Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་བཅུ་གསུམ་པ་ཆེན་པོའི་སྐབས་དབྱིན་ཇི་གངས་འཛེགས་པ་རྣམས་ལ་བོད་གཞུང་དང་༸གོང་ས་མཆོག་གིས་སྤྲད་པའི་ལམ་ཡིག།

Posted on 2010-03-082010-03-08 By དགེ་རབ་ 6 Comments on ༸གོང་ས་བཅུ་གསུམ་པ་ཆེན་པོའི་སྐབས་དབྱིན་ཇི་གངས་འཛེགས་པ་རྣམས་ལ་བོད་གཞུང་དང་༸གོང་ས་མཆོག་གིས་སྤྲད་པའི་ལམ་ཡིག།

དགེ་དོན་གྱིས།
———
imgp1297ཕྱི་ལོ་༢༠༠༢ ཙམ་ལ་རྡོ་རྗེ་གླིང་དུ་སོང་ནས་དེ་གར་ཡོད་ཇོ་མོ་གླང་མའི་གངས་འཛེགས་པ་དང་པོ་ཤར་པ་བསྟན་འཛིན་ནོར་རྒྱལ་གྱི་དྲན་རྟེན་ཁང་དུ་ལྟད་མོ་ལྟ་རུ་ཕྱིན་པ་ཡིན། སྐབས་དེ་དུས་དེ་ནང་དུ་བོད་གཞུང་གིས་སྤྲད་པའི་ལམ་ཡིག་ཅིག་ཡོད་པ་མཐོང་ཡང་དོ་སྣང་དེ་ཙམ་མ་བྱུང། ལོ་སྔོན་མ་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཡོངས་གླིང་སློབ་གྲྭར་བོད་རང་བཙན་སྒྲུབ་བྱེད་ཀྱི་དཔང་རྟགས་མང་པོ་ཞིག་མང་ཚོགས་ལ་སྤྱན་བསྟར་ཞུ་བ་དང་འགྲེལ་བཤད་བྱེད་སྐབས། རྡོ་རྗེ་གླིང་གི་ཤར་པ་བསྟན་འཛིན་ནོར་རྒྱལ་གྱི་འགྲེམས་སྟོན་དུ་དེ་འདྲ་ཞིག་ཡོད་པ་གསུང་བྱུང་བས། ད་ལོ་ཆེད་དུ་དེ་ལ་དོ་སྣང་སྤྲད་དེ་ངའི་གྲོགས་པོ་ཞིག་དང་མཉམ་དུ་པར་ཆས་ཤིག་ཁྱེར་ནས་སོང་བ་ཡིན། ནམ་རྒྱུན་དེ་ནང་ནས་པར་བརྒྱབ་ན་མི་ཆོག་མོད། ད་ལོ་ངེད་གཉིས་འགྲོ་སྐབས་ཅུང་འཕྱི་བོ་ཆགས་འདུག་པས་སྲུང་མཁན་རྣམས་ཀྱིས་དོ་སྣང་བྱེད་ཀྱི་མེད་པའི་གོ་སྐབས་དང་བསྟུན་ནས་པར་བརྒྱབ་པ་དང། ཡི་གེ་ཚང་མ་མར་ཕབ་བཤུས་བྱས་ཚར་རྗེས་སྲུང་མཁན་གྱིས་པར་བརྒྱབ་མི་ཆོག་པའི་སྐད་བརྒྱབ་སོང་བས། ངས་ཀྱང་གུས་ཞབས་དང་བཅས་ཁོང་གི་སྐད་ཆར་དང་ལེན་བྱས་ཏེ་ཕྱིར་ལོག་ཡོང་བ་ཡིན།
བོད་གཞུང་གི་ཡི་གེ་དེ་ནི་ཡིག་ཆེན་དང་ཡིག་ཆུང་བྱས་ཏེ་གཉིས་བྲིས་འདུག་ལ། སྟེང་མ་ལ་བོད་གཞུང་གི་ཐམ་ག་དང། གཉིས་པ་ལ་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་ཡི་ཐེལ་ཙེ་ལྟ་བུ་ཞིག་བརྒྱབ་འདུག

ཡི་གེ་ནི་གཤམ་གསལ་ལྟར་ཡིན།

lamyig-1ཕག་རི་ནས། གཏིང་སྐྱེས། གམ་པ། མཁར་རྟ་བཅས་ནས་ལམ་འཁེལ་རྫོང་གཞིས་རྒན་དམངས་རྣམས་ནས་ངེས་དགོས། མཁར་རྟ་ཁུལ་གངས་རི་བྱ་མ་ལུང་ཟེར་བ་བསྐོར་ཞིབ་ཏུ་ཐོན་མི་ས་ཧེབ་རྣམས་དབྱིན་བོད་ལར་རྒྱའི་མཐུན་ལམ་གང་ཆེའི་ཞུ་རྒྱུའི་བཀའ་མོལ་གྲུབ་དོན་བོད་གཞུང་དཔོན་རིགས་དང། མི་སེར་བཅས་པས་ས་གནས་སོ་སོར་འབྱོར་མཚམས་བཞོན་ཁལ་དང། མི་ཧྲེང་དགོས་ངེས་ལ་ཡུལ་སྲོལ་གླ་ཆ་གཉིས་མོས་སྤྲོད་ལེན་དང་འབྲེལ་བས་ཚ་ཞག་འཁེལ་ཡུལ་སོ་སོས་རོགས་ཕན་དགོས་པའི་ལག་འཁྱེར་གནང་ཐུབ་པ་ཞེས་འབེལ་བློན་ཆེན་ནས་གསུང་འདུག་པ་གོང་གསལ་གངས་རི་བསྐོར་ཞིབ་ཏུ་ས་ཧེབ་འབྱོར་མིར་བཞོན་ཁལ་དང། མི་ཧྲེང་དགོས་ངེས་ལ་ཡུལ་སྲོལ་གླ་ཆ་བླངས་ཏེ་བཀག་མེད་འཕྲལ་གཏོང་ཐོག་ཚ་ཞག་འཁེལ་ཡུལ་ཁག་ནས་དབྱིན་བོད་མཐུན་ལམ་གནས་འཇགས་ཐུབ་པའི་རོགས་ཕན་གང་ཆེ་དགོས་རྒྱུ་ཡིད་འདོམས་གྱིས། ལྕགས་བྱ་ཟླ་ཚེས་ལ། ༼སྤྱི་ལོ་༡༩༢༡༽
ཡིག་ཆུང།
ཆེད་དོན། ད་ལམ་ཆུ་ཁྱི་བོད་ཟླ་༩ཚེས་༡༠ཉིན་དེ་ནས་གནས་ཚུལ་དབྱིན་ཡིག་འབྲས་སྤྱི་འབི་ལིས་བོད་ཡིག་ཏུ་བསྒྱུར་ཏེ་ངེས་གནས་ཡིད་ལ་འདྲོངས། དེར་གསལ་གངས་རི་བྱ་མ་ལུང་དུ་བསྐྱོད་མི་ཛ་ནལ་ འབུ་རུ་སི་དང། སྦི་ལར་འཛམ་གླིང་ཞིབ་འཇུག་ལས་ཁུངས་རོ་ཡེས་ འཇོག་ར་སྤི་ཀལ་ སོ་སེ་པྲི། ཨམ་པ་ཨིན་ཀ་ལབ་ལས་ཁུངས་ཀྱི་སྐུ་ཚབ་བཅས་ནས་གངས་རི་བྱ་མ་ལུང་བསྐྱོད་མི་ཛ་ནལ་ འབུ་རུ་སི་ཅན་ལ་བོད་གཞུང་མངའ་ཁོངས་གམ་པ་རྫོང། གཏིང་སྐྱེས་རྫོང། ཤེལ་དཀར་རྫོང། མཁར་རྟ་གཞིས་འཛིན་བཅས་ནས་དབྱིན་བོད་མཐུན་ལམ་ཆེད་འདི་གའི་བཀོད་དོན་ལྟར་རོགས་རམ་གང་དྲག་ཞུས་པ་ཡིད་སྤྲོ་ཤིན་ཏུ་ཆེ་ཞིང། ད་ལམ་རྩེ་པོ་ཏཱ་ལའི་དར་ཆ་ཤ་དཀར་ཤུབས་རང་འགྲིགས་འབྱོར་བ་དང། པཎ་ཆེན་ལ་འབུལ་རྒྱུའི་དར་ཆ་བོད་གཞུང་བརྒྱུད་འབུལ་དགོས་འཁོད་ཀྱང་འདིར་འབྱོར་མ་བྱུང་བས་ཏར་ཐོག་བརྩད་གཅོད་སྐབས་འབྲས་སྤྱི་འབི་ལི་ནས་པཎ་ཆེན་ལ་ཕུལ་ཟིན་འདུག་པ་དགོངས་འཇགས་འཚལ། རྟེན་ལྷ་རེག་ཨ་ཤེ་བཅས་བོད་ལུགས་ཆུ་ཁྱི་ཟླ་༩ ཚེས་ ༡༦ བཟང་པོ། ༼ཕྱི་ལོ་༡༩༢༢༽
གསལ་བཤད། དབྱིན་ཡིག་སྒྲ་ལྟར་བསྒྱུར་བ་རྣམས་ནི། གངས་རི་བྱ་མ་ལུང་ཟེར་བ་(Chomo Lungma mountain) ཞེས་བསྒྱུར་འདུག་ལ། ས་ཧེབ་ནི་(Sahibs) དང། འབེལ་བློན་ཆེན་ནི་(The Great Minister Bell)། འབྲས་སྤྱི་འབི་ལི་ནི་(Major Bailey Political Officer in Sikkim)། ཛ་ནལ་ འབུ་རུ་སི་དང། (General C Bruce)། རོ་ཡེས་འཇོག་ར་སྤི་ཀལ་སོ་སེ་པྲི་(Royal Geographical Society) ཨམ་པ་ཨིན་ཀ་ལབ་ལས་ཁུངས་(Alpine Club) ཞེས་བཀོད་འདུག
གོང་གསལ་འདི་ནི་བོད་གཞུང་གི་ཡི་གེ་ཟུར་དུ་ཁོང་ཚོས་བསྒྱུར་ཏེ་བཀོད་པ་ཞིག་འདུག་པ་དེ་ལས་བཤུས་པ་ཡིན།

དཔྱད་རྩོམ།

Post navigation

Previous Post: བོད་དོན་གྲོས་ཆོད།
Next Post: ཇ་ཕོར་བ་གང་འཐུང་ཞོར་དུའང་ཁྱེད་དྲན་པ།

Comments (6) on “༸གོང་ས་བཅུ་གསུམ་པ་ཆེན་པོའི་སྐབས་དབྱིན་ཇི་གངས་འཛེགས་པ་རྣམས་ལ་བོད་གཞུང་དང་༸གོང་ས་མཆོག་གིས་སྤྲད་པའི་ལམ་ཡིག།”

  1. གཅན་བཟོད་རྒྱམ། says:
    2010-03-08 at 10:40 am

    ཨ་ལ་ལ་ལ། འདི་ན་ཡང་ཡིག་ཆ་གལ་ཆེན་པོ་ཞིག་རག་འདུག ཁ་སང་དེ་རིང་ཁ་བརྡ་འདིས་ཡིག་ཆ་འཚོལ་བསྡུ་བྱེད་ཀྱི་ཡོད་ས་རེད་ལ། གལ་ཆེ་ཡིག་ཆར་དོ་སྣང་ཆེན་པོས་མཁོ་སྤྲོད་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ།

  2. rinchen says:
    2010-03-08 at 8:58 pm

    thanks for the information.

  3. ཕུག་རོན། says:
    2010-03-09 at 12:16 am

    དགེ་དོན་ཟེར་བ་འདི་སཱ་ར་་ནས་ཡིན་པའི་བོད་ཀྱི་རིག་གཞུང་ལ་དོ་སྣང་ཅན་ཞིག་ཡོད་པ་དེ་ཡིན་ཚོད་འདུག ཐུགས་རྗེ་ཆེ། འདི་ཡིག་ཆ་གལ་ཆེན་ཞིག་རེད་འདུག་པས་ཚང་མས་དོ་སྣང་བྱེད་ཐུབ་ན་ཡག་ས་རེད།

  4. མི་འཁྱམ། says:
    2010-03-09 at 7:56 am

    ཡིག་ཆ་གལ་ཆེན་དེ་འདྲའི་རིགས་ལ་དོ་སྣང་དང་སྲུང་སྐྱོབ་ཡོང་བ་བྱེད་རྒྱུ་གལ་ཆེ།

  5. གུ་ར་རྫ། says:
    2010-03-09 at 12:28 pm

    གླུ་ཟབ་དོན་གླིང་བུ་ཞེས་བྱ་བ།
    འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ནས།
    ཨ་ཧོ།
    འོག་མིན་དཔལ་གྱི་བསམ་ཡས་མཆིམས་ཕུ་ཡི་ཡང་རྩེ།།རང་བྱུང་ཤེལ་གྱི་ཕ་ཝྃ་དཀར་པོ་ཡི་གུར་ཁང་།།མ་བསམ་ལྷུན་གྲུབ་གཞལ་མེད་ཁང་ཆེན་འདི་དགའ་འོ།། དགུང་སྔོན་དག་པ་དབྱངས་ཆེན་ཕྱོགས་ལྷུང་དང་བྲལ་བ།། འོད་གསལ་ཉི་ཟླའི་དཀྱིལ་འཁོར་བཀྲགས་མདངས་ནི་འཚེར་བས།། རིག་པ་ཚད་ལ་ཕེབས་པའི་ངོ་མཚར་གྱི་ལྟད་མོ།།མངོན་སུམ་ཆོས་ཉིད་སྤྱན་གྱིས་སྣང་བ་འདི་ཨ་ཧོ།།རྣལ་འབྱོར་ང་ཡི་སྣང་བ་གཏད་མེད་དུ་ཟང་ཐལ།། ཤེས་རབ་རང་བྱུང་སྒྲོན་མའི་རིག་པ་ཡི་རང་གདངས།།ཕྱི་རོལ་དངྱིངས་ཀྱི་མཁའ་ལ་རྒྱ་འབྱམས་སུ་གསལ་བས།།སྐུ་གསུམ་ལྷུན་གྱིས་གྲུབ་པའི་གནས་ལུགས་ལ་ཡིད་ཆེས།།སངས་རྒྱས་གཞན་ནས་མ་བཙལ་རང་ཆས་སུ་རྫོགས་འདུག།ཀུན་བཏགས་བློ་ཡིས་སྤྲོས་པའི་བསྐྱེད་རྫོགས་ཀྱི་ཨ་མཐས།།ཡིད་དཔྱོད་མཚན་འཛིན་རྟོག་པ་ཐེ་ཚོམ་གྱི་དྲ་བའི།།སྦུབས་སུ་འཐུམས་པའི་དཀའ་ཚེགས་ངལ་བ་འདིས་ཅི་བྱ།།མ་བཅོས་གདོད་ནས་པའིརིག་གདངས་ཀྱི་དཀྱིལ་འཁོར།།ཇི་ལྟར་སྣང་བ་འདི་དག་ཇི་བཞིན་དུ་བཀོད་པ།།སངས་རྒྱས་འཕགས་པ་ང་ཡི་དབང་པོ་རུ་བྱོན་དང་།།ཐེ་ཚོམ་བྲལ་བའི་ངེས་ཤེས་ནང་ནས་རང་རྙེད་དོ།།རྩ་རླུང་བྱེད་རྩོལ་མཚན་མའི་འདུ་བྱེད་ཀྱི་ཐག་པས།།དམ་དུ་བཅིངས་ལས་རྟོག་མེད་བག་ཙམ་ཞིག་འཆར་རུང་།།ཀུན་གཞིའི་ཆ་དང་འདྲེས་པས་རང་བྱུང་གི་ཡེ་ཤེས།།སྒྲུབ་བྱེད་ཙམ་ལས་གནས་ལུགས་དངོས་མ་ནི་མ་ལགས།།ཐེག་བརྒྱད་བློས་བྱས་གྲུབ་མཐའི་གཟུགས་བརྙན་གྱི་རི་མོ།།རྫུན་པ་ཆུ་ཟླ་དང་མཚུངས་གནས་ལུགས་ལ་ཐག་རིང།།ང་ཅག་རིག་འཛིན་དགའ་རབ་དཔའ་བོ་ཡི་བརྒྱུད་འཛིན།།རྣམ་པར་རྟོག་པའི་གཟེབ་ཀྱི་འཆིང་བ་ལས་རང་གྲོལ།།རང་བྱུང་རང་ཤར་རང་གནས་ཀུན་བཟང་གི་རོལ་བ།།གདོད་མ་གཞི་ཡི་གནས་ལུགས་མངོན་སུམ་འདི་ཨ་ཧོ།།བསྒོེམ་བྱ་སྒོམ་བྱེད་བྲལ་བའི་འོད་གསལ་གྱི་གཤིས་ལ།།རང་བབ་རྒྱ་འབྱམས་ལྷུན་གྲུབ་ཚོམ་བུ་ཡི་བཀྲག་མདངས།།མ་བྲིས་མ་བྱས་རང་ཤར་སྣང་བ་འདི་ཨ་ཧོ།། གཟུང་འཛིན་འཁྲུལ་རྟོག་ཆོས་ཉིད་དབྱིངས་ཆེན་དུ་ཟད་དེ།།ལོ་དང་ཟླ་བའི་སྡུག་སྒུར་ཆེན་པོ་ནི་མི་དགོས།།སྐྱིད་ཉལ་ངང་དུ་ལས་རླུང་ཟད་པ་ལ་ཕྱོགས་པ།།འོད་གསལ་སྙིང་ཐིག་རིག་འཛིན་བརྒྱུད་པ་ཡི་བྱིན་མཐུ།།སྙིང་དབུས་འཕོས་པའི་རྟགས་ཚད་སྣང་བ་འདི་ཨ་ཧོ།། ཅེས་པའང་མེ་སྤྲེལ་ནག་ཟླའི་ཚེས་༢༩ལ་བསམ་ཡས་མཆིམས་ཕུའི་བློན་ཆེན་གུར་དཀར་ཕུག་ཏུ་ཉམས་སྐྱིད་པས་རྐྱེན་བྱས་ཏེ།།རང་འདི་འདྲའི་རྟོགས་ཚད་མི་ལྡན་ཡང་མ་འོངས་འབྱུངས་འགྱུར་གྱི་རྟན་འབྱུང་ཙམ་དུ་ཐོལ་བྱུང་གླུ་རུ་བླུངས་པའོ

  6. རྒྱལ་མཚན་རྡོ་རྗེ། says:
    2010-09-24 at 5:58 am

    ངའི་བསམ་འཆར་བཀོད་སའི་ ས་ཁོངས་འདི་ནང་མིན་ཀྱང་ གཞན་དུ་བྲིས་ས་བརྙེས་མ་བྱུང་བ་དེ་ལ་འབྲེལ་ཡོད་ཡོངས་ཀྱིས་
    ཐུགས་འགལ་མེད་ཞུ།

    འཇམ་དཔལ་རྣོན་པོ་ཞེས་པ་ཞིག་གིས་ སྤྱི་ལོ་༢༠༡༠ ཟླ་༩ ཚེས་༧ གྱི་ཚུ་ཚོད་༢ དང་སྐར་མ་༠༦ གི་མཆན་ཞིག་ནང་ གཏེར་སྟོན་ཤེས་རབ་མེ་འབར་ནི་ གཏེར་སྟོན་རྡོ་རྗེ་གླིང་པ་དང་དུས་མཚུངས་ཡིན་པ་འདྲ་བའི་ལོ་རྒྱུས་ཞིག་བཀོད་འདུག།

    བདག་ནི་གཏེར་སྟོན་ཤེས་རབ་མེ་འབར་གྱི་སྐོར་ལ་ ཞིབ་འཚོལ་བྱེད་མཁན་ཞིག་ཡིན། འོན་ཀྱང་གཏེར་སྟོན་དེའི་སྐོར་ཡིག་ཆ་
    དང་ལོ་རྒྱུས་ཁ་གསལ་བརྙེས་ཐུབ་མ་སོང་། གལ་སྲིད་གོང་གི་ འཇམ་དཔལ་རྣོན་པོ་ཟེར་མཁན་སུ་ཡིན་ནའང་ ཞིབ་འཚོལ་པ་
    བདག་ལ་ གཏེར་སྟོན་ཤེས་རབ་མེ་འབར་གྱི་སྐོར་ལ་ ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་རེ་གནང་ཐུབ་ན་ ཤིན་ཏུ་ནས་བཀའ་དྲིན་
    ཆེ་ཞུ་རྒྱུ་ཡིན་ལགས།

    འབྲེལ་འཐབ་གློ་འཕྲིན་ pelzang37@hotmail.com ནང་གློག་གནང་ནས་ གྲོགས་རམ་གནང་རོགས་
    ཞུ་ཞེས་རེ་སྐུལ་ཞུ་གི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme