་ངོ་མ་ཞིག་སྤྲད་པ་ཡིན་ལ། རྒྱ་གཞུང་ལ། དམངས་གཙོའི་ལམ་དུ་འགྲོ་བར་བསླབ་འདོམས་ཤིག་གནང་བ་ཡིན། ཡང་གཅིག་བཤད་ན། ཁོ་པ་ཚོར་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་པ་ཡིན།
    ཁོང་རང་ཉིད་རྒྱལ་སྤྱིའི་སྟངས་ཕེབས་བཞུད་ལ་བར་ཆད་ཡང་ཡང་སླེབས་བཞིན་པ་དེའི་བར་ཆད་སེལ་བར་གཏོར་ཟློག་ཅིག་གནང་བ་ཡིན་ལ། རང་ཉིད་ཀྱི་མཚན་མཐོང་སྔར་ལས་ལྷག་པར་རྒྱས་རྒྱུའི་སྟ་གོན་རྩོམ་པ་ཡིན།
    ཐབས་སྐྱོ་བ་ཞིག་ལ། བོད་མི་མང་པོ་ཞིག་གི་སེམས་ལ། ༧རྒྱལ་བ་རིན་པོ་ཆེས་བགྲེས་ཡོལ་གནང་གི་ཡིན་གསུངས་པ་དེ། ༧རྒྱལ་བ་རིན་པོ་ཆེ་སྐུ་མྱ་ངན་ལས་འདའ་གི་ཡིན་གསུངས་པ་ལྟ་བུ་ཞིག་ཏུ་གོ་གི་འདུག་པ་དེ་ནོར་བ་རེད།
    ཁོང་ཉིད་ནི། སྔར་བཞིན། སྔར་ལས་ལྷག་པར་སྐུ་ཟིལ་བ་ཁྲོམ་མེ། གཟི་བརྗིད་ལྷམ་མེར། ཞལ་འཛུམ་མདངས་འཁྱུག་གེར། ཐུགས་སྙིང་རྗེ་ཆེན་པོ་དང་བཅས་འགྲོ་བ་ཡོངས་ཀྱི་དཔལ་མགོན་དམ་པར་བཞུགས་ད་རུང་མུ་མཐུད་དུ་བཞུགས་རྒྱུ་ཡིན་པ་རེད།

  3. མེ་ཏོག་དཀར་པོ། says:
    2011-04-11 at 4:19 am

    ཤ་ཟན་དམར་པོས་གསུངས་པ་ལ་མངོན་པར་བསྟོད་དོ།།

  4. འདོད་ལྷ་ཁམས་པ། says:
    2011-04-11 at 11:55 pm

    གསང་གྲོལ་ལགས་ཀྱིས་འདི་ལྟར་༧གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་རྒྱལ་སྤྱི་ཅན་ལ་འགྱུར་བའི་གླེང་མོལ་ཕྱོགས་བསྒྲིགས་སུ་བཀོད་པ་འདིའང་གོམ་པ་གང་མདུན་དུ་སྤོས་པ་ཅིག་རེད།

  5. སྤངས་སྤོས། says:
    2011-04-12 at 1:48 am

    གནས་ཚུལ་དེ་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་སྐབས་གུས་དང་ཐུག་པའི་ཕྱི་རྒྱལ་གྱི་སྣ་བོད་དོན་མཁྱེན་མཁན་མང་པོས་སེམས་འཕྲེང་བྱ་གི་འདུག རྒྱུན་ཏན་མི་མང་པོས་ཁྱེད་རང་གང་ནས་ཡིན་ཞེས་འབྲི་ཡི་འདུག་པར་ང་བོད་པ་ཡིན་ལབ་ན་ཇ་པན་ནས་ཡིན་ཨའི་ལབ་ཀྱི་ གོ་བརྡ་མ་ཕྲོད་པའི་སྐབས་སུ་dalai lama ལབ་ན་ཡ་རབས་དང་བློས་འགེལ་ཆོག་པའི་མི་རེད་ལབ་ཀྱི་འདུག་༧གོང་ས་མཆོག་གི་ཐུགས་རྗེའི་མཛད་འཕྲིན་ཁོ་ནས་ང་ཚོ་སྐྱབས་འདུག

  6. མི་འཁྱམ། says:
    2011-04-12 at 11:08 am

    ཁ་སང་དེ་རིང་ལ་དུས་བབ་དྲ་རྒྱའི་ཐོག་རྒྱལ་སྤྱིའི་གསར་འགྱུར་དང་བསམ་ཚུལ་སོགས་ཉུང་རུ་ཕྱིན་པ་དང་།
    གསར་འགོད་པ་ཚོས་ཀྱང་རྒྱལ་སྤྱིའི་གསར་འགྱུར་འཚོལ་བསྡུ་བྱེད་ཐུབ་གི་མེད་པའི་བཟོ་ལྟ་འདྲ་ཞིག་མཐོང་སོང། ཡིན་ཡང་ས་དཀར་བཀྲ་ཤིས་ཀྱིས་༸གོང་ས་མཆོག་གི་ཆབ་སྲིད་ཀྱི་ཐུགས་འགན་དགོངས་ཞུ་གནང་ཡོད་པ་དེའི་སྐོར་རྒྱལ་སྤྱིའི་ཚགས་པར་སོགས་ཡིག་བསྒྱུར་བྱས་ཏེ་ཁ་བརྡ་དང་དུས་བབ་གཉིས་བཀོད་ཡོད་པ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་གྲངས་མེད་ཞུ་བ་དང་ཆབས་ཅིག འབྱུང་འགྱུར་མུ་མཐུད་གསར་འགྱུར་གསར་པ་སོགས་བོད་བསྒྱུར་གནང་རྒྱུ་དགོངས་འཇགས་ཞུ། ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme