Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧རྒྱལ་བ་རིན་པོ་ཆེར་དེ་འདྲ་ཞུ་ག་ལ་རུང་། 

Posted on 2017-02-132017-02-13 By ཁ་བརྡ 22 Comments on ༧རྒྱལ་བ་རིན་པོ་ཆེར་དེ་འདྲ་ཞུ་ག་ལ་རུང་། 

ཤར་ཕྱོགས་ཁུག་རྟ།

 
ཀླུ་མཁར་བྱམས་ཀྱིས་བོད་རིག་པར་ཤེས་ཚད་ཆེ་ཞིང་། བོད་རང་བཙན་ཐོག་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་རྒྱལ་བ་སྐུ་ཞབས་པེར་ལིན་ལ་མྱ་ངན་ཞུ་ཚིག ༼  ལོ 113 བཞུགས་དགོས་པའི་མི་དེ་ཁྱེད་ཡིན། ༽ཞེས་པའི་མཐོང་ཆུང་ཁྱད་གསོད་ཀྱི་སྐད་ཆ་དེས། སྐུ་ཞབས་པེར་ལིན་ནི་ཤུལ་ནག་ཅིག་བཟོས་སོང་ཨང་། གལ་སྲིད་སྐུ་ཞབས་པེར་ལིན་བོད་མི་ཞིག་ཡིན་ཚེ། ཁོང་གི་ནང་མི་ཚོས་ཀླུ་མཁར་བྱམས་ལ། ཁྱོད་ཀྱིས་ངའི་ཤི་བོའི་བླ་སྒུལ་སོང་། ཁྱོད་ཀྱིས་ངའི་ཤི་བོའི་ཤུལ་ནས་གཏམ་རྒྱུ་གླེང་རྒྱུ་མི་ཚེར་མི་དག་པ་ཞིག་བཟོས་སོང་ཞེས། སྡུག་གི་མིག་ཆུ་ཤ་ར་ར་གཏོང་བཞིན་ངུ་ངག་མི་འབོད་དམ།

unnamedངས་རྒྱ་ནག་གིས་ཡོན་རྒྱལ་རབས་ནས་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་པའི་སྐོར་གྱི་དཔྱད་ཞིབ་ལྡན་པའི་ལན་འདེབས་ལ་ལྟ་སྐབས། དཔེ་མཛོད་ཁང་གིས་བཏོན་པའི་དྲིས་ལན་བརྒྱ་བའི་ནང་གི་སྐུ་ཞབས་འདས་པོ་ཁོང་གིས་ལན་བསྐྱོན་པ་དེ་དང་། དེ་བཞིན་སྐུ་ཞབས་འདས་པོ་འབའ་བ་ཕུན་དབང་ལགས་རྣམ་པ་གཉིས་ཀྱི་དགོངས་ཚུལ་དང་དཔྱད་རྩོམ་དཔྱད་གཞི་གཙོ་བོར་འཛིན་གྱི་ཡོད་ལ། རྒྱ་ནག་ལ་ལན་འདེབས་རྩོམ་ཡིག་འབྲི་སྐབས་དེ་གཉིས་ནས་ཚིག་དོན་ལུང་འདྲེན་ཀྱང་ཞུས་མྱོང་། སྐུ་ཞབས་པེར་ལིན་ནི་གུང་བྲན་ཏང་གི་བཙན་འཛུལ་བོད་ས་ཡོངས་སུ་ཅི་ལྟར་སླེབས་པ་ནས་ད་བར་སྲིད་བྱུས་ཅི་ཞིག་ལག་བསྟར་བྱས་པ་ལའང་མཁྱེན་རྟོགས་ཞིབ་ཚགས་ལྡན་པ་ཞིག་རེད། ད་དུང་མཁས་པ་རབ་གསལ་ལགས་ཀྱིས་བྲིས་པའི་རྒྱུས་གཏམ་དེའི་ནང་ཁོང་སེམས་སྟེང་ནས་བོད་ལ་དགའ་མཁན་ཞིག་རེད་ཅེས་བྲིས་འདུག ཝ་ར་ན་སིར་མཁས་དབང་བྱམས་པ་བསམ་གཏན་དང་སྤུན་བདེ་ཆེན་སྒྲོལ་མ་སོགས་ཀྱིས་ཀྱང་རྗེས་དྲན་བསྔོ་སྨོན་ཞུས་འདུག དེ་ད་ཡིན་གདའ་ཡིན། མྱ་ངན་བསྔོ་སྨོན་ཞུ་དང་ཞུ།

སྐུ་ཞབས་པེར་ལིན་ཁོང་། བོད་ཀྱི་རྩ་དོན་ཆབ་སྲིད་རང་ལ་ཐུགས་སྣང་རྒྱབ་སྐྱོར་གནང་མཁན་ཞིག་ལས། བོད་མིའི་ནང་ཁུལ་གྱི་བཤད་ཉོག་ནང་ཇུས་གཏོགས་མི་བྱེད་མཁན་ཞིག་ཡིན་པ། དེ་སྔ་དུས་བབ་གསར་འགོད་པ་ཟུར་པ་ཚེ་རིང་རྒྱལ་ལགས་ཀྱིས་བཅའ་འདྲི་ཞུས་པ་དེར་གཟིགས་ན་ཤེས་ཐུབ་པ་ཞིག་རེད། ཡིད་སྐྱོ་བ་ཞིག་ལ། ཁོང་ལ་སུས་ལབ་པ་ཡིན་ནམ། དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བས་ལོ་རྒྱུས་ཐོག་བོད་རྒྱ་ཁོངས་ཡིན་པ་ཁས་བླངས་ཟིན་པ་ལྟ་བུའི་སྐྱག་རྫུན་ཞིག་ཞུས་འདུག དེ་ལ་ཁོང་གིས་ཐུགས་ཕམ་གནང་འདུག དོན་དངོས་པོར་དེ་ལྟར་གཏན་ནས་མིན་པས་དམིགས་བསལ་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་ཇེ་ཆེར་ཕྱིན། དེ་རྣམས་འཕྲོས་བཤད་ལྟ་བུ་ཆགས་སོང་།

དོན་རྩ། དེ་ལྟ་བུའི་སྐུ་ཞབས་འདས་པོ་ཁོང་ལ། ང་ཚོ་ཚང་མས་མྱ་ངན་ལོས་ཞུ། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་སྐབས་ཀྱང་ཁོང་བོད་རིག་པར་མཁས་པ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་གནང་བ་དེར་དུས་དང་རྣམ་པ་ཀུན་དུ་བཀའ་དྲིན་ཆེ་ཞུ་ཡི་ཡོད་ལབ་ཡིན། དེ་ཡང་སེམས་སྟེང་ནས་དེ་ལྟར་དྲན་སོང་། བོད་མི་སུ་གཅིག་གིས། ཁོང་གིས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་སའི་ལངས་ཕྱོགས་ལ་བསྙད་དེ་མཆོད་མེ་མི་འཇོག་པ། མ་ནི་མི་འདོན་མཁན་ཡོད་སྲིད་ཀྱི་མ་རེད། བོད་མི་ཚོས་རང་གི་དགྲ་ཞིག་ཤི་ན་ཡང་། ཤི་ཚར་དུས། མ་ནི་རེ་མི་འདོན་མཁན་ཡོད་པ་མ་རེད།

འོན་ཀྱང་ཀླུ་མཁར་བྱམས་ཀྱིས་གོ་སྐབས་དེ་བཟུང་ནས། ༧གོང་ས་མཆོག་ག་དུས་གཤེགས་ན་འགྲིག་མདོག་མདོག ཞལ་བཞུགས་ན་མ་བཞུགས་ན་ཁྱད་པར་གཏན་ནས་མེད་མདོག་མདོག ད་དུང་༧གོང་ས་ལྔ་པ་ཆེན་པོ་ལའང་ཟུར་ཟ་བྱས་ཏེ། བོད་མི་ཡོངས་ཀྱི་བསམ་འདུན་དང་མི་མཐུན་པ། གཞིས་བྱེས་བོད་མི་ཡོངས་ཀྱི་སེམས་ལ་གྲི་བཙུགས་པ་ལྟ་བུའི་སྙིང་ནད་འདི་འདྲ་སློང་དགོས་དོན་ཅི་ཞིག་ཡིན་ནམ། འདི་ལྟར་གནང་ན་གང་ལ་ཕན་ནམ། བོད་ཀྱི་རྩ་དོན་ལ་ཕན་ནམ། ༧གོང་ས་ཐམས་ཅད་མཁྱེན་པ་ཆེན་པོར་དེ་འདྲའི་སྙིང་ནད་འཛིན་དགོས་དོན་ཅི་ཡིན་ནམ། བོད་མི་ཡོངས་ཀྱི་རྒྱུ་མཚན་གཞི་རྟེན་དུ་བཟུང་པའི་འདུ་ཤེས་ལ་མཐོང་ཆུང་ཁྱད་གསོད། བརྩི་མེད་རྡོག་རུལ་དེ་འདྲ་གཏོང་དགོས་དོན་ཅི་ཡིན་ནམ། ང་གངས་ཅན་པའི་བཙན་པོ་ཡབ་མེས་རྣམ་པ། བོད་ལ་ཕྱི་དགྲ་འདི་ལྟར་རྒོད་དུས། ནང་ནས་འདི་འདྲའི་མ་རུང་བ་ཞིག་སྐྱེ་བ་ཅིས་ཉེས་སམ།

༧གོང་ས་ཐམས་ཅད་མཁྱེན་པ་༧བཅུ་བཞི་པ་ཆེན་པོས། དགུང་ལོ་བཅུ་དྲུག་ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ནས་ད་བར། རྒྱ་ནག་གཞུང་གི་ཁ་གཏད་ནས། མི་གྲངས་དུང་ཕྱུར་མང་པོའི་མགོ་གནོན་མཁན། ལོ་རྒྱུས་ནས་ལོ་རྒྱུས་ཆབ་སྲིད་ཀྱིས་སྦྲེལ་བའི་ཁོར་ཡུག་ནས་འཚར་ལོངས་བྱུང་བའི་མའོ་ཙེ་ཏུང་ནས་ཞིས་ཅིན་ཕིན་བར་གྱི་དཔོན་རིགས་ཚོའི་ཁ་གཏད་ནས། དཔལ་འབྱོར་གྱི་གནོན་ཤུགས་ཕུད་པའི་ཆབ་སྲིད་འཐབ་རྩོད་ཀྱི་མཁས་མཛངས་ལ། རྒྱ་ནག་གཞུང་གི་དཔོན་རིགས་དོམ་ནག་དེས་འཕྲལ་ཕུགས་གང་གི་དགོས་མཁོའི་ཐད་ནས་ཀྱང་གླགས་མ་རྙེད་པ་གསལ་བོ་ཡིན་བཞིན་དུ། ༧རྒྱལ་མཆོག་བསྟན་འཛིན་རྒྱ་མཚོར་དེ་འདྲའི་མཐོང་ཆུང་ཟུར་ཟ་ཚད་ལས་བརྒལ་བ་ཞུ་དོན་ཅི་ཞིག་ཡིན་ནམ། ཨ། བསོད་ཟད་པོ།

གུས་སོགས་དབུ་མའི་ལམ་ལ་ཡིད་ཆེས་ཀྱིས་རང་རེའི་འཐབ་རྩོད་དུ་ཞུགས་མཁན་དང་། དེ་བཞིན་དམིགས་ཡུལ་རང་བཙན་བཟུང་སྟེ་འཐབ་རྩོད་ལ་ཞུགས་མཁན་སུ་ཡིན་རུང་། གཞིས་བྱེས་བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་གང་ཅིའི་རྩ་དོན་བདེ་བླག་ཏུ་འགྲུབ་དགོས་ན། སྒྲུབ་པར་སེམས་ཤུགས་བསྐྱེད་གཞི། སྒྲུབ་ན་འགྲུབ་ངེས་ཡིན་མིན་གྱི་མཐར་ཐུག་གི་རེ་བའི་འབྱུང་ཁུངས་གོང་ན་མེད་པ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མ་རེད་དམ། རྩ་དོན་འདི་ལ་སྣང་མེད་བརྡལ་བཤིག་བཏང་བ་ཡིན་ན། བོད་གངས་ཅན་པ་རྣམས་ཀྱི་ཆིག་སྒྲིལ་གས་གཏོར། བོད་མི་རྣམས་ཀྱི་མངོན་འདོད་གཞོམས་སྲེག བོད་མི་རྣམས་ཀྱི་སེམས་པ་དམར་སྲེག མདོར་ན་བོད་གངས་ཅན་པ་རྣམས་ཁ་འཐོར་དགུ་གཏོར་དུ་བཏང་སྟེ། མཐར་བོད་མི་རིགས་ལ་མཛུབ་མོ་འཛུགས་ས་མེད་པ་ཞིག་ཆགས་སུ་འཇུག་འདོད་པ་ཡིན་ནམ། དེ་ལྟ་བུའི་ལས་དོན་དམིགས་འབེན་དུ་བཟུང་བའི་རྟགས་མཚན་ཤར་འདུག་པ་ཅི་ཡིན་ནམ། དེ་ལྟ་བུ་ཞིག་ཡོང་ཆེད་༧གོང་ས་མཆོག་ལ་ཤི་སྒུག་རྒྱག་གི་ཡོད་པའི་གཏམ་འཆལ་དེ་འདྲ་ཞིག་ཁྱོད་ལ་ཅི་ལྟར་བཤད་འདོད་སྐྱེས་སོང་།

སྨྲ་བརྗོད་རང་དབང་དང་མང་གཙོའི་རིང་ལུགས་གཉིས་ཀར་འདི་འདྲ་བཤད་ཆོག་པའི་རང་དབང་གང་ན་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེར་སྨྲ་བརྗོད་རང་དབང་གི་ས་མཚམས་བཀར་མེད་དོན། གཅིག་ནས་དུས་སུ་མ་བབ་ཅིང་། གཉིས་ནས་བོད་གངས་ཅན་པ་རྣམས་ལ་ཕ་མེས་ནས་བརྒྱུད་པའི་རྒྱུ་འབྲས་ཁྲིམས་ལུགས་ཤིག་ལྷན་གཤིས་སུ་ཡོད་པས་ཡིན་པ་ཡོངས་གྲགས་ཡིན། དེང་མང་གཙོ་ས་དར་རྡོ་དར་ཡིན་ཟེར་བའི་རང་རེའི་སྐྱབས་བཅོལ་ཞུ་ཡུལ། རྒྱ་གར་འཕགས་པའི་ཡུལ་ལ་མཚོན་ནའང་། རྩ་ཁྲིམས་དོན་ཚན་ ༡༩ པའི་ནང་སྨྲ་བརྗོད་རང་དབང་ལ་ས་མཚམས་ནང་གསེས་དོན་ཚན ༧ དུ་ཕྱེས་ཡོད་པ་མཁྱེན་ལྡན་རྣམས་ལ་གསལ་ཆུབ་བཞིན། མང་གཙོ་ཡིན་པ་ཙམ་གྱིས་གང་དྲན་བྱུང་རྒྱལ་གྱི་ཅ་ཅོ་བདག་མེད་དུ་གཏོར་ཚེ། ཐོབ་ཐང་དང་འགན་འཁུར་ཟུང་འབྲེལ་དུ་འགྲོ་མ་ཤེས་པའི་ཁྲིམས་གཅོད་འབབ་པ་དུས་རབས་ཉེར་གཅིག་པའི་འགྲོ་སྟངས་བརྟན་ཆགས་ཟིན་པ་ཞིག་ཡིན་པས། སྨྲ་བརྗོད་རང་དབང་དང་མང་གཙོའི་རིང་ལུགས་ལོངས་སུ་སྤྱོད་སྟངས་གཉིས་ཀར་རྩ་འགལ་ཡིན་པའང་གསལ་བོ་རེད།

ང་ཚོ་བོད་ཀྱི་རྩ་དོན་འགྲུབ་པའི་གེགས་རྐྱེན་ལ། དགྲ་བོ་གཉིས་ཡོད་པ་མངོན་སུམ་ཚད་གྲུབ་ཡིན། དེ་གཉིས་བོད་མི་ས་ཡ་དྲུག་གིས་མཁྱེན་གྱི་ཡོད། དེ་ནི་རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་ཁག་ཅིག་དང་། དེ་དག་གི་རྒྱུགས་ཁྱི་དོལ་རྒྱལ་ཁ་ལ་འཁྱེར་ནས་༧གོང་ས་མཆོག་ལ་ངོ་ལོག་ཞུ་མཁན་གཉིས་ཡིན་པ་ཡོངས་གྲགས་ཡིན་ལ། ད་ནི་༧གོང་ས་མཆོག་ལ་ཤི་སྒུག་རྒྱག་མཁན་གྱི་ཀླུ་མཁར་བྱམས་ཟེར་བ་དགྲ་བོ་གསུམ་པ་ཞིག་གསལ་བོ་ཆགས་པ་བོད་མི་རྣམས་ཀྱིས་ངེས་པར་དུ་གཟབ་པར་མཛོད་ཅིག།

        ༢༠༡༧། ༢། ༡༣། ཉིན།

བསམ་ཚུལ།

Post navigation

Previous Post: སྟས་ངན་གྱི་ཐ་སྙད་བཀོལ་བ་འདི་མྱ་ངན་རྩོམ་ཡིག་གི་འབྲི་སྟངས་ཡིན།
Next Post: རྒྱ་གར་བ་ཞིག་གིས་བྲིས་པའི་བཙན་བྱོལ་བོད་མིའི་ལོ་རྒྱུས།

Comments (22) on “༧རྒྱལ་བ་རིན་པོ་ཆེར་དེ་འདྲ་ཞུ་ག་ལ་རུང་། ”

  1. Abharu Jigwang says:
    2017-02-13 at 11:29 pm

    ༅༅། ཀླུ་དཀར་བྱམས་ཁྱོད་་་ཡིན་མདོག་དང་་་འཇོན་མདོག་། མཁས་མདོག་མ་སྟོན་། བྱོན་པོ་ཡིན་ན།
    ཕྱིར་ལ་འདོན་ནས་རྒྱུ་དམར་པོར་དོན་ལྡན་གྱི་ལན་རྩོད་གྱིས། དེ་མིན་ཁྱོད་ཀྱི་སྐྱབས་དེ་རྒྱ་དམར་པོ་
    ཡིན་ནམ། དོལ་རྒྱལ་ཚོགས་ཁུངས་རེད་་་མར་འདོན་ནས་གསལ་པོ་ཤོད།
    དེ་མིན་ཀླད་སྟོང་གི་སྐད་སྟོང་མ་བརྒྱབ། ཧ་གོ་སོང།

  2. ཁུ་བྱུག says:
    2017-02-14 at 12:00 am

    ཀླུ་མཁར་བྱམས་ཡ་ཀླུ་མཁར་བྱམས། ཁྱོད་ཀྱི་མིང་འབོད་རྒྱུར་རྣམ་རྟོག་ཟ་གི

  3. དྲི་མེད་ལྷག་བསམ། says:
    2017-02-14 at 2:18 am

    ཀླུ་མཁར་བྱམས་ཀྱི་སྐད་ཆ་དེ་ཚིག་སྐྱོན་ཞིག་ཡིན་མཆི། ༧གོང་ས་མཆོག་ལ་ཟུར་ཟའི་རྣམ་པས་བཤད་ན་དགག་པ་ཡོད། དེ་མིན་པར། ༼ཁྱོད་ཀྱང་ལོ་༡༡༣་ལ་བཞུགས་དགོས་པའི་མི་དེ་ཡིན། ༽ཞེས་བརྫོད་ན་སྐྱོན་ཡོད་པ་མ་མཐོང་། གལ་སྲིད་གོང་ས་མཆོག་ནམ་བཞུགས་བར་ཁྱོད་བཞུགས་པའི་རེ་བ་ཡོད་ཟེར་བ་དང་ཀུན་ནས་མཚུངས། མི་ལ་ཚེ་རིང་བོར་བཞུགས་པའི་སྨོན་པ་ལས་ཚེ་ཐག་ཐུང་བར་སྨོན་ལམ་འདེབས་ཚུལ་མེད། ནང་ཁུལ་དུ་རྩོད་པ་ཉུང་ན་མཛེས། མཐུན་སྒྲིལ་དམ་ན་ལེགས། ཨ་བོད་པ། ཚེ་རིང་རྒྱུ་ཚོ།

  4. ཁུ་བྱུག says:
    2017-02-14 at 3:45 am

    དྲི་མེད་ལྷག་བསམ། ཚིག་སྐྱོན་ཨེ། ཁྱོད་འདྲ་བ་མང་པོས་ད་བར་ཀླུ་མཁར་བྱམས་ལ་དེ་འདྲ་རྐྱང་ལབ་པས་ཁོ་གནས་སྟངས་འདིར་ཟགས་པ་རེད། ཁྱོད་རྒྱ་ཁྱི་ཞིག་མིན་ན། མངོན་སུམ་ལ་མ་བསྙོན། ཅིག་བཤད་ཁུལ་གྱིས་ཁ་བསྒྱུར་ན་བསམས་པས་མི་གླེན་པའི་གྲས་སུ་མ་བརྩི། རང་མདོག་བསྟན་ཡོང་།

  5. སྟག་མའི་མེ་ཏོག says:
    2017-02-14 at 4:51 am

    ཀླུ་མཁར་འབྱམས་ལ་རྒྱབ་སྐྱོར་བྱེད་རིན་ཡོད་ན་ངས་ཀྱང་བྱེད། ཡིན་ནའང་དེ་ལྟར་བྱས་ན་ང་ཡང་ཁོ་ལྟ་བུར་འགྱུར་ཉེན་འདུག
    གང་ཡིན་ཟེར་ན། ཀླུ་མཁར་འབྱམས་ཀྱིས་ཁོ་བ་རང་ཉིད་གཡག་རྐུ་མཁན་མིན་པ་དག་སེལ་བྱས་པའི་བརྙན་འཕྲིན་དེ་ནས་གཡག་རྐུས་པ་ར་སྤྲོད་ཡོང་གི་འདུག
    བོད་དབུས་ཁུལ་ལ་མཚོན་ན། ལོ་རབས་བརྒྱད་བཅུའི་གོང་དང་། ལྷག་པར་དུ་ལོ་རབས་བརྒྱད་ཅུ་པ་ནས་ཆབ་སྲིད་བཙོན་པ་གྲངས་ལས་འདས་པ་ཞིག་ཡོད། ཡིན་ནའང་ཆབ་སྲིད་བཙོན་པ་གང་ཞིག་ཐོག་མའི་ཉེས་དོན་གང་ཞིག་ཡིན་པ་དེར་རང་འཇགས་འཇོག་པ་ལས། དེའི་ངོ་བོར་འགྱུར་བ་གཏོང་བའི་དབང་ཆ་སུ་ཞིག་ལ་མེད་ལ་གཏོང་ཆོག་གི་ཡང་ཡོད་པ་མ་རེད། ཆབ་སྲིད་ཀྱི་གནད་དོན་ཞིག་རྐུ་མའི་ཉེས་དོན་ལ་བསྒྱུར་མི་སྲིད་པ་ཞིག་རེད། དེ་ལྟར་འགྱུར་བ་ཡིན་ནའང་དོ་དག་གིས་ཁས་ལེན་གཏན་ནས་བྱེད་མི་སྲིད་པ་ཞིག་རེད།
    དོན་གནད་འདིའི་ཐོག་ནས་ཀླུ་མཁར་འབྱམས་ཀྱིས་གཡག་བརྐུས་པའི་དོགས་པ་ཆེ་རུ་ཕྱིན་སོང་།
    ད་འོ་ན་ཨ་མདོ་ཁུལ་ལ་རྒྱ་མིས་དམིགས་བསལ་གྱི་སྲིད་ཇུས་ཤིག་བཏོན་ནས་ཆབ་སྲིད་ཀྱི་གནད་དོན་རྐུ་མའི་ངོ་བོར་བསྒྱུན་ནས་བཙོན་ནས་གློད་བཀྲོལ་གཏོང་གི་ཡོད་པ་ཨེ་རེད།
    ཨ་མདོ་ཁུལ་ལ་གཡག་རྐུས་ན་ཉེས་པ་ཆུང་བ་ཡོད་པ་རེད་པས།
    བོད་དབུས་ཁུལ་ལ་གཡག་རྐུས་ན་ཉེས་པ་ཆེན་པོ་རེད། རྒྱ་མའི་ཨ་ཁུ་རྒྱལ་མཚན་གྱིས་གཡག་གཅིག་རྐུས་ནས་ལོ་ཚད་ལོ་ ༧ བཟོས་ཏེ་བཙོན་བཅུག་བྱས་པ་རེད།

  6. སྟག་མའི་མེ་ཏོག says:
    2017-02-14 at 5:10 am

    གཡག་རྐུས་པ་རེད་ཟེར་གྱི་མེད། གསལ་བཤད་དེ་ངོ་མ་ཡ་མཚན་ཞིག་འདུག་་་

  7. སྟག་མའི་མེ་ཏོག says:
    2017-02-14 at 5:12 am

    https://www.facebook.com/lhakyinyuga.lama?fref=ts

  8. རང་བཙན་བུ། says:
    2017-02-14 at 5:14 am

    གཡག་ཅིག་རྐུས་པས་ཆབ་སྲིད་བཙོན་པར་གྱུར།།
    རང་བཙན་འོག་ནས་ལྟོ་གོས་གཏམ་རྣམས་བཙལ།།
    རྒྱལ་བར་རྒོལ་ནས་རྒྱ་དངུལ་ཆར་པ་བབས།།
    དེ་འདྲའི་ཀླུ་ཁར་བྱམས་པའི་སྐྱིད་མདོག་ལ།།

  9. ལྷ་སྲས་དར་མ། says:
    2017-02-14 at 9:59 am

    གང་ལྟར་སུ་ཡིན་རུང་༩༠ ཡོལ་ན་ཡོལ་ཚར་བ་རེད་༩༠ རྗེས་ལ་སུ་ཡིན་རུང་སེམས་པ་དང་ལུས་པོ་རྒྱུན་བརྟན་རྟར་ཡོད་མ་རེད་དེ་དུས་ཉེན་ཁ་ཧ་ཅང་ཆེན་པོ་རེད། བོད་རྒྱལ་ལོ། གོང་ས་མཆོག་རྒྱལ་ལོ་ནམ་ཡང་རྒྱལ་བ་ཤོག

  10. ཨ་ནུ་ཐང་བསོད་ནམས says:
    2017-02-14 at 10:42 am

    འོས་ཤོག་གི་སྐབས་ཀྱི་ན་ཚ་རྙིང་བ་དེ་ད་དུང་སངས་ཡོད་ས་མ་རེད། འདི་འདྲ་ནང་ཁུལ་ལ་འཁོན་སེམས་བཟུང་བ་ཡིན་ན་མཐུན་སྒྲིལ་ཅི་ལྟར་ཡོང་།

  11. རྒྱ་ཞིང་མྱི་དཀར། says:
    2017-02-14 at 12:04 pm

    ཀླུ་བྱམས་ཚད་ལས་བརྒལ་སོང་ནི་རེད་ཡ་ངོ་མ་ཡིད་སྐྱོ་ཀི་

  12. རྒྱ་ཞིང་མྱི་དཀར། says:
    2017-02-14 at 12:05 pm

    ཤར་ཁུག་ལགས་ནས་ཡག་པོ་བྲིས་གནང་འདུག་ཐུགས་རྗེ་ཆེ།

  13. རྒྱ་ཞིང་མྱི་དཀར། says:
    2017-02-14 at 12:06 pm

    འོས་ཤོག་ལ་འབྲེལ་བ་གང་ཡང་མེད་འདི་ནི་ཀླུ་བྱམས་ཚད་ལས་བརྒལ་སོང་བ་རེད་མ་གཏོགས་གཞན་ཅི་ཡིན་

  14. འབྲོང་བུ་སོག་ཚ། says:
    2017-02-14 at 12:18 pm

    ཤར་ཁུག་གིས་རྒྱ་དམར་གྱི་རྒྱལ་དར་འཁྱེར་ནས་ཡར་རྒྱུགས་མར་རྒྱུགས་བྱས་པར་༧གོང་ས་མཆོག་དགོངས་པ་མ་ཚོམས་ན། ཀླུ་བྱམས་ཀྱིས་བོད་རྒྱལ་ཁབ་ཀྱི་གྲོགས་པོ་ཞིག་ལ་དགུང་ལོ་ ༡༡༣ རིང་འཚོ་བཞུགས་ཐུབ་པའི་སྨོན་ལམ་བྱས་ན་སྐྱོན་ཆ་ཅི་ཨེ་ཡོད་ན། བསམ་བློ་ཐོངས། ཆིག་སྒྲིལ་མ་བཤད། ཆིག་སྒྲིལ་གྱིས།

  15. ཆོས་འཕེལ་དར་རྒྱས་ says:
    2017-02-14 at 3:48 pm

    ཤར་ཕྱོགས་ཁུག་རྟས་རྒན་མོ་ལ་ཀླུ་བྱམས་ཀྱིས་ལྐོག་ལས་བྱས་འདུག་པས་ད་ཤར་ཁུག་གིས་འདི་འདྲ་རེ་མི་འབྲི་རང་འབྲི་རེད་ཨ་རོགས་ཆ་བོ།

  16. བོད་ཁམས་སྡེ། says:
    2017-02-14 at 4:45 pm

    སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་འགྲོ་བ་ཀུན་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་མི་ཡིས་བུ་ལྟར་སྐྱོང་བར་མཛད་པའི་ས་བཅུའི་སེམས་པ་ཆེན་པོར། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་གཙུག་རྟུ་བཀུར་བ་འོས་པའི་བཞིན་གྱི་ནོར་བུ་རིན་པོ་ཆེ་ཁོང་ལྟ་བུ་ཞིག་ལ། ཉམ་ཆུང་ཀླུ་མཁར་བྱམས་ཀྱིས་སྐད་ཆ་ཚིག་གསུམ་བཤད་པ་ལ་བརྟེན་ནས་༧རྒྱལ་བའི་ཐུགས་དང་མགལ་འགྲོ་བ་མ་ཟད་ཧ་ལམ་ཁོང་གི་སྐུ་ཚེ་ཡང་ཐུང་དུ་འགྲོ་ཡི་ཡོད་ཚུལ་བཤད་མཁན་དག་ནི་རྣམས་ཀུན་རྟུ་དྲྭ་ལམ་ཁག་དུ་གོ་སྐབས་ནམ་རྙེད་ལ་སྤྱི་དོན་ཁ་ལ་ཁྱེར་ནས་དར་ཕྱར་ རང་དོན་ཁོག་དུ་སྦས་ནས་དུང་འབུད་མཁན་ཀྱང་ཡིན་པ་མ་ཟད་ ཁྱེད་ཚོའི་རྒྱུད་ལ་༧གོང་ས་མཆོག་ནི། སྟོད་ན་དགའ་མཆོག་མཆོག་དང་ སྨད་ན་སྡུག་མཆོག་མཆོག་གི་སྐྱེ་བོ་ཕལ་པ་ཞིག་གི་འདུ་ཤེས་ལས་མེད་པ་ནི་ཧ་ཅང་གི་བློ་འཕམ་རེད་ མཐའ་དོན་༧གོས་ས་མཆོག་སྐུ་ཚེ་༡༡༣མ་ཚད་ཇི་སྲིད་བསྐལ་པར་མ་སྟོངས་ཀྱི་བར་དུ་དེ་སྲིད་དུ་བཞུག་པའི་སྨོན་ལམ་དང་ བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་ཞུ་ བོད་རྒྱལ་ལོ།།།

  17. བཀྲ་ཤིས། says:
    2017-02-14 at 8:01 pm

    སྤྱི་གོ་ཆོད་པའི་གཏམ་ནི། མཆན་ ༡༡ ༡༥ ༡༧ པ་དེ་གསུམ་འདུག།
    གཞན་ཅི་མི་ཤེས་། སྡིག་པ་འཁུར།

  18. སྐལ་བཟང། says:
    2017-02-14 at 10:51 pm

    ང་ཚོས་སྤྱི་ཚོགས་དེ་ཡར་རྒྱས་འགྲོ་རྒྱ་མེད་ཐག་གཅོད་རེད། བསམ་ཚུལ་འདྲ་མིན་ཡོང་ཆོག་པ་ཡིན། གུང་ཁྲན་ཏང་ནང་བཞིན་མ་གནང། སྐྱོན་འཛུགས་དང་སོ་སོས་ལྟ་བ་མ་མཚུངས་ན་དེ་ལ་དེ་མ་ཐག་ངན་བཟུང། སོ་སོའི་ཁེ་ཕན་གཅིག་པུ་ལ་མི་བལྟ་བར་ཕུང་རགྱང་རིང་པོ་ལྟོས།

  19. ཨ། says:
    2017-02-15 at 2:10 am

    མཆན་ཞིག་མ་བརྒྱབ་ན་སེམས་མི་སྐྱིད་མཁན།
    ཁྱོད་རང་བོད་མི་ཞིག་ཡིན་འདོད་ན། བོད་ཀྱི་སྐྱབས་མགོན་ཡིད་བཞིན་ནོར་བུའི་རྗེས་འཇུག་ཅིག་ཡིན་འདོད་ན། དགྲ་དགའ་གཉེན་སྡུག་གི་སྐད་ཆ་མ་མང་། འུར་སློང་ཐབས་ཁོ་ནར་མ་འབད། ངག་གི་ཀུན་སྤྱོད་ངན་པ་རེ་རེས་ནི། སེམས་ཀྱི་འཁྱེར་སོ་ངན་པ་རེ་རེ་འཁྲིད་འོང་ལ། སེམས་ཀྱི་འཁྱེར་སོ་ངན་པ་རེ་རེས་ནི། སྡུག་བསྔལ་དང་གོད་ཆགས་གང་ཞིག་འཁྱེར་འོང་། དེ་ནི་མི་སྒེར་ནས་བཟུང་སྟེ་ཚོགས་པ་དང་ཡུལ་ཁམས་ཀུན་ཏུ། ནགས་ལ་མེ་མཆེད་པའི་ཟོལ་གྱི་འཇིགས་སྐྲག་རེད། འཇིགས་སྐྲག་དེ་བདག་གིར་བྱེད་རན་དུས། ང་ཚོ་ངུ་སར་ཐུག་པ་རེད། དེས་ན། ཁྱོད་ཀྱིས་ཞིབ་འཇུག་གི་སྐད་ཆ་བཤད་མི་ཤེས་ན། སུ་ཞིག་གིས་བཤད་བཞག་པར་མཉན་ཨེ་ཤེས་ལྟོས། དེའང་མ་ཤེས་ན། ཁྱོད་ཀྱིས་དོན་དག་དེའི་ཐད་ནས་བཤད་ཀྱང་དགོས་པ་མ་རེད་ལ། མཉན་ཡང་དགོས་པ་མ་རེད། རང་གི་འགྲོ་སྟངས་ལ་རང་གིས་ཤེས་ནས་ཚོད་གཟུང་ཐུབ་ཚེ། ཁྱོད་ཀྱིས་སུལའང་གནོད་བསྐྱལ་ག་ལ་དཔེ། དེ་ནི་མ་མཐའ་ཡང་སོ་སོས་ཤེས་དགོས་པ་ཞིག་མིན་ནམ།

  20. གཡུ་ཐོག says:
    2017-02-16 at 2:31 am

    བོད་ཀྱི་ཁ་དཔེར། ར་བསད་ལུག་འདར་ཞེས་པ་ལྟར། ད་རེས་ཀླུ་མཁར་བྱམས་ལ་ལམ་སྟོན་གྱི་སྣ་སུན་དོན་ལྡན་ཞིག་སྤྲོད་མི་ཐུབ་ཚེ་མ་འོངས་པར་ཁོ་འདྲ་བའི་དྲི་ལན་ལོག་འཇལ་བ་བཅུ་ཉི་ཤུ་མི་ཡོང་བའི་ངེས་པ་གང་ཡང་མེད། གང་ལྟར་གོང་དུ་མང་པོས་བརྗོད་པ་ལྟར། ཁོས་གཡག་བརྐུས་ཡོད་ན་འདྲ་མེད་ན་འདྲ། བཙོན་ཟུར་དངོས་ཡིན་ན་མིན་ན་འདྲ། གང་ལྟར་ཁོས་བྱ་བཞིན་པའི་ལས་རྣམས་རྒྱ་དམར་ལ་དགོས་པའི་ལས་ཤ་སྟག་ཡིན། བོད་མི་སྤྱི་བོ་གནམ་བསྟན་པ་ཞིག་གིས་བྱེད་ལས་ནམ་ཡང་མིན། ཐབས་སྡུག་རེད།

  21. ཀརྡོ་རབ་འབྱམས་པ་ says:
    2017-02-16 at 8:50 am

    ཀླུ་མཁར་བྱམས་ནི། དྲིན་ལན་ལོག་འཇལ་བ་ཞིག་རེད་དོ།།

  22. གཡུ་ཐོག་བུ། says:
    2017-02-17 at 11:15 am

    དཔྱད་ཞིབ་ཀྱི་རིན་ཐང་ལྡན་པའི་དགོངས་ཚུལ་གསུངས་པར་འདོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme