Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧སྔ་འགྱུར་སྟག་ལུང་སྤྲུལ་སྐུའི་འདས་མཆོད་རིན་ཆེན་སྒྲོན་མེ།

Posted on 2015-12-242015-12-24 By ཁ་བརྡ 75 Comments on ༧སྔ་འགྱུར་སྟག་ལུང་སྤྲུལ་སྐུའི་འདས་མཆོད་རིན་ཆེན་སྒྲོན་མེ།

unnamed-3—-དཔལ་དགྱེས་པ་རྡོ་རྗེ།

 
ན་མོ་གུ་རུ་ཀརྨ་བྷ་དྲ་ཡེ།
འཁོར་འདས་ཡེ་སངས་རྒྱས་པའི་ཀུན་ཏུ་བཟང་པོ།།
ཞི་ཁྲོ་དམ་པ་རིགས་བརྒྱའི་ཁྱབ་བདག་ཆེན་པོ།།
རིག་འཛིན་བརྒྱུད་པའི་བླ་མ་དམ་པ་ཡོངས་ལ།།
སྒོ་གསུམ་མི་ཕྱེད་དད་པས་གསོལ་བ་འདེབས་སོ།།
ངོ་བོ་ཆོས་ཀུན་ཀ་དག་རིག་པའི་ངང་ནས། །
རང་བཞིན་མ་འགག་ཡེ་ཤེས་འོད་ལྔའི་ཀློང་དུ། །
ཐུགས་རྗེ་ཀུན་ཁྱབ་འདྲེན་མཆོག་དཔལ་ལྡན་བླ་མ།།
གསང་གསུམ་ཤེས་པས་ཕྱག་འཚལ་མཆོད་པ་འབུལ་ལོ།།
བཤད་སྒྲུབ་ཉིན་བྱེད་མཛད་པའི་སྟག་ལུང་སྤྲུལ་སྐུ།།
ཕྲིན་ལས་མཐར་ཕྱིན་མཛད་པའི་ཀརྨ་བྷ་དྲ།།
རྡོ་རྗེ་གདན་དུ་མངོན་འཚང་རྒྱ་བར་ཐོས་ཚེ།།
དགའ་སྐྱོ་འདྲིས་མས་ཚོགས་བསགས་སྨོན་ལམ་ཞུའོ།།
འཁོར་འདས་རྟག་འཛིན་མ་ཞིག་སྲིད་པའི་གནས་འདིར།།
ཡང་ཡང་འདྲེན་པ་བྱོན་པའི་དགེ་བའི་བཤེས་གཉེན།།
སྙིགས་ལྔའི་མུན་ནག་བསལ་བའི་རྟ་བདུན་དབང་པོ།།
ནམ་ཡང་ནུབ་པ་མེད་པའི་གསོལ་འདེབས་སྨོན་ལམ།།
ཀ་དག་སྤྲོས་བྲལ་རྟོགས་པའི་ལྟ་དགོངས་ལྡན་ཞིང་།།
ལྷུན་གྲུབ་འཇའ་ལུས་གྲུབ་པའི་རྣལ་འབྱོར་དབང་ཕྱུག།
སྣང་བཞི་མཐར་ཕྱིན་ཐོབ་པའི་སྔ་འགྱུར་མཁས་གྲུབ།།
བསྟན་འགྲོའི་མགོན་དུ་བཞུགས་གསོལ་སྨོན་ལམ་འདེབས་སོ།།

ཅེས་པ་འདི་ཡང་རབ་གནས་ཤིང་ལུག་མགོ་ཟླའི་རྒྱལ་བ་གསུམ་པར་བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་སངས་རྒྱས་པའི་གནས་མཆོག་རྒྱ་དཀར་རྡོ་རྗེ་གདན་དུ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་བཤད་སྒྲུབ་ཉིན་བྱེད་ཕྲིན་ལས་དཔལ་བཟང་པོ་མཆོག་དགོངས་པ་རྫོགས་ཤིང་ཐུགས་དམ་ལ་བཞུགས་པར་ཐོས་པའི་མོད་ལ་སྔ་འགྱུར་བསྟན་པའི་གྲལ་མཐར་འཛིན་པའི་གནུབས་བན་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་སྨོན་པར་དགེའོ།། །།

སྙན་ངག

Post navigation

Previous Post: ས་ཐོབ་སེམས་པར་ཕོག་ཐུག་མ་འགྲོ་ཤོག །
Next Post: རྒན་པདྨ་འབུམ་ལགས་ཀྱིས་རིག་གནས་སྲུང་སྐྱོབ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད།

Comments (75) on “༧སྔ་འགྱུར་སྟག་ལུང་སྤྲུལ་སྐུའི་འདས་མཆོད་རིན་ཆེན་སྒྲོན་མེ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-12-24 at 9:03 am

    སྔ་འགྱུར་རྙིང་མགོན་སྟག་ལུང་སྤྲུལ་པའི་སྐུ། །
    འཁྲུངས་ཙམ་ཉིད་ནས་ཕྱག་མཛུབ་མེད་པར་འཁྲུངས། །
    འཁྲུངས་ཡུལ་བོད་ལ་གཤེགས་ཡུལ་རྡོ་རྗེ་གདན། །
    རྒྱ་བོད་ནང་བསྟན་སྤེལ་ཕྱིར་མྱུར་བྱོན་ཤོག །

  2. ཀརྡོ་གཉེར་ཕྱག་པ་ says:
    2015-12-24 at 10:30 am

    http://www.rfa.org/tibetan/sargyur/taklung-renpochoe-passedaway-12242015083016.html
    ་་་་་་ རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་མང་པོར་བྱོན་ནས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ཞུ་མཁན་དག་ལ་འདུལ་བའི་སྡོམ་རྒྱུན་སྤེལ་ཏེ་བསྟན་རྩ་འདུལ་བ་ལ་བཀའ་དྲིན་ཆེ་བ་དང་། འདུལ་བ་དང་མི་མཐུན་པའི་ཕྱག་ལས་རྩ་བ་ཉིད་ནས་གནང་སྲོལ་མེད་པས་དེང་གི་དུས་སུ་ཤིན་ཏུ་དཀོན་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཞིག་ཡིན། ནང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉམས་སུ་བཞེས་ཤིང་། རྟག་ཏུ་གཞན་ཕན་བྱང་ཆུབ་ཀྱི་སེམས་ལ་མངའ་དབང་འབྱོར་བ། གསང་སྔགས་ཀྱི་ཉམས་བཞེས་སྐུ་ཚེ་གང་པོ་གནང་སྟེ་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་ཁྲིད་གསུམ་གྱི་བསྟན་པའི་རྩ་ལག་གཅིག་ཏུ་གྱུར་པ་དང་ལྷག་པར་དུ་བྱང་གཏེར་རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་ཆོས་ཉམས་བཞེས་དང་དབང་ལུང་མན་ངག་གི་རྒྱུད་པ་སྤེལ་ནས་སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་བདག་པོར་གྱུར་ཡོད་པ་རེད། ་་་་་་

  3. ཁྱུང་སེ། says:
    2015-12-24 at 10:31 am

    རིས་བཀྲ་སྟག་བཞིན་སྡོམ་གསུམ་སྐུ་ལ་མཛེས།།
    ལུང་ཆེན་ཆུ་བཞིན་ལུང་རྟོགས་བསྟན་པ་བསྐྱངས།།
    རྩེ་མོའི་ཏོག་བཞིན་སྲིད་འདིར་མངོན་པར་མཛེས།།
    མཆོག་སྤྲུལ་ཉི་མ་གཞོན་ནུ་གཤེགས་འདི་སྐྱོ།།

    གངས་ཅན་ཞིང་འདིར་སྐྱེས་མཆོག་ཇི་སྙེད་མངའ་ལགས་ཀྱང།།
    གངས་སེང་འདྲ་བའི་ཁྱེད་སྐུར་དོ་བ་འཕྱང་མོ་ཉུག །
    གངས་རིའི་ལྗོངས་འདི་མྱ་ངམ་ཐང་དུ་གྱུར་བའི་ཚེ།།
    གངས་ཆབ་སྔོན་མོའི་བརྩེ་བས་འགྲོ་ཁམས་བདེ་ལ་བཀོད།།

    སྐྱེས་ཆེན་ཕལ་མོ་སྲིད་དང་རིས་ཕྱེའི་འདམ་དུ་ཟུག
    ཁྱེད་ནི་ཉི་མ་གཞོན་ནུ་བཞིན་དུ་ཀུན་ལ་བརྩེ།།
    ལན་ཅིག་མ་ཡིན་དུ་མར་མཇལ་བའི་སྐལ་པ་ལས།།
    ཁྱེད་ཀྱི་གསང་གསུམ་ཡོན་ཏན་དག་ལ་རྗེས་ཡི་རངས།།

  4. ཁྱུང་སེ། says:
    2015-12-24 at 10:33 am

    མཆོག་སྤྲུལ་ཉི་མ་གཞོན་ནུ་གཤེགས་འདི་བདག་ཡིད་སྐྱོ།།

  5. པདྨ says:
    2015-12-24 at 2:05 pm

    http://tibettimes.net/142799-2/

  6. བསེ་རུ་ཟང་ཐལ། says:
    2015-12-24 at 2:51 pm

    འདི་སྐད་ཐོས་འཕྲལ་སྐྱོ་གདུང་དད་དམ་གྱིས།
    རང་འགུལ་གསོལ་འདེབས་དྲག་པོ་དབང་མེད་ཤོར།
    སྙིགས་དུས་དུག་ལྔས་བརླམས་པའི་གདུལ་བྱའི་སླད།
    མཆོག་སྤྲུལ་མྱུར་དུ་བྱོན་པར་བྱིན་གྱིས་རློབས།།

    རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས།
    རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས།
    རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས།
    ཡང་ཡང་གསུངས་པ་མི་བརྗེད་བྱིན་གྱིས་རློབས།།

  7. དྲི་མེད་ལྷག་བསམ། says:
    2015-12-24 at 10:40 pm

    ༄༅། །མཁས་བཙུན་བཟང་པོའི་ངོ་མཚར་ཟླ་མེད་པའི། །ལྷ་བྲག་བསྟན་པའི་གསལ་བྱེད་འགྲོ་བའི་མགོན། །
    ཀ་དག་གཞོན་ནུ་བུམ་སྐུར་བྱང་ཆུབ་ཅིང་། །ཐུགས་རྗེའི་རོལ་བ་གདུལ་བྱའི་ཞིང་ཁྱབ་ཤོག །ཅེས་པའང་དྲི་མེད་པས་འབྲེལ་ཡོད་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་དམ་པ་མཆོག་གི་ཐུགས་ཀྱི་བཞེད་དགོངས་ཡོངས་སུ་རྫོགས་པའི་སྨོན་ལམ་བཅས་ཕུལ།

  8. དྲི་མེད་ལྷག་བསམ། says:
    2015-12-24 at 11:00 pm

    མཆན་1་པོ་ཀ་རྡོ་ལེགས་ཀྱིས་ཟུར་ཟ་གནང་དོན་ནི། སྐྱེས་མཆོག་དམ་པ་འདི་ཉིད་ཀྱིས་སྔ་འགྱུར་བསྟན་བདག་གོང་མ་རྣམས་ཀྱིས་འགྱུར་མེད་ཀྱི་ཐུགས་བསྐྱེད་ལྟར། ཀརྨ་པ་གཉིས་ཀ་ལ་དག་སྣང་ལས་ཕྱོགས་སུ་ལྷུང་བ་མ་གནང་བས་ཡིན་ནམ། སྔ་འགྱུར་བསྟན་པའི་བདག་པོ་གྲུབ་དབང་པདྨ་ནོར་བུ། སྨིན་གླིང་ཁྲི་ཆེན། བྱ་བྲལ་སངས་རྒྱས་རྡོ་རྗེ་སོགས་ཀྱིས་བཞེད་དོན། ༡༽སྔ་འགྱུར་བར་གདོད་ནས་ཡོད་པའི་དབང་ལུང་མན་ངག་མུ་མཐུད་དེ་བསྟན་རྩ་རང་རྐང་ཚུགས་པ་གནང་རྒྱུ། ༢༽སྔ་འགྱུར་བ་ཆོས་རྒྱུན་སུས་ཀྱང་དབང་བསྒྱུར་འོག་མི་འགྲོ་བར་གསན་ཐབས་ལ་འབད་རྒྱུ། ༣༽སྔ་འགྱུར་བའི་བསྟན་པ་ལ་ཆོས་ལུགས་གཞན་གྱིས་བསྲེ་སླད་མི་འགྲོ་བ་གནང་རྒྱུ། ༤༽སྔ་འགྱུར་བའི་མཁན་པོ་དང་སློབ་དཔོན་རང་ས་ནས་བསྐྱེད་བསྲིང་བྱས་པའི་ཆོས་རྒྱུན་དམ་སེལ་མེད་པ་ཡོང་རྒྱུ། ༥༽སྔ་འགྱུར་བའི་སྤྲུལ་སྐུ་རང་ས་ནས་ཐག་ཅོད་བྱ་རྒྱུ། ༦༽ཆོས་རྒྱུན་གཞན་གྱི་བླ་ཆེན་ལ་སྐྱེ་སྲིད་གཉིས་གསུམ་ཅི་བྱུང་ཡང་དེ་ལ་ཐེ་གཏོགས་མི་བྱེད་པར་ཀུན་ལ་དག་སྣང་སྦྱང་རྒྱུ། ༧༽སྨོན་ལམ་སྐབས་དཀར་ཟས་རྐྱང་པ་གནང་རྒྱུ། ༨༽ས་གནས་སོ་སོའི་ཡུལ་ཁྲིམས་བརྩི་སྲུང་གིས་བསྟན་པའི་མཚན་སྙན་གཟེངས་མཐོར་བཏེགས་རྒྱུ་སོགས་ཀྱི་དགོངས་པ་ཟབ་མོ་ལག་ད་བར་ལག་ལེན་ལ་བལྟར་བ་དེ་ཀ་ལེགས་སོ། །

  9. ཀརྡོ་གཉེར་ཕྱག་པ་ says:
    2015-12-24 at 11:52 pm

    #8 དྲི་མེད་ལྷག་བསམ། ་ལགས་ཀྱིས་སྤེལ་དོན།:
    December 24th, 2015 at 11:00 pm
    མཆན་1་པོ་ཀ་རྡོ་ལེགས་ཀྱིས་ཟུར་ཟ་གནང་དོན་ནི། སྐྱེས་མཆོག་དམ་པ་འདི་ཉིད་ཀྱིས་སྔ་འགྱུར་བསྟན་བདག་གོང་མ་རྣམས་ཀྱིས་འགྱུར་མེད་ཀྱི་ཐུགས་བསྐྱེད་ལྟར། ཀརྨ་པ་གཉིས་ཀ་ལ་དག་སྣང་ལས་ཕྱོགས་སུ་ལྷུང་བ་མ་གནང་བས་ཡིན་ནམ། ་་་་་་་་་་་ ཟེར།

  10. ཀརྡོ་གཉེར་ཕྱག་པ་ says:
    2015-12-25 at 12:03 am

    #1 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
    December 24th, 2015 at 9:03 am
    སྔ་འགྱུར་རྙིང་མགོན་སྟག་ལུང་སྤྲུལ་པའི་སྐུ། །
    འཁྲུངས་ཙམ་ཉིད་ནས་ཕྱག་མཛུབ་མེད་པར་འཁྲུངས། །
    འཁྲུངས་ཡུལ་བོད་ལ་གཤེགས་ཡུལ་རྡོ་རྗེ་གདན། །
    རྒྱ་བོད་ནང་བསྟན་སྤེལ་ཕྱིར་མྱུར་བྱོན་ཤོག །
    རང་འགྲེལ།
    སྔ་འགྱུར་དྲུག་པ་ཡིན་པས། རྙིང་མ་པའི་མགོན་མཆོག་ཡིན་པ་དང་། ཆུང་དུས་ནས་སྟག་ལུང་རྩེ་སྤྲུལ་ལ་ངོས་འཛིན་བྱས་པར་སུས་མ་རེད་ཅེས་བསྙོན་དུ་མེད་དང་གཅིག
    འཁྲུངས་ཙམ་ཉིད་ནས་རྒྱ་གར་གྱི་སློབ་དཔོན་ཙནདར་ གོ་མི་ལྟར། མ་དད་ལོག་ལྟའི་ངོར་སྐྱེ་བ་སྔ་ཕྱི་ཡོད་པར་བསྟན་ཕྱིར། འཁྲུངས་ཙམ་ཉིད་ནས་ང་ནི་སྔར་གྱི་སྐྱེ་བ་དེ་དེ་རང་ངོ་ཞེས་གསུངས་པ་ལྟ་བུའི་ཕྱག་མཛུབ་དབུ་ཉམས་པ་དེ་ཉིད་དུ་བྱོན་པ་དང་གཉིས།
    འཁྲུངས་ས་བོད་དབུས་གཙང་དང་། ད་ལོ་གཤེགས་ཡུལ་གནས་མཆོག་རྡོ་རྗེ་གདན་ཡིན་པ་ནི། རང་བཞིན་བརྗོད་པ་ལས་སྙན་དངགས་ཀྱི་རབ་བཏགས་ཙམ་ཡང་མ་བཅིངས་པ་གསུམ།
    ད་དུང་རྒྱ་གར་འཕགས་པའི་ཡུལ་དང་། བོད་ཁ་བ་ཅན་དུ་སྒོས་སྔ་འགྱུར་དང་། སྤྱི་མདོ་སྔགས་ཡོངས་སུ་རྫོགས་པའི་བོད་རིགས་ནང་པའི་བསྟན་པ་གོ་ནས་གོང་དུ་སྤེལ་ཕྱིར་དུ། ཡང་སྲིད་ཟླ་བ་གཞོན་ནུ་བྱོན་པར་སྨོན་པ་དང་བཞི། ལས་ཟུར་ཟ་དང་མ་དད་པའི་ཆ་ཕྲ་མོས་ཀྱང་མ་བསླད་ནས་སྨོན་ཡོད་པ་ལ་་་་་་་་

  11. ཀརྡོ་གཉེར་ཕྱག་པ་ says:
    2015-12-25 at 12:25 am

    སྔ་འགྱུར་སྔགས་འཆང་རྡོ་རྗེ་འཛིན་པ་བདག་གི་རྩ་བ་དང་བརྒྱུད་པའི་བླ་མ་དིལ་གོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་གཅིག ཕྱག་དབང་ཐོབ་བླ་མ་སྨིན་གླིང་རིན་པོ་ཆེ་དང་གཉིས། རྒྱང་ནས་ཐོས་ནས་དད་སའི་བླ་མ་བདུད་འཇོམས་རིན་པོ་ཆེ་དང་གསུམ།
    དང་།
    རྙིང་མའི་བླ་མ་དགེ་སློང་གསུམ་ལྡན་རིག་པ་འཛིན་པ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དང་གཅིག པད་ནོར་རིན་པོ་ཆེ་དང་གཉིས། རྙིང་མའི་ཁྲི་འཛིན་དྲུག་པ་སྟག་ལུང་རྩེ་སྤྲུལ་རིན་པོ་གསུམ་ལ་དད་པ་བརྟན་པོ་ཡོད་པས། དྲ་གྲོགས་ང་དང་གློ་བ་རིང་བ་མ་གནོངས་ཤིགུ

  12. དྲི་མེད་ལྷག་བསམ། says:
    2015-12-25 at 1:33 am

    དགོངས་དག་ཞུ། ཁྱོད་ལ་གློ་བ་མི་རིང་། སྤྱིར་ནང་པ། དེ་ལས་བོད་རིགས། ཉིད་ཀྱི་ཡོན་ཏན་ལ་རེ་བ་བྱེད་མཁན་ཞིག་ལེགས། རང་བཞིན་བརྗོད་པ་ཡིན་པ་མ་ཤེས། སྙན་ངག་མེ་ལོང་མའི་རང་བཞིན་བརྗོད་པའི་རྒྱན་དུ། དབང་པོའི་སྐྱོན་ཆ་ཆེད་དུ་བརྗོད་པའི་རང་བཞིན་བརྗོད་པའི་དཔེ་ནི་མེད། བོད་སྤྱི་ལ་གྲགས་པ་དམའ་ཕབ་པའི་བརྡ་ཆད། ཞ་ར། འོན་པ། རྐང་ཆག ལག་རྡུམ། སྣ་ཆད། མཛུབ་ཆད། ལྕེ་རྡུག རྣ་ལོ་སོགས་ཡིན་པས་དབང་པོའི་སྐྱོན་ཆ་ཆེད་བཙལ་གྱིས་སྐྱོན་བརྗོད་བྱས་འདུག་སྙམ། ཁོང་ལ་སྐྱོན་ཅི་ཡོད་བརྟགས་ཚེ་ཀརྨའི་ཡང་སྲིད་གཉིས་ལ་དག་སྣང་སྦྱོང་བ་ཙམ་ལས་ཀ་རྡོ་ལ་ཕོག་འགྲོ་བ་ཞིག་དང་། སྐྱོན་བརྗོད་དགོས་པ་མ་མཐོང་བས་དེ་ལྟར་བཤད་པ་ལེགས། མ་ཤེས་པ་འདི་ཉེས་པ་ཆེ་བས་བཟོད་པར་གསོལ། །

  13. རྟ་བདུན་དབང་བོ says:
    2015-12-25 at 2:32 am

    སྔ་འགྱུར་རྙིང་མའི་བསྟན་པའི་གསལ་བྱེད་ཆེན་པོ་རྩེ་སྤྲུལ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་ཐིམ་པར་མྱ་ངན་ཞུ། རིན་པོ་ཆེ་སྐུ་གཤེགས་ཚུལ་གྱི་སྐོར་གསལ་པོ་ཞིག་ཤེས་མཁན་ཡོད་ན་གསུངས་རོགས་ཞུ། །

  14. པདྨ says:
    2015-12-25 at 3:24 am

    དྲ་གྲོགས་རྟ་བདུན་དབང་པོ་ལགས།
    འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། བདག་ཅག་ལྷ་འབངས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༸སྐྱབས་རྗེ་རྡོ་རྗེ་འཆང་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་ནས་སྨོས་ན་རྒྱལ་བ་སྟག་ལུང་རྩེ་སྤྲུལ་སྐུ་ཕྲེང་གསུམ་པ་མཆོག ཉེ་ཆར་གནས་མཆོག་རྡོ་རྗེ་གདན་དུ་སྐུར་སྙུང་གཞི་སོགས་ཀྱི་རྟགས་མཚན་ཆེན་པོ་གང་ཡང་མེད་པར་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དེར་སྔ་འགྱུར་བསྟན་པའི་དད་ལྡན་སློབ་འབངས་ཡོངས་ལ་ཐུགས་གསོ་དང་སྦྲགས། སྤྱིར་༸སྐྱབས་རྗེ་ཁོང་ཉིད་ཞི་བར་གཤེགས་པ་དེ་ནི། རྣམ་འདྲེན་བཞི་པ་མཉམ་མེད་བུ་རམ་ཤིང་པའི་མདོ་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་དང་། སྒོས་སུ་བོད་བརྒྱུད་ནང་བསྟན་དང་བཀའ་གཏེར་ཟུང་གི་སྔ་འགྱུར་གྱི་བསྟན་པ་རིན་པོ་ལ་ཤིན་ཏུ་ནས་གྱོང་གུན་གསབ་ཐབས་བྲལ་བ་བརྗོད་ཅི་ལ་དགོས། འོན་ཀྱང་བསྟན་པའི་གསལ་བྱེད་༸སྐྱབས་རྗེཁོང་ཉིད་ཀྱི་སླར་ཡང་བསྟན་པ་རིན་པོ་ཆེ་དང་། སྙིགས་དུས་ཀྱི་གདུལ་བྱ་་རྟག་འཛིན་པ་རྣམས་ཆོས་ལ་སྐུལ་བའི་དོན་དུ་མགྱོགས་ནས་མྱུར་དུ་ཡང་སྲིད་རིན་པོ་ཆེ་བྱོན་པའི་སྨོན་ལམ་གདུང་ཤུགས་དྲག་པོའི་གསོལ་འདེབས་ཀྱང་ཞུས། སྔ་འགྱུར་རྙིང་མའི་བླ་ཆེན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག འདང་ནུབ་ཐོ་རེངས་ཆུ་ཚོད་ ༢།༣༠ པ་ཙམ་ལ། གནས་མཆོག་རྡོ་རྗེ་གདན་དུ་སྐུར་སྙུང་གཞི་སོགས་ཀྱི་རྟགས་མཚན་ཆེན་པོ་གང་ཡང་མེད་པར་དགོངས་པ་ཆོས་དབྱིངས་སུ་འཐིམ་ཡོད་པ་དང་། ད་ལྟ་སྐུ་ཐུགས་དམ་དུ་བཞུགས་ཡོད་འདུག
    རིན་པོ་ཆེ་མཆོག་ནི་བོད་དབུས་ལྷོ་ཁ་ས་ཁུལ་ཡར་འབྲོག་སྣ་དཀར་རྩེའི་ཕུན་དཀྱིལ་ཞེས་པའི་ཁྱིམ་དུ་ཡབ་རྣམ་རྒྱལ་རྡོ་རྗེ་དང་། ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༦ ལོར་སྐུ་འཁྲུངས་ཤིང། རྡོ་བྲག་རིག་འཛིན་ཆེན་པོ་སྐུ་ཕྲེང་དགུ་པ། ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་མཆོག་གིས་རིན་པོ་ཆེ་མཆོག་ལ་སྟག་ལུང་རྩེ་སྤྲུལ་སྐུ་ཕྲེང་གསུམ་པ་ངོས་འཛིན་གནང་པ་ཡོད་འདུག ༢༠༡༢ ལོ་ནས་བཟུང་ཁོང་རྙིང་མའི་དབུ་འཛིན་གྱི་མཚན་གནས་བཞེས་ཡོད་པ་དང་། ཁོང་ད་ལོ་དགུང་གྲངས་ ༨༩ བཞེས་ཡོད་འདུག
    ཁྱད་པར་འདས་ཚོད་ལེགས་པོ་བཟུང་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་བདུན་པ་རྫོགས་ཆེན་ཡིད་བཞིན་ནོར་བུ་དགོས་ཚུལ་གསུངས་ཡོད་འདུག དེ་ནས་སེངྒེའི་གཟིམས་སྟབས་བཅས་དགོངས་པ་རྫོགས་ཡོད་པ་དང་ད་ལྟ་ཡང་ཐུགས་དམ་བཞུགས་ཡོད་འདུག

  15. ཁྱུང་སེ། says:
    2015-12-25 at 4:18 am

    དྲ་གྲོགས་པདྨ་ལགས་རྫོགས་ཆེན་ཡིད་བཞིན་ནོར་བུ་ཞུ་བ་ངོ་སྤྲོད་ཅིག་གནང་རོགས།།

  16. པདྨ says:
    2015-12-25 at 5:42 am

    དྲ་གྲོགས་བཟང་པོ་ཁྱུང་སེ་ལགས། མི་སྡུག་ཐོག་ལ་སྐད་ཆ་སྙན་པོ་བཤད་པ་དགའ་ཡོད།
    རྫོགས་ཆེན་ཡིད་བཞིན་ནོར་བུ་ཞེས་པ་འདི་བ་ཚང་རེད།
    དྲ་ཐག་འདི་ལ་གཟིགས།
    http://www.tibetanconnect.com/dzogchengonpa

  17. ཁྱུང་སེ། says:
    2015-12-25 at 6:01 am

    གྲོགས་པདྨ་ལགས་བཀའ་དྲིན་ཆེ་ངས་ཀྱང་ཁོང་ཞལ་མཇལ་མྱོང།། ངས་ནམ་རྒྱུན་ཁོང་གི་མཚན་ལ་རྫོགས་ཆེན་རིན་པོ་ཆེ་ཞེས་པ་ལས་མ་གོ་བར་བརྟེན་དང་པོར་ཤེས་མ་སོང།། སྔོན་མ་ཞིག་ལ་གོང་ས་མཆོག་གིས།། རྙིང་མ་བ་འགའ་ཞིག་གིས་ངས་རྫོགས་ཆེན་རིན་པོ་ཆེ་དགེ་ལུགས་ལ་བསྒྱུར་གི་ཡོད་པའི་དྭོག་པ་ཟ་བཞིན་འདུག་ཅེས།། སོགས་ཀྱང་གསུངས་པར་གོ།། ངས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེར་ཐེངས་ཁ་ཤས་སིམ་ལ་ལས་སོགས་སུ་མཇལ་མྱོང་མ་ཟད།། ང་ཡི་གཉེན་སྤུན་འདས་གྲོངས་སུ་ཕྱིན་པ་དག་ལ་བསྔོ་སྨོན་ཞུ་བར་ཀྱང་བཅར་མྱོངས་བས།། བླ་མ་ཁོང་ནི་ཆོས་ཡང་དག་པར་ཉམས་ལེན་གནང་མཁན་ལས།། ཆབ་སྲིད་དང་གྲགས་པ་དང་འཇིག་རྟེན་སོགས་ལ་དགོངས་པ་གཏོད་མཁན་ཞིག་མིན་ཅིང།། མ་ཟད་ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་སོགས་རྩ་བ་ཉིད་ནས་མེད་མཁན་ཞིག་ཡིན་འདུག་པས་ངོས་རང་ཁོང་ལ་དད་མོས་ཆེན་པོ་ཡོད་མཁན་ཞིག་ཡིན།།

  18. པདྨ says:
    2015-12-25 at 8:21 am

    བོན་ཁྱུང་སེས་དད་པར་དགའ་ཡོད། བུ་མོ་གནས་བསྟོད་དང་བུ་གཞན་བསྟོད་ཟེར་བ་དེ་ཅིས་མིན། ངོས་ནས་དབང་ལུང་ཁྲིད་བཤད་སོགས་གང་ཡང་ཐོབ་མྱོང་མེད། ཐམན་ཞལ་མཇལ་མྱོང་མེད་ཀྱང་ལོ་རྒྱུས་ལ་བལྟས་ན་བླ་མ་མཚན་ཉིད་ལྡན་པ་ཞིག་ཡིན་པར་མོས། དགུང་གྲངས་དགུ་བཅུ་ལ་སོན་ཡང་བཀའ་དབང་དང་ཆོས་ཕྱོགས་ཁོ་ན་ལ་བསམ་ཚེ་བྱས་པ་བསམ་མེད་ཁྱབ་སྲིད་ཀྱི་ཡོག་ཐོ་ནག་པོ་དག་ལས་འགྲན་དུ་མེད་པར་གསལ་བོ་རེད།
    དེས་ན་
    ༄༅། །དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ་ཉིད། །
    DU SUM SNGYEE DUI PAI NGO BO NYID
    Karma Badra, the Union of all Buddhas of three times,
    དྲན་པའི་གདུང་སེལ་ཀརྨ་བྷ་དྲ་ལ། །
    DRAN PAI DUNG SEL KAR MA BHA DRA LA
    And alleviator of all sufferings,
    གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
    SOL BA DHEB SO DHAG GYUD JIN GYEE LHOB
    To you I supplication, please bless me
    ཀ་དག་ལྷུན་གྲུབ་དགོངས་པ་རྟོགས་པ་དང་། །
    KA DAG LHUN DRUB GONG PA TOG PA DANG
    I may quickly realize the meaning of ultimate nature of awareness,
    སྣང་བཞི་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག
    NGNAG ZHI THAR SHIN JA LUE DRUB PAR SHOG
    And accomplish the four visions and attain rainbow body!
    །ཅེས་པ་སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་མཚན་བརྗོད་པ་བཀའ་བ་དོན་གྱི་ཕྱིར་དུ་མཚན་ནས་སྨྲོས་ཏེ་གསོལ་བ་འདེབས་ན་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་བཤད་སྒྲུབ་ཉིན་བྱེད་ཕྲིན་ལས་དཔལ་བཟང་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ་ཡིད་སྐྱོའི་གནས་ཚུལ་གྱི་གདུང་བ་སེལ་ཕྱིར་རྗེ་བཙུན་བླ་མ་མཆོག་གི་གསང་བ་ཟབ་མོའི་ཡོན་ཏན་རྒྱ་མཚོར་དྲན་བཞིན་རྗེ་གང་གི་ཞལ་གསུངས་བྱིན་ཅན་གྱི་བླ་མའི་རྣལ་འབྱོར་བསྡུས་པ་འདི་བཏོན་ན་རང་བཞན་གྱི་ཚོགས་རྒྱ་ཆེན་པོ་སྐད་ཅིག་ལ་རྫོགསཏེ་རྒྱུད་ལ་གསང་བ་གསུམ་གྱི་བྱིན་རླབས་དང་དངོས་གྲུབ་རྒྱ་མཚོ་ཐོབ་པའི་དགོས་པ་ཡོད་པས་རྗེ་གང་གི་སློབ་ཚོགས་རྣམས་ཀྱིས་དེ་བཞིན་ཐུགས་ལ་ངེས་པ་གནང་བར་ཞུ།། གུས་སློབ་སྤྲུལ་སྐུས་སྤེལ།། །།
    The Lord and Dharma king of infinite doctrines of Ngagyur Nyingma Lineage,though it is hard to declare by his real name, but for the sake of good reason, I supplicate to all disciples by declaring his real name-His Holiness Taklung Tsetrul Rinpoche Shedrup Nyinjed thrinley Palzangpo who has just (today) left for other pure realms – to recite, by remembering his supreme qualities, this Guru Yoga prayer composed by His Holiness himself which is powerful enough to instantly empowers your body, speech and mind with blessings and accumulate ocean of merits.

    With prayers,
    Tulku
    23 12 2015

  19. རྟ་བདུན་དབང་བོ says:
    2015-12-25 at 11:12 am

    པདྨ་ལགས་ལགས། གསལ་བཤད་བྱས་པར་བཀའ་དྲིན་ཆེ། དམ་པ་ཉིད་རྡོར་གདན་དུ་སྐུ་གཤེགས་པར་དཔག་ན་བསམ་བཞིན་དུ་སྐུ་ཚེ་འཕེན་པ་རྫོགས་པ་རེད་འདུག སླར་ཡང་མཆོག་སྤྲུལ་རིན་པོ་ཆེ་ད་ལྟའི་འདི་དང་མཉམ་པ་ཞིག་འཁྲུངས་པའི་སྨོན་འདུན་ཡང་ཡང་ཞུ། །

  20. པདྨ says:
    2015-12-25 at 3:08 pm

    རྟ་བདུན་དབང་པོ་ཐུགས་ཤིན་ཏུ་རྨད་དོ། ད་ཐེང་ཕེབས་པ་ནི་སྐུ་འདས་ཚུལ་དགོངས་བཞིན་ཡིན་པ་གསལ་བོ་འདུག དམིགས་བསལ་རྒྱ་གར་རྡོ་རྗེ་གདན་གྱི་མཛད་སྒོ་ཚང་མ་ལེགས་གྲུབ་དང་ཟླ་འདིའི་ཚེས་བཅུ་ལ་རྒྱལ་དབང་ཀརྨ་པ་མཐའ་ཡས་རྡོ་རྗེ་ལ་བརྟན་བཞུགས་ཕུལ་ནས་བཅུ་དྲུག་རིག་པའི་རྡོ་རྗེ་དང་ཐུགས་འདྲིས་ཆེ་ཚུལ་སོགས་བཀའ་མོལ་ཞིབ་རྒྱས་གསུངས། ཐུགས་དགྱེས་ཚུལ་བསམ་ཡུལ་འདས་པ་མཛད་དང་། མུ་འཐུད་དུ་ཁོང་གི་གསུང་དོན་ལོ་འདིར་ངེད་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་བོད་མི་ཡོངས་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་རྟེན་པའི་བརྟན་བཞུགས་ཞིག་འདེགས་འབུལ་ཞུ་པ་ཡིན་ད་རིས་རྒྱལ་དབང་ཀརྨ་པ་མཐའ་ཡས་རྡོ་རྗེ་ལ་བརྟན་བཞུགས་འབུལ་ཐུབ་པ་ཤིན་ཏུ་ལེགས་པོ་བྱུང་སོང་གསུངས།། ཁྱད་པར་འབྱུང་འགྱུར་ལ་རྒྱལ་དབང་ཀརྨ་པ་དགུང་ལོ་ཆུང་བས་སྔ་འགྱུར་བའི་གདན་ས་ཆེན་པོ་ཐུབ་བསྟན་རྡོ་རྗེ་བྲག་ཏུ་ཕེབས་དགོས་ཚུལ་སོགས་གསུངས་འདུག གཞན་ཡང་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་བདུན་པ་ནི་༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་འམ་༸སྐྱབས་རྗེ་རྫོགས་ཆེན་ཡིད་བཞིན་ནོར་བུ་ཕེབས་ན་འགྲིག་ཚུལ་གསུང་པར་བརྡ་འཕྲིན་ལས་ཐོས་སོ། གཞན་རྒྱས་པར་ཤེས་མཁན་དང་གོ་མཁན་ཚོས་མུ་འཐུད་དུ་གསུང་རོགས།

  21. ཀརྡོ་གཉེར་ཕྱག་པ་ says:
    2015-12-25 at 11:45 pm

    པདྨའི་མིང་ཅན་དམ་ཉམས་ཁྱོད། །
    ཞྭ་དམར་མཉམ་དུ་མ་ཤི་སྐྱོན། །
    ད་ནས་ཁྱོད་རང་སྒྲོལ་མཁན་ཞིག །
    ཤར་གྱི་ཕྱོགས་སུ་འཁྲུངས་བར་ངེས། །

  22. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 12:04 am

    ༸གོང་ས་མཆོག་གིས།
    སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་མཛད་རྗེས་ལ་ཆེ་བསྟོད་གནང་བ
    http://www.rfa.org/tibetan/sargyur/taklung-tsedrul-rinpoche-pass-away-12252015153117.html

  23. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 1:31 am

    རྡོ་རྗེ་བྲག་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས།
    https://www.youtube.com/watch?v=Vvs1Ibuk4JQ

  24. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 2:44 am

    ཡང་སྲིད་མྱུར་བྱོན་གསོལ་འདེབས།
    https://www.facebook.com/photo.php?fbid=10153120681887531&set=pcb.10153120682952531&type=3&theater

  25. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 2:54 am

    ་
    ་
    འོན་ཏང་བསྟན་འགྲོའི་ཟླ་བ་མར་གྱི་ངོར། །
    ཕྱོགས་པའི་སྙིགས་མའི་ངང་ཚུལ་འདི་དགོངས་ལ། །
    ཐུགས་བསྐྱེད་ཅང་ཤེས་བདུན་གྱི་ལྷ་ལམ་དུ། །
    ཡང་སྤྲུལ་ཉི་གཞོན་སླར་ཡང་བཞད་པར་མཛོད། །
    ་
    ་

  26. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 3:38 am

    ་
    ཏྰ་ལས་དག་པ་རབ་འབྱམས་ལ།།
    མ་དག་སྣང་བ་རྡུལ་ཙམ་མེད།།
    མའོ་རྩེ་ཏང་ཡང་ཕ་རུ་མཐོང་།།
    བྷན་ལ་དོན་ཡང་ལྷ་རུ་མཇལ།།
    ་
    ཟེར། ཧཧ། ཁོ་རེ། ཁྱོད། ལས་ངན་ཁྱོད།

  27. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 3:41 am

    པདྨའི་མིང་ཅན་དྲ་གྲོགས་ཁྱོད། །
    གྲོགས་སུ་མསོང་དགྲ་རུ་སྡང་། །
    སློབ་དཔོན་པདྨ་འབྱུང་ནས་ཀྱིས། །
    བོད་ནག་ཡག་བྱས་ཉེ་རུ་མཐོང་། །

    མི་ངན་་ཁྱོ་རེ་སྐྱེ་སྔོན་འདྲ། །
    ཧ་ཧ་ཧོ་ཧོ་རིགས་མངན་ཁྱོད། །
    རིགས་རུས་བརྩིས་ས་མེད་པ་ཁྱོད། །
    ཁ་བརྡར་འོངས་ཐུབ་ངོ་མི་ཚ། །

  28. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 3:46 am

    ཞྭ་དམར་གོར་ཁ་བོད་འཁྲིད་མཁས་པས་མཁྱེན། །
    ཞྭ་དམར་མཐའ་ཡས་ཀར་རྫུན་ཀུན་གྱིས་ཤེས། །
    པདྨ་དམ་ཉམས་སོང་བ་ང་ཚོས་ཤེས། །
    ད་ནི་རང་གནོང་ངོ་ཚས་གཅེབས་ན་ལེགས། །

  29. ནད་མེད་ཚེ་རིང་། says:
    2015-12-26 at 6:01 am

    པདྨ་ལགས་ནས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ནང་རྒྱལ་བ་ཀརྨ་པ་མཐའ་ཡས་རྡོ་རྗེ་ལ་བརྟན་བཞུགས་ཕུལ་པ་བཀོད་འདུག་ན་དངོས་འབྲེལ་ཡིན་མིན་གསལ་བཤད་ཅིག་གནང་རོགས་ཞུ།

  30. དྲི་མེད་ལྷག་བསམ། says:
    2015-12-26 at 11:15 am

    སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ནི་བསླབ་པ་གསུམ་ལྡན་གཡོ་སྒྱུ་ཟོལ་ཟོག་མེད་པ་ཀུན་གྱིས་བཀུར་བ་ཞིག་རེད། ཁོང་རིན་པོ་ཆེ་སྔ་འགྱུར་རྙིང་མའི་དགོན་ཆེན་དྲུག་གི་ཡ་གྱལ་ཐུབ་བསྟན་རྡོ་རྗེ་བྲག་གི་མཁན་པོ་ལོ་གནང་པ་དང་། ཉེ་དུས་འདིར་རྙིང་མའི་དབུ་འཛིན་དུ་གྱུར་བ་ཀུན་གྱིས་ཤེས་གསལ་ལྟར་རོ། །སྟག་ལུང་ཟེར་བ་ནི་ས་མིང་སྟེ་ཡར་འབྲོག་སྟག་ལུང་ངོ་། རྩེ་སྤྲུལ་ཟེར་བ་ཡར་འབྲོག་སྟག་ལུང་ལ་གྲྭ་ཚང་བཞི་ཡོད་པའི་ནང་གི་སྟག་ལུང་རྩེ་གསང་ཆོས་གྲྭ་ཚང་གི་སྤྲུལ་སྐུ་ཡིན་པས་སོ། །སྟག་ལུང་རྩེ་སྤྲུལ་གཉིས་ཡོད་པའི་གཅིག་ནི་ད་ལྟ་ཧྥ་རན་སིར་བཞུགས་པའི་བཀའ་འགྱུར་རིན་པོ་ཆེའི་སྲས་སྤྲུལ་སྐུ་པདྨ་དབང་རྒྱལ་ལོ། །སྟག་ལུང་གྲྭ་ཚང་བཞི་འདེབས་པ་པོ་ནི་རྒྱལ་དབང་ལྔ་བ་ཆེན་པོའི་སྐུ་ཞང་། ཞང་མཐུ་སྟོབས་གྲགས་པ་ཞེས་གུ་རུ་ལྟ་སྲིན་སྡེ་བརྒྱད་ཀྱི་སྤྲུལ་བར་གྲགས་པ་དེའོ། །གྲྭ་ཚང་བཞིའི་རྙིང་ཤོས་བྲག་ར་གྲྭ་ཚང་ངམ་བྲག་ར་བླ་བྲང་དུ་འབོད་པ་དེ་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་ཤིང་རྟ་ཆེན་པོ་རྟ་ནག་པ་འབོད་པའི་སྒྲུབ་སྡེ་ཡིན། རྟ་ནག་པའི་བརྒྱུད་པ་ལ་རྟ་སྟོན་ཇོ་ཡེ། རྟ་སྟོན་གཟི་བརྗིད་འབར་སོགས་མཁས་གྲུབ་རིམ་པར་བྱོན། ཕྱིས་སུ་རྒྱལ་དབང་ལང་བ་ཆེན་པོའི་མ་ཡུམ་གྱི་དགོངས་རྫོགས་སུ་རྩེ་གྲྭ་ཚང་འདུལ་བ་འཛིན་པའི་སྡེ་བཙུགས། ཕལ་ཆེར་དགོན་པ་འདི་མགོན་ཁང་ཆེན་པོ་ཞིག་རེད་བྱས་ཀྱང་ཆོག མགོན་ཁང་མང་པོ་ཡོད་པ་ལས་མགོན་ཁང་གྲགས་ཆེ་བ་བཞི་ནི། གྲྭ་ཚང་འོག་མ་ས་སྐྱའི་གུར་མགོན་དཔལ་འབར་ལྷ་ཁང་། བར་མ་གཟའ་བདུད་ཁྲག་མཚོ་ཁོལ་མ། རྩེ་གྲྭ་ཚང་དུ་མ་མགོན་སྲིད་གསུམ་རྣམ་རྒྱལ། བྲག་ར་ལ་གནོད་སྦྱིན་ཙི་དམར་དང་སྐུ་ལྔའི་མགོན་ཁང་དབང་དྲག་རོལ་བ་སོགས་བཞུགས། གྲྭ་ཚང་བཞི་ཀ་ཐུབ་སྟན་རྡོ་རྗེ་བྲག་གི་སྒྲིགས་ཁྲིམས་འོག་ཡོད་ཅིང་། དགོན་བདག་སྐྱབས་རྗེ་ཆུ་བཟང་ནམ་མཁའ་ཀློང་ཡངས་ཡིན། ས་སྐྱའི་མགོན་ཁང་ནི་རྡོ་བྲག་ལྕོག་སྒར་ཐོག་མར་ཕྱག་འདེབས་མཁན་མངའ་རི་པཎ་ཆེན་གློ་བོ་མཁན་ཆེན་གྱི་སློབ་མ་དང་ལམ་འབྲས་ཉམས་བཞེས་གནང་མཁན་ཡིན་པས་སོ། ས་སྐྱ་དང་རྡོ་བྲག་ལ་ཐུན་མིན་གྱི་འབྲེལ་བ་ཡོད། རྡོ་བྲག་ནི་མཁས་གྲུབ་ཀྱི་འབྱུང་གནས་སྟེ། རིག་འཛིན་རྒོད་ལྡེམ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། བྱང་སེམས་ཀུན་དགའ་ཉི་མ། མངའ་རི་པཎ་ཆེན་པདྨ་དབང་རྒྱལ། གཅུང་རིག་འཛིན་ལེགས་ལྡན་རྡོ་རྗེ། ཡོལ་མོ་སྔགས་འཆང་ཤཱཀྱ་བཟང་པོ། ཆོས་རྒྱལ་དབང་པོའི་སྡེ། སྨན་ལུང་པ་བློ་གྲོས་མཆོག་གི་རྡོ་རྗེ། རིག་འཛིན་པདྨ་འཕྲིན་ལས། ཆུ་བཟང་ནམ་མཁའ་ཀློང་ཡངས། ཁང་གདོང་མགོན་པོ་དབང་རྒྱལ། རྡོ་ཤུགྶ་འབྱུང་ཚུལ་ཁྲིམས་བཟང་པོ་སོགས་གསུངས་འབུམ་ཡོད་པ་མང་པོ་བཞུགས། དེ་བཞིན་རྫོགས་ཆེན་ཀུན་བཟང་དགོངས་པ་ཟང་ཐལ་ཉམས་བཞེས་མཛད་དེ་མཇའ་ལུས་གྲུབ་པའང་བརྒྱ་ཕྲག་བཞུགས་པར་གྲགས་སོ། །མཁན་པོ་ཆོས་དབྱིངས་ཞུ་བས་རྡོ་བྲག་ལོ་རྒྱུས་སུ་བོད་ན་དགོན་པ་150་བཞུགས་རྒྱ་བལ་འབྲུག་གསུམ་གྱི་ཆེ་ཆུང་ཐམས་ཅད་བསྡོམས་པས་དགོན་པ་284་ཡོད་པ་བྲིས་འདུག ། མ་དགོན་རྡོ་རྗེ་བྲག་ལ་གྲྭ་45། རྡོ་ཤུགས་འབྱུང་དགོན་ལ་300། ལི་མདོ་མཁན་ཆོས་ཁྱབ་སྒར་ལ་གྲྭ་སུམ་སྟོང་3000། དར་རྩེ་མདོ་ལ་གྲྭ་150། རྫ་ཆུ་ཁ་མགོ་ཚ་དགོན་ལ་གྲྭ་200། བྲག་མགོ་གནས་ནང་དགོན་ལ་གྲྭ400། སྤྲུལ་ལུང་རྟོགས་སྒར་ལ་ཇོ་སེར་200། ཱྑོར་གདོང་དགོན་ལ་གྲྭ200་འདི་དག་དགོན་པ་ཆེ་ཁག་རེད་འདུག །གཞན་པ་ཚོར་བཞི་གྲྭ་ནས་བརྒྱའི་བར་ཡོད་པ་འདྲ། རྒྱ་གར་དུ་སིམ་ལ་དགོན། འབྲུག་ན་ནམ་མཁའི་སྙིང་པོའི་དགོན། འབྲས་ལྗོངས་སུ་དགོན་བྱང་དགོན་སོགས་ཀྱང་ཆེ་ཤོས་གྲས་རེད་འདུག་གོ། །

  31. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 11:27 am

    ་་་་་་་་་ རྡོ་ཤུགྶ་འབྱུང་ཚུལ་ཁྲིམས་བཟང་པོ་སོགས་གསུངས་འབུམ་ཡོད་པ་མང་པོ་བཞུགས། དེ་བཞིན་རྫོགས་ཆེན་ཀུན་བཟང་དགོངས་པ་ཟང་ཐལ་ཉམས་བཞེས་མཛད་དེ་མཇའ་ལུས་གྲུབ་པའང་བརྒྱ་ཕྲག་བཞུགས་པར་གྲགས་སོ། ་་་་་་་་་་

  32. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 11:27 am

    འཇའ་ལུས་སྐོར་ལ་མང་ཙམ་སུས་གསུངས་ཐུབ་བམ། ལགས།

  33. དྲི་མེད་ལྷག་བསམ། says:
    2015-12-26 at 11:32 am

    རྡོ་བྲག་གི་འཇའ་ལུས་པ་བཅུ་གྲངས་ཞིག་ལས་མང་པོ་ཞིག་ལ་མཚན་ཙམ་ལས་རྣམ་ཐར་མཇལ་རྒྱུ་མི་འདུག སྦས་པའི་རྣལ་འབྱོར་བ་ཡིན་པས་རེད་སྙམ།

  34. པདྨ says:
    2015-12-26 at 1:09 pm

    མཁས་དབང་དྲི་མེད་ལྷག་བསམ་གྱིས་ཀཿཐོག་པ་འཇའ་ལུས་སུ་འབུམ་ཕྲག་བྱུང་བའི་མཚན་བགྲང་ནུས་སམ།
    ཉེ་ཆར་དྲ་ཐོག་ནས་འཇའ་ལུས་ཕལ་ཆེར་དྭངས་བ་ཡིན་པར་་་ཧོར་བྷ་དཀོན་མཆོག་དར་རྒྱས་ཀྱི་ངོ་དེབ་ལས་་་
    སྦས་པའི་རྣལ་འབྱོར་བ་ཞིག་སྐུ་ཞི་བར་གཤེགས་པ་དང་སྐུ་འཇའ་ལས་སུ་གྱུར།
    ཉེ་བའི་བོད་མདོ་ཁམས་གསེར་རྟ་རྫོང་ཁོངས་རགས་བཀྲམ་བྱམས་པ་གླིང་གི་བླ་མ་ཐུབ་ཤེར་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་ཡོད་པ་དང། ཁོང་སྐུ་གཤེགས་ནས་བདུན་ཕྲག་གཅིག་ཙམ་གྱི་རྗེས་སུ་སྐུ་གདུང་ཁྲུ་གང་ཙམ་ལས་མ་ལྷག་པར་འཇའ་ལུས་སུ་དེངས་ཡོད་འདུག
    བླ་མ་ཐུབ་བསྟན་ཤེས་རབ་རིན་པོ་ཆེ་ནི་ཤར་རྒྱལ་བ་ཀཿཐོག་པའི་དགོན་ལག་གཞི་ཆེན་རགས་བཀྲམ་དགོན་པའི་ཁོངས་གཏོགས་ཏོག་ཚ་སྡེ་པ་རུ་ཕྱི་ལོ་༡༩༣༠ བོད་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ལོར་སྐུ་འཁྲུངས་ཤིང་། རགས་བཀྲམ་བྱམས་པ་གླིང་གི་ཆོས་སྒོར་ཞུགས་ནས་འདོན་རྟ་དབྱངས་སོགས་ཆོ་ག་ཕྱག་ལེན་བཅས་ལ་སློབ་གཉེར་གནང་། སྐུ་ན་སོན་པ་དང་སྔ་འགྱུར་བསྟན་པའི་ཆུ་མགོ་ཤར་རྒྱལ་བ་ཀཿཐོག་དགོན་གྱི་བཤད་གྲྭ་རུ་ཞུགས་ནས་ཀཿཐོག་མཁན་ཆེན་རྒྱལ་མཚན་འོད་ཟེར་སོགས་ཀྱི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་ལ་སྦྱངས་པ་མཐར་སོན་ནས་མཁས་པའི་མཚན་སྙན་དང་བཅས་མཁན་པོའི་མཚན་གནས་བཞེས། སྐབས་དེ་ཙམ་དུ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་རིས་མེད་ཀྱི་སྐྱེས་དམ་པ་དུ་མ་ཞིག་གི་ཞབས་ལ་གཏུགས་ཡོད་འདུག ཀཿཐོག་ནས་མཁན་པོའི་མཚན་གནས་བཞེས་རྗེས་ཀཿཐོག་གི་དགོན་ལག་ཨ་འཛོམ་དགོན་དུ་ཕེབས་ནས་མཁན་པོ་མཛད་འགན་བཞེས་ནས་བཞུགས་ཡོད་པ་དང། ཨ་འཛོམ་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་(1896-1959)མདུན་ནས་ཟབ་ལམ་འོད་གསལ་རྫོགས་པ་ཆེན་པོའི་ཁྲིད་ཁ་ཡོངས་སུ་རྫོགས་པ་ཞུས་ནས་ཉམས་བཞེས་མཛད། སྨྱོ་ཤུལ་ལྗོན་པ་ལུང་སོགས་སུའང་ཕེབས་ནས་སྨྱོ་ཤུལ་མཁན་པོ་ལུང་རྟོགས་རིན་པོ་ཆེ་སོགས་ཀྱི་མདུན་ནས་སྔ་འགྱུར་རྙིང་མ་པའི་ཐུན་མོང་མ་ཡིན་པའི་ཟབ་ཆོས་དག་ལ་སློབ་གཉེར་ཉམས་བཞེས་མཛད་ཡོད་འདུག
    བོད་ལ་དུས་འགྱུར་མ་བྱུང་བའི་སྐབས་ཙམ་ལ་ཕྱིར་རང་ཡུལ་དུ་ཕེབས་ནས་བཞུགས་ཤིང་། དུས་འགྱུར་གྱི་སྐབས་དང། དེའི་རྗེས་སུ་ཉམས་ཆུང་སྦས་པའི་བརྟུལ་ཞུགས་ཁོ་ན་དང་དུ་བླངས་ནས་རྫོགས་པ་ཆེན་པོའི་ཉམས་བཞེས་ཁོ་ན་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་ཡོད་ལ། ཉེ་ཆར་བོད་ཟླ་བཅུ་པའི་གནམ་གང་ཕྱི་ལོ་༢༠༡༥ ལོའི་ཟླ་༡༢ ཚེས་༡༡ རེས་གཟའ་ལྷག་པའི་དགོང་མོ་ཆུ་ཚོད་དྲུག་ཙམ་གྱི་སྟེང་དུ་སྐུ་གཤེགས་ཡོད་པ་དང། སྐུ་མ་གཤེགས་པའི་སྔོན་ནས་འབྲེལ་ཡོད་རྣམས་ལ་མི་རིང་བར་སྐུ་གཤེགས་རྒྱུ་ཡིན་པ་དང་། སྐུ་གདུང་ལོངས་སྐུ་ཆས་སུ་ཞལ་བསྒྱུར་རྒྱུས་མཚོན་རྒྱས་སྤྲོས་རིགས་གཏན་ནས་མི་དགོས་པའི་ཞལ་ཆེམས་བཞག་ཡོད་འདུག སྐུ་གཤེགས་ནས་ཉིན་བདུན་གྱི་རིང་ཐུགས་དམ་དུ་བཞུགས་ཤིང། སྐུ་གདུང་ཞུགས་འབུལ་ཞུ་བའི་སྐབས་ཁྲུ་གང་ཙམ་ལས་མ་ལྷག་པར་འཇའ་ལུས་འཕོ་ཆེན་གྱི་སྐུར་གཤེགས་ཡོད་འདུག
    བོད་ཟླ་༡༡ ཚེས་༡༢ མཚན་མོ་སྐུ་གདུང་ཞུགས་འབུལ་ཞུ་བའི་སྐབས་པདྨའི་དབྱིབས་ཅན་གྱི་ཁ་བ་སབ་སིབ་ཏུ་བབས་པ་སོགས་དང། ཉི་མའི་འོད་དང་ལྷན་དུ་ཁ་དོག་སྣ་ཚོགས་ཀྱི་འོད་མདངས་འཕྲོ་བ་སོགས་ཡ་མཚན་པའི་རྟགས་དུ་མ་ཞིག་བྱུང་ཡོད་པ། གནས་དེར་བཞུགས་པའི་འབྲེལ་ཡོད་ཅིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་སོང་། ཁོང་གི་བཞུགས་གནས་འབྲོག་ས་ཁུག་ཀྱོག་ཅིག་ཡིན་པ་ལས། སྐབས་དེར་འབྲེལ་ཡོད་ལྟོས་བཅས་རྣམས་ཀྱིས་སྐྱེས་ཆེན་དམ་པ་ཞིག་སྐུ་ཞི་བར་གཤེགས་པའི་སྐབས་ཀྱི་ཆོ་ག་དང་བྱེད་སྟངས་དག་ཇི་བཞིན་བྱུང་ཡོད་ན། ཕལ་ཆེར་སྐྲ་སེན་ཙམ་ཡང་མ་ལུས་པར་འཇའ་ལུས་དེངས་སྲིད་པ་རེད་འདུག།
    https://www.facebook.com/konchokdargye?pnref=story

  35. དྲི་མེད་ལྷག་བསམ། says:
    2015-12-26 at 9:35 pm

    ལགས། འཇའ་ལུས་པ་མང་པོ་སྦས་པའི་རྣལ་འབྱོར་བ་ཡིན་པས་མཚན་ཡང་ཤེས་དཀའ་བར་གྱུར། གོང་གསལ་རཀ་བཀྲམ་བླ་མ་ཐུབ་ཤེར་ལྟ་བུ་སྟེ། ཕྲན་གྱིས་ཁོང་གོ་མྱོང་ཡང་དེ་ཙམ་མཁས་གྲུབ་ཆེན་པོ་ཡིན་པའི་ལོ་རྒྱུས་མ་ཤེས་སོ། ། ཀཿཐོག་འཇའ་ལུས་པ་འབུམ་ཕྲག་བྱུང་བའི་ལོ་རྒྱུས་ནི་ བླ་མ་འདིའི་སློབ་མ་འཇའ་ལུས་པ་སྟོང་ཕྲག་བྱོན། ཅེས་དང་ས་གནས་འདི་ནས་འཇའ་ལུས་པ་སྟོང་ཕྲག་བྱོན། ནོ་ཞེས་པ་ལྟ་བུ་བརྩི་རྒྱུ་ལས་མེད། །ཀཿཐོག་འཇའ་ལུས་པ་རྣམ་ཐར་བསྡུས་པ་ཡོད་པ་བརྒྱ་ལོན་ཙམ་ཞིག་ཨེ་ཡོད་སྙམ། ཚོད་དཔག་ཡིན། ཞིབ་རྩིས་བྱེད་མ་མྱོང་། དཔེར་ན། གྲུབ་ཐོབ་མ་ཎི་རིན་ཆེན་འཁོར་དང་བཅས་པ་འཇའ་ལུས་དུ་གཤེགས། དྲུང་བྱང་ཆུབ་འབུམ་གྱིས་དགོན་པ་བརྒྱ་རྩ་བཏབ། གྲྭ་བ་སྟོང་ཕྲག་དུ་མ་འདུས་པ་བླ་མ་འཇའ་ལུས་སུ་ཕེབས་སྐབས་སློབ་མ་མང་ཆེ་བ་འཇའ་ལུས་སུ་དེང་ནས་དགོན་པ་སྟོང་པར་གྱུར་། ཞེས་དང་། ཨ་མདོ་རེབ་གོང་ཕྱོགས་སུ་ཀཿཐོག་པ་རྡོ་རྗེ་རྒྱལ་མཚན་སོགས་ཀཿཐོག་བུ་བཞིའི་སློབ་རྒྱུད་ཐམས་ཅད་འཇའ་ལུས་སུ་དེང་ནས་དགོན་པ་སྟོང་པར་གྱུར་པ་དང་། ཨ་མདོ་ཀླུ་ཆུ་མཚོ་ཕུག་དཔལ་ཆེན་གྲུབ་པའི་གླིང་གི་ཀཿ་ཐོག་པ་རྡོ་རྗེ་རྣམ་རྒྱལ་དང་སེངྒེ་རྣམ་རྒྱལ་འཁོར་སྟོང་ཕྲག་དུ་མ་བཅས་པ་འཇའ་ལུས་སུ་དེང་ནས་དགོན་པ་སྟོང་པ་སོགས་ཀྱི་ལོ་རྒྱུས་ལྟ་བུའོ། འདི་དག་ནང་དུ་རྡོ་བྲག་ཆོས་རྒྱུན་ཀུན་བཟང་དགོངས་པ་ཟང་ཐལ་ཉམས་བཞེས་གནང་མཁན་ཡང་མི་ཉུང་བ་བྱོན་པར་སྣང་། འཇའ་ལུས་པ་མང་དུ་བྱོན་ནས་ཀཿཐོག་མ་དགོན་ལན་གཅིགསྟོག་པ་དང་། སྒྲུབ་སྡེ་ཁག་ལ་ད་བར་འཇའ་ལུས་པ་རྒྱུན་མ་ཆད་པར་བྱུང་བར་གྲགས་སོ། །

  36. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 9:55 pm

    ་་་་་་་་་ ཀཿཐོག་འཇའ་ལུས་པ་འབུམ་ཕྲག་བྱུང་བའི་ལོ་རྒྱུས་ནི་ བླ་མ་འདིའི་སློབ་མ་འཇའ་ལུས་པ་སྟོང་ཕྲག་བྱོན། ཅེས་དང་ས་གནས་འདི་ནས་འཇའ་ལུས་པ་སྟོང་ཕྲག་བྱོན། ནོ་ཞེས་པ་ལྟ་བུ་བརྩི་རྒྱུ་ལས་མེད། ་་་་་་་་

  37. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 9:56 pm

    ་་་་་་་་ གྲུབ་ཐོབ་མ་ཎི་རིན་ཆེན་འཁོར་དང་བཅས་པ་འཇའ་ལུས་དུ་གཤེགས། ་་་་་་་

  38. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 9:57 pm

    ་་་་་་་་་་ གྲྭ་བ་སྟོང་ཕྲག་དུ་མ་འདུས་པ་བླ་མ་འཇའ་ལུས་སུ་ཕེབས་སྐབས་སློབ་མ་མང་ཆེ་བ་འཇའ་ལུས་སུ་དེང་ནས་དགོན་པ་སྟོང་པར་གྱུར་། ་་་་་་་་་་

  39. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 9:58 pm

    ་་་་་་་་་་ ཨ་མདོ་རེབ་གོང་ཕྱོགས་སུ་ཀཿཐོག་པ་རྡོ་རྗེ་རྒྱལ་མཚན་སོགས་ཀཿཐོག་བུ་བཞིའི་སློབ་རྒྱུད་ཐམས་ཅད་འཇའ་ལུས་སུ་དེང་ནས་དགོན་པ་སྟོང་པར་གྱུར་པ་དང་། ཨ་མདོ་ཀླུ་ཆུ་མཚོ་ཕུག་དཔལ་ཆེན་གྲུབ་པའི་གླིང་གི་ཀཿ་ཐོག་པ་རྡོ་རྗེ་རྣམ་རྒྱལ་དང་སེངྒེ་རྣམ་རྒྱལ་འཁོར་སྟོང་ཕྲག་དུ་མ་བཅས་པ་འཇའ་ལུས་སུ་དེང་ནས་དགོན་པ་སྟོང་པ་སོགས་ཀྱི་ལོ་རྒྱུས་ལྟ་བུའོ། ་་་་་་་་་

  40. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 10:03 pm

    སྔར་རྒྱ་གར་གྱི་ཡུལ་གྱི་དཔལ་བདེ་མཆོག་གནས་རང་བྱུང་མཆོད་རྟེན་འཁྲུངས་སའི་མཚོོ་ཡི་ཀླུ་རྣམས་མིར་སྐྱེས། དེ་ནས་མི་རྣམས་གསང་སྔགས་ཆོས་ཉམས་སུ་བླངས་ནས། རྒྱལ་ཁམས་སྟོང་པའི་ལོ་རྒྱུས་ཅིག་ཡོད་པ་དེ་དྲན་དུ་བཅུག་སོང་། དྲ་གྲོགས་ཆོས་གྲོགས་ལྷག་བསམ་གྱིས། ་་་་་་་

  41. པདྨ says:
    2015-12-27 at 7:04 am

    དྲི་མེད་ལྷག་བསམ་མཆོག་གིས་གསུངས་བར་མངོན་པར་བསྟོད།། རྡོ་རྗེ་བྲག་གི་ལོ་རྒྱུས་ནང་བཞིན་ཀཿཐོག་གི་དགོན་མ་ལག་གི་ལོ་རྒྱུས་རགས་བསྡུས་ཤིག་གསུང་བར་མཁྱེན་ནོ།།

  42. དྲི་མེད་ལྷག་བསམ། says:
    2015-12-27 at 9:34 am

    ལེགས་སོ། ༄༅། །རྫོགས་ཆེན་པདྨ་གར་དབང་ལ་དྲིས་ལན་ལག་འཇུ་མ་ཞིག་འབུལ་ན། ཀཿཐོག་ལོ་རྒྱུས་ཐན་ཐུན་མང་བས་ཞིབ་མོ་ཞུ་མི་དགོས་མོད། མདོར་བསྡུ་ན། ཀ་དམ་པའི་རྣམ་ཐར་ཙམ་ལས་ཀཿཐོག་སྐོར་རྒྱས་པར་འཁོད་པའི་ལོ་རྒྱུས་རྙིང་པ་རྒྱ་ཆེན་པོ་ཞིག་མེད། ཀཿཐོག་དང་རྒྱ་གར་འདྲ། རྙིང་པ་ཡིན་པ་སྙོན་མེད་ལ་ལོ་རྒྱུས་ཀྱི་སྟོང་ཆ་ཆེས་མང་བ་ཞིག་རེད། དེ་དང་བསྡུར་ན་རྡོ་རྗེ་བྲག་གི་བླ་ཆེན་ཕལ་མོ་ཆེར་རྣམ་ཐར་བཞུགས་པས་རྙིང་མའི་དགོན་ཆེན་ཁག་གི་ནང་ལོ་རྒྱུས་ཕྱུག་ཤོས་རེད། ཀཿཐོག་གི་མཚན། སྤྲུལ་སྐུ་རྣམས་ཀྱི་སྐུ་སྐྱེ་གོང་མ། དུས་རབས་སོ་སོའི་ཉམས་བཞེས་བཀའ་སྲོལ་ཐད་སྙོག་དྲ་ཤིན་ཏུ་ཆེ། ཀཿཐོག་ཧ་ལམ་རབ་བྱུང་གསུམ་པའི་ས་ཡོས་1159་ལོར་བཏབ་པ་རེད། ད་ཡོད་སྔ་འགྱུར་དགོན་སྡེ་དྲུག་གི་ནང་ནས་ཆེས་སྔ་ཤོས་རེད། ༡༽ཀཿཐོག་གི་མཚན། ཀཿདམ་པ་བདེ་གཤེགས་ཀཾ་པོའི་གངས་ནས་ཕེབས་པས་(ཀཾ་ཐོན་)ཟེར་བ་ཡིན་ཚུལ་སྨྲ་པའི་ལོ་རྒྱུས་སུ་འཁོད་པར་ཐོས། སྐ་འོབ་ཀྱི་ནང་དུ་ཆགས་པས་༼སྐ་ཐོག་༽ཡིན་ཚུལ་དཔལ་སྤུང་སི་ཏུས་བྲིས་འདུག (བཀའ་ཐོག་)ཅེས་ཀཿཐོག་སྔ་རབས་པའི་བླ་མ་ཉག་རོང་བཞག་བླ་བསོད་ནམས་རྒྱལ་མཚན་གྱིས་བྲིས་འདུག །སེངྒེ་བྲག་གཡུ་མཚོ་འཁྱིལ་བའི་སྟེ་དུ་ཡི་གེ་ཀཿདང་ཨཿ་རང་བྱོན་ཡོད་པའི་སྟེང་དུ་ཆགས་ཚུལ། དཔའ་བོའི་ཆོས་འབྱུང་དང་ཕྱིས་སུ་བྱུང་བའི་ཀཿཐོག་པའི་ལོ་རྒྱུས་ལ་ཡོངས་སུ་གྲགས། ༢༽ཀཿ་དམ་པ་བདེ་བར་གཤེགས་པ། ཕག་མོ་གྲུབ་པ་དང་སྐུ་མཆེད་དགོས་ཡིན་པ། ཕ་སྤུན་ཡིན་པ། མ་སྤུན་ཡིན་ཚུལ་སོགས་བཤད་སྲོལ་ཅི་རིགས་པ་དང་། འཁྲུངས་དུས་ཆུ་སྟག་དང་། ཤིང་སྟག་སོགས་འདོད་པ་མི་མཐུན། ༣༽ཀཿཐོག་གི་ཆོས་རྒྱུན་ལ། བཀའ་རྙིང་ཟུང་འཇུག་ཡིན་པ། རྙིང་མ་ཁོ་ན་ཡིན་པ། བཀའ་བརྒྱུད་པའི་ཕྱོགས་ལའང་ཕག་གྲུ་བཀའ་བརྒྱུད་ཡིན་པ། སྨྲ་ཚང་བཀའ་བརྒྱུད་ཡིན་ཚུལ་སོགས་འདོད་པ་མི་འདྲ། ༤༽ཀཿཐོག་སྤྲུལ་སྐུའི་ཐད། ཀཿཐོག་རྨོག་ཚ་རྨོག་གྲུབ་ནམ་མཁའ་ཆོས་དབང་གི་སྤྲུལ་བ་ཡིན་པ་ལ་དེང་དུས་ཀློང་གསལ་སྙིང་པོའི་སྤྲུལ་བ་ཡིན་ཚུལ་འདུག །འཇམ་དཔལ་སྤྲུལ་སྐུ་མཁན་འཇམ་དཔལ་གྱི་སྤྲུལ་སྐུ་ཡིན་ལ། དེང་དུས་རིག་འཛིན་འཇམ་དཔལ་རྡོ་རྗེའི་སྤྲུལ་བ་ཡིན་ཞེས་བྲིས་འདུག དགེ་རྩེ་ནི་ཀློག་གསལ་སྙིང་པོའི་དབོན་པོ་ཚེ་འཕྲིན་ལས་ཀྱི་སྤྲུལ་བ་ཡིན་ཚུལ་ལྕང་སྐྱར་ཕུལ་བའི་ཡི་གེ་དང་དགེ་པཎ་རང་རྣམ་དུ་འཁོད་བཞིན་ཚེ་དབང་ནོར་བུའི་སྤྲུལ་སྐུར་གྱུར་འདུག །དེ་ལ་སོགས་པ་ལོ་རྒྱུས་སྨྲ་བ་ལ་དགག་བྱ་ཡོད་པ་ཅི་རིགས་ལ། དོན་དུ་རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག་པས་འགལ་བ་མེད་པར་སྨྲའོ། ༥༽ཉམས་ལེན་ཐད། ཀཿཐོག་སྔ་རབས་པའི་སྐབས་སུ་རྙིང་མའི་མདོ་སྒྱུ་སེམས་གསུམ་དང་། གསར་མའི་བདེ་དགྱེས་གསང་གསུམ་ལ་ཉམས་ལེན་གནང་འདུག དེ་རྗེས་གྲུབ་ཐོབ་མ་ཎི་རིན་ཆེན་སྐབས་ནས་ཉང་དང་ཆོས་དབང་གི་གཏེར་ཆོས་དར་འདུག །དཔལ་འབར་བ་ནམ་མཁའ་རྡོ་རྗེདང་སྔ་ཚོ་ཀུན་དགའ་འབུམ་པའི་སྐབས་ཤིག་ནས་ཡང་ཏི་ནག་པོའི་ཉམས་བཞེས་དར། དྲུང་ནམ་མཁའ་སེངྒེའི་སྐབས་ནས་རཏྣ་གླིང་པའི་ཆོས་སྐོར་དར། ཨ་རྡོ་དཀོན་མཆོག་རྒྱལ་མཚན་སྐབས་བྱང་གཏེར་དགོངས་པ་ཟངས་ཐལ་དར་དེ་དཔེ་ཆ་ཡང་ཀཿཐོག་བླ་མ་རྣམས་ཀྱི་འབྲལ་སྤང་བྱེད་ཟེར། རྗེས་སུ་འཇའ་ཚོན། བདུད་འདུལ་ཀློང་གསལ་སོགས་ཉམས་བཞེས་གནང་ནས་ད་བར་དུ་གནས་སོ། །༦༽ཀཿཐོག་བླ་རབས། མི་ཕམ་སློབ་མ་སི་ཏུ་ཆོས་རྒྱ་མཚོའི་བར། གདན་རབས་80 ། བླ་རབས་123་བྱོན་སྐད། གྲགས་ཆེ་བ། དམ་གཙང་བྱམས་གསུམ། འབུམ་པ་གསུམ། ཐོས་ཆོག་རྣམ་གསུམ། ལུང་བསྟན་བུ་བཞི། དྲུང་རབས་བཅུ་གསུམ། རྨོག་རབས་བཅུ་གསུམ། མཁན་རབས་བཅུ་གསུམ། སྟག་བླ་བཅུ་གསུམ་སོགས་བྱོན། པཎ་ཆེན་དགུ་བ་ཁམས་ཕེབས་སྐབས་ཀཿཐོག་གི་འབུལ་ཡིག་ཏུ། གསེར་ཁྲི་ལྔ་བདག་ཟེར་བ་ཞིག་བཀོད་ཡོད་པ་ནི། སྐྱབས་མགོན་སི་ཏུ། རྨོག་ཞིང་གཉིས། དགེ་ཕྱག་གཉིས། ཅེས་སྐབས་དེར་ཡོད་པའི་བླ་ཆེན་བྲིས་ཡོད། ༧༽ཀཿཐོག་པར་འཇའ་ལུས་པ་འབུམ་བྱུང་ཚུལ། ཀཿ་དམ་པའི་སློབ་མ་འོད་ལུས་གྲུབ་པ་ལྔ། གྲུབ་ཐོབ་མ་ཎི་རིན་ཆེན་འཁོར་དང་བཅས་པ་འཇའ་ལུས་དུ་གཤེགས། དབུ་འོད་ཡེ་ཤེས་འབུམ་གྱི་སློབ་མ་འོད་ལུས་གྲུབ་པ་བརྒྱ་ཕྲག །དྲུང་བྱང་ཆུབ་འབུམ་གྱིས་དགོན་པ་བརྒྱ་རྩ་བཏབ། གྲྭ་བ་སྟོང་ཕྲག་དུ་མ་འདུས་པ་བླ་མ་འཇའ་ལུས་སུ་ཕེབས་སྐབས་སློབ་མ་མང་ཆེ་བ་འཇའ་ལུས་སུ་དེང་ནས་དགོན་པ་སྟོང་པར་གྱུར་། གྲུ་ཐོབ་ཀུན་དགའ་འབུམ་པའི་སློབ་མ་འོད་ལུས་པ་འབུམ། མཁས་གྲུ་ཡེ་ཤེས་རྒྱལ་མཚན་གྱི་སློབ་མ་འཇའ་ལུས་པ་བརྒྱ་ཕྲག །འཇའ་ལུས་འཕོ་བ་ཆེན་པོ་གྲུ་བཔ་རྔུ་པ་ཆོས་ཀྱི་རྡོ་རྗེའི་སློབ་འཇའ་ལུས་པ་ཁྲི་ཕྲག །མ་ཨ་མདོ་རེབ་གོང་ཕྱོགས་སུ་ཀཿཐོག་པ་རྡོ་རྗེ་རྒྱལ་མཚན་སོགས་ཀཿཐོག་བུ་བཞིའི་སློབ་རྒྱུད་ཐམས་ཅད་འཇའ་ལུས་སུ་དེང་ནས་དགོན་པ་སྟོང་པར་གྱུར་པ་དང་། ཨ་མདོ་ཀླུ་ཆུ་མཚོ་ཕུག་དཔལ་ཆེན་གྲུབ་པའི་གླིང་གི་ཀཿ་ཐོག་པ་རྡོ་རྗེ་རྣམ་རྒྱལ་དང་སེངྒེ་རྣམ་རྒྱལ་འཁོར་སྟོང་ཕྲག་དུ་མ་བཅས་པ་འཇའ་ལུས་སུ་དེང་ནས་དགོན་པ་སྟོང་པ་སོགས་ཀྱི་ལོ་རྒྱུས་ལྟ་བུའོ། །དེ་དག་ས་གནས་སོ་དེ་དག་དག་ངག་རྒྱུན་དང་། སྒྲུབ་ཕུག བཞུགས་ཤིང་། ཀཿཐོག་སྙན་བརྒྱུད་ལོ་རྒྱུས་སུ་མདོར་བསྟན་པ་བཞུགས་སོ། །
    ༨༽ཀཿཐོག་བསྟན་པ་དམ་གཙང་བྱམས་གསུམ་སྐབས་དར་རྒྱས་ཕྱིན་དེ་དགེ་འདུན་པ་ཁྲི་བརྒྱད་འདུས་ཟེར། མཁས་གྲུ་ཡེ་ཤེས་འབུམ་པའི་སྐབས་དགེ་འདུན་ཁྲི18་འདུས། མཁས་གྲུབ་བྲའོ་ཆོས་འབུམ་སྐབས་ལ་དགེ་འདུན་ཁྲི་18་ཡང་ན་སྟོང་ཕྲག་བཅོ་བརྒྱད་འདུས་ཡང་ཟེར། ཐོས་ཆོག་རྣམ་གསུམ་གྱིས་དགོན་སྡེ108་བཏབ། ལུང་བསྟན་བུ་བཞི་ལས་འབྲུ་ཚ་སྒང་པ་བརྩོན་འགྲུས་བཟང་པོས་དགོན་སྡེ་108་བཏབ། དྲུང་བྱང་ཆུབ་འབུམ་གྱིས་དགོན་108་བཏབ། ཁ་བ་དཀར་པོ་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་དགོན་108་བཏབ། ཀཿཐོག་པ་སེངྒེ་རྣམ་རྒྱལ་གྱིས་དགོན་108་བཏབ་ཟེར། ད་ཡོད་དགོན་300་ལྷག་ཡོད་ཟེར་ངེས་གཏན་མ་ཤེས། ཀཿཐོག་མ་དགོན་གྲྭ་400་བཞི་བརྒྱ། དགོན་ལག་ཆེ་ཤོས། དགེ་རྩེ་བཀྲ་ལེགས་དགོན། གྲྭ་2000ཉིས་སྟོང་ལྷག །སྨྲ་མདོ་བཀྲ་ཤིས་གླིང་གྲྭ་3000སུམ་སྟོང་། གཞི་ཆེན་རཀ་བཀྲམ་བྱམས་པ་གླིང་གྲྭ་1500་ཆིག་སྟོང་ལྔ་བརྒྱ། གཞི་ཆེན་སྟག་རྩེད་གླིང་གྲྭ་1000་ཆིག་སྟོང་། མགོ་ལོག་ཁྲ་གླིང་དགོན་གྲྭ་1000་ཆིག་སྟོང་། གྲྭ་གྲངས་འདི་དག་ཁོང་ཚོའི་ཐོ་ཞིག་ལ་བཀོད་ཡོད་པ་ལས་ཞིབ་འཇུག་མ་མྱོང་། གསལ་བོ་མི་ཤེས། དཔྱད་པར་མཛོད། ༩༽ཀཿཐོག་གི་ལོ་རྒྱུས། ཀཿདམ་པའི་རྣམ་ཐར། ཀཿཐོག་བུ་བཞིའི་སྐྱེས་རབས། བཞག་བླ་བསོད་ནམས་རྒྱལ་མཚན་ལོ་རྒྱུས། ཀཿཐོག་རྟེན་སྒམ་དམར་ནག་བཅུ་གསུམ་ལོ་རྒྱུས། ཀཿཐོག་རིག་འཛིན་ཆེན་པོའི་རྣམ་ཐར། སྟག་བླ་ཨོ་རྒྱན་བསྟན་འཛིན་རྣམ་ཐར། དགེ་པཎ་རྣམ་ཐར། གླིང་སྤྲུལ་པདྨ་ལུང་རྟོགས་ལོ་རྒྱུས། སི་ཏུ་སྤྲུལ་སྐུས་བསྒྲིགས་ཏེ་རྒྱ་ནག་གོ་མིང་ཏིང་ལ་ཕུལ་བའི་ལོ་རྒྱུས་སོགས་དང་། ཉེ་དུས་འདིར་མཁན་པོ་འཇམ་དབྱངས་རྒྱལ་མཚན་ཀྱི་ཀཿཐོག་ལོ་རྒྱུས། བྱ་བྲལ་སངས་རྒྱས་རྡོ་རྗེའི་མཛད་པའི་ལོ་རྒྱུས་སོགས་བཞུགས་སོ། །དྲི་མེད་པས་འཕྲལ་བྲིས་བྱས་པར་ཚིག་དོན་ནོར་བ་ཡོད་ངེས་པས་དཔྱད་གཞི་མཛོད། །

  43. པདྨ says:
    2015-12-27 at 11:57 am

    དྲི་མེད་ལྷག་བསམ་ལ་བཀའ་དྲིན་ཆེ་ཞུ། དངོས་ནས་ཕན་ཐོག་སོང་། མུ་འཐུད་དུ་ཐུགས་ཁོམ་བྱུང་དུས་ལོ་རྒྱུས་ལ་ཞིབ་གལ། ཞེས་པ་བཞིན་སྟོད་ན་རྡོ་སྨིན་དཔལ་གསུམ་ལས་དཔལ་རིའི་གདན་ས་ཉམས་འགྲོ་བ་རྒྱུ་མཚན་གང་ཡིན་ནམ། དེང་དུས་སྐལ་བཟང་གིས་རྩོམ་པའི་རྫོགས་ཆེན་ཆོས་འབྱུང་དང་བདུད་འཇོམས་ཆོས་འབྱུང་གི་བཤད་པ་མི་མཐུན་པ་འདྲ་ཞིག་ཚོར་སོང་དེ་ལ་དགོངས་ཚུལ་གང་ཡོད་དམ།

  44. དྲི་མེད་ལྷག་བསམ། says:
    2015-12-27 at 9:46 pm

    ༄༅། དཔལ་རི་དགོན། ༡༽ལོ་རྒྱུས། དཔལ་རིའི་བཀའ་ཐང་ཞེས་བཀའ་ཐང་ཤེར་བྲག་མའི་ཤིང་པར་གྲགས་ཆེ་བ་དེའི་མཛད་བྱང་དུ་དགོན་པའི་བྱུང་བ་མདོ་ཙམ་བསྟན་པར། གུ་རུ་པདྨས་བྱིན་གྱིས་བརླབས། རྒྱ་སྨན་པའི་སྐབས་སུ་དབུ་བརྙེས། ཨོ་རྒྱན་གླིང་པས་ཆོས་འཁོར་བསྐོར། ཀུན་མཁྱེན་པྲ་ཛྙཱ་རསྨྲིས་དར་ཞིང་རྒྱས་པར་མཛད་པའི་ཚུལ་འཁོད་ཟེར། ཧ་ལམ་ཀཿཐོག་དང་དུས་མཉམ་པར་བཏབ། སྒྲོ་ཕུག་པའི་སློབ་མ་ཉང་ནག་མདོ་བོའི་དངོས་སློབ། རྒྱ་སྨན་པ་སངས་རྒྱས་གྲགས་ཞེས་པའི་འཕྱོང་རྒྱས་ཕྱོགས་སུ་དགོན་པ་ཁ་ཤས་བཏབ་པའི་ཡ་གྱལ་ཡིན་ཚུལ་དཔལ་རིའི་དཀར་ཆག་ཏུའང་ཡོད། ༢༽ཆོས་རྒྱུན། སྔར་མདོ་སྒྲུ་སེམས་གསུམ། སྒྲུབ་སྡེ་བཀའ་བརྒྱད་སོགས་དར། དེ་རྗེས་ཨོ་རྒྱན་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དར། འཕྲེང་གཏེར་ཤེས་རབ་འོད་ཟེར་སྐབས་ནས་ཁོང་གི་གྲོལ་ཐིག་དར། རིག་འཛིན་འཇིགས་མེད་གླིང་པའི་སྐབས་ནས་ཀློང་སྙིང་ཉམས་བཞེས་ཀྱིས་ད་བར་གནས། ༣༽བླ་རབས། རྒྱ་སྨན་པའི་སློབ་རྒྱུན་གྱིས་བསྐྱངས་པ་སྟེ། རྒྱ་ཡེ་ཤེས་མགོན་པོ། རི་གདོང་ཤེས་རབ་རྒྱལ་མཚན། སྐྱི་ཆོས་ཀྱི་སེངྒེ། ཡར་ལུང་སྤྲུལ་སྐུ་སྐུ་མཆེད་ལྔ། དགོན་བདག་དཔལ་རི་སྤྲུལ་སྐུ་ཞེས་འཕྲེང་གཏེར་གྱི་སྐུ་ཕྲེང་དང་། རིག་འཛིན་འཇིགས་མེད་གླིང་པའི་སྐུ་ཕྲེང་མདོ་མཁྱེན་བརྩེ་ལ་དགོན་པ་ཡོངས་རྫོགས་ཕུལ་བ་ནས་བཟུང་ཁོང་གིས་བདག་གིར་མཛད། ༤༽ཉམ་ཆག་བྱུང་རྐྱེན། སྔར་ནས་ཆགས་འཇིག་ཆེ་བ་ཞིག་ཡིན་པ་འདྲ། ཨོ་རྒྱན་གླིང་པའི་གདན་ས་བསྐྱང་པ་སྐབས་ས་གནས་ཀྱི་མི་དཔོན་ཚོ་དང་མ་འགྲིག་པ་དང་། འཇིགས་གླིང་སྐབས་དར་རྒྱས་བྱུང་ཡང་མདོ་མཁྱེན་རྩེའི་སྐབས་རྒུད་པ། འཇིགས་གླིང་སྲས་བྲི་གུང་སྐྱབས་མགོན་གྱི་སྐབས་དར་ཡང་། དཔལ་རི་སྤྲུལ་སྐུའི་སྐབས་རྒྱལ་དབང་བཅུ་གསུམ་པར་མཐུ་གཏད་བྱས་ཚུལ་གྱིས་སྤྲུལ་སྐུ་བཙོན་དུ་བཅུག །དཔལ་རི་རྣམ་རྒྱལ་གྲྭ་ཚང་གི་འཛིན་སྐྱོང་འོག་ཏུ་བཅུག་པ་ལྟ་བུའོ། །༥༽ལོ་རྒྱུས། གོང་གསལ་དཀར་ཆག་ཁག འཕྱོང་རྒྱས་ལོ་རྒྱུས། གུ་བཀྲའི་ཆོས་འབྱུང་། འཇིགས་གླིང་རྣམ་ཐར། ཉག་བླ་བསོད་རྒྱལ་རྣམ་ཐར་སོགས་ན་ཆ་ཤས་རེ་ཡོད་དོ། ། དུས་ཚོད་བྲེལ་བ་ཆེ་བས་རེ་ཞིག་དེ་ཙམ་མོ། །

  45. BONPO says:
    2015-12-27 at 10:13 pm

    http://www.tye-gar.org/tib/?uid=pg4_1
    འདིར་གཟིགས་འཚལ། ཀཿ་ཐོག་གི་ལོ་རྒྱུས་རགས་ཙམ་འདུག སྔོན་མ་ཡུལ་ལུང་ཐམས་ཅད་བོན་ཁམས་ཡིན་པ་གདའ། མཁས་དབང་རྣམ་པས་ཀཿཐོག་དགོན་པ་དང་བོན་པོའི་དབར་གྱི་འབྲེལ་བའི་ལོ་རྒྱུས་ཡོད་ན་སྦས་གསང་མེད་པར་གསུངས་རོགས། ཤེས་ནའང་མི་ཤེས་མདོག་མདོག་མ་གནོངས་ཤིག ། །

  46. པདྨ says:
    2015-12-28 at 3:39 am

    ཡང་སྐྱར་དྲི་མེད་ལྷག་བསམ་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞུ་བ་དང་། ངོས་ཀྱི་བདེན་གཏམ་བཤད་པ་ཕལ་ཆེ་བ་ཁ་བརྡའི་དྲ་ཞབས་པ་ཚོས་བསུབས་འདུག ཀརྡོས་ངན་པ་གང་བརྗོད་ན་ཡང་ཆོག་གི་ཡོད་པ་འདྲ་ཞིག་ཚོར་སོང་། ཁག་ཡོད་མ་རེད་ xxxགང་ལྟར་གོང་དུ་ནད་མེད་ཚེ་རིང་གི་དྲི་བ་ལ་ལན་གཅིག་ཞུ་འདོད་བྱུང་། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེས་ཀརྨ་པ་མཐའ་ཡས་རྡོ་རྗེ་ལ་བདེན་ཁ་སྟེར་བ་དང་རྟེན་ཞུགས་ཕུལ་བ་བདེན་པ་རེད། སྔ་འགྱུར་རྙིང་མའི་རྒྱལ་ཡོངས་ཁྱབ་བསྒྲགས་ཐོག་དབྱིན་བོད་གཉིས་ཀའི་སྐད་ཡིག་ཚེགས་པར་ཐོག་ལ་བཀོད་འདུག
    གཞན་ཡང་མཚན་བཤུས་ཀྱི་དཔར་ཞིག་འདི་ན་འདུག
    གདོང་དེབ་ཀྱི་དྲ་ཐག་འདི་ནོན
    https://www.facebook.com/photo.php?fbid=1238142786212857&set=pcb.1238143019546167&type=3&theater

  47. པདྨ says:
    2015-12-28 at 3:51 am

    ད་རེས་༧གོང་ས་མཆོག་གིས་རྙིང་མའི་ཁྲི་འཛིན་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ཞིང་ཁམས་གཞན་དུ་ཕེབས་པར་མྱུར་བྱོན་གསོལ་འདེབས་ཤིག་གནང་འདུག་པའི་མཛད་བྱང་ནང་འདི་ལྟར་གསུང་འདུག་་༼སྔར་༧གོང་ས་ལྔ་པ་ཆེན་པོའི་སྐབས་ནས་རྡོར་སྨིན་གཉིས་དམིགས་བསལ་གྱི་འབྲེལ་བ་ཟབ་པ་དང་། དམ་པ་གང་ཉིད་ཉེ་དུས་རྡོ་རྗེ་བྲག་དང་བྱང་གཏེར་གྱི་བསྟན་པའི་སྲོག་ཤིང་གཅིག་པུ་རུ་གྱུར་པ་༽ཞེས་བྲིས་འདུག་པ་འདིའི་ཐོག་ནས་ལོ་རྒྱུས་ཀྱི་གནད་གསང་གལ་ཆེན་མང་པོ་ཞིག་བསྟན་ཡོད་པ་རེད།
    སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་སྐྱབས་རྗེ་སྟག་ལུང་༧རྩེ་སྤྲུལ་རིན་པོ་ཆེ་མཆོག་ཉེ་ཆར་སྐུ་ལ་སྙུང་གཞིའི་རིགས་གང་ཡང་མེད་པར་རྒྱ་གར་རྡོ་རྗེ་གདན་དུ་ཞབས་སོར་བཀོད་དེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་སྐྱོང་བཞིན་པ་དང་། ཀརྨ་མཐའ་ཡས་རྡོ་རྗེ་ལ་དམིགས་བསལ་འགྲེལ་བ་དེ་ཡང་ཆོས་མཐུན་ཡིན་པར་གསལ་བོ་བསྟན་པ་རེད། མ་ཚད་སྐུ་མྱ་ངན་ལས་མ་འདས་གོང་གི་སྔར་ནུབ་གཉིས་ལ་ནམ་རྒྱུན་དང་མི་འདྲ་བར་བྱང་གཏེར་བླ་མ་བརྒྱུད་པའི་གསོལ་འདེབས་ངོ་མཚར་བླ་བརྒྱུད་ཅེས་པ་གསུང་གནང་མཛད་ཅིང་། ནམ་རྒྱུན་ཞོགས་པ་ཆུ་ཚོད་གསུམ་པའི་ཐོག་སྐུ་བཞེངས་ནས་ཞལ་འདོན་གསུང་གི་ཡོད་ན་ཡང་2015ཟླ་12ཚེས་23ཉིན་མཚན་གུང་ཆུ་ཚོད་དང་པོའི་ཐོག་གཟིམ་བཞེངས་གནང་ནས་རྒྱུན་པར་གྱི་ཞལ་འདོན་རྣམས་གསུངས་ནས་ཞོགས་ཇ་བཞེས་ཤིང་ཆུ་ཚོད་གཉིས་དང་ཕྱེད་ཀའི་ཐོག་ཐུགས་དམ་ལ་བཞུགས་ཏེ་རེ་ཞིག་ཞིང་འདིའི་མཛད་པ་ཐ་མའི་ཚུལ་བསྟན་ཏེ་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་ཡོད་པ་རེད།
    འཇམ་མགོན་མི་ཕམ་རིན་པོ་ཆེའི་ཞལ་ནས།
    གསེར་དང་བོང་བ་མཉམ་པའི་འཕགས་མཆོག་ལ།།
    གླིང་བཞིའི་ཕུན་ཚོགས་བསྟབ་ཀྱང་ཅི་བགྱི་སྟེ།།
    དེ་ཡི་ཐུགས་ལ་བརྣག་པའི་ཆོས་བཟུང་ན་།།
    དགོངས་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་གྲགས།།
    ཞེས་གསུངས་པ་ལྟར་ལགས་པས་དམ་པ་གང་གི་རྗེས་འཇུག་བུ་སློབ་ཡོངས་ནས་་རྙིང་བསྟན་སྤྱི་བྱེ་བྲག་ལ་ཐོས་བསམ་ཉམས་བཞེས་ལྷོད་མེད་གནང་བར་གསོལ་བ་འདེབས་བཞིན་ཡོད།
    རྫོགས་ཆེན་པ་པདྨ་གར་གྱི་དབང་ཕྱུག་ནས

  48. དྲི་མེད་ལྷག་བསམ། says:
    2015-12-28 at 8:44 am

    སྔ་འགྱུར་རྙིང་མ་ཚང་གི་བླ་རྒན་རྣམས་ཀླད་པ་མཁྲེག་པས་སུ་ཞིག་གིས་བཀའ་གཏོང་ཆོག་ཆོག་ཡོད་པ་མ་རེད། མ་འོངས་པའི་དབུ་འཛིན་སུ་ཡིན་ཡང་སྐྱབས་རྗེ་གོང་མ་རྣམས་ཀྱི་བཀའ་མུ་མཐུད་དེ་རྒྱུན་སྐྱོང་མཁན་ཞིག་དགོས། དེ་མ་ནུས་ཚེ་བསྟན་པའི་བླ་བཙོང་། དཀོན་མཆོག་གི་རྐང་འདྲེན། ནང་ཁྲིམས་བཤིག་པའི་སྟ་རེར་གྱུར་པ་རེད། ༄། སྔ་འགྱུར་བསྟན་པའི་བདག་པོ་གྲུབ་དབང་པདྨ་ནོར་བུ། སྨིན་གླིང་ཁྲི་ཆེན། བྱ་བྲལ་སངས་རྒྱས་རྡོ་རྗེ་སོགས་ཀྱིས་བཞེད་དོན། ༡༽སྔ་འགྱུར་པར་གདོད་ནས་ཡོད་པའི་དབང་ལུང་མན་ངག་མུ་མཐུད་དེ་བསྟན་རྩ་རང་རྐང་ཚུགས་པ་གནང་རྒྱུ། ༢༽སྔ་འགྱུར་པ་ཆོས་རྒྱུན་སུས་ཀྱང་དབང་བསྒྱུར་འོག་མི་འགྲོ་བར་གནས་ཐུབ་ཐབས་ལ་འབད་རྒྱུ། ༣༽སྔ་འགྱུར་པའི་བསྟན་པ་ལ་ཆོས་ལུགས་གཞན་གྱིས་བསྲེ་སླད་མི་འགྲོ་བ་གནང་རྒྱུ། ༤༽སྔ་འགྱུར་པའི་མཁན་པོ་དང་སློབ་དཔོན་རང་ས་ནས་བསྐྱེད་བསྲིང་བྱས་པའི་ཆོས་རྒྱུན་དམ་སེལ་མེད་པ་ཡོང་རྒྱུ། ༥༽སྔ་འགྱུར་བའི་སྤྲུལ་སྐུ་རང་ས་ནས་ཐག་གཅོད་དང་རང་ས་ནས་སློང་སྦྱོང་སྤྲོད་རྒྱུ། ༦༽ཆོས་རྒྱུན་གཞན་གྱི་བླ་ཆེན་ལ་སྐྱེ་སྲིད་གཉིས་གསུམ་ཅི་བྱུང་ཡང་དེ་ལ་ཐེ་གཏོགས་མི་བྱེད་པར་ཀུན་ལ་དག་སྣང་སྦྱང་རྒྱུ། ༧༽སྨོན་ལམ་སྐབས་དཀར་ཟས་རྐྱང་པ་གནང་རྒྱུ། ༨༽ས་གནས་སོ་སོའི་ཡུལ་ཁྲིམས་བརྩི་སྲུང་གིས་བསྟན་པའི་མཚན་སྙན་གཟེངས་མཐོར་བཏེགས་རྒྱུ་སོགས་ཀྱི་དགོངས་པ་ཟབ་མོ་རྣམས། དབུ་འཛིན་སུ་ཞིག་གིས་བསྒྱུར་བཅོས་བཏང་ན་དེ་ལ་ཀུན་གྱིས་ངོ་རྒོལ་མཐར་འཁྱོལ་བ་བྱེད་དགོས།

  49. དྲི་མེད་ལྷག་བསམ། says:
    2015-12-28 at 8:54 am

    ཀཿ་ཐོག་གདན་ས་བོན་པོ་ཡིན་པ་དམ་པའི་ལོ་རྒྱུས་སུ་ཡོད། རྗེས་སུ་ས་གནས་རང་ཉིད་ཀཿ་དམ་པར་དད་པས་བན་དེར་འགྱུར་འདུག བོན་པོའི་མཐུ་བྱས་པ་བཟློག །བོན་སྲུང་རྣམས་དམ་པ་བཞག་སྐབས་རྡོ་ཕ་ཝོང་ཆོས་གོས་ཀྱི་རྗེས་བཞག་འདུག ཀཿཐོག་གི་དགོན་སྡེ་རྙིང་པ་མང་པོ་ཞིག་བོན་པོ་དང་འབྲེལ་བ་འདུག །ལྷག་པར་སྐུ་ལྷ་རྩེ་རྒྱལ་ནམ་མཁའ་རྫོང་དང་པོ་བོན་པོ། དེ་ནས་ཀཿཐོག དེ་ནས་ཉམས་དེ་དགེ་ལུགས་ལ་འགྱུར་འདུག ད་ལྟ་ཚ་ཀན་བེ་ཤིང་དགོན་ཟེར། །རེབ་གོང་གི་བཅུ་གཅིག་ཤེལ་གྱི་དགོན་པ། བོན་པོ། ཀཿཐོག དགེ་ལུགས་རིམ་པར་འགྱུར་འདུག འདི་དག་ནི་མི་རྟག་པའི་རང་གཤིས་སོ། །

  50. ཁྱུང་སེ། says:
    2015-12-28 at 9:44 am

    དྲི་མེད་ལྷག་བསམ་ལགས་ནི་དོན་གྱི་མཁས་པ་རེད་འདུག དམ་པའི་ལོ་རྒྱུས་ཞེས་གང་ཞིག་རེད་དམ།། ཁྱེད་ལྟ་བུ་ཁ་བརྡའི་དྲ་བ་འདིར་ཕེབས་པ་འདི་ངེད་ཚོའི་བསོད་ནམས་དང་ཁ་བརྡ་དྲ་རྒྱའི་རྒྱན་རེད་འདུག་པས་བཀའ་དྲིན་ཆེ་ཞུ་གི་ཡོད།། ལོ་རྒྱུས་དྲང་སོར་བཤད་ཅིང་རང་ལྟ་ལ་མི་ཆགས་ཤིང་གཞན་ལྟ་ལ་མི་སྡང་བའི་མི་བུ་ཁྱེད་ལྟ་བུ་ནི་གསེར་ལས་དཀོན།། བྱུང་ན་དངོས་མིང་གི་འོག་ནས་མཆན་རྩོམ་སྤེལ་གནང་བ་ཡིན་ན་ད་དུང་གཟི་བརྗིད་ཆེ་བ་ཡོང་ས་རེད།། ཁྱེད་ཀྱི་རྣམ་དཔྱོད་ལ་ངས་གུས་འདུད་དང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།། ཁྱེད་སྐུ་ཚེ་བརྟན་པར་ཤོག

  51. དྲི་མེད་ལྷག་བསམ། says:
    2015-12-28 at 11:26 am

    མཆན་48།འོག་ངོ་རྒོལ་མཐར་འཁྱོལ་ཟེར་བ་ཕྲན་གྱི་འདོད་པ་མིན། དེ་ལྟ་བུའི་གཏམ་འཆལ་ཞིག་གོ་སོང་ཟེར་བ་ལ་གོ་དགོས།

  52. པདྨ says:
    2015-12-28 at 12:17 pm

    མཁས་དབང་དྲི་མེད་ལྷག་བསམ་ལ་ནམ་ཡང་གུས་སྐུར་ཡོད། ཡིན་ན་ཡང་བན་བཤད་བོན་ཁྱེར་མ་འོང་། བོན་པོ་ཟེར་བའི་དབྱིན་ཇིའི་མིང་ཅན་དེས་སྔ་འགྱུར་ལ་དགྲ་བཞིན་ལྟ་བ་ཚང་མས་ཤེསགསལ་རེད། ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱིས་བཀའ་བཅད་ལ་གསར་ངེས་མེད་པར་མཁྱེན་ནོ། འོ་ཡ། དོན་ངོ་མ་དེ་ཁྲི་རབ་སྐོར་དེ་གལ་ཏེ་རྩེ་སྤྲུལ་རིན་པོ་ཆེས་ཞལ་ཆེམས་ཡིན་ན་ཡང་ངོ་རྒོལ་བྱེད་དགོས་ཟེར་བའི་གཏམ་འཆལ་ཡིན་ནམ། སྔ་འགྱུར་རྙིང་མའི་ཁྲི་འཛིན་བདུན་པ་དེ་ཉིད་གདམས་སུ་གཅུག་ན་སུ་ཞིག་ལ་ངོས་འཛིན་བྱེད་དམ། ངོས་ནས་དེ་ལྟར་སྔ་འགྱུར་ཆིངས་ཆེན་པོ་བརྒྱད་ཕྱག་ལེན་གནང་ནུས་པ་ཞིག་རྒྱལ་བ་ཞེ་ཆེན་རབ་འབྱམས་སུ་ཁེལ་མི་འདུག་གམ་སྙམ།།

  53. BONPO says:
    2015-12-28 at 3:51 pm

    འདམ་རྫབ་ནང་ནས་སྐྱེས་ཡོང་མཁན་ཞིག་གིས་བདེན་པར་སྨྲ་ག་ལ་ཕོད། མི་ཚེ་གང་པོ་འདམ་རྫབ་ནང་དུ་ལུས་རྒྱུ་ལས་འདམ་རྫབ་མེད་ན་ཁོ་དེ་ཁར་འཆི་ལམ་དུ་གྱུར་འགྲོ ངས་སྔ་འགྱུར་ལ་དགྲ་བཞིན་ལྟ་བ་ཚང་མས་ཤེས་གསལ་རེད་ཟེར་ནས་དཀྲོག་གཏམ་སྤེལ་བ་འདི་ནི་མི་གཙང་བའི་འདམ་རྫབ་ནང་གི་བཤད་པ་ཁོ་ནར་ཟད།
    ངས་སྔ་དགོང་གི་ཁ་འདོན་དང་དེ་བཞིན་ཚོགས་འདོན་དང་རིམ་གྲོ་སོགས་གང་བྱས་ཀྱང་་་རྙིང་མའི་བསྟན་པ་བསྣུབ་་་ཟེར་ནས་གསོལ་བ་དང་སྨོན་ལམ་དེ་སྔ་ཡང་བྱས་མ་མྱངས་ལ་མ་འོངས་པ་ལའང་མི་བྱ་ཐག་ཆོད་ཡིན། ངའི་དཔེ་ཆའི་ནང་དེ་ལྟའི་ལོག་སྨོན་ཡ་ང་བ་དང་སྐྱི་འཇིགས་པ་དེ་འདྲ་རྩ་བ་ཉིད་ནས་མཐོང་རྒྱུ་མི་འདུག །
    ལོ་ངོ་ཁ་ཤས་སྔོན་ཀཿཐོག་གི་སྤྲུལ་སྐུ་ཚུལ་ཁྲིམས་བསྟན་འཛིན་ཟེར་བ་ཞིག་གིས་གླུ་ཚིག་་་བརྩེ་ཆེན་ཉི་མའི་གྲོགས་པོ་་་ཞེས་པ་ཞིག་བྲིས་ནས་དེ་གླུ་བ་ཤེར་བསྟན་གྱིས་བླངས་བའི་འཁོར་ཐག་ཅིག་བོད་མདོ་དབུས་ཁམས་གསུམ་གང་སར་བཀྲམས་འདུག གླུ་ཚིག་དེ་འདི་ལྟར་རེད།
    “གངས་ཅན་མདོ་ཁམས་གསེར་ལྡན་འཛིན་མའི་ཁྱོན། །
    ཕྱི་རོལ་གཤེན་གྱི་བསྟན་པས་དབང་བསྒྱུར་དུས། །
    ནང་པའི་ཆོས་སྡེ་ཐོག་མ་ཀཿཐོག་ཆགས། །
    དེ་ཚེ་མཚན་ལ་ཁམས་ཀྱི་ཆོས་སྡེ་འབོད། །”
    ད་བསམ་བློ་ཡག་པོ་ཐོངས་ཨ། དགྲ་རུ་ལྟ་མཁན་དངོས་གནས་དེ་ཚོ་སུ་རེད་བཞག འདི་ནས་སྔར་ཚེ་ད་ཉིན་བར་ཀཿཐོག་པ་ལ་ཚིག་ཟུར་གཅིག་ཀྱང་ལབ་མ་མྱངས་ནའང་། ཁོང་ཚོས་ད་དུང་རྒྱལ་བ་གཤེན་རབ་མི་བོའི་བསྟན་པ་ལ་ཕྱི་རོལ་བའི་བསྟན་པ་རེད་ཟེར་ནས་ས་བསྒྲགས་གནམ་བསྒྲགས་བྱས་ཡོང་དུས། དངོས་གནས་བློ་ཕམ་ཚད་མེད་པ་བྱུང་ལ་ཚིགས་པ་ཡང་ཁ་མེད་མིག་མེད་ཟ་སོང་། མཐུན་ལམ་གྱི་གཞི་རྩ་དཀྲུགས་པ་དེར་ཁྱེད་ཚོས་ད་བར་མི་དང་མི་ཡི་དབར་གདོང་དང་གདོང་ཐུག་ནས་་དགོངས་སེལ་མི་ཞུ་བ་གང་ཡིན་ནམ། རྒྱུ་མཚན་ངེས་པར་དུ་གསལ་བཤད་བྱ་དགོས། ཟླ་ཤས་སྔོན་་ཀཿཐོག་གི་རྒྱ་མའི་སྤྲུལ་སྐུའི་རྙོག་གྲ་ལངས་དུས་ཁྱེད་ཚོས་ཡི་གེ་གྲ་རྒྱས་པོ་ཞེ་དྲགས་བྲིས་འདུག་མོད། འོན་ཀྱང་གཤེན་རབ་མི་བོའི་བསྟན་པ་ལ་ཕྱི་རོལ་བའི་བསྟན་པ་ཞེས་གླུ་ཚིག་བྲིས་པ་དེས་རང་རིགས་ཧ་ཅང་མང་པོ་བློ་ཕམ་ཚད་མེད་བཟོས་པ་དེ་ལ། ད་བར་ཀཿཐོག་པས་གསལ་བཤད་དང་དགོངས་སེལ་ཚིག་འབྲུ་གཅིག་ཀྱང་མཐོང་རྒྱུ་མེད་པ་ནི་ངོ་མ་ཡ་མཚན་ནང་གི་ཡ་མཚན་ཞིག་མིན་ན་ཅི་ཡིན། །

  54. སྤོབས་པ་མཐའ་ཡས། says:
    2015-12-28 at 4:43 pm

    ཀ་ཐོག་མཁན་པོས་”ཕྱི་རོལ་གཤེན་གྱི་བསྟན་པས་དབང་བསྒྱུར་དུས།།” ཟེར་བའི་ཚིག་དེ་ཏག་ཏག་འགྲིགས་འདུག་དྲན་གྱིན་འདུག ཀ་ཐོག་པ་དེ་ཁོ་རང་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་ཡིན་པའི་ཆ་ནས་སྟོན་པ་ཤཱཀྱ་ཐུབ་པ་སྟོན་པར་མི་འཛིན་པ། སྟོན་པ་ཤཱཀྱ་ཐུབ་པ་སྐྱབས་གནས་སུ་མི་འཛིན་མཁན་གྱི་བོན་པོ་ཚོ་ལ་ཕྱི་རོལ་བ་མི་ཟེར་ན་སུ་ལ་ཕྱི་རོལ་པ་ཟེར། དེ་ལས་ལྷག་པའི་ཕྱི་རོལ་པ་ཞོག་གང་ན་ཡོད། ཕྱི་རོལ་པ་ཟེར་བ་དེ་རང་རང་དང་སྟོན་པ་མི་གཅིག་མཁན་ཚོར་ཟེར་བ་རེད། ལྟོས་འཇོག་གིས་བཏགས་པའི་ཚིག་ཅིག་རེད། དེ་ལ་བོན་པོ་ཚོ་ཁྲོས་ཡོང་ན་ཁྲོས་མཁན་ཁོ་རང་ཚོའི་སྐྱོན་རེད། ཀ་ཐོག་མཁན་པོས་ཁྱོད་རང་ཚོ་ལ་ནང་པ་ཟེར་དགོས་ན་ཁྱོད་རང་ཚོ་སྟོན་པ་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་འགྲོ་དགོས་པ་རེད། སངས་རྒྱས་ཤཱཀྱ་ཐུབ་པ་སྟོན་པར་འཛིན་དགོས་པ་རེད།

  55. BONPO says:
    2015-12-28 at 6:27 pm

    འགྲོ་སྟངས་དང་རྣམ་བཞག་མེད་པའི་སྐད་ཆ་རེད། དེ་འདྲ་ཡིན་ན་ཤཱཀྱ་བསྟན་ལ་སྐྱབས་སུ་མི་འགྲོ་མཁན་ཚང་མས་བསྟན་པ་དེ་ལ་་་ཕྱི་རོལ་ཤཱཀྱའི་བསྟན་པ་་་ཟེར་ན་འགྲིག་གམ། ཧིན་རྡུ་བ་ཚོས་ཁོ་རང་ཚོ་ནང་པ་ཡིན་ཟེར་ན་འགྲིག་གམ། ཁྱོད་ལྟར་བྱས་ན་ལྟོས་ས་ལྟོས་འཇོག་ཡིན་ཕྱིར། ང་ཚོས་དེ་འདྲའི་སྐད་ཆ་ཞིག་དེ་སྔ་མ་ཐོས། ཕྱི་རོལ་བ་ཟེར་ས་དེ་ཕྱི་པ་མུ་སྟེགས་པ་ལ་གོ་དགོས་ཀྱི་ཡོད་པ་རེད། འདི་ལྟ་གྲུབ་ཅིག་གི་སྐད་ཆ་རེད་མ་གཏོགས། ཁང་པའི་ཕྱི་དང་ནང་གི་སྐད་ལྟ་བུ་མིན་ལ་སྟོན་པ་གཅིག་ལ་སྐྱབས་སུ་འགྲོ་དང་མ་འགྲོ་བའི་སྐད་ཆ་ཡང་མ་རེད། མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་ཞིང་གྲུབ་མཐར་བཞུགས་པའི་གང་ཟག་ཅིག་ཡིན་མིན་ལ་ཐུག་པའི་སྐད་ཆ་རེད། ནང་པ་ཟེར་དེ་ཡིན་ན་གྲུབ་མཐར་བཞུགས་ཤིང་གྲུབ་མཐའི་རྣམ་བཞག་ཚུལ་བཞིན་དུ་ཤེས་མཁན་ཞིག་ཡིན་དགོས་པ་རེད། སྐྱེས་ཕོ་མོ་ཚང་མས་ང་ནང་པ་ཡིན་ཟེར་ཆོག་ཆོག་ཅིག་ཡོད་མ་རེད། གྲོང་པའི་ཕ་རྒན་མ་རྒན་ཚང་མ་ནང་པ་ཡིན་པར་འདོད་མཁན་ཁྱེད་བདེར་བཤེགས་སྤོབས་པ་མཐའ་ཡས་ཀྱི་ལུགས་བཟང་དྲི་མ་མེད་པ་ཡིན་ན་མ་གཏོགས་བོད་གངས་ཅན་པའི་མཁས་པའི་ལུགས་སྲོལ་ག་ལ་ཡིན། །

  56. སྤོབས་པ་མཐའ་ཡས། says:
    2015-12-28 at 7:59 pm

    ནང་པ་དང་ཕྱི་པ། རྒྱལ་ཕྱི་དང་རྒྱལ་ནང་། ཕྱི་སོག་དང་ནང་སོག བོད་ཕྱི་མ་དང་བོད་ནང་མ་ཟེར་བ་སོགས་ཚང་མ་ལྟོས་ས་ལྟོས་འཇོག་གི་ཐ་སྙད་རེད། ང་ཚོ་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་པ་ཚོས་ང་རང་ཚོ་ལ་ནང་པ་ཟེར་གྱི་རེད་ལ་བོན་པོ་ལྟ་བུ་སྟོན་པ་ཤཱཀྱ་ཐུབ་པ་སྟོན་པར་མི་འཛིན་མཁན་ཚོ་ལ་ཕྱི་རོལ་པ་ཟེར། དེ་ང་རང་ཚོའི་མིང་འདོགས་ལུགས་ཤིག་རེད། ཁྱོད་ཚོ་དགའ་མི་དགའ་ལ་འབྲེལ་བ་ཅི་ཡང་མེད། སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་ཅིག་གི་ངོས་ནས་བལྟས་ན་ཕྱི་རོལ་པའི་མཚན་གཞི་ཞིག་འཇོག་དགོས་ན་བོན་པོ་བཞག་ན་མི་འགྲིགས་པ་གཏན་ནས་མེད། ཕྱི་རོལ་པ་ཟེར་བ་དེ་གྲུབ་མཐའ་ཆོས་ལགས་གཅིག་གི་མིང་དམིགས་བསལ་བ་མ་རེད། སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་འཇུག་པ་ཚོས་རང་ཉིད་དང་སྟོན་པ་མི་གཅིག་མཁན་ཚོར་བཏགས་བཞག་པ་རེད།

  57. BONPO says:
    2015-12-28 at 8:44 pm

    ཁྱེད་ཀྱི་འདོད་པ་ལྟར་ན། བོན་པོའི་ངོས་ནས་བལྟས་ན་བན་དེ་བ་ཚོ་ཕྱི་རོལ་པར་གྱུར། བན་དེའི་ངོས་ནས་བལྟས་ན་བོན་པོ་ཚོ་ཕྱི་རོལ་པར་གྱུར་བ་ཨེ་རེད། ད་བྱས་ན་ཡང་གཉིས་ཀ་ཕྱི་རོལ་པ་རེད་འདུག་བ།
    ཡང་བོན་པོའི་ངོས་ནས་བལྟས་ན་བོན་པོ་ཁོ་རང་ཚོ་ནང་པར་གྱུར། བན་དེའི་ངོས་ནས་བལྟས་ན་བན་དེ་ཁོ་རང་ཚོ་ནང་པར་གྱུར་བ་ཡིན་དུས། གཉིས་ཀ་ནང་པར་གྱུར་སོང་བ་ཨེ་རེད། །

  58. སྤོབས་པ་མཐའ་ཡས། says:
    2015-12-28 at 10:03 pm

    འོ་དེ་རེད། ལྟོས་འཇོག་གིས་བཏགས་པའི་ཐ་སྙད་ཅིག་རེད་ཅེས་གོང་དུ་བཤད་ཡོད།

  59. པདྨ says:
    2015-12-29 at 1:48 am

    ནམ་རྒྱུན་BONPOཟེར་བ་ཁྱོས་རོང་པ་རོང་པ་ཟེར་ནས་སྡིགས། གཤིན་པོ་གཤིན་པོ་ཟེར་ནས་བསྟོས་དོན་གང་ཡིན་ནམ།
    འཇིག་རྟེན་ཕྱོགས་ནས་བཤད་ན་ཕ་ཕྱུག་པོ་ཤྰཀྱ་ཐུབ་པ་ལ་ཞིག་ལ་བུ་བཞི་ཡོད་ཀྱང་ཞང་་ཕྲུག་ལས་ངན་ཞིག་གིས་བུ་བཞིའི་ཕ་ཡི་དངོས་ཆས་ཚང་མ་བརྐུས་ནས་བུ་བཞི་ལ་ལབ་པ་ནི་ང་ཚོ་གཅིག་པ་རེད། ནང་མི་རེད། ནང་པ་སངས་རྒྱས་པ་རེད། རྫོགས་པ་ཆེན་པོ་རེད། ཕྱག་རྒྱ་ཆེན་པོ་རེད། ལམ་རིམ་དང་ལམ་འབྲས་ཚང་མ་ང་ཚོ་གཅིག་པ་རེད་ཟེར་ན་བུ་བཞི་བོ་ལྐུགས་པ་འདྲ་ཡིན་ན་མ་གཏོགས་རང་རྒྱུ་དང་ཕ་ཆོས་ངོས་མ་ཟིན་ནས་ནང་མི་གྲལ་དུ་བཞགས་ན་རྐུན་མ་ལ་དཔའ་དར་དང་སྤྱང་ཀི་རྣ་དར་སྒྲོན་ཞེས་དེ་རེད་ཀོ།

  60. བསེ་རུ་ཟང་ཐལ། says:
    2015-12-29 at 11:23 am

    ༧སྐུ་ཞི་བར་གཤེགས་པ་བདག་གི་རྩ་བའི་བླ་མ་༧སྐྱབས་རྗེ་སྟག་ལུང་རྩེ་སྤུལ་རིན་པོ་ཆེ་ཉིད་ཀྱི་གསུང་བླ་མའི་རྣལ་འབྱོར་ཤིན་ཏུ་བསྡུས་པ་གཤམ་གྱི་ཡིག་ཕྲེང་ལྔ་ཅན་འདི་ནི། ཁ་འདོན་དུ་འཁྱེར་སླ་བ་དང་། སྒོམ་བདེ་བ་བྱིན་ཅན་ཡིན་པས་འབྲེལ་ཡོད་དད་ལྡན་ཚང་མས་ཆག་མེད་དུ་ཉམས་བཞེས་གནང་སྐྱོང་ཡོང་བར་ཞུ།།

    ༄༅། །དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ་ཉིད། །
    དྲན་པའི་གདུང་སེལ་ཀརྨ་བྷ་དྲ་ལ། །
    གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
    ཀ་དག་ལྷུན་གྲུབ་དགོངས་པ་རྟོགས་པ་དང་། །
    སྣང་བཞི་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག། །

  61. BONPO says:
    2015-12-29 at 12:25 pm

    ཁྱེད་ཚོས་མགོ་མ་བཙུགས་ན་འདི་ནས་མཇུག་མི་སྐྱེལ་ཟེར་ནས་སྔོན་མ་ནས་ལབ་ཡོད། མི་ལབ་དགུ་ལབ་བྱེད་མཁན་ཁྱེད་ཚོ་རེད། བོད་ལ་ཡོད་ཚད་ཤཀྱ་ཐུབ་པས་བཟོས་བཞག་པ་འདྲ་པོ་བཤད་མ་ཡོང་། ཤཀྱ་ཐུབ་པས་མ་དགོངས་ཐམས་ཅད་དགོངས་རབས། ཤཀྱ་ཐུབ་པས་མ་གསུངས་པ་ཐམས་ཅད་གསུངས་རབས། ཤཀྱ་ཐུབ་པས་མ་གནང་བ་ཐམས་ཅད་གནང་རབས། ཤཀྱ་ཐུབ་པས་མ་སྨོན་པ་ཐམས་ཅད་སྨོན་རབས། ཤཀྱ་ཐུབ་པ་ཚན་རིག་པ་ཡང་ཡིན་རབས། ཤཀྱ་ཐུབ་པ་འཕྲུལ་ལས་པ་ཡང་ཡིན་རབས། ཤཀྱ་ཐུབ་པས་གློག་ཀླད་ཀྱང་བཟོ་ཤེས་རབས། ཡོད་ཚད་མེད་ཚད་ཚང་མ་ཤཀྱ་ཐུབ་པ་ལ་ཁུངས་བཏུགས་མཁན་ཁྱེད་ཚོ་རེད། བོད་ཀྱི་རྩམ་པ་ཡང་ཤཀྱ་ཐུབ་པས་ཐག་རབས། བོད་ཇ་ཡང་ཤཀྱ་ཐུབ་པས་སྲུབ་རབས། བོད་ཀྱི་གཡག་ལུག་རྟ་ཁྱི་སྒོ་ཟོག་ཚང་མ་ཤཀྱ་ཐུབ་པས་དེད་ཡོང་རབས། བོད་ཀྱི་མི་རིགས་ཀྱང་ཤཀྱ་ཐུབ་པས་རྣམ་པར་སྤྲུལ་ནས་བཟོས་རབས། བོད་ཀྱི་ཡུལ་ལུང་ཡང་ཤཀྱ་ཐུབ་པས་གསར་བཞེངས་གནང་རབས་སོགས་ཉག་ཉོག་ལུང་པ་གང་ཤོད་མཁན་སུ་རེད་དམ། །
    ཤཀྱ་ཐུབ་པ་ཁོང་རང་བཞུགས་ས་དེར་འཇོག་རོགས་གནོངས། ངོ་མ་རེ་བསྐུལ་ཡིན། ཁྱེད་ཚོ་ལ་དཀྲུགས་རྒྱུ་དེ་མ་གཏོགས་མི་འདུག་བ། །
    སངས་རྒྱས་པ་ལ་བཞི་པ་དང་ལྔ་པ་ཐུབ་པའི་དགོངས་པ་མིན་གསུངས་འདུག། དེ་འདྲ་ཡིན་དུས་གྲུབ་མཐའ་བཞི་པོ་གང་གི་ཡང་སྒོ་རུ་མ་བཞུགས་པའི་ཟང་ངེ་ཟིང་ངེ་ཁྱེད་ཚོ་ཤཀྱ་ཐུབ་པའི་ནང་པ་ཡིན་ཟེར་རྒྱུའི་སྤོབས་པ་གང་ནས་རགས་སོང་ངམ། ད་དུང་ཟང་ངེ་ཟིང་ངེ་ཁྱེད་ཚོས་མི་གཞན་ལ་ཕྱི་རོལ་པ་རེད་ཟེར་བ་ནི་ཧ་ཅང་ཧམ་པ་ཚ་ཐག་ཆོད་པའི་སྐད་ཆ་རེད། རང་གི་ལུས་ལ་དཔེ་ལོངས་ལ། གཞན་ལ་གནོད་པ་མ་བྱེད་ཅིག །

  62. པདྨ says:
    2015-12-29 at 2:00 pm

    བསེ་རུ་ཟང་ཐལ་ལགས། མཆོག་གི་རྩ་བའི་བླ་མ་ཡིན་ན་
    ༄༅། །དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ་ཉིད། །
    དྲན་པའི་གདུང་སེལ་ཀརྨ་བྷ་དྲ་ལ། །
    གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
    ཀ་དག་ལྷུན་གྲུབ་དགོངས་པ་རྟོགས་པ་དང་། །
    སྣང་བཞི་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག། །
    ཞལ་གསུང་འདིས་མགོ་མཇུག་ཡོད་དམ། འདི་གསོལ་འདེབས་ཤིག་ལས་མགོ་ནས་སྐྱབས་འགྲོ་དང་མཇུག་གི་བསྡུ་རིམ་སོགས་མ་འདུག་པས་མཁྱེན་ན་འགོད་རོགས། །
    རྣམ་འདྲེན་བཞི་བ་ཤྰཀྱ་ཐུབ་པ་དང་།།
    སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དང་།།
    བསྟན་པའི་འབྱུང་གནས་སྔ་འགྱུར་རྒྱུད་འཛིན་ལ།།
    གསོལ་བ་འདེབས་སོ་སྣང་བཞི་མཐར་ཕྱིན་ཤོག།

  63. པདྨ says:
    2015-12-29 at 2:19 pm

    BONPO་ལགས། བསམ་བློ་ཡག་པོ་གཏོང་། བོན་པོའི་ཚབ་ཁྱོས་མི་ཐུབ། གལ་ཏེ་བོན་པོས་ཙབ་ཐུབ་ན་ནམ་ཡང་འགྲིག་རྒྱུ་མེད་པའི་དཀྲུག་ཤིང་རྒྱག་གི་མ་འདུག འདི་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེས་འདས་མཆོད་སྐབས་རེད། སངས་རྒྱས་ཤྰཀྱ་ཐུབ་པ་སྨད་རུང་། ཏྰ་ལས་བླ་མ་སྨད་རུང་། ས་དགེ་བཀའ་རྙིང་ལ་སྨད་རུང་།སྟོན་པ་གཅིག་གི་བསྟན་པ། ཕ་མ་གཅིག་གི་བུ་རྒྱུད་རེད། བོན་ཟེར་བའི་གསར་ཆོས་དང་བཀའ་གདམས་གསར་མ་ཟེར་བ་འདི་དང་རྡོ་རྗེ་འཆང་ཆེན་གསུམ་པས་ཧྥོན་པོ་ཟེར་བ་འདི་ཚོ་ཚང་མ་ནང་པ་སངས་རྒྱས་པའི་ཆོས་ལ་འདྲ་བཟོ་བྱས་པ་ལས་གང་ཡང་མ་རེད། དེ་ཙམ་ཡིན། གང་ཡིན་ན་ད་སྔོན་གངས་ཅན་བོད་པའི་ནང་ཆོས་ལས་བཤད་པའི་བཀའ་ཆེན་ཚོས་འཆད་ཁྲིད་ཚང་མ་ནག་བསུབས་ཆོག་པ་འམ་ཕ་མས་ཁྱོད་ལ་མགོ་སྐོར་བཏང་བ་ཞིག་གཏན་ནས་མ་རེད། ཕྱི་སྐུ་གསུང་ཐུགས་ཀྱི་ཚོང་ལས་མཆོད་འབུལ་མཛེས་ཆོས་ཁ་ཡག་ངོ་དགའ་གྲོགས་པོ་ནང་ཚེགས་ཞིག་གི་ཁ་ཕོ་རུས་བྱས་ནས་གྲུབ་མཐའ་འཛིན་པ་ཞིག་ཀྱང་གཏན་ནས་མ་རེད། །བསྟན་པ་དང་ར་ཤ་མ་བརྗེ་ཟེར་བ་གོ་མྱོང་ངམ། སྟོན་པ་ཤཱཀྱ་ཐུབ་པས་ཀྱང་།སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པའོ། ཞེས་འབྱུང་།གཤིན་གཞུང་ཡིན་ཟེར་བ་ལས་ཀྱང་། །སངས་རྒྱས་གཞན་ནས་རེ་བའི་མཁས་རློམ་གྱིས། །སྟོང་བཤད་འདྲེ་ཤར་ནུབ་སྒོར་གླུད་གཏོང་ཚུལ། །མཐོང་ཚེ་ཟག་བཅས་ཕུང་པོ་འོད་ཀྱི་སྐུ། །གྲོལ་བ་གསང་ཆེན་བོན་གྱི་ཁྱད་པར་ཆོས། ཞེས་ཟེར།བསྟན་པའི་བྱེད་ལས་མཐར་ཐུག་པ་ནི། །བོན་སྟོན་གཤིན་རབ་མི་བོ་ཆེས།རང་གི་སེམས་ནི་རང་གིས་བཏུལ།ཉོན་མོངས་རྗེས་སུ་སེམས་མ་གཏོང་། །ཞེས་གསུངས་པ་དང་། །ཆོས་དང་བོན་ཞེས་འགལ་བའི་ཚུལ་བྱེད་ཀྱང་།། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས།ཞེས་གསུངས། གྲུབ་མཐའ་ཚང་མ་བོད་ཀྱི་བླ་མ་གོང་མ་ཚོས་གདུལ་བྱ་སོ་སོའི་བསམ་པ་དང་བསྟུན་ནས་ཆོས་གསུངས་ཏེ་གང་ལྟར་གདུལ་བྱ་ཚང་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ཐོབ་ཐབས་དང་། བོན་ཡང་ཐར་ལམ་ལ་ཁྲིད་ཡག་གི་ཐབས་ཤེས་ཤིག་ཡིན་པ་ཡང་དེ་གསལ་པོ་ཤེས་དགོས་། དེ་བཞིན་སྟོན་པའི་མིང་འདོགས་པ་ཙམ་ལས་་ཡེ་ཤུ་དང་ཧིན་ཏོ་ཆོས་སོགས་དང་གཅིག་པ་རེདཀྱི་ཡོད །གྲུབ་མཐའ་རིས་དེ་ཡང་།དབུས་གཙང་མངའ་རིས་སོགས་ཀྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པས་ན། །ཕྱོགས་ལྷུང་གདོན་གྱིས་སྡང་ཤུགས་མི་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས།ཅེས་དང་། །ཡང་དེང་སང་ཆོས་ལུགས་གྲུབ་མཐའ་མང་། །ཐམས་ཅད་སངས་རྒྱས་ལམ་དུ་གཅིག། དོན་མེད་ཁ་སྡིག་མ་བསགས་པར། །ཀུན་ལ་དག་སྣང་མཛོད་ཅིག་ཨང་།ཞེས་འབྱུང་ལ།བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། །གསུངས་རབ་མ་ལུས་གདམས་པ་ཤར་བ་དང་།རྒྱལ་བའི་དགོངས་པ་བདེ་ལགས་རྙེད་པ། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་།ཞེས་དང་། ཆོས་རང་རང་མོས་པའི་ངོ་ན་ཟབ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །གཞན་མ་སྨོད་ཀུན་ལ་དག་སྣང་སྦྱོང་། །སྤྱིར་ས་དགེ་བཀའ་རྙིང་སོགས་ཀྱི་གྲུབ་མཐའ་ཀུན་ལ་ཕྱོགས་ལྷུང་གི་སྡང་ཤུགས་བྱེད་མི་རིགས་ཏེ།དེ་དག་རང་རང་གི་ལམ་ལ་བརྟེན་ནས་འཚང་རྒྱ་བའི་ཐབས་ཡོད་ལ། དེའི་ཕྱིར་དུ་ཆོས་སྤོང་གི་ལས་འགོག་པའི་སླད་དུ་ཁོ་བོས་ཀྱང་དུས་རྒྱུན་དུ་གྲུབ་མཐའ་རིས་སུ་མ་ཆད་པ་མཐའ་དག་ལ་དག་སྣང་སྦྱོང་དགོས་ཚུལ་ནན་གྱིས་ཞུས་པ་ཡིན། ཞེས་འབྱུང་།ལྟ་བ་ཕྱོགས་རིས་མེད་པ་ཡི། བསྒོམས་པ་ཡེངས་པ་མེད་པ་ཡིན།ཡང་།སེམས་གསལ་སྟོང་ཕྱག་རྒྱ་ཆེན་པོ་ལ། ཕྱག་རྒྱ་ཆེན་པོས་རྟོག་བྲལ་ཟེར། རྫོགས་པ་ཆེན་པོས་ཆོས་ཉིད་ཟེར། ཕར་ཕྱིན་པས་ནི་སྟོང་ཉིད་ ཟེར།ཞེས་ཀྱང་འབྱུང་། དེ་ཡང་སྔོན་མ་ཡིན་ན་ཕྱི་རོལ་མུ་སྟེགས་པ་དང་ནང་བསྟན་ཆོས་ལུགས་བར་གྱི་འགལ་བ་ཡོད་པ་ལས་ནང་བསྟན་ཆོས་ལུགས་ནང་ཁུལ་འགལ་བ་དེ་འདྲའི་ཛ་དྲག་ཆེན་པོ་མེད། ཡིན་ཡང་བོད་དུ་ནང་བསྟན་ཆོས་ལུགས་དར་ནས་ད་བར་བསྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ནང་ཁུལ་དུའང་གྲུབ་མཐའ་ཕྱོགས་རིས་ཀྱི་དབང་གིས་མི་ལ་ལས་བོད་དུ་ཡོད་པའི་ས་དགེ་བཀའ་རྙིང་དང་། ཇོ་ནང་ཞི་བྱེད་དང་བཅས་པའི་ཆོས་ལུགས་དེ་རྣམས་ཕྱི་པ་དང་ནང་པའི་ཆོས་ལུགས་ལྟར་གཞི་ལམ་འབྲས་བུའི་རྣམ་གཞག་མང་པོ་ནས་མི་མཐུན་པའི་ཐ་དད་ཅིག་ཡིན་པར་བསམ་མཁན་ཡོད་ལ། དེའི་དབང་གིས་བོད་ལ་ལོ་རྒྱུས་ཐོག་དགོས་མེད་ཀྱི་འགལ་བ་མང་པོ་བྱུང་ནས་གྱོང་གུད་ཡང་མང་པོ་ཐེབས། །ཡིན་ཡང་བོད་དུ་དར་བའི་གྲུབ་མཐའ་སོ་སོའི་བར་ལ་དེ་འདྲའི་འགལ་བ་ཞིག་མེད་པ་གོང་གསལ་གྱི་མཁས་པའི་གསུངས་ལས་རྟོགས་ཐུབ། དེ་ཡང་བོད་ཀྱི་གྲུབ་མཐའ་སོ་སོའི་འབྱུང་ཁུངས་ཚང་མ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ཞིང་གྲུབ་མཐའ་སོ་སོའི་མཐར་ཐུག་གི་དམིགས་ཡུལ་ཡང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་ཁོ་ན་ཡིན་པས། མ་ཤེས་ཤེས་འདོགས་དང་ཤེས་བྱ་ཁྲ་ལེབ་ཀྱི་ཟས་དང་སྐྱག་པ་མཉམ་བསྲེལ་མ་བྱས་ན་ཤིན་ཏུ་བཟང་ངོ་། སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་རྒྱལ་བསྟན་བར་དུ་ཕྱོགས་རིས་སྤོངས་ཞེས་ལན་གཅིག་མ་ཡིན་པ་གསུངས་ཡོད་པས་ཀུན་གྱིས་གཟབ་པར་འཚལ་ལོ། །

  64. BONPO says:
    2015-12-29 at 5:34 pm

    པདྨ་ལགས། མི་གཉིས་ཀྱི་དབར་དུ་སྐད་ཆ་ཤོད་དུས་གཡས་གཡོན་གྱི་གང་ཟག་ཡོད་ཚད་ཁྱེར་མ་འོང། ངའི་དམིགས་འབེན་ཁོང་ཚོ་ཚང་མ་མིན་པས་དགོས་པ་ཡོད་མ་རེད། ང་སུ་དང་གང་གི་ཚབ་བྱེད་མཁན་དེ་འདྲ་མིན། ཁྱེད་ཀྱིས་དཀྲུག་པར་འདོད་ནའང་དཀྲུགས་ཐུབ་མི་ཡོང་། ཤོད་རྒྱུ་ཡོད་ན་ཁ་ཐུག་ཤོད་ཤོག སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ལ་གུས་ཞགས་མེད་པ་མ་ཡིན། ཡིན་ནའང་ཁོང་ལ་དམྱ་ངན་གྱི་ཞུ་ཚིག་རྩོམ་ཡིག་འདིའི་འོག་ནས་མི་འབྲི། ཁྱེད་ཀྱིས་ཉག་ཉོག་མང་པོ་ཞིག་འབྲི་བཤུ་བྱས་བཞག དེ་ཚོས་ཅི་ཞིག་གླེང་གི་ཡོད་མེད་ངས་ནི་མི་ཤེས། ཁྱེད་ཀྱིས་ཡང་ནས་སྐྱར་དུ་་་གཤིན་རབ་་་ཟེར་ནས་འབྲི་བཞིན་པའི་མིང་བྱང་དེ་རོང་རྒན་དྲི་རྫར་སུ་ཡི་མིང་རེད་དམ། ཡང་ན་ཁྱེད་ཚང་གི་གཟའ་རཱ་ཧུ་ལའི་མིང་གཞན་ཞིག་རེད། ངས་ནི་མི་ཤེས་ཀི། །

  65. པདྨ says:
    2015-12-30 at 11:40 am

    ངོས་ལན་དེ་ཁ་བརྡས་བསུབས་ཚར་འདུག་ གང་ལྟར་དང་པོ་གཤིན་རབ་ལས་དེང་དུས་གཤེན་རབ་འབོད་པར་གསལ་བོ་མི་རྣམ་རིན་པོ་ཆེས་གསུང་འདུག ཡིད་མ་ཆེས་ན་དྲ་ཐག་འདི་ཚོར་གཟིགས།
    http://www.dminamart.com/index.php/tibetan-calligraphy/yigzug/135-2013-08-03-15-21-07

  66. བཀྲ་ཤིས། says:
    2015-12-30 at 6:22 pm

    བོན་པོའི་མིང་ཅན་དེས་ནང་བསྟན་སྤྱི་དང་གང་ཟག་སྒེར་ལ་ཆགས་སྡང་གི་སྐད་ཆ་རྐྱང་རྐྱང་བཤད་ཆོག་རྒྱུ་དང། པད་མ་ལགས་ནས་རྒོལ་ལན་གནས་ལུགས་ཞིག་ཀྱང་བརྗོད་མི་ཆོག་པའི་རྒྱུ་མཚན་ཅི། སྟངས་འཛིན་རན་པོ་ཞིག་གནང་རྒྱུ་རེ་བ་ཡིན།

  67. པདྨ says:
    2015-12-31 at 4:16 am

    བཀྲ་ཤིས་ལེགས་ཕེབས་པར་བཟང་། བདེན་གཏམ་ལ་ཐུགས་བརྩེ་གནང་བར་དུང་ཡོད། ཁ་བརྡ་ཚང་མ་ཅི་མ་རེད། དྲ་ཞབས་པ་འགའ་རེས་ཕྱོགས་ཞེན་དཔེ་བྱེད་ཀི་འདུག གང་ལྟར་ཆོས་འཁོར་ཉི་མ་འོད་ཟེར་རམ་BONPOགཤིན་ནད་ཀྱིས་མནར་བ་ལ་སྙིང་རྗེས་ཀུན་ནས་སློང་དེ་ལན་རེ་བཏབས་པ་དེ་ཙམ་ཡིན། བདེན་པ་ཡིན། སྔོན་མ་ངོས་ཀྱང་བོན་ལ་ཤིན་ཏུ་དགའ་དད་ཆེ་ཡང་BONPO࿏༙༿མིང་ཅན་འདི་ཚོས་གདོན་གཟུགས་ཀྱི་རྟགས་མཚན་དེ་ཕྱི་མངོན་སོང་བས་གཏམ་ལན་པོ་མེད་ན་ལྐུགས་པ་ཟེར་བ་ལྟར་བཤད་པ་ལས་རང་གིས་ལག་སྔ་བྱས་པ་གང་ཡང་མེད།

  68. ཁྱུང་སེ། says:
    2016-01-05 at 5:03 am

    གོ་ཐོས་སུ་ཚེ་ཡི་དངོས་གྲུབ་ཐོབ་པ་་་་བྱ་བྲལ་སངས་རྒྱས་རྡོ་རྗེ་ཡང་སྐུ་ཞི་བར་གཤེགས་པའི་གནས་ཚུལ་ཡིད་སྐྱོ་བ་ཞིག་གོ་བྱུང་ངོ་མ་ཡིན་མིན་མི་ཤེས། ངོས་རང་ཁོང་ལ་དད་པ་ཆེན་པོ་ཡོད་པར་མ་ཟད་ཁོང་གི་དྲུང་ནས་གདམས་ཁྲིད་ཀྱང་ཞུས་མྱོངས།

  69. ཀརྡོ་གཉེར་ཕྱག་པ་ says:
    2016-01-05 at 5:35 am

    བྱ་བྲལ་རིན་པོ་ཆེ་ཕྱི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་༣༠དང་། ༣༡སོ་གཅིག་ལ་དགོངས་པ་གཞན་དོན་དུ་གཤེགས་པ་རེད་ཟེར་མཁན་ངོ་དེབ་ནང་ལ་ཡོང་ཁུངས་གཉིས་འདུག དངོས་བདེན་ཡིན་ན། གསང་དགོས་དོན་གང་ཡིན་ནམ། དུས་ཐོག་ཏུ་དད་ལྡན་མང་པོའི་ཕྱག་མཆོད་གསོལ་འདེབས་གནོད་གཞིར་གྱུར་པས་་་་་་་་་་་

  70. པདྨ says:
    2016-01-05 at 5:37 am

    ཨ་རོགས་ཁྱུང་སེ། ངེད་གཉིས་བླ་མ་གཅིག་པ་རེད་མི་འདུག་གམ། ཁྱོད་ཅི་ཡེད་ཀི་ཡོད། ཧ ཧ བྱ་བྲལ་ཚང་འདས་ནས་བདུན་གཉིས་འགྲོ་ཚར་ནི་རེད་ཀོ ཟླ་འདིའི་ཡར་ཚེས་བཅུ་ལ་དགོས་པ་རྗོགས་པ་རེད། ད་དུང་ཐུགས་དམ་ལ་བཞུགས་འདུག ཁ་ཚང་ཕྱི་ལ་ཁྱབ་བསྒྲགས་བྱས་པ་རེད་ཀོ།

  71. ཀརྡོ་གཉེར་ཕྱག་པ་ says:
    2016-01-05 at 5:37 am

    ཟབ་གདོང་སྤྲུལ་སྐུ་གཉིས་པའམ། སྒྲ་བརྙན་པ་ཤོད་མཁས་པ་ཅིག
    https://www.facebook.com/dhen.hero/videos/1056835234386479/?theater

  72. ཀརྡོ་གཉེར་ཕྱག་པ་ says:
    2016-01-05 at 5:39 am

    བྱ་བྲལ་རིན་པོ་ཆེའི་སྐོར་ལ་་་་
    https://www.facebook.com/photo.php?fbid=1060497510639003&set=a.314078665280895.75095.100000362927271&type=3&theater

  73. ཀརྡོ་གཉེར་ཕྱག་པ་ says:
    2016-01-05 at 5:42 am

    བྱ་བྲལ་རིན་པོ་ཆེ་མཆོག་ཚེས་ ༣༠ ལ་་་་་་་་་
    https://www.facebook.com/photo.php?fbid=1148312328530524&set=pcb.1148312385197185&type=3&theater

  74. ཀརྡོ་གཉེར་ཕྱག་པ་ says:
    2016-01-05 at 6:04 am

    བྱ་བྲལ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པ།
    http://tibettimes.net/%E0%BD%96%E0%BE%B1%E0%BC%8B%E0%BD%96%E0%BE%B2%E0%BD%A3%E0%BC%8B%E0%BD%A2%E0%BD%B2%E0%BD%93%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%86%E0%BD%BA%E0%BC%8B%E0%BD%98%E0%BD%86%E0%BD%BC%E0%BD%82%E0%BC%8B/

  75. ཁྱུང་སེ། says:
    2016-01-05 at 6:13 am

    ཨ་རོ་པདྨ་ཁྱོད་ཅི་འཛོ་ཞི་ཡོད་ཕལ་ཆེར་ང་གཉིས་བླ་མ་གཅིག་གི་སློབ་བུ་ཡིན་བཟོ་འདུག ད་གཟབ་གཟབ་གནང་ན་མ་གཏོགས་སྡིག་ཉེས་ཆེན་པོ་བསགས་ཡོང། ད་ངོ་མ་ཅི་འཛོ་ལི་མི་ཤེས་ནོ་ཞིག་རེད་སོང།། བཟང་སྤྱོད་སྨོན་ལམ་གང་ཐུབ་ཞིག་སྨོན་ལམ་ཞུ་རྒྱུ་ལས་མ་འདས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme