Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་མ་ཡུམ་བསོད་ནམས་སྒྲོལ་མའི་དགོངས་རྫོགས་མཆོད་འབུལ་སྨོན་ལམ།

Posted on 2012-07-032012-07-03 By ཁ་བརྡ་ 18 Comments on ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་མ་ཡུམ་བསོད་ནམས་སྒྲོལ་མའི་དགོངས་རྫོགས་མཆོད་འབུལ་སྨོན་ལམ།

༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་མ་ཡུམ་བསོད་ནམས་སྒྲོལ་མའི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་ཕྱི་ལོ༢༠༡༢ ཟླ་ ༧ ཚེས ༣ ཉིན་མདོ་སྨད་དབུས་ས་གཉིས་གྱིས་གོ་སྒྲིག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་བཀའ་དྲིན་ཆེ་ཐོབ་དང་། དགེ་བཙུན་སྔགས་གསུམ་གྱིས་མཚོན་པའི་མི་མང་སྟོང་ཕྲག་བཞི་ལྷག་འདུ་འཛོམས་ཐོག་མཆོད་འབུལ་སྨོན་ལམ་གཟབ་རྒྱས་ཞིག་འཚོགས་ཡོད་འདུག
ཕྱི་ཚེས་ ༣ ཉིན་གྱི་ཞོགས་པའི་དུས་ཚོད་ ༨:༣༠ ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་ཆིབས་སྒྱུར་བསྐྱངས་ཏེ་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ། བོད་མི་མང་སྤྱི་འཐུས་མདོ་སྨད་དྲུང་ཆེ་རྒྱ་རིགས་ཐར་བཅས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་གི་བཞུགས་ཁྲིར་ཞབས་སོར་འཁོད། མདོ་སྨད་དབུས་རྒྱུན་ཚོགས་གཙོ་ལགས་ནས་ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་བཞིན་དུ་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། སྟག་ལུང་མ་སྤྲུལ་རིན་པོ་ཆེ། འོད་ཟེར་རིན་པོ་ཆེ། སྐུ་བཅར་རྣམ་གྲྭའི་སློབ་དཔོན་སོགས་ཀྱིས་གཙོས་མཁན་བླ་སྤྲུལ་རྣམ་པ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་ཞིབ་པ་གཞན། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཕྱོགས་བཞུགས་སྤྱི་འཐུས་ཁག་ཅིག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་དང་ཟུང་དྲུང་སོགས་ཀྱི་གཙོས་སྲི་ཞུ་བ་རྣམ་པ། ས་གནས་འགོ་འཛིན་གཙོས་ས་གནས་གྲོས་ཚོགས་དང་། ས་གནས་རང་བདེན་ཚོགས་ཆུང་གི་རྒྱུན་ལས་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམ་པ། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་དང་། ཀིརྟི་བྱེས་པ་གྲྭ་ཚང་གཉིས་ཀྱི་དགེ་འདུན་པ་རྣམ་པས་གཙོས་བཞུགས་སྒར་ཁུལ་བཞུགས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ་གྲངས་དགུ་བརྒྱ་ལྷག་དང་། དེ་བཞིན་སེར་སྐྱ་མི་མང་ཁྱོན་མི་གྲངས་ ༤༠༠༠ བརྒལ་བ་འདུ་འཛོམས་ཐོག་དགོངས་རྫོགས་མཆོད་འབུལ་གཟབ་རྒྱས་གནང་ཡོད།
ཚོགས་ཐོག་ཏུ་རྣམ་གྲྭའི་ཆོས་ཁྲིམས་ལགས་ཀྱིས་སྐྱབས་ཐོ་སྙན་སྒྲོན་ཞུས་ཡོད་པའི་ནང་འཁོད་དོན། ༄༅། །༸ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་ལམ་སྟོན་ཞི་བདེའི་དེད་དཔོན་ཁ་བ་རི་པ་རྣམས་ཀྱི་རེ་ས་གཉིས་པ་མེད་པའི་སྐྱབས་ཀྱི་དྭངས་མ་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་སྐྱབས་གནས་བདེན་མཐོང་འདུས་པ་རྒྱ་མཚོའི་ཞབས་ཀྱི་པདྨོ་དགེ་ལེགས་དྲི་བསུང་རྣམ་པར་འཐུལ་བའི་ཉེ་དྲུང་དུ།

སྒོ་གསུམ་རབ་ཏུ་གུས་པ་མདོ་སྨད་ཆོལ་ཁའི་སེར་སྐྱ་མི་མང་ཡོངས་ནས་སོར་བཅུའི་འདབ་མའི་ཚོམ་བུ་བདེ་ཆེན་འཁོར་ལོའི་མཛེས་རྒྱན་དུ་བཀོད་དེ་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོ། མཁའ་མཉམ་ལུས་ཅན་ཡོངས་ལ་ཕན་པ་དང་བདེ་བའི་དངོས་པོ་མ་ལུས་པ་གང་ལས་འབྱུང་བའི་གཞི་སྒོ་དམ་པ་བསྐལ་བ་བཟང་པོའི་སྟོབས་བཅུ་མངའ་བ་མཐའ་དག་གི་དབུས་ན་སྐྱོན་བྲལ་པདྨ་དཀར་པོའི་འཁྲི་ཤིང་ལྟར་མཆོག་ཏུ་བསྔགས་པ། རྩོད་ལྡན་ཚེ་ལོ་བརྒྱ་བའི་སྐྱེ་དགུ་མཐའ་དག་གི་མ་འདྲིས་པའི་མཛའ་བཤེས། སྟོན་མཆོག་མཉམ་མེད་བུ་རམ་ཤིང་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བ་འདི་ཉིད་མཁའ་ཁྱབ་སྐྱེ་དགུའི་གསོས་སུ་ཕྱོགས་དང་དུས་ཀྱིས་གཏུགས་པ་མེད་པར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་འཛིན་མཁས་གྲུབ་ཀུན་གྱི་དབུས་ན་རྒྱུ་སྐར་ཁྲོད་ཀྱི་ཉ་རྒྱས་ཟླ་བ་ལྟར་མཆོག་ཏུ་འཕགས་པ་བསིལ་ལྡན་ཁ་བ་རི་བའི་གཙུག་གི་ནོར་བུ་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་དང་། ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་སྣང་བ་མཐའ་ཡས་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གིས་དབུས་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་མི་འགྱུར་རྟག་བརྟན་རྡོ་རྗེའི་ཁམས་སུ་སྨིན་ཅིང་རླབས་ཆེན་ཐུགས་ཀྱི་བཞེད་རྒུ་ལྷུན་གྱིས་འགྲུབ་པ་དང་། རིས་སུ་མ་མཆིས་པའི་ཕྱོགས་བཅུའི་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་བསླབ་ཁྲིམས་རྣམ་པར་དག་པའི་ངོས་ལུང་སྡེ་སྣོད་གསུམ་དང་གསང་ཆེན་རྒྱུད་སྡེ་བཞིའི་བཤད་སྒྲུབ་ཀྱི་བགྱི་བ་རྣམས་དབྱར་གྱི་ཆུ་གཏེར་བཞིན་གོང་ནས་གོང་དུ་འཕེལ་བ་དང་། ལྷག་པར་ཡང་ཉེ་ལམ་ཕྱི་ཟླ་ ༦ ཚེས་ ༢༩ ཉིན་སྣང་བ་མཐའ་ཡས་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བ་ཆེན་པོའི་སྐྱེད་ཡུམ་བྱམས་བརྩེའི་བདག་ཉིད་ཡུམ་ཆེན་བསོད་ནམས་སྒྲོལ་མ་མཆོག་དགུང་གྲངས་དགུ་བཅུ་གོ་བདུན་ལ་ཕེབས་སྐབས་སྐུ་ཚེའི་འཕེན་པ་རྫོགས་པ་དེ་ཉིད་ཀྱི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་དང། བོད་ལྗོངས་རང་དབང་བདེན་པའི་འཐབ་རྩོད་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་ཕངས་མེད་དུ་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་སྙིང་ལ་བརྣགས་པའི་རེ་འདུན་མཐའ་དག་མྱུར་དུ་འགྲུབ་སྟེ་གཞིས་བྱེས་ཕུ་ནུ་ལྷན་འཛོམས་ཀྱི་དགའ་སྟོན་མྱུར་དུ་འཆར་བ་དང། གངས་ཅན་སཱ་ལའི་སྨན་ལྗོངས་ཀྱིས་མཚོན་པའི་འཛམ་གླིང་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མུག་འཐབ་རྩོད་འཁྲུག་ལོང་སོགས་སྙིགས་མའི་རྒུད་ཚོགས་མཐའ་དག་མིང་གི་ལྷག་མེད་དུ་ཞི་ཞིང་འགྲོ་ཀུན་ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པས་རྟག་ཏུ་འཚོ་བ་དང་། རྒྱུ་སྦྱོར་བ་འབྲེལ་ཐོགས་ལྟོས་བཅས་ཀུན་གྱི་གནས་སྐབས་མི་འདོད་ཉེར་འཚེ་མཐའ་དག་ཞི་ཞིང་རྣམ་དཀར་ཆོས་ལྡན་གྱི་བྱ་བ་ཐམས་ཅད་གོང་འཕེལ་ངོས་ཚེ་ལྷག་རིང་དུ་འཚོ་ཞིང་མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་འཐོབ་པ་དང་། འཇིག་རྟེན་ཕྱི་མའི་ཡུལ་དུ་ཆས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཀུན་གྱིས་གཙོས་མར་གྱུར་སེམས་ཅན་ཚེ་ལས་འདས་ཚད་ཐམས་ཅད་རྣམ་སྨིན་ཡོན་ཏན་བརྒྱད་ལྡན་གྱི་རྟེན་བཟང་རིམ་པར་བརྒྱུད་དེ། ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་དམ་པས་མཉེས་བཞིན་རྗེས་སུ་བཟུང་བའི་མཐུ་ལས་ཐུན་མོང་ལམ་གྱི་རིམ་པས་སེམས་རྒྱུད་ལེགས་པར་སྦྱངས་ནས་ཐུན་མོང་མ་ཡིན་པ་གསང་ཆེན་རྡོ་རྗེ་ཐེག་པའི་ཟབ་ལམ་རིམ་པ་གཉིས་ཀྱིས་སྨིན་ཅིང་གྲོལ་ཏེ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་རིང་བོར་མི་ཐོགས་པར་མངོན་དུ་བྱེད་པ་བཅས་ལེགས་ཚོགས་སྒོ་བརྒྱའི་ཆེད་དུ་དམིགས་ཏེ་བླ་མ་མཆོད་པའི་ཚོགས་མཆོད་དང་འབྲེལ་སྲས་བཅས་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་འབུལ་བཤམ་དང་། ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་མང་ཇ་དང་འབྲེལ་སྐྱབས་ཡུལ་གྲྭ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༥༠ རེ་དང། རྟེན་གཙོ་ཁག་ལ་སྙན་ཤལ། སྐྱབས་རྟེན་རབ་དཀར་ལྷ་རེག་བཅས་འབུལ་ལམ་ཞུ་བ་ལགས་ན་ཇི་ལྟར་གསོལ་བ་བཏབ་པའི་རེ་འབྲས་རྣམས་ཡིད་ལ་སྨོན་པ་བཞིན་དུ་འགྲུབ་པའི་ཐུགས་སྨོན་སྐྱབས་འཇུག་དུས་ཀུན་གཡེལ་བ་མེད་པ་ཅིས་ཀྱང་མཁྱེན། མཁྱེན། མཁྱེན་ཞུ་ལགས་ཞེས་འཁོད་འདུག

གསར་འགྱུར།

Post navigation

Previous Post: བོད་རྒྱའི་དབྱེ་བ་འདི་ལྟར་འབྱེད།
Next Post: འཛམ་གླིང་སྤྱི་བསངས་ལ་ཕུལ་བའི་མཆོད་སྤྲིན་གྱི་དུ་བ་དཀར་པོ།

Comments (18) on “༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་མ་ཡུམ་བསོད་ནམས་སྒྲོལ་མའི་དགོངས་རྫོགས་མཆོད་འབུལ་སྨོན་ལམ།”

  1. སད་ན་ལེགས says:
    2012-07-03 at 7:46 am

    རྒྱལ་བས་སྨོན་ལམ་བཏབ་པ་དེ་བཞིན་དུ་འགྲུབ་གྱུར་ཅིག

  2. མིག་བརྒྱད་པ། says:
    2012-07-03 at 8:25 am

    མངོན་པར་བསྟོད་དོ། །སྐྱབས་ཐོ་དེ་ཚིག་སྦྱོར་ཤིན་ཏུ་ལེགས།

  3. བསམ་གཏན། says:
    2012-07-03 at 10:07 am

    རླབས་ཆེན་གྱི་མ་ཡུམ་ཞིག་གི་ཆེད་དུ་རླབས་ཆེན་གྱི་མཆོད་འབུལ་སྨོན་ལམ་འདི་འདྲ་ཚོགས་པར་སྙིང་ཐག་པ་ནས་དགའ་བསུ་ཞུ།

  4. སྣྲོན་ངག་ཁྲི། says:
    2012-07-03 at 10:32 am

    ༡བསོད་བཏུབ་སྒྲ་ཡིས་དབེན་པའི་ཞི་གྲོང་ན།།
    ༢ནམས་བཟའ་ཤཀྱའི་དགེ་སྦྱོང་ཆ་ལུགས་ཅན།།
    ༣སྒྲོལ་བའི་མགོན་པོའི་སྤྲུལ་གཞི་༸པད་དཀར་འཆང་།།
    ༤མ་ལུས་འགྲོ་བའི་གཉེན་གྱིས་ཉེར་བཟུང་ཤོག །

  5. གཞོན་སྐྱེས་སུ says:
    2012-07-03 at 10:47 am

    ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་མ་ཡུམ་བསོད་ནམས་སྒྲོལ་མའི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་ཕྱི་ལོ༢༠༡༢ ཟླ་ ༧ ཚེས ༣ ཉིན་མདོ་སྨད་དབུས་ས་གཉིས་གྱིས་རླབས་ཆེན་གྱི་བྱ་བཞག་འདི་འདྲ་ཞིག་གོ་སྒྲིག་ཞུས་པ་དགའ་བསུ་དང་བསྔགས་བརྗོད་ཀྱིས་མེ་ཏོག་གྲངས་མེད་ཕུལ་འདོད་བྱུང་།

  6. བོད་ལ་དགའ་བའི་བུ། says:
    2012-07-03 at 2:25 pm

    མ་ཡུམ་ལགས་ཁ་ཐོར་དུ་སོང་བའི་ཁྱིམ་ཚང་ཞིག་གི་ལས་དབང་རུམ་ནས་གང་དུ་བཞུད་སོང་། ཁྱེད་ཀྱི་སེམས་ཁུང་ན་གསོན་མི་ཐུབ་པའི་ན་ཟུག་ཅིག་ལྷག་ཡོད་པ་ང་ཚོས་ནམ་ཡང་གླེང་གི་ཡོད། བཙོན་འོག་གི་ཆེས་སྐུ་ན་ཕྲ་བའི་ཆུང་སྲིད་རིན་པོ་ཆེ།

  7. lala says:
    2012-07-03 at 3:42 pm

    རྒྱལ་དབང་རིན་པོ་ཆེ་ཐུགས་རྗེ་ཆེ། 

  8. བསོད་ནམས་ནས། says:
    2012-07-03 at 6:01 pm

    མདོ་སྨད་ཆོལ་ཁས་འགོ་སྒྲིག་གིས་ཆོས་་འབུལ་ཟབ་རྒྱས་འདི་ལྟ་བུ་གནང་བ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

  9. བྲག་རྡོ། says:
    2012-07-04 at 1:32 am

    མདོ་སྨད་དབུས་རྒྱུན་ལ་ཐུབས་རྗེ་ཆེ།

  10. བློ་བཟང་བཀྲ་ཤིས། says:
    2012-07-04 at 2:28 am

    སྐུ་གཤེགས་རྒྱལ་ཡུམ་བསོད་ནམས་སྒྲོལ་མའི་ཆེད། ༸སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཐོག་རླབས་ཆེན་གྱི་མཆོད་འབུལ་འདི་ལྟ་བུ་གོ་སྒྲིག་གནང་བར། མདོ་སྨད་དབུས་སའི་རྒྱུན་ལས་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས།

  11. འབྲོག་མོོ། says:
    2012-07-04 at 10:50 am

    མདོ་སྨད་དབུས་རྒྱུན་ནས་ལོ་རྒྱུས་ལྡན་བའི་མཆོད་འབུལ་གནང་བ་བཀའ་དྲིན་ཆེ་ཞུ། གོ་སྐབས་འདི་རྒྱུད་ནས་ཞུ་རྒྱུར། ཉེ་ཆར་གོ་ཐོས་ལྟར་ན། མདོ་སྨད་པ་རེ་ཟུང་གིས་མདོ་སྨད་སྤྱི་བའི་སྤྱི་དངུལ་སྒེར་བདག་བྱེད་ཐབས་སྣ་ཚོགས་བྱེད་རྒྱུ་ཡོད་པའི་གནས་ཚུལ་སོགས་འདུག་བས་ཧ་ཅང་གི་བློ་ཕམ་དང་ངོ་ཚ་རེད།

  12. ཚངས་པ། says:
    2012-07-04 at 10:51 am

    མདོ་སྨད་པ་རྣམས་ལ་ལ་རྒྱ་འདུག ཐུགས་རྗེ་ཆེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཆེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཆེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  13. མི་བུ་ says:
    2012-07-04 at 1:41 pm

    མ་ཡུམ་གྱིས་པན་ཆེན་རིན་པོ་ཆེའི་ཡང་སྲིད་མཇལ་་ལ་དང་སྤྱན་ཆབ་ཤོར་བཞིན་པར་སྐུ་གོང་མ་དངོས་སུ་མཇལ་ལྟར་བྱུང་ཞེས་རྒྱ་གྲགས་བོད་གྲགས་ཏུ་གསུངས་ཡོད། དངོས་གནས་ལ་རྒྱ་ཅན་གྱི་ཨ་མདོ་བ་རེད། སྐྱབས་སུ་མཆིའོ།།

  14. བསོད་ནམས་ནས། says:
    2012-07-04 at 4:42 pm

    ལ་རྒྱ་ཅན་གྱི་ཨ་མདོ་བས། །
    ལ་རྒྱ་ཅན་གྱི་ལས་ཤིག་བྱས། །
    ལ་རྒྱས་བརྒྱན་པའི་བླ་སྤྲུལ་གྱིས། །
    ལ་རྒྱ་ཟབ་པའི་སྨོན་ལམ་བཏས།

  15. བྲོ་འཚལ། says:
    2012-07-05 at 5:25 am

    མཆོད་འབུལ་སྨོན་ལམ་འདི་འདྲ་རྒྱས་པ་ཞིག་གོ་སྒྲིག་གནང་མཁན་གྱི་མདོ་སྨད་དབུས་དང་ས་གནས་རྒྱུན་ལས་རྣམ་པར་ཐུགས་རྗེ་ཆེ་ཞུ།་་་་བསམ་པའི་དོན་ཀུན་འགྲུབ་པའི་སྨོན་ལམ་འདེབས།

  16. ཇོ་ཇོ། says:
    2012-07-05 at 7:10 am

    མི་བུ་ལགས། གསལ་ཙམ་གསུངས་དང་།

  17. གངས་རི་དཀར་པོ། says:
    2012-07-05 at 12:50 pm

    ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང༌།།
    དཀའ་བ་སྤྱད་པ་མེད་པར་ཡང༌།།
    ལྷ་བས་ལྷག་པའི་ལུས་ཀྱིས་ནི།།
    དེར་སངས་རྒྱས་མྱུར་འཐོབ་ཤོག།།

  18. འཆི་མེད་ལྷ་མོ་ says:
    2012-07-08 at 6:48 am

    མཆོད་འབུལ་གནང་མཁན་་དངགོ་སྒྲིགས་གནང་མཁནཚོ་ཐུགས་རྗེ་ཞུ།འཆི་མེད་ལྷ་མོ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme