Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་གི་གསུང་འཕྲིན་དགོངས་དོན་ཉམས་ལེན་ཞུ་ཕྱོགས་ཀྱི་གྲོས་ཆོད།

Posted on 2011-03-25 By དབང་ཕྱུག་ 5 Comments on ༸གོང་ས་མཆོག་གི་གསུང་འཕྲིན་དགོངས་དོན་ཉམས་ལེན་ཞུ་ཕྱོགས་ཀྱི་གྲོས་ཆོད།

གཞུང་འབྲེལ་གྲོས་ཆོད་གྲོས་འཆར།

སྔོན་གླེང༌།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པར་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་སུ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་དངོས་དོན་རྒྱུ་མཚན་ཞིབ་བཀོད་དང་སྦྲགས། ༼བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ ༽ ཞེས་སོགས་ཕེབས་པ་ཕྱི་ཚེས་ ༡༤ གྲོས་ཚོགས་ཀྱི་ཚོགས་འདུ་དབུ་འབྱེད་ཉིན་སྙན་སྒྲོན་ཞུས་ཤིང༌། ཕྱི་ཚེས་ ༡༥ ཉིན་ཐོག་མར་བཀའ་ཤག་གི་གསལ་བཤད་དང་བཅས་ཉིན་ཧྲིལ་པོར་བགྲོ་གླེང་ཞིབ་ལྷུག་ཞུས། ཕྱི་ཚེས་ ༡༦ ཉིན་རྒྱབ་སྤྱི་འཐུས་རྣམ་པ་ཟུར་དུ་ཚོགས་ཏེ་བགྲོ་གླེང་གནང་བ་དང༌། ཕྱི་ཚེས་ ༡༧ ཉིན་བཞུགས་མོལ་ཚོགས་འདུའི་སྐབས། གྲོས་ཚོགས་སུ་བགྲོ་གླེང་ཇི་བྱུང་གཞི་རྩར་བཞག་སྟེ་ཚོགས་གཙོ་སྦྲེལ་པོས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་རགས་ཟིན་གཉིས་འབུལ་འགྲེམས་གནང་བའི་ཐོག སྤྱི་འཐུས་རྣམ་པ་ཚོགས་ཆུང་གསུམ་དུ་ཆ་བགོས་ཀྱིས་བགྲོ་གླེང་གྲོས་བསྡུར་ཞིབ་ལྷུག་གནང་བ་དང༌། དེ་ནས་ཚོགས་ཆུང་གསུམ་པོ་སོ་སོའི་སྙན་ཐོ་ནང་གསལ་ལྟར་སྤྱི་མོས་སམ་མང་མོས་ཀྱི་བསམ་འཆར་ཕྱོགས་གཅིག་ཏུ་བསྡོམས་པའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་གྲོས་ ཚོགས་སུ་འབུལ་རྒྱུའི་རགས་ཟིན་གཏན་འབེབས་གནང༌། ཕྱི་ཆེས་ ༡༨ ཉིན་འཁྱོངས་གྲོས་འཆར་ཐོག་གྲོས་བསྡུར་ཞུས་ཏེ། ༼མགོན་པོ་གང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་མཛད་ཁུར་མུ་མཐུད་སྐྱོང་བཞེས་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་༽ གཙོ་བོར་གྱུར་པའི་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་ཅིག་བཞག་པ་ཕྱི་ཚེས་ ༡༩ ཉིན་སྐུ་སྒེར་དྲུང་ཆེ་བརྒྱུད་ལྷ་སྙན་སྒྲོན་འབུལ་ཞུས་པའི་ཕྱིར་ཕེབས་སུ། ༼སྔོན་དུ་གསུང་འཕྲིན་དུ་ཞིབ་གསལ་འཁོད་པ་བཞིན་ྋགོང་ས་མཆོག་གི་དགོངས་བཞེས་ཐག་གཅོད་ལ་འགྱུར་བ་མེད་གཤིས་གྲོས་ཆོད་ནང་གསལ་ལ་དགོངས་བཞེས་གནང་ཐབས་མ་གྱུར་པས་ཕྱིར་སློག་ཞུ་དགོས་བཀའ་ཕེབས་འདུག་༽ཅེས་ཕེབས་པར་བརྟེན། ཚེས་ ༢༠ རེས་གཟའ་ཉི་མའི་སྔ་དྲོར་སྤྱི་འཐུས་རྣམ་པ་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། ལས་འཆར་ཚོགས་ཆུང་ཞིག་འཛུགས་རྒྱུར་གྲོས་མཐུན་བྱུང་བ་ལྟར། ཚེས་ ༢༡ ཉིན་གཞུང་འབྲེལ་གྲོས་ཆོད་ཡིག་ཆ་ཨང་ ༡༥ པ་གཏན་ལ་ཕབ་པ་གཞིར་བཟུང་སྤྱི་འཐུས་ཚོགས་གཙོས་བཀའ་སྤྱི་གཉིས་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཆེད་བཙུགས་ལས་འཆར་ཚོགས་ཆུང་ཞིག་བཙུགས་པ་དང༌། ཚེས་ ༢༣ ཉིན་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་དང༌། ཟུར་འཛར་ཁག་གཉིས་བཅས་སྙན་སྒྲོན་གནང༌། ཚེས་ ༢༤ དང་ ༢༥ སོ་སོར་རྒྱབ་གཉེར་སྙན་ཐོར་བགྲོ་གླེང་མཐིལ་ཕྱིན་ཞུས་པ་བཞིན། མཐའ་དོན་གྲོས་ཆོད་ཅིག་འཇོག་དགོས་གལ་ཆེར་མཐོང༌།

གྲོས་ཆོད།

༡༽ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དང་བཀའ་སློབ་ཀྱི་དགོངས་དོན་ཉམས་ལེན་ཞུ་སླད། ཚོགས་གཙོ་སྦྲེལ་པོས་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་རྒྱུ།
༢༽ བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་དེས་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་དང༌། གྲོས་ཚོགས་སུ་བགྲོ་གླེང་བྱུང་བའི་སྤྱི་འཐུས་རྣམ་པའི་དགོངས་ཚུལ་གཞིར་བཞག་གིས། ཁྲིམས་དོན་མཁས་པར་གོ་བསྡུར་བགྲོ་གླེང་དང༌། གཞན་ཡང་ལས་རིམ་ཇི་འགབ་བབ་གཟིགས་ཀྱིས་ཟིན་བྲིས་འགོད་རྒྱུ་དང༌། ཚོགས་ཆུང་གི་སྙན་ཐོ་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༡ ནང་ཚུན་ཚོགས་དྲུང་ལས་ཁུངས་སུ་འབུལ་ཐུབ་པ་དགོས།
༣༽ བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་ནང་དོན་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་ཟུར་འཛར་གཉིས་པའི་སྔོན་གླེང་དང༌། དོན་ཚན་དང་པོའི་ཚིག་དོན་ལ་བསྐྱར་བཅོས་གནང་འོས་གནང་སྟེ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཅའ་ཁྲིམས་སུ་འགོད་ཆོག་པའི་གསོལ་འདེབས་ཞུ་ཕྱོགས་ཀྱི་སྐོར་ཕྱི་ལོ་ ༢༠༡༡ ཟླ་ ༥ པའི་བདུན་ཕྲག་གསུམ་པ་ནང་ཚུན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་རྒྱུ་དང༌། ཚོགས་ཆེན་གྱི་ཚོགས་དུས་དང་འཚོགས་ཡུལ། ཚོགས་མིའི་ཡོང་ཁུངས་བཅས་པ་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ཀྱིས་གཏན་འབེབས་གནང་རྒྱུ།
༤༽ གོང་གསལ་ལས་དོན་ཁག་གྲུབ་མཚམས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༤ པའི་ཚོགས་འདུ་འཕར་མ་བསྡུ་བསྐོངས་ཀྱིས་སྙན་ཐོ་ལག་བསྟར་ཞུ་ཕྱོགས་བཀའ་བསྡུར་ཐག་གཅོད་གནང་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༥ ལ།།

༼གོང་ གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་གྲོས་བསྡུར་ཞིབ་རྒྱས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༥ ལ་གཏན་འབེབས་གནང༌།།༽

གསར་འགྱུར།

Post navigation

Previous Post: དྲ་རྒྱའི་ཐ་སྙད་འདི་དག་ལ་བོད་ཚིག་ཡོད་དམ།
Next Post: གོ་སྐབས་ཀྱི་ཉིིན་མོ།

Comments (5) on “༸གོང་ས་མཆོག་གི་གསུང་འཕྲིན་དགོངས་དོན་ཉམས་ལེན་ཞུ་ཕྱོགས་ཀྱི་གྲོས་ཆོད།”

  1. བོད་ཀྱི་ཕོ་གསར། says:
    2011-03-25 at 4:08 pm

    ༧དཔལ་ལྡན་ཚོགས་གཙོ་མཆོག་གིས་ལོ་རྒྱུས་རང་བཞིན་ལྡན་པའི་༧གསུང་འཕྲིན་རིན་པོ་ཆེར་ལོ་རྒྱུས་རང་བཞིན་ཅན་གྱི་བགྲོ་གླེང་དང་། བོད་མིའི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐབས་ཀྱི་གྲོས་ཚོགས་འཚོགས་རྒྱུའི་འགོ་འདོམས་བླ་ན་མེད་པ་བྱས་སོང་བས། ཚོགས་གཙོས་དབུས་སྤྱི་འཐུས་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  2. Pama tso says:
    2011-03-25 at 4:21 pm

    གྲོས་ཚོགས་ནང་གི་ཕྱོགས་ལྷུང་རུ་ཁག་གི་རྣམ་པ་ཉིན་རེ་ནས་ཉིན་རེར་མི་མང་གི་མིག་མདུན་ནས་སེམས་སུ་འཛུལ། གནས་སྟངས་ཉམས་ང་བ་དག་གསལ་ལེ་གསལ་ལེ་ཕྱིན་མཚམས། ང་ཚོས་སྤྱི་འཐུས་འདེམས་སྟངས་ཀྱང་ཡག་རུ་ཡག་རུ་འགྲོ་གྱིན་འདུག

    ཡིན་ནའང་། གྲོས་ཚོགས་ནང་གི་དཀྲུག་ཤིང་གི་གཏེ་བོ་བོན་པོ་ཚང་གི་ཞབས་འདྲེན་སྨོན་ལམ་མཐར་ཕྱིན་གྱིས་རྟག་ཏུ་བཀའ་བློན་ཁྲི་པར་ཞེ་འཁོན་ཞིག་ཡོད་པ་ལྟ་བུའི་རྣམ་འགྱུར་སྟོན་གྱི་ཡོད་ཙང་། སྤྱི་འཐུས་སྒྲོལ་དཀར་ལྷ་མོས་བཀའ་ཁྲིར་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་སྐབས་སྨོན་ལམ་མཐར་མ་ཕྱིན་པ་དེས་འཕྱ་སྨོད་བྱས། སྤྱི་འཐུས་ནང་ཕན་ཚུན་དུ་འཕྱ་སྨོད་བྱས། དངོས་གནས་བརྙན་འཕྲིན་ནས་མཐོང་ཡོང་སྐབས་མ་མཐའི་གྲྭ་བ་ཞིག་གི་ཀུན་སྤྱོད་མི་འདུག་པས། འདི་དག་གིས་དགེ་བའི་བཤེས་གཉེན་གྱི་མིང་ཁུར་བཞིན་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་འདི་འདྲ་བསྟེན་ན། བསྟན་པའི་ཞབས་འདྲེན་དང་བོད་སྤྱིའི་མདུན་ལམ་ལ་ག་ཚོད་ཅིག་གནོད་ཀྱི་ཡོད་ན། བོད་མི་ཚང་མས་རང་གི་སྐུ་ཚབ་ཚོར་དངོས་གནས་ལྟ་རྟོགས་ནན་མོ་བྱེད་དགོས་ཀྱི་འདུག ད་རེས་གྲོས་ཚོགས་སྐབས་ཁོང་ལ་བསམ་མཐུན་མེད་སོང་མ་མ་གཏོགས་ལམ་དུ་མི་ལྷུངས་རྒྱུའི་བྱེད་ལས་བརྩམས་སོང་། ད་དུང་ཟུར་ཟ་རྐྱང་རྐྱང་གི་སྐད་ཆ་བཤད་ཀྱི་འདུག་པས་མི་འདིའི་རིགས་དངོས་གནས་མ་འོངས་པར་སྤྱི་འཐུས་ནང་མ་སླེབས་ན་དགའ་ས་རེད། བོད་མིའི་ཕ་མེས་ཀྱི་གཅེས་ནོར་ཞྭ་དཀར་བོན་ཆོས་བརྒྱུད་འཛིན་བྱེད་པའི་སྐྱ་སེར་ཚང་མས་དགོངས་པ་བཞེས་དགོས་ཀྱི་འདུག

    བོན་གཞིས་ཐོབ་གསར་མི་མང་དང་དེ་བཞིན་སྐྱབས་ཡུལ་དགེ་འདུན་གྱི་སྡེ་རྣམས་ཀྱིས་དམིགས་བསལ་འདི་དག་སྔར་ལས་དོ་སྣང་མི་ཆུང་བ་ཞིག་གནང་དགོས་ཀྱི་འདུག སྨོན་ལམ་མཐར་མ་ཕྱིན་པ་འདིས་གྲོས་ཚོགས་ནང་ནས་ཤ་འཁོན་འདྲ་ཞིག་རྩོད་སྡོད་ཀྱི་འདུག ད་དུང་འཇུ་ཆེན་དཀོན་མཆོག་གི་རྗེས་སུ་རྒྱུགས་ནས་

  3. བཀྲ་ཤིས་ནག་ལྡང་། says:
    2011-03-25 at 5:44 pm

    དོན་དངོས་སུ་ཁ་བརྡའི་ནང་དུ་མཆན་འདེབས་མཁན་གྱི་མི་ག་ཚོད་ཡོད་དམ།

  4. སྤོབས་པ་མཐའ་ཡས། says:
    2011-03-25 at 11:25 pm

    ཡུལ་མིའི་རྒྱལ་ཁབ་ཟེར་དགོས་དོན་ཅི་ཡིན་ནམ། འདི་ཁ་ལ་མི་བདེ་བས་མི་ཚད་དོན་ལ་ཡང་གོ་རྒྱུ་ཞིག་ཅང་མི་འདུག སྤྱིར་ན་དབྱིན་ཡིག་ལྟ་བུ་ཡིན་ན་རྒྱལ་ཁབ་ཟེར་བ་བ་དེ་ལ་kingdomཟེར། རྒྱལ་པོ་རྒྱལ་མོ་མེད་པའི་ཡུལ་དེ་ཚོ་ཕལ་ཆེར་ལ་ཡུལ་གྱི་མིང་ནས་ཐད་ཀར་འབོད་པ་རེད། དཔེར་ན། India, Norway, Sweden, Finlandཟེར་བ་ལྟ་བུ་རེད། དེ་མིན་ཁྱད་ཆོས་གཞན་དག་སྦྱར་ནས་མིང་བཏགས་པ། United States of America དང་། People’s Republic Of China, The Common wealth Australia, ཟེར་བ་ལྟ་བུ་ལས་kingdomཟེར་སྲོལ་མེད། སྔོན་མ་ང་ཚོས་བོད་རྒྱལ་ཁབ་དང་བོད་རྒྱལ་ཆེན་པོ་ཟེར་གྱིན་ཡོད། དེ་ལྟར་འབོད་དོན་ནི་ང་ཚོ་རྒྱལ་བོ་རིན་པོ་ཆེ་ཡོད་སྟབས་ཁོང་རྒྱལ་པོ་ཡིན་པའི་ཆ་ནས་བོད་རྒྱལ་ཁབ་ཞེས་བཏགས་པ་ཡིན་རྒྱུ་རེད་བསམ་མྱོང་། ད་ཁར་སང་དེ་རིང་རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་འགན་དབང་མི་བཞེས་པའི་སྐབས་སུ་བོད་ལ་རྒྱལ་པོ་མེད་སྟབས་རྒྱལ་ཁབ་ཟེར་བའི་མིང་འདི་འདོགས་དགོས་དོན་མི་འདུག ཀྲུང་གོ་རྒྱལ་ཁབ་དང་རྒྱ་གར་རྒྱལ་ཁབ་སོགས་ནི་མ་དག་རྒྱུན་འབྱམས་ཀྱི་མིང་ཚིག་སྡུག་པོ་ཞིག་རེད་འདུག འདི་ཚོ་ལ་རྒྱལ་ཁབ་ཟེར་བའི་མིང་གི་ཆ་ཤས་ལྟ་བུ་ཞིག་འདོགས་དགོས་དོན་མི་འདུག ད་ནི་བོད་ལ་ཡང་བོད་ཅེས་ཐད་ཀར་འབོད་པའམ་ཡང་ན་དམངས་གཙོ་སྤྱི་མཐུན་སོགས་ཀྱི་མིང་འདོགས་པ་ལས་རྒྱལ་ཁབ་ཟེར་བའི་ཚིག་ཟུར་དེ་མ་བཏགས་ན་ལེགས།

  5. ལ་སྟོད་བུ། says:
    2011-03-26 at 4:59 pm

    སྤོབས་པ་ལགས་ད་འོ་ན་བོད་ཀྱི་རྒྱལ་དར་ཅེས་པའི་ཚིག་དེ་ཡང་འདོར་རྒྱུ་ཡིན་ནམ།
    ད་ངོ་མ་རྒྱ་ནག་གི་གསར་བརྗེ་རྫོགས་ཟི་ནས་བོད་ཀྱི་གསར་བརྗེ་ལངས་ཡོང་གི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme