Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧སྐྱབས་རྗེ་མགར་ཆེན་པས་ཐའེ་ཝན་དུ་དད་ལྡན་སྟོང་གཉིས་ལ་ཉེ་བར་བྱང་ཆུབ་སེམས་སྡོམ་བསྩལ་བ།

Posted on 2019-09-08 By ཁ་བརྡ 3 Comments on ༧སྐྱབས་རྗེ་མགར་ཆེན་པས་ཐའེ་ཝན་དུ་དད་ལྡན་སྟོང་གཉིས་ལ་ཉེ་བར་བྱང་ཆུབ་སེམས་སྡོམ་བསྩལ་བ།

གནས་ཚུལ་མཁོ་སྤྲོད་པ་ཞིབ་ཚོགས་དྲུང་ཆེ། རྫ་ཚེ་རིང་བཀྲ་ཤིས།

སྤྱི་ལོ་༢༠༡༩ཟླ་༩ཚེས་༧ ཉིན། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་སྙན་གྲགས་ཅན་གྱི་ཡཱན་ཧྲན་མགྲོན་ཁང་ཆེན་མོའི་ཚོགས་ཁང་དུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར། ཞིབ་འཇུག་ཚོགས་པ་དང་ཐའེ་ཝན་མགར་ཆེན་ཆོས་ཚོགས་ཟུང་འབྲེལ་ཐོག་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེས་མི་མང་སྟོང་ཕྲག་གཅིག་དང་དྲུག་བརྒྱ་ཡས་མས་ལ་བྱང་ཆུབ་སེམས་བསྐྱེད་ཀྱི་བཀའ་ཁྲིད་དང་འབྲེལ་བྱང་ཆུབ་སེམས་སྡོམ་བསྩལ་ཡོད་པ་རེད།

དེ་ཡང་འདི་ལོ་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་ཆེད་དམིགས་གསོལ་འདེབས་ཞུས་དོན་ལྟར་དཔལ་རྒྱལ་བ་འབྲི་གུང་བའི་བསྟན་པའི་རྩ་ལག་༧སྐྱབས་རྗེ་མགར་ཆེན་དཀོན་མཆོག་རྒྱལ་མཚན་མཆོག་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་མཛད་ཕྲིན་སྐྱོང་བཞིན་པའི་སྐབས་དང་བསྟུན་ནས་ཟླ་འདིའི་སྤྱི་ཚེས་བདུན་ཉིན་རྒྱལ་ས་ཐའེ་པེ་རུ་རིས་མེད་རྒྱ་བོད་ཀྱི་དགེ་འདུན་ཉིས་བརྒྱ་ཙམ་དང་དད་ལྡན་མི་མང་སྟོང་གཉིས་ལ་ཉེ་བར་བྱང་ཆུབ་སེམས་བསྐྱེད་ཀྱི་བཀའ་ཆོས་དང་སྡོམ་པ་གནང་།

༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་མཆོག་གིས་བཀའ་ཆོས་གཙོ་བོ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་གལ་ཆེའི་རང་བཞིན་ནན་གསུང་གནང་ཞིང་། བྱང་ཆུབ་གྱི་སེམས་ནི་འཛམ་གླིང་གི་ཞི་བདེ་དང་། རྒྱལ་ཁབ་ཀྱི་བདེ་འཇགས། མི་མང་གི་བདེ་སྐྱིད་བཅས་འཕྲལ་ཡུན་བདེ་བའི་འབྱུང་གནས་ཡིན་པ་དང་། གལ་ཏེ་མི་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ལ་དད་པ་དང་ཉམས་ལེན་བྱས་པ་ཡིན་ན་འཛམ་གླིང་འཁྲུགས་ཆེན་དང་པོ་དང་གཉིས་པ་ལྟ་བུ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ནོར་འཁྲུལ་ཆེ་བའི་བྱུང་བ་དེ་ཚོ་ཡོང་མི་དགོས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་འཛམ་བུ་གླིང་གི་ཆོས་ལུགས་ཕལ་མོ་ཆེས་ཀྱང་བྱམས་དང་སྙིང་རྗེའི་ཉམས་ལེན་ལ་རྩ་ཆེན་པོར་བརྩི་བཞིན་ཡོད་པ་དང་། ཁྱད་པར་དུ་ནང་པ་སངས་རྒྱས་པའི་ངོས་ནས་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ནི་ཉམས་ལེན་ཐམས་ཅད་ཀྱི་རྩ་བ་དང་སྙིང་པོར་ངོས་འཛིན་བྱ་བཞིན་ཡོད་པ་སོགས་གསུངས།

ད་དུང་ཐའེ་ཝན་གྱི་བླ་ཆེན་ཧྭེ་ཐའོ་ཧྥ་ཧྲི་མཆོག་གིས་ཀྱང་མགར་ཆེན་རིན་པོ་ཆེ་ནི་དུས་རབས་འདི་སྐྱོབ་པ་འཇིག་རྟེན་གསུམ་མགོན་དངོས་ལྟ་བུ་ཞིག་ཡིན་པ་དང་། ཁོང་སྒེར་ངོས་ནས་ཀྱང་མ་གཞི་རང་ཉིད་རང་མཐོང་ཆེན་པོ་ཞིག་ཡིན་ཡང་། དེ་སྔོན་ཡང་ཨ་རིར་མགར་ཆེན་རིན་པོ་ཆེའི་དྲུང་དུ་ཆེད་གཅར་གྱིས་བདུན་ཕྲག་གཉིས་རིང་སྨིན་གྲོལ་གྱི་གདམས་ངག་མང་པོ་ཞུས་པ་ཡིན། ཁོང་ནི་ངེས་པ་དོན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་མངའ་བདག་ལྟ་བུར་བཞུགས་ཡོད་པ་དང་། ད་ཐེངས་ཡང་ཆེད་དུ་བྱང་ཆུབ་སེམས་ཀྱི་བཀའ་ཆོས་འདི་ཉིད་ཞུ་སར་ཆེད་བཅར་གནང་བ་ཡིན་ཚུལ། ཁོང་ཉིད་ཐའེ་འདིར་ཐའེ་ཝན་དུ་ཕེབས་ནས་འདི་ལྟ་བུའི་གཞི་རྒྱ་ཆེ་བའི་བྱང་ཆུབ་སེམས་ཀྱི་བཀའ་ཁྲིད་གནང་བ་ནི་རྒྱ་བརྒྱུད་བོད་བརྒྱུད་གང་ལ་ལྟོས་ཀྱང་མེད་དུ་མི་རུང་བ་ཡིན་པའི་བྱང་ཆུབ་སེམས་ཀྱི་ཉམས་ལེན་གྱི་བརྒྱུད་པ་རིན་པོ་ཆེ་འདིའི་སྲོག་དངོས་སུ་འཐུད་པ་ལྟ་བུ་ཞིག་ཡིན་ཚུལ་སོགས་གསུངས་ཡོད།

དེ་བཞིན་ཞིབ་འཇུག་ཚོགས་པའི་ཚོགས་གཞོན་མཁན་པོ་འཇིགས་མེད་རྣམ་རྒྱལ་མཆོག་གིས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་གལ་གནད་དང་། མགར་ཆེན་རིན་པོ་ཆེའི་བཅོས་མིན་གྱི་བྱམས་པ་དང་བརྩེ་བའི་ཡོན་ཏན་གྱི་ཆེ་བ། ཞིབ་འཇུག་ཚོགས་པའི་དམིགས་ཡུལ་ཏེ། ནང་པའི་ཆོས་བརྒྱུད་ཕན་ཚུན་བར་གྱི་མཐུན་ལམ་དང་མཉམ་འབྲེལ་གྱི་ནུས་པ་གོང་མཐོར་གཏོང་བ་དང་། ཐའེ་ཝན་ས་གནས་སུ་ཆོས་དང་མཐུན་པའི་སྤྱི་ཕན་ལས་དོན་གནང་དང་གནང་བཞིན་པ་སོགས་ཀྱི་ངོ་སྤྲོད་དང་། ཁྱད་པར་མཛད་རིམ་འདི་འདྲ་ཞིག་གོ་སྒྲིག་དགོས་པའི་རྒྱབ་ལྗོངས་དམིགས་ཡུལ་སོགས་དང་འབྲེལ་བའི་གསུང་བཤད་གནང་ཐོག་ཚོགས་ཐོག་དེར་ཡང་ལོ་འདིའི་ཟླ་རྗེས་མ་སྤྱི་ཟླ་༡༠ ཚེས་ ༥ དང་ ༦ ལ་ཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་དང་ཐའེ་ཝན་ཞིན་པེ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས། ཐའེ་ལན་ཏའི་ཆོས་སྐུ་དགོན་གྱི་ཐའེ་ཝན་གྱི་ཆོས་ཚོགས་བཅས་ནང་བསྟན་བརྒྱུད་པ་གསུམ་གྱི་མཉམ་འབྲེལ་ཐོག་ཚོགས་གཏན་ཁེལ་བའི་ཆེས་མཐོའི་ནང་བསྟན་བགྲོ་གླེང་སྐོར་གྱི་ཚོགས་ཞུགས་དེབ་སྐྱེལ་སོགས་ཀྱང་ཚོགས་ཐོག་དེར་གསལ་བསྒྲགས་བསྐྱངས་གནང་མཐར། ཞིབ་འཇུག་ཚོགས་པའི་ལས་འཛིན་ཚོགས་གཙོ་ལྕམ་ཀྲང་མེ་ལིའི་ཀྱིས་ཞིབ་ཚོགས་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ནས་མཎྚལ་འདེགས་འབུལ་སོགས་ཞུས་རྗེས་ཐེངས་འདིའི་མཛད་སྒོ་ཕུན་སུམ་ཚོགས་པའི་ངང་ནས་ལེགས་པར་གྲུབ་ཡོད་པ་རེད། ཐེངས་འདི་བཀའ་ཆོས་ཀྱི་གཙོ་འགན་བཞེས་གནང་མཁན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ལས་ཐོག་པ་བླ་མ་ཡེ་ཤེས་རབ་རྒྱས་དང་འགན་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་སློབ་དཔོན་བསོད་ནམས་ཉི་མ་རྣམ་པ་གཉིས་ཡིན་པ་རེད།

ད་ཐེངས་ཀྱི་འཚོགས་པ་འདི་ནི་ཐའེ་ཝན་དུ་༧གོང་ས་མཆོག་ལས་གཞན་པའི་བོད་ཀྱི་བླ་ཆེན་ཞིག་གིས་མཛད་ཕྲིན་སྐྱོང་སྐབས་ཀྱི་འདུ་ཚོགས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད་འདུག །མ་ཟད། ཚོགས་ཞུགས་པ་ཡང་ཐའེ་ཝན་གནས་བཞུགས་ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁན་སྤྲུལ་དགེ་བཤེས་ཧ་ཅང་མང་པོ་ཕེབས་ཡོད་པར་མ་ཟད། ཚང་མས་རང་རང་སོ་སོའི་རྩ་ཆོས་བརྒྱུད་ཀྱི་རྩ་བའི་བླ་མ་རྣམ་པར་མཇལ་ནས་ཆོས་ཞུ་བ་དང་གཉིས་སུ་མེད་པའི་བཅོས་མིན་གྱི་དད་བཀུར་ཆེན་པོ་ཞུ་དང་ཞུ་བཞིན་ཡོད་པའི་རྣམ་པ་ཐོན་ཡོད་པར་མ་ཟད། འདིའི་ཐད་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཟུར་པ་དང་ད་ལྟའི་རྒྱུན་ལས་ལས་ཐོག་པ་སེར་སྨད་ལྷ་རམས་པ་སྤྲུལ་སྐུ་ཧ་ཤེན་རིན་པོ་ཆེས་གསུངས་དོན། དེ་ཡང་སྔར་རྗེ་བདག་ཉིད་ཆེན་པོ་དགུང་ལོ་བཅུ་དྲུག་ཐོག་དབུས་སུ་ཕེབས་པའི་སྐབས་ས་འབྲི་གུང་སྤྱན་སྔ་འཛམ་གླིང་ཆོས་ཀྱི་རྒྱལ་པོའི་དྲུང་ནས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་སོགས་ཆོས་རྒྱ་ཆེན་པོ་ཞུས་གནང་བ་ལྟར་ད་ཐེངས་ཡང་ངེས་པ་དོན་གྱི་བྱང་ཆུབ་སེམས་དཔའ་འབྲི་གུང་མགར་ཆེན་རིན་པོ་ཆེ་ཁོང་ལྟ་བུ་ཞིག་གི་དྲུང་ནས་བྱང་ཆུབ་སེམས་ཀྱི་སྡོམ་པ་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་། བཀའ་ཆོས་འདི་གསོལ་བ་འདེབས་པ་པོའི་ཁོངས་སུ་ཡང་ཆ་ཤས་ལེན་ཐུབ་པ་སོགས་ནི་ཧ་ཅང་དམིགས་བསལ་གྱིས་རྟེན་འབྲེལ་དང་ལས་འཕྲོ་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཚུལ་གསུངས་བྱུང་།

དེ་ནང་བཞིན་ཚོགས་གཙོ་ལས་ཐོག་པ་དང་སྐབས་འདིའི་གསུང་ཆོས་གོ་སྒྲིག་པའི་ཆེས་མཐོའི་འཐུས་ཚབ་མི་སྣ་བཅས་ཡིན་པའི་ཚོགས་གཙོ་བླ་མ་ཡེ་ཤེས་རབ་རྒྱས་ཀྱིས་ཀྱང་ཐེངས་འདིའི་བཀའ་ཆོས་ཐོག་མཐའ་བར་གསུམ་དུ་ཧ་ཅང་ལེགས་འགྲུབ་བྱུང་ཡོད་པའི་ངོས་འཛིན་དང་འབྲེལ། ད་ལྟའི་ཆར་ཞིབ་འཇུག་ཚོགས་པའི་རྒྱུན་ལས་གོང་མ་དག་གི་ཡུན་རིང་ཕྱག་ལས་གནང་བའི་གྲུབ་འབྲས་དང་ད་ལྟའི་རྒྱུན་ལས་དག་གིས་ཀྱང་ཕྱོགས་གང་ཐད་ནས་ཕྱར་བ་གྲུ་འདེགས་ཀྱིས་ཕྱག་ལས་གནང་བའི་གྲུབ་འབྲས་ལ་འདས་པའི་ལོ་བཅུའི་རིང་འདིར་ཐའེ་ཝན་གྱི་ས་གནས་འདིར་ཕྱག་ལས་མང་པོ་གནང་ཐུབ་ཡོད་པ་དང་། ཁྱད་པར་ཆོས་བརྒྱུད་ཕན་ཚུན་བར་གྱི་མཐུན་ལམ་དང་མཉམ་འབྲེལ་བཅས་ཀྱི་ཐད་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་གང་ལེགས་ཐོན་ཡོད་པར་ངོས་འཛིན་ཞུ་ཆོག་པ་ཞིག་ཡིན་པ་དང་། མ་འོངས་པར་ཡང་དམིགས་བསལ་ཐའེ་ཝན་གནས་བཞུགས་དགེ་འདུན་པ་དག་དང་ཞིབ་འཇུག་ཚོགས་པའི་བར་ཐག་ཉེ་རུ་བཏང་ནས་ཞིབ་འཇུག་ཚོགས་པའི་ལས་དོན་ཁག་ལ་སྔར་ལས་ལྷག་པའི་མཉམ་ཞུགས་དགོས་པ་གལ་ཆེན་པོ་ཡིན་ཚུལ་སོགས་ལ་འབོད་སྐུལ་གནང་ཡོད།
དེ་ཡང་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་ནི་དེང་སྐབས་ཐའེ་ཝན་གྱི་ཆོས་བརྒྱུད་རིས་མེད་ཀྱི་དད་སློབ་དག་གིས་གུས་ཞབས་ཆེ་ཤོས་ཞུ་ཡུལ་གྱི་བོད་ཀྱི་བླ་ཆེན་རྩོད་མེད་གྲས་ཤིག་ཡིན་པ་དང་། ཁོང་གི་ཟོལ་མེད་ཀྱི་འཛུམས་མདངས་དང་བཅོས་མིན་གྱི་རྣམ་འགྱུར། ཕྱོགས་མེད་ཀྱི་བརྩེ་བ་བཅས་ཀྱིས་རྒན་དར་གཞོན་གསུམ་དང་། རྒྱ་བོད་དབྱེར་མེད་ཀྱིས་ཁོང་ལ་སྙིང་རྗེ་ལ་མངའ་བརྙེས་པའི་བདག་ཉིད་ཆེན་པོ་ཞེས་འབོད་ཀྱི་ཡོད་པ་དང་། ཁོང་གི་འགྲམ་དུ་གཅར་བ་ཙམ་གྱིས་སེམས་འགུལ་མི་ཐེབས་མཁན་ཧ་ལམ་མེད་པ་ལྟ་བུ་ཞིག་ཡིན་པ་རེད།

དེ་བཞིན་ཁོང་ཉིད་ལོ་ཉི་ཤུའི་རིང་ལ་ཟི་ལིང་བླ་མའི་བཙོན་ཁང་ནས་བཞུགས་མྱོང་མཁན་གྱི་བོད་ཀྱི་བླ་མ་རྒན་ཤོས་གྲས་ཤིག་ཀྱང་ཏེ། དེང་སང་ཁོང་གཙོ་བོར་ཨ་རིར་བཞུགས་ཡོད་པ་དང་། ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་དངོས་བཤུས་གློག་བརྙན་《སེམས་ཅན་ཀུན་དོན་མཛད་པ་饒益諸有情》ཞེས་པར་ཡང་༧གོང་ས་མཆོག་དང་རྒྱལ་བ་འབྲི་གུང་བའི་བསྟན་པའི་བདག་པོ་༧སྐྱབས་མགོན་རིན་པོ་ཆེ་སོགས་ཀྱིས་ཁོང་གི་སྙིང་བརྗེའི་ཡོན་ཏན་ལ་བསྔགས་པ་ཆེན་པོ་བརྗོད་གནང་ཡོད་པ་རེད།

ཁོང་གིས་དངོས་བཤུགས་གློག་བརྙན་དེར་སྐབས་དེའི་གནས་སྟངས་མང་པོ་ཞིག་ཀྱང་བློ་སྟོབས་ཆེན་པོས་ཟོལ་མེད་དུ་གསུངས་གནང་ཡོད།

ཞིབ་འཇུག་ཚོགས་པས་དེ་སྔོན་ཡང་ཡང་༧འབྲི་གུང་སྐྱབས་མགོན་རིན་པོ་ཆེ་དང་། དཔལ་ས་སྐྱའི་༧གོང་མ་ཁྲི་འཛིན་དང་གདུང་སྲས་རྣམ་པ། བོད་ནང་གི་༧མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་༧མཁན་ཆེན་བསོད་དར་རྒྱས། ༧རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སོགས་བླ་ཆེན་མང་པོ་ཞིག་ཐའེ་ཝན་དུ་ཕེབས་སྐབས་ཆེད་དུ་གདན་ཞུས་ཀྱིས་སྤྱི་ཕན་གྱི་མཛད་རིམ་མང་པོ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ཐའེ་ཝན་གྱི་རྒྱ་བརྒྱུད་ནང་བསྟན་གྱི་ཚོགས་པ་ཆེན་པོ་ཁག་མང་པོ་ཞིག་དང་མཉམ་འབྲེལ་གྱིས་ཕན་ཚུན་བར་གྱི་མཐུན་ལམ་གོང་མཐོར་གཏོང་བ་དང་དུས་ནས་དུས་སུ་ས་གནས་ཀྱི་ཆོས་དང་འབྲེལ་བའི་ལས་དོན་མང་པོ་ཞིག་གི་ཐོག་ཕྱག་ལས་ཧ་ཅང་མང་པོ་ཞིག་གནང་དང་གནང་བཞིན་ཡོད་པ་རེད།

དེ་བཞིན་མགར་ཆེན་རིན་པོ་ཆེ་སྤྱི་ལོ་༢༠༡༦ཟླ་༨ ནང་ཐའེ་ཝན་དུ་ཕེབས་སྐབས་ཀྱང་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེས་མི་མང་སྟོང་ཚོ་མ་ཟིན་ཙམ་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དབང་དང་། གཤིན་པོ་རྗེས་འཛིན་གྱི་སྦྱང་ཆོག་སོགས་ཀྱི་ཆོས་འབྲེལ་རྒྱ་ཆེར་བསྩལ་མྱོང་ཡོད་པ་རེད།

ཞིབ་ཚོགས་འབྲེལ་བ་ཞུ་ཡུལ། ཚོགས་གཞོན་མཁན་པོ་འཇིགས་མེད་རྣམ་རྒྱལ། ཞལ་པར། +88693765495

སྣ་ཚོགས།

Post navigation

Previous Post: བོད་མིང་གླེང་བ།
Next Post: ཡུམ་ཆེན་ལགས།

Comments (3) on “༧སྐྱབས་རྗེ་མགར་ཆེན་པས་ཐའེ་ཝན་དུ་དད་ལྡན་སྟོང་གཉིས་ལ་ཉེ་བར་བྱང་ཆུབ་སེམས་སྡོམ་བསྩལ་བ།”

  1. ཨ་ཤོ་ཀ says:
    2019-09-09 at 8:40 pm

    ལེགས་སོ་ལེགས་སོ་ལེགས་པར་གསུངས་།།

  2. པུ་ནྱ། says:
    2019-09-15 at 11:15 am

    སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་སྐུ་ཚེ་ཞབས་པད་བརྟན་ཅིང་བསྟན་འགྲོ་མཛད་འཕྲིན་གོང་ནས་གོང་དུ་འཕེལ་བར་སྨོན།

  3. ཨོ་རྒྱན་སྐྱབས། says:
    2019-09-30 at 5:47 pm

    སྐྱབས་སུ་མཆི། གར་ཆེན་རིན་པོ་ཆེ་ནི་ད་ལྟ་རྒྱལ་བ་རིན་པོ་ཆེ་ཕར་ཕུད་པའི་ཕྱི་རྒྱལ་ལ་འགྲོ་རྒྱུགས་ཆེ་ཤོས་ཀྱི་བོད་པའི་བླ་མ་དེ་རེད།

    ཁོང་གང་དུ་ཕེབས་ཀྱང་མི་རིགས་མི་འདྲ་བའི་དད་ལྡན་རྣམས་ཀྱིས་བསུ་བ་གང་ལེགས་ཞུ་བཞིན་འདུག གར་ཆེན་རིན་པོ་ཆེ་ཁ་ཞེ་གཉིས་མེད་ཀྱི་ཆོས་ཉམས་ལེན་གནང་མཁན་ཞིག་ཡིན། ཁོང་ལྟ་བུའི་སྡོམ་པ་ལེགས་པར་སྲུང་ཞིང་། བླ་བྲང་དང་ཁྱིམ་ཚང་སྐྱོང་མི་དགོས་པའི་བླ་མ་གཞན་པ་ཡོད་ན་མིག་སྟོན་རོགས།

    དེ་རིང་ཁ་ས་གསང་ཡུམ་ཟེར་བ་དང་རྗེ་བཙུན་མ་ཟེར་བ། བོད་ཡིག་ཐར་ཐོར་ལས་མ་ཤེས་མཁན་གྱི་གཟུགས་མཛེས་བུད་མེད་གཅིག་བཏོན་ནས། དེ་རྩ་ཆེ་དོག་གིས་གང་སར་པར་བཀྲམས་ནས་མགོ་འབུལ་ལུས་འབུལ་བྱེད་པ་ནི་གསང་ཆེན་བསྟན་པའི་ཞལ་ཡས་ཁང་ནང་ལ་དྲི་མ་ཅན་གྱི་དངོས་པོ་ཁྲིད་པ་མ་ཡིན་ནམ།

    གལ་ཏེ་རྒྱལ་བ་ཀློང་ཆེན་པ་དང་། འཇིགས་མེད་གླིང་པ། དེ་བཞིན་རྫ་དཔལ་སྤྲུལ་རྣམས་བཞུགས་ཡོད་ན། ཁོང་རྣམས་ཀྱིས་ཇི་ལྟར་གཟིགས་སམ།

    ད་ལྟ་གསང་ཆེན་བསྟན་པའི་སྐྱེས་བུ་དམ་པ་བསམ་གྱི་མི་ཁྱབ་པ་མི་ཉུང་བ་སྐུ་བཞུགས་བཞིན་དུ། བཟའ་ཐོར་ཕྱིན་ཞིང་། རྩོད་གླེང་ཅན་གྱི་བུད་མེད་ཅིག་ཁྲིད་ཡོང་ནས་དེ་ལ་གསང་ཆེན་བསྟན་པའི་སྐྱེས་ཆེན་རྣམ་པའི་གྲལ་ཏུ་འཇུག་པ་ནི། དགེ་ལྡན་པའི་གླེན་རྟགས་ཀྱིས་དོལ་རྒྱལ་ཁྲིད་ནས་ཆག་སྒོ་ཆེན་པོ་སླང་པ་དང་ཅིས་མི་མཚུངས།

    རྫ་ཚེ་རིང་བཀྲ་ཤིས་གལ་ཏེ་གསང་ཆེན་བསྟན་པར་རྟིང་ནས་ཤ་ཚ་ཡོད་ན། དེ་ལ་གཅིག་བྲི་རན་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme