Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧སྐྱབས་མགོན་བླ་མ་ཀརྨ་བསོད་ནམས་དྲན་གདུང་གསོལ་འདེབས།

Posted on 2014-11-192014-11-19 By ཁ་བརྡ་ 2 Comments on ༧སྐྱབས་མགོན་བླ་མ་ཀརྨ་བསོད་ནམས་དྲན་གདུང་གསོལ་འདེབས།

ཨེ་མ་ཧོ།

ན་མོ་གུ་རུ་ཀརྨ་རཏྣ་ཡེ།
གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་།།
སྐྱེ་འགག་གནས་བྲལ་རྟེན་འབྱུང་རྒྱལ་བའི་སྲས།།
བསྟན་དང་འགྲོ་བའི་དོན་ལ་བྱོན་མཛད་པའི།།
ངེས་དོན་དགེ་བའི་བཤེས་གཉེན་ཚོགས་ཀུན་རྒྱལ།།
མདོ་ཁམས་རྡོ་སྟོད་ཡོག་མདའ་གཟས་གོར་རུ།།
བདེ་ཆེན་རྡོ་རྗེ་འབའ་ལོར་སྐུ་འཁྲུངས་ཤིང་།།
བཤད་དང་སྒྲུབ་པ་ཁོ་ནས་བསྟན་པ་སྐྱོང་།།
སྦས་པའི་རྣལ་འབྱོར་ཆེན་པོ་གསོལ་བ་འདེབས།།
གཡུ་ཐོག་རྣམ་རྒྱལ་དགོན་པའི་སྐྱབས་མགོན་མཆོག།
ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་སྤེལ་མཛད་པ།།
ཀརྨ་བསོད་ནམས་རིན་ཆེན་དཔལ་བཟང་པོའི།།
ཐུགས་དགོངས་ཇི་བཞིན་འབྲེལ་ཚད་དོན་ལྡན་ཤོག།

ཅེས་པ་རབ་རྒྱན་ཤིང་རྟའི་སྨིན་ཟླའི་དབང་ཚེས་རྒྱལ་བ་གསུམ་པར་དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུའི་འཕྲིན་ཕྲན་ལས་བརྡ་ཁྱབ་མཇལ་བའི་མོད་ལ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་ཨེ་མ་ཧོས་གང་ཤར་སྨོན་པར་དགེའོ།།

unnamed

མཆན་འདི་སྤྲུལ་སྐུའི་འཕྲིན་ཕྲན་ལས་བཤུས། ཁམས་ཀྱི་མཁས་དབང་མ་ཧཱ་པཎ་ཌི་ཏ་ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་ཕྱག་བཏབ་པ་ནས་བཟུང་ད་ལོ་༢༠༡༤ལོའི་བར་བགྲང་བྱ་ཉིས་བརྒྱ་དོན་གཉིས་ཀྱི་ལོ་རྒྱུས་ལྡན་པའི་དཔལ་གྱི་ཆོས་སྡེ་ཆེན་མོ་རྡོ་གཡུ་ཐོག་རྣམ་རྒྱལ་དགོན་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་གི་༧བྱང་སེམས་སྤྲུལ་བའི་རྣལ་འབྱོར་ཆེན་པོ་སྐྱབས་རྗེ་བླ་མ་ཀརྨ་བསོད་ནམས་རིན་པོ་ཆེ་མཆོག་ནི་བསིལ་ལྡན་གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་ཞིང་ཁམས། ཆེན་པོ་བོད་ཀྱི་བྱེ་བྲག ཨ་མདོ་གསེར་ལྡན་འཛིན་མའི་ཐིག་ལེ། རྡོ་ཀླུང་དལ་གྱིས་འབབས་པའི་གཡས་ཟུར། རྡོ་སྟོད་ཡོག་མདའ་གཟས་གོར་བྱ་བར་བོད་རབ་བྱུང་བཅོ་ལྔ་བའི་ལྕགས་མོ་བྱ་ཡི་ལོ་སྟེ་ཕྱི་ལོ་༡༩༢༡ བོད་ཟླ་དང་བོའི་ཡར་ཚེས་བརྒྱད་ཀྱི་སྔ་དྲོར་དུད་ཁྱིམ་དབུལ་བོ་ཞིག་སྟེ་ཕ་བདེ་རྡོར་དང་། མ་འབའ་ལོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་སྐུ་འཁྲུངས་ཤིང་ཟླ་འདིའི་ཚེས་བརྒྱད་ཉིན་དགོངས་པ་ཆོས་དབྱིངས་སུ་རྫོགས་པ་དང་། དེ་རིང་བོད་ཟླ་དགུ་བའི་ཉེར་བདུན་ཉིན་ལ་སྐུ་གདུང་ཞུས་པ་ན་གདུང་འདི་འདྲ་ཆུང་ཆུང་འདུག

ངོ་སྤྲོད།

Post navigation

Previous Post: བོད་ཀྱི་འབྲོག་པ་གནས་སྤོ་དང་མེ་འཁོར་ལྕགས་ལམ་བཅས་སྐོར།
Next Post: དགེ་རྒན་ལགས། སེམས་ནང་གི་ཉི་མ།

Comments (2) on “༧སྐྱབས་མགོན་བླ་མ་ཀརྨ་བསོད་ནམས་དྲན་གདུང་གསོལ་འདེབས།”

  1. སྤོབས་པ་མཐའ་ཡས། says:
    2014-11-20 at 1:47 am

    བླ་མ་གྲོངས་པའི་སྐབས་སུ་སྐུ་ཕུང་ཆུང་དུ་ཕྱིན་པ་དང་། འཇའ་ཤར་བ། འབྲུག་གྲགས་པ་སོགས་བྱུང་སྐབས་སློབ་མ་ཚོས་སྤོབས་པ་ཆེན་པོས་ཤོད་སྲོལ་འདུག དོན་ངོ་མར་སྐུ་ཕུང་ཆུང་དུ་ཕྱིན་པ་དང་། འཇའ་ཤར་བ། འབྲུག་གྲགས་པ་སོགས་ཀྱིས་ཕན་ཐོགས་ཅི་ཞིག་ཡོང་གི་ཡོད་པ་རེད། ངས་སུ་གང་ལ་ཡང་ཟུར་ཟ་མིན། སྔོན་མ་ནས་འདིས་ཅི་ཞིག་ལ་ཕན་གྱི་ཡོད་པ་ཡིན་ནམ་སྙམ་པའི་དོག་པ་ཞིག་ཡོད་པས་དྲིས་ལན་རེ་གནང་མཁན་ཡོད་ན་ཕན་ཐོགས་འདུག

  2. པདྨ says:
    2014-11-21 at 7:16 am

    མཁས་དབང་ཆེན་མོ་སྤོབས་པ་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ། འདིར་ལན་རྒྱག་དགོས་དོན་ཡེ་མེད་མོད། ཡིན་ན་ཡང་དྲ་གྲོགས་རྙིང་པ་ཞིག་ཡིན་པའི་ཆ་ནས་ཚད་མ་རྣམ་འགྲེལ་ལས་མཚུངས་ན་འབྲེལ་གསུངས་པ་བཞིན་དུ་དགེ་བཤེས་ཕལ་མོ་ཆེ་བ་གྲོངས་པའི་སྐབས་སུ་སྐུ་ཕུང་ཆེ་རུ་ཕྱིན་པ་དང་། དྲི་ངན་བྲོ་བ། ཁྱི་ཟུག་པ། རོ་ལང་པ་སོགས་བྱུང་སྐབས་སློབ་མ་ཚོས་ལམ་རིམ་བཤད་པ་མི་མཐུན་ཚེ་གསང་རྒྱ་ཆེན་པོས་ཤོད་སྲོལ་འདུག དོན་ངོ་མར་སྐུ་ཕུང་ཆེ་རུ་ཕྱིན་པ་དང་། དྲི་ངན་བྲོ་བ། ཁྱི་རྒྱ་བོ་ཟུག་པ་དང་རོ་ལང་་པ་སོགས་ཀྱིས་ཕན་ཐོགས་ཅི་ཞིག་ཡོང་གི་ཡོད་པ་རེད། ངས་སུ་གང་ལ་ཡང་ཟུར་ཟ་མིན། སྔོན་མ་ནས་འདིས་ཅི་ཞིག་ལ་ཕན་གྱི་ཡོད་པ་ཡིན་ནམ་སྙམ་པའི་དོག་པ་ཞིག་ཡོད་པས་དྲིས་ལན་རེ་གནང་མཁན་ཡོད་ན་ཕན་ཐོགས་འདུག སྤོབས་པ་མཆོག་གིས་ལན་གསུངས་ལ་འབྲེལ་མཚུངས་སུ་ཕུལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme