Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧རྒྱལ་བ་རིན་པོ་ཆེ། གཞན་ཡུལ་ནས་གཤེགས་སོང་ན།

Posted on 2010-11-01 By དབང་ཕྱུག་ 6 Comments on ༧རྒྱལ་བ་རིན་པོ་ཆེ། གཞན་ཡུལ་ནས་གཤེགས་སོང་ན།

བོད ལྷ་ཀླུ་གཉན་གསུམ།

ནམ་ཞིག་༧རྒྱལ་བ་རིན་པོ་ཆེ་ཚང་ཡང་ངེད་ཅག་འགྲོ་བ་མི་སྤྱི་མཚུངས་ལྟར། འཛམ་གླིང་ཟླུམ་པོ་འདི་དང་ཞལ་གྱེས་ངེས་ཡིན། དེ་ནི་ཟློག་ཏུ་མེད་པའི་སྐྱེ་བའི་མཐར་འཆི་བ་ཟེར་བ་དེ་ཡིན་པ་ཀུན་ལ་གསལ། དེས་ན་ང་ཚོས་ད་ལྟ་ནས་ལོ་ངོ་ག་ཚོད་ཅིག་གི་རིང་དུ་༧ཁོང་གི་སྐུ་ཚེ་བརྟན་མིན་ཡང་མི་ཤེས། མི་ཤེས་པའི་རྒྱུ་མཚན་དེ་ལ་བརྟེན་ནས། བོད་ཡུལ་གྱི་སྐྱེ་འགྲོ་ཡོངས་ཀྱིས་ཁོང་ཉིད་ལ་སྐྱེ་ཡུལ་བོད་ནས་མ་གཤེགས་སྔོན་ དུ་མཇལ་འདོད་ཀྱི་མདུན་པ་དེ་ནི་བོད་མི་ཡིན་ཚད་ཀྱི་སེམས་ཁོང་དུ་ཤར་སེ་ཡོད།
སྤྱི་དོན་རྡོག་རྡོག་རང་ཞུས་པ་ཡིན་ན། རྒྱལ་བ་རིན་པོ་ཆེ་ཚང་། རང་ཡུལ་དུ་ཕེབས་མ་པར་གཞན་ཡུལ་གང་ཞིག་ནས་ཞིང་དུ་ཕེབས་ཚེ། དེ་ཡི་ནག་ཉེས་དངོས་ནས་དེ་སུ་ལ་འགེལ་དགོས་ཀྱི་ཡོད། དེ་ལ་བསམ་བློ་གཏོང་ས་ཆེན་པོ་གཉིས་འདུག གཅིག་ཤོས་དེ་ནི་ཚང་མས་ཤེས་གསལ་རེད། རྒྱ་ནག་སྲིད་གཞུང་གི་སྲིད་འཛིན་པ་ ལྟས་ངན་དེ་དག་ལ་ངག་ཁག་དཀྲིས་ཆོག་ཆོག་ཡིན། འོན་ཀྱང་། བསམ་བློ་ཕྱོགས་གཞན་ནས་བཏང་བ་ཡིན་ན། བོད་གཞིས་བྱེས་གཉིས་ལ་འགན་ཞིག་ཡོད།
གཞིས་བྱེས་གཉིས་ཀྱི་རྒྱལ་བ་རིན་པོ་ཆེ་ཚང་བོད་དུ་ཕེབས་རྒྱུར་དངོས་ཤུགས་བརྒྱུད་གསུམ་གང་ཅིའི་ཐད་ནས་འབད་བརྩོན་བྱས་ཡོད་དང་མེད་ཟེར་བ་དེ་ཡིན། དེ་ནི་དངོས་ནས་བོད་ཀྱི་མ་འོངས་པའི་གཞོན་རབས་པ་དེ་དག་གིས་ད་ལྟའི་མི་རབས་འདི་ལ་དྲི་བ་འདོན་སྲིད་པ་ཡིན་ལ། དེ་ཡི་ལན་ཡང་ད་ལྟ་ནས་གྲ་འགྲིག་པོ་ཞིག་བྱེད་དགོས་པ་ཡིན། དེ་ལྟར་བྱེད་མ་ཐུབ་པ་ཡིན་ན། ད་གཟོད་ད་ལྟའི་མི་རབས་འདིར་རྒྱལ་བ་རིན་པོ་ཆེ་གཞན་ཡུལ་ནས་ཞིང་དུ་ཕེབས་བཅུག་པའི་ནག་ཉེས་བཀལ་ཆོག་པ་ཡིན།
དེས་ན་རྒྱལ་བ་རིན་པོ་ཆེ། བོད་ཡུལ་དུ་ཕེབས་འདོད་ཡོད་མེད་ཀྱི་བསམ་གཞིགས་བྱེད་མཁན་ཡང་དེང་དུས་ཀྱི་མི་ རབས་གསར་བ་དག་གི་སེམས་ངོགས་སུ་ཡོང་གི་ཡོད་ལ། སྐད་ཆ་ལྡོམ་པོ་འགའ་དང་འགྲོགས་ནས་ཁ་ཤས་ཀྱི་དེ་ཉིད་བདེན་དུ་རློམ་མཁན་ཡང་བྱུང་གི་ཡོད། དེ་ཡི་རིགས་ནི་དངོས་ནས་བཤད་ན་ཁ་ཤས་ཀྱིས་གནད་འགག་ལ་མཐོང་གི་མེད་ཀྱང་། ལོ་དང་ཟླ་ངོ་མང་བོ་སོང་ན། མི་རབས་ཤིག་འཚར་ལོངས་བྱུང་སྟེ་འོང་དུས། ད་གཟོད་དེ་ཡང་གནད་འགག་གི་སྐད་ཆ་ཞིག་ཏུ་འགྱུར་ཆོག་པ་ཡིན། དེས་ན་བོད་མི་སྤྱི་བོ་ཡོངས་ཀྱིས་རྒྱལ་བ་རིན་པོ་ཆེ་ཚང་སྐུ་ངོ་མ་བོད་དུ་ཕེབས་ འདོད་ཡོད་མེད་དེ་ཡང་གསལ་བོ་ཤེས་དགོས་ཀྱི་ཡོད། རེད་དེ། ང་རང་གི་བསམ་ཚུལ་ཞིག་ཞུས་ན། མི་ཞིག་གི་འདུ་ཤེས་ཀྱི་སྟེང་ནས་བཤད་ན། རྒྱལ་བ་རིན་པོ་ཆེ་ཚང་། རང་གི་སྐྱེ་ཡུལ་དུ་ཕེབས་རྒྱུར་འདོད་པ་ཏན་ཏན་ཡོད་ངེས་ཡིན།
ང་ཚོ་བོད་མི་ཡོངས་ཀྱིས་མཐར་ཐུག་གི་ གནད་འགག་གཞན་ཞིག་གསལ་བོ་ཤེས་དགོས་ཀྱི་ཡོད། དེ་ནི་རྒྱ་ནག་སྲིད་གཞུང་གིས་རྒྱལ་བ་རིན་པོ་ཆེ་ཚང་། ཆ་རྐྱེན་གང་ཡང་མེད་པའི་ཐོག་བོད་ཡུལ་ལ་སྐུ་འཚོ་བཞུགས་སྐབས་སུ་གདན་འདྲེན་མ་ཞུས་པ་ཡིན་ན། བོད་མི་སྐྱེ་འགྲོ་ཡོངས་ཀྱིས་དེ་ཡི་ནག་ཉེས་རྒྱ་ནག་སྲིད་གཞུང་ལ་འགེལ་དགོས་པ་ཡིན་ལ། བསྐལ་བ་ཇི་སྲིད་བར་དུ་རྒྱ་ནག་སྲིད་གཞུང་ལ་རྒྱལ་བ་རིན་པོ་ཆེ་ཚང་གི་སྐུ་དབང་ ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་པའི་དབང་ཆ་གཏན་ནས་མེད་པར་ཡོངས་ཁྱབ་གསལ་བསྒྲགས་བྱེད་དགོས་ཀྱི་ཡོད། ལྷག་པར་དུ་དེ་ནས་བཟུང་། རྒྱ་ནག་སྲིད་གཞུང་ལ་བསམ་ཤེས་བྱེད་ཐུབ་མཁན་གྱི་མི་རབས་ཀྱང་མཇུག་རྫོགས་སྲིད་ པ་དེ་རྒྱ་ནག་སྲིད་གཞུང་གི་དཔོན་ངན་དེ་དག་གིས་གསལ་བོ་ཤེས་དགོས་པ་ཡིན།

སྣ་ཚོགས།

Post navigation

Previous Post: རྩོམ་པ་པོ་འོད་ཟེར་ལགས་འཛིན་ཉེར་ཡོད་པ་འདྲ།
Next Post: བོད་ལ་སྐྱིད་པའི་་ཉི་མ་ཅུང་ཙམ་འཆར་།

Comments (6) on “༧རྒྱལ་བ་རིན་པོ་ཆེ། གཞན་ཡུལ་ནས་གཤེགས་སོང་ན།”

  1. ཀརྡོ་རབ་འབྱམས་པ་ says:
    2010-11-01 at 2:30 pm

    ཤོད་འདོད་མེད་ཀྱང་། གཞན་ཡུལ་དུ་གཤེགས་མི་དགོས་པའི་ཕྱིར་དུ་༧གོང་ས་མཆོག་རང་གིས་ངོས་ནས་རྒན་ཡོལ་དུ་བཞུགས་འདོད་པ་འདི་ཆ་རྐྱེན་དང་པོ་རེད། གཉིས་པ་དང་གསུམ་པ་ནི། ཁྱེད་ཀྱིས་གསུངས་པ་ལྟར་བོད་གཞེས་བྱེས་གཉིས་ཀྱིས་སྐད་འབོད་དང་ལས་འགུལ་འཀའ་ལས་བརྒྱག་དགོས་པ་དང་། རྒྱ་མི་ལས་བྱེད་ཚང་མ་རིག་འཚོ་མི་ཟིན་པ་ཡིན་ན་མ་གཏོགས། རྒྱ་གཞུང་ངོས་ནས་བསམ་བློ་ནན་ཏན་གཏོང་དགོས་པའི་དུས་ཚོད་ལ་བསླེབས་ཡོད་རེད།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2010-11-01 at 2:49 pm

    ཀརྡོ་རབ་འབྱམས་པ་ལགས། ༧རྒྱལ་བ་རིན་པོ་ཆེ་ཚང་རྒན་ཡོལ་དུ་བཞུགས་པ་ཡིན་ན། རྒྱ་ནག་གི་སྲིད་གཞུང་འཛིན་མཁན་གྱི་མི་རིགས་རང་ལུགས་ཀྱི་ལྟ་བ་མཁྲེགས་པོ་ཞིག་ཤ་གསེང་ནས་རུས་གསེང་དུ་འཐིམ་ཟིན་པ་དང་། སྐྱེ་བ་སྔ་ཕྱི་དང་མི་རིགས་གཞན་གྱི་ཐོབ་ཐང་ལ་བརྩི་བཀུར་མི་བྱེད་པ་དེ་དག་གིས་བསམ་ཤེས་ཇི་ལྟར་གནང་གི་རེད་དམ།

  3. ཁྱུང་དཀར says:
    2010-11-01 at 2:53 pm

    གོང་གི་རྩོམ་ཡིག་འདིར་གོང་ས་མཆོག་གི་སྐུ་ཚེ་བརྟན་མིན་དང་ཁོང་ཕ་ཡུལ་དུ་ཕེབས་འདོད་ཡོད་མེད་བཤད་ཡོད་ཀི གོང་ས་མཆོག་ཕ་ཡུལ་དུ་ཕེབས་འདོད་ཡོད་མེད་བཤད་མ་དགོས་བ་ཞིག་དང་ཉེ་ཆར་ཧང་རྒ་རིར་ཁོང་གིས་རྒྱ་མིའི་ལག་འཁྱེར་སྟེང་ནས་ཕ་ཡུལ་དུ་ཕེབས་འདོད་ཡོད་པའི་གསུང་བཤད་གནང་འདུག གཙོ་བོ་གཞིས་ལུས་རྒྱ་ཆེ་མི་དམངས་ཀྱི་དད་འདུན་དང་སྙིང་སྟོབས་བླ་ན་མེད་པ་ཞིག་ཡིན་ནའང་། ཁོང་ཕ་ཡུལ་དུ་ཕེབས་བསུའི་ཕྱོགས་ལ་དེ་ཙམ་བསམ་བློ་གཏོང་གི་ཨེ་ཡོད། གལ་སྲིད་བསམ་བློ་གཏོང་གི་ཡོད་ཚེ་རྒྱ་ནག་གཞུང་ལ་རེ་འབོད་ཞིག་དང་མཉམ་དུ་ཆོལ་གསུམ་བོད་མི་ཡོངས་རྫོགས་མཉམ་འདུས་ཀྱིས་གོང་ས་མཆོག་ཕ་ཡུལ་དུ་གདན་འདྲེན་ཞུ་དགོས་པའི་གྱེན་ལངས་ཆེན་པོ་ཞིག་བྱེད་ཐུབ་ན། ད་གཟོད་ཁོང་ཕ་ཡུལ་དུ་ཞབས་སོར་འཁོར་ཐུབ་པའི་རེ་བ་ཧ་ཅང་ཆེ།

  4. རང་བཙན་ལྡེའུ་ says:
    2010-11-02 at 2:25 am

    ༧རྒྱལ་བ་རིན་པོ་ཆེ་བོད་དང་རྒྱ་ནག་རི་བོ་རྩེ་ལྔ་སོགས་ལ་ཕེབས་རྒྱུའི་དགོངས་གཞི་སྐོར་སྔ་མོ་ནས་ལན་མང་གསུངས་ཚར་རེད་ ཉེ་བའི་ཆར་ཡང་སྐྱེ་དགུ་མདོའི་ས་ཡོམ་རྗེས་གཞིས་ལུས་སྤུན་ཟླའི་རྒྱ་དམར་གཞུང་ལ་རེ་འདུན་ཞུས་གསལ་བཞིན་ ༧གོང་ས་མཆོག་གང་ཉིད་དང་ སྐུ་ཚབ་རྒྱ་རི་རིན་པོ་ཆེ་ནས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་བྱུང་ན་ཞག་ཞེ་དགུ་དང་ དེ་མིན་ལོ་མཆོད་གང་རུང་ལ་བོད་དུ་ལན་གཅིག་ཕེབས་ཐུབ་ཐབས་སུ་འབད་བརྩོན་ཡོད་དགུ་རྩ་དྲུག་གནང་ཡོད་ཀྱང་ རྒྱ་དམར་གཞུང་ནས་ལོ་ལྔ་བཅུའི་གོང་ནས་ད་ལྟ་བར་ རང་རྒྱལ་དགོས་པ་དང་གཞན་ཕམ་དགོས་པ་ལས་རྒྱུ་ཚན་འགྲོ་ས་མེད་པའི་སྲིད་བྱུས་ཀྱི་ལྟ་བ་ཁྲེགས་བཟུང་ཁོ་ནའི་ཐོག་ ༧གོང་ས་མཚོག་དང་ བཙན་བྱོལ་བོད་གཞུང་ བོད་ཕྱི་ནང་མི་རིགས་ཀྱི་འདོད་པའི་བསམ་ཚུལ་གང་བཤད་པ་དེར་རྒྱ་དམར་གཞུང་ནས་རྒྱུན་དུ་ནས་༼གང་དུ་ན་ཟུགས་ཆེ་བ་གཏོང་ས་དེ་རུ་ཞུ་དགོས་༽ཞེས་པའི་དཔེ་ལྟར་ རྒྱ་ཆ་རྒྱ་ཐམས་པ་བོད་མི་རིགས་ཀྱི་བསམ་པའི་རེ་དོན་དང་ ཟློག་ཕྱོགས་ཁོ་ན་བྱེད་ཀྱང་བྱེད་པ་ལས་བོད་མི་རིགས་ཀྱི་རེ་དོན་དང་དཀའ་ལ་བསམ་ཞིབ་སྤུ་ཙམ་བྱེད་ཀྱི་མེད་ལྟབས་ཇི་སྲིད་ད་ལྟའི་དམར་ཤོག་གི་རྒྱ་གཞུང་དབང་འཛིན་པ་དེ་དག་ལ་འགྱུར་བ་མ་ཕྱིན་བར་ ༧གོང་ས་མཆོག་གི་ཐུགས་འདོད་ཡོད་ཀྱང་རུང་ བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་པའི་གང་བྱས་ཀྱང་རུང་ ཨ་རི་དང་ ཡུ་རོབ་མཐུན་ཚོགས་ འཛམ་གླིང་རྒྱལ་སྤྱི་སོགས་གང་དུ་རེ་བསྐུལ་ཞུ་འབོད་ཀྱིས་གནོན་ཤུགས་ཇི་ཙམ་སྤྲད་ཀྱང་རྒྱ་དམར་གཞུང་ནས་མགུལ་བསྐྱོད་སྤུ་ཙམ་གཏོང་གི་མེད་པའི་དབང་གིས་ ༧གོང་ས་མཆོག་བོད་ལ་ཕེབས་མི་ཐུབ་པ་ལས་ ༧གོང་ས་མཆོག་བོད་ལ་ཕེབས་རྒྱུའི་དགོངས་པ་མེད་པ་དང་ དེའི་ཐོག་འབད་བརྩོན་མི་གནང་བ་ དེ་བཞིན་བོད་ཕྱི་ནང་གཉིས་ཀའི་བོད་རིགས་ནས་དེའི་ཐད་འབད་བརྩོན་མ་གནང་བ་མ་རེད་བསམ་གི་ གལ་སྲིད་༧གོང་ས་མཆོག་སྐུ་ཚིའི་མཇུག་དུ་བོད་ནང་ཕེབས་ཨེ་ཐུབ་བསམ་པའི་དྲང་བདེན་གྱི་སེམས་ཚབས་ཡོད་ན་ དེའི་དོན་དུ་ལས་མགྭུལ་ཞིག་བརྩམ་དེ་འགོ་འཁྲིད་ གཞན་ལའང་བསྐུལ་མ་དང་ ལམ་བསྟོན་བྱས་ནས་ཐབས་ཤེས་བྱེ་དགོས་པ་ལས་ དྲ་རྒྱའི་ནང་དུ་ གཅིག་བྱེད་དགོས་རེད་་་་་་་ གཉིས་བྱེད་དགོས་འདུག་་་་་་་་་་ གསུམ་ཡོད་ངེས་ཡིན་་་་་་་་་་་་་ ཟེར་བ་སོགས་གཞན་ལ་བཀའ་ཀྱང་ཀྱང་བཏོང་བའི་རྩོམ་ཡིག་རྫིགས་པོ་རེ་སྤེལ་བསྡད་ན་དོན་ཆི་མི་འགྲུབ་།

  5. གཙང་ཁའི་བུ says:
    2010-11-02 at 6:59 am

    དྲ་གྲོགས་ཚོ། སྤྱིར་བཏང་བཤད་ན་ལྷ་ཀླུས་བཤད་པ་ལྟར་༸ཕྱག་མ་པདྨོ་མཆོག་རང་ཡུལ་དུ་ཕེབས་མ་ཐུབ་པའི་འགན་དེ་ང་ཚོ་བོད་མི་ལ་མེད་ཅེས་ཞུ་མི་ཐུབ་པར་མ་ཟད། ཏན་ཏན་འགན་དེ་ཡོད་ཡོད་རེད། རེད་དེ་ང་ཚོ་བྱེས་འབྱོར་བ་ཚོས་འདིའི་དོན་དུ་དམིགས་བསལ་ལས་འགུལ་ཞིག་སྤེལ་མེད། འོན་ཏེ་གཞིས་ལུས་སྤུན་ཟླས་༢༠༠༨ལོའི་ཞི་རྒོལ་ཆེན་མོའི་ནང་སྐད་འབོད་བྱེད་རེས་བཞིན་དོན་ཚན་གཅིག་དེ་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཞེས་པ་དེ་རེད་དེ། རྒྱ་དམར་གྱིས་གནད་ཤུགས་འོག་ལུས་སོང་ཡོད།

    དངོས་གནས་ང་ཚོ་བོད་གཞིས་བྱེས་གཉིས་ཀྱིས་༸གོང་ས་མཆོག་རང་ཡུལ་དུ་གདན་འདྲེན་གྱི་ཆེད་དུ་༢༠༠༨ལོའི་ལས་འགུལ་ལྟ་བུ་ཞིག་སླར་སྤེལ་ཐུབ་ན་གྲུབ་འབྲས་མེད་པ་ཞིག་རྩ་བ་ནས་མ་རེད་སྙམ།

    ལྷག་དོན་རྒྱ་ཆེ་སྨྱུག་ཐོགས་ཚོས་འདིའི་ཐད་ལས་འགུལ་གང་འདྲ་ཞིག་སྤེལ་དགོས་མིན་གྱི་བསམ་འཆར་ཞིག་བསྡུ་རུག་གིས་ལས་འགུལ་གསར་པ་ཞིག་སྤེལ་ཐུབ་ན་དུས་ལ་བབ་འདུག་གོ།

  6. བོད། ལྷ་ཀླུ་གཉན་གསུམ། says:
    2010-11-02 at 3:39 pm

    ཁྱུང་དཀར་ནས། བདག་གི་བསམ་ཚུལ་ལ་ཉན་ཤེས་བྱས་པ་དེར་བཀའ་དྲིན་ཆེ་ལགས།

    རང་བཙན་ལྡེའུ་ལགས། ཉིད་ནས་གསུངས་པ་དེ་དག་གི་ཁྲོད་དུ་ཡང་བདེན་པ་དངོས་ནས་འདུག ང་དང་ཁྱེད། འུ་ཚོས་རང་རང་གང་ན་ཡོད་པ་དེ་ནས་གང་བྱེད་ཐུབ་ཀྱི་འདུག གང་རན་པོ་འདུག དེ་ལ་བསམ་ནས་ལས་འགུལ་ཏན་ཏན་སྤེལ་དགོས་ཀྱི་ཡོད་པ་རེད། དེ་ལ་ངས་བྱེད་དང་ཁྱེད་རང་གི་བྱེད་དགོས་ཟེར་ནས་ནས་འདུག་ས་ཞིག་ལྷག་མི་འདུག ཏན་ཏན་རེད། ང་ཚོས་དེ་ཡི་ཆེད་དུ་གང་བསམ་པ་ནས་གང་བྱེད་ན་བཟང་མིན་སྐོར་ལ་སྐད་ཆ་ཞིག་ཡོར་ན་སྙམ་ནས་ངས་འདི་ནས་གྲོས་འགོ་བསླངས་པ་ཡིན་ལགས།

    གཙང་ཁའི་བུ་ལགས། དངོས་ནས་རེད། འུ་ཅག་གིས་དངོས་ནས་ཆིག་སྒྲིལ་ཁ་ནས་སྒྲོག་ནས་བསྡད་པ་ལས། ཆིག་སྒྲིལ་ལག་ལེན་ལ་འཁེལ་ནས་ད་གཟོད་རྒྱ་ནག་སྲིད་གཞུང་གིས་ཁས་མི་ལེན་ཐབས་མེད་ཀྱི་ལས་སུ་བརྩོན་པ་བྱེད་དགོས་ཀྱི་འདུག དེ་ཡང་ཚོགས་པ་དང་གཞུང་གི་མི་སྣ་མཚན་སྙན་གྲགས་ཡོད་མཁན་ཞིག་ནས་འགོ་ཁྲིད་ཐུབ་པ་ཡིན་ན། དམིགས་བསལ་གྱི་ནུས་པ་་ཡོད་པར་གདོན་མི་ཟ་བ་ཡིན། དེ་ཡིན་དུས་སྣེ་ཁྲིད་མཁན་དེ་ནི་སྙིང་སྟོབས་ཡོད་པ་དང་། རང་ཉིད་བློས་གཏོང་བྱེད་པར་གྲྭ་སྒྲིག་ཡོད་པ་ཞིག མི་མང་བོ་ཞིག་གིས་གང་ཙམ་ཤེས་མཁན་ཞིག་ཏན་ཏན་ཡིན་དགོས་ཀྱི་འདུག དེ་མིན་ན། མི་ཚང་མས་ཆ་འཇོག་བྱེད་རྒྱུ་དེ་ཡང་ཁག་པོ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme