Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧རྒྱལ་དབང་ཀརྨ་པའི་སྒྱུར་རྩོམ་གསར་པ། (སྐྱི་སེར་རླུང་གིས་ཁྱེར།)

Posted on 2016-10-272016-10-27 By ཁ་བརྡ་ 15 Comments on ༧རྒྱལ་དབང་ཀརྨ་པའི་སྒྱུར་རྩོམ་གསར་པ། (སྐྱི་སེར་རླུང་གིས་ཁྱེར།)

རྩོམ་པ་པོ། བྷོབ་ཌི་ལན།
སྒྱུར་པ་པོ། ༧རྒྱལ་དབང་ཀརྨ་པ།

 
དཀའ་སྡུག་གི་ལམ་བུ་ཇི་ཙམ་ཞིག་བགྲོད་ནས།
ད་གཟོད་ཁྱོད་ལ་སྐྱེས་པ་ཕོ་ཞེས་འབོད་དམ།
ཕུག་རོན་དཀར་མོས་རྒྱ་མཚོ་ཇི་ཙམ་ཞིག་བརྒལ་ནས།
ད་གཟོད་བྱེ་མའི་ཁྲོད་དུ་བདེ་མོར་ཉལ་ཆོག་གམ།
རེད་ཡ། སྒྱོགས་མདེལ་གྱི་འཕུར་ལྡིང་ཇི་ཙམ་ཞིག་བྱས་ནས།
ད་གཟོད་དེ་དག་གཏན་དུ་མཚམས་འཇོག་བྱེད་ཐུབ་བམ།
ལན་ནི། ངའི་གྲོགས་པོ། སྐྱི་སེར་རླུང་གིས་ཁྱེར།
ལན་ནི་སྐྱི་སེར་རླུང་གིས་ཁྱེར།

རེད་ཡ། རི་བོ་རྣམས་ལོ་གྲངས་དུ་ཙམ་གྱི་བར་གནས་ནས།
ད་གཟོད་རྒྱ་མཚོའི་ནང་དུ་ཐིམ་འགྲོ་འམ།
རེད་ཡ། མི་འགའ་ཞིག་ལོ་ངོ་ཇི་ཙམ་རིང་གསོན་པོར་གནས་ན།
ད་གཟོད་ཁོང་རྣམས་ལ་རང་དབང་ཐོབ་ཐུབ་བམ།
རེད་ཡ། མི་ཞིག་གིས་ཇི་སྲིད་བར་ལྟག་ཁུང་བསྟན་ནས།
མ་མཐོང་མདོག་མདོག་བྱེད་ཐུབ་བམ།
ལན་ནི། ངའི་གྲོགས་པོ། སྐྱི་སེར་རླུང་གིས་ཁྱེར།
ལན་ནི་སྐྱི་སེར་རླུང་གིས་ཁྱེར།

རེད་ཡ། མི་ཞིག་གིས་མགོ་བོ་ཇི་ཙམ་བར་བཏེགས་ནས།
ད་གཟོད་ཁོས་གནམ་སྔོན་མོ་རིག་ཐུབ་བམ།
རེད་ཡ། མི་ཞིག་ལ་རྣ་བ་ཇི་ཙམ་ཞིག་ཡོད་ན།
ད་གཟོད་ཁོས་མི་གཞན་གྱི་ངུ་སྐད་ཐོས་ཐུབ་བམ།
རེད་ཡ། མི་ཇི་ཙམ་ཞིག་ཤི་ན་ད་གཟོད་ཁོས།
མི་ཧ་ཅང་མང་པོ་གྲོངས་སོང་བསམ་ཡོང་ངམ།
ལན་ནི། ངའི་གྲོགས་པོ། སྐྱི་སེར་རླུང་གིས་ཁྱེར།
ལན་ནི་སྐྱི་སེར་རླུང་གིས་ཁྱེར།

ད་ལོ་༢༡༠༦ ལོའི་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་མཁན་མཁས་དབང་བྷོབ་ཌི་ལན་གྱིས་སྤྱི་ལོ་ ༡༩༦༢ ལོར་བརྩམས་པའི་ཞི་བདེ་དང་དམག་འཁྲུག་རང་དབང་བཅས་ཀྱི་གནད་དོན་ལྡན་པའི་ངོ་རྒོལ་རང་བཞིན་གྱི་གཞས་ཚིག་འདི་ཉམས་མཚར་གྱི་ཚུལ་དུ་བསྒྱུར་བ་ཡིན། འོན་ཀྱང་དབྱིན་ཡིག་ནས་སྙན་རྩོམ་བསྒྱུར་བ་ཐོག་མ་ཡིན་པས་ཚང་མས་རྒྱབ་སྐྱོར་ཡོད་པར་ཞུ།

འགྱུར་རྩོམ།, སྙན་ངག

Post navigation

Previous Post: ཉིན་མཚན་ཀུན་ཏུ་རང་གི་སྐད་ཡིག་གསོན་ལ་བརྩོན།
Next Post: འོད་ངོགས་ཀྱི་གདོང་།

Comments (15) on “༧རྒྱལ་དབང་ཀརྨ་པའི་སྒྱུར་རྩོམ་གསར་པ། (སྐྱི་སེར་རླུང་གིས་ཁྱེར།)”

  1. འབྲོང་བུ་སོག་ཚ། says:
    2016-10-27 at 9:50 am

    དཔལ་ལྡན་བླ་མའི་༧ཞབས་པད་བརྟན་པ་དང་།
    མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་།
    བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་བྱང་ནས།
    མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག།

  2. BONPO says:
    2016-10-27 at 10:15 am

    སྐྱི་སེར་རླུང་གིས་ཁྱེར་་་ཞེས་པའི་བསྒྱུར་རྩོམ་འདི་དངོས་གནས་༧རྒྱལ་དབང་ཀརྨ་པ་མཆོག་གིས་བསྒྱུར་གནང་བ་ཞིག་ན། བསྒྱུར་རྩོམ་ཡག་པོ་ཡོད་པ་ཐག་གིས་ཆོད། རྒྱབ་སྐྱོར་ལོས་བྱེད། རྒྱབ་སྐྱོར་ཡོད་ཞུ། ཡིན་ནའང་མ་རྩོམ་དངོས་གནས་དེ་འདིར་མཉམ་སྦྱར་གནང་བ་ཡིན་ན། དཔའ་མེད་ནའང་། དམག་མིས་ཚད་ཚད། ཟེར་བའི་དཔེ་ལྟར་། ང་ཚོས་ག་འདྲ་འདུག་བལྟ་ཆོག་པ་རེད།
    ད་ལོ་༢༡༠༦་་་་་འདི་ཕལ་ཆེར་༢༠༡༦་་་ཡིན་པར་སེམས། །
    སྐྱི་སེར་་་་ཞེས་པའི་ཚིག་འདི་ལ་འགྲེལ་བཤད་རྒྱག་ཤེས་མཁན་ཡོད་དམ། སྤྱིར་སྟངས་ཀྱི་དྲི་བ་ཞིག་ཡིན།

  3. ཀརྡོ་རབ་འབྱམས་པ་ says:
    2016-10-27 at 11:58 am

    སྐྱི་སེར་ནི། སྐྱི་སེར་རམ་སྐྱི་བསེར་དང་། རླུང་དང་། ལྷགས་པ། སྐྱི་སེར་རླུང་རྣམས་ཕལ་ཆེར་དོན་གཅིག་ལྟ་བུར་གོའོ།།

  4. ལྷོ་མཐའི་ཕུག་རོན། says:
    2016-10-28 at 8:16 am

    རྒྱབ་སྐྱོར་ཙམ་གྱིས་མི་ཚད་པར་ང་ཚོའི་མ་འོངས་བའི་རེ་བ་བྱེད་ས་སྐུ་ཉིད་ཡིན། བདག་གི་བླ་མ་ལགས།

  5. སྦྲ་དཔལ་ལྡན། says:
    2016-10-28 at 8:20 am

    རྒྱལ་དབང་ཀརྨ་བས་བསྒྱུར་གནང་མཛད་པས་བསྒྱུར་རྩོམ་དེ་ཐེངས་ཤིག་བཀླགས་ཡིན་ འོན་ཀྱང་། རྒྱབ་སྐྱོར་ཙམ་མིན་པར་ རྒྱལ་དབང་མཆོག་གིས་མཛད་འཕྲིན་དང་ཤེས་བྱའི་གཤོག་ཟུང་འཛམ་གླིང་ལ་ཁྱབ་པས་ཡིད་ཆེས་ཡོད་

  6. དགའ་སྐུ་ says:
    2016-10-28 at 10:39 am

    “Blowin’ In The Wind”

    སྐྱི་སེར་རླུང་གིས་ཁྱེར།

    ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ།

    How many roads must a man walk down
    Before you call him a man?
    How many seas must a white dove sail
    Before she sleeps in the sand?
    Yes, and how many times must the cannon balls fly
    Before they’re forever banned?

    The answer, my friend, is blowin’ in the wind
    The answer is blowin’ in the wind.

    དཀའ་སྡུག་གི་ལམ་བུ་ཇི་ཙམ་ཞིག་བགྲོད་ནས།
    ད་གཟོད་ཁྱོད་ལ་སྐྱེས་པ་ཕོ་ཞེས་འབོད་དམ།
    ཕུག་རོན་དཀར་མོས་རྒྱ་མཚོ་ཇི་ཙམ་ཞིག་བརྒལ་ནས།
    ད་གཟོད་བྱེ་མའི་ཁྲོད་དུ་བདེ་མོར་ཉལ་ཆོག་གམ།
    རེད་ཡ། སྒྱོགས་མདེལ་གྱི་འཕུར་ལྡིང་ཇི་ཙམ་ཞིག་བྱས་ནས།
    ད་གཟོད་དེ་དག་གཏན་དུ་མཚམས་འཇོག་བྱེད་ཐུབ་བམ།

    ལན་ནི། ངའི་གྲོགས་པོ། སྐྱི་སེར་རླུང་གིས་ཁྱེར།
    ལན་ནི་སྐྱི་སེར་རླུང་གིས་ཁྱེར།
    Yes, and how many years can a mountain exist
    Before it is washed to the sea?
    Yes, and how many years can some people exist
    Before they’re allowed to be free?
    Yes, and how many times can a man turn his head
    And pretend that he just doesn’t see?

    The answer, my friend, is blowin’ in the wind
    The answer is blowin’ in the wind.

    རེད་ཡ། རི་བོ་རྣམས་ལོ་གྲངས་དུ་ཙམ་གྱི་བར་གནས་ནས།
    ད་གཟོད་རྒྱ་མཚོའི་ནང་དུ་ཐིམ་འགྲོ་འམ།
    རེད་ཡ། མི་འགའ་ཞིག་ལོ་ངོ་ཇི་ཙམ་རིང་གསོན་པོར་གནས་ན།
    ད་གཟོད་ཁོང་རྣམས་ལ་རང་དབང་ཐོབ་ཐུབ་བམ།
    རེད་ཡ། མི་ཞིག་གིས་ཇི་སྲིད་བར་ལྟག་ཁུང་བསྟན་ནས།
    མ་མཐོང་མདོག་མདོག་བྱེད་ཐུབ་བམ།

    ལན་ནི། ངའི་གྲོགས་པོ། སྐྱི་སེར་རླུང་གིས་ཁྱེར།
    ལན་ནི་སྐྱི་སེར་རླུང་གིས་ཁྱེར།

    Yes, and how many times must a man look up
    Before he can see the sky?
    Yes, and how many ears must one man have
    Before he can hear people cry?
    Yes, and how many deaths will it take ’til he knows
    That too many people have died?

    The answer, my friend, is blowin’ in the wind
    The answer is blowin’ in the wind.

    རེད་ཡ། མི་ཞིག་གིས་མགོ་བོ་ཇི་ཙམ་བར་བཏེགས་ནས།
    ད་གཟོད་ཁོས་གནམ་སྔོན་མོ་རིག་ཐུབ་བམ།
    རེད་ཡ། མི་ཞིག་ལ་རྣ་བ་ཇི་ཙམ་ཞིག་ཡོད་ན།
    ད་གཟོད་ཁོས་མི་གཞན་གྱི་ངུ་སྐད་ཐོས་ཐུབ་བམ།
    རེད་ཡ། མི་ཇི་ཙམ་ཞིག་ཤི་ན་ད་གཟོད་ཁོས།
    མི་ཧ་ཅང་མང་པོ་གྲོངས་སོང་བསམ་ཡོང་ངམ།

    ལན་ནི། ངའི་གྲོགས་པོ། སྐྱི་སེར་རླུང་གིས་ཁྱེར།
    ལན་ནི་སྐྱི་སེར་རླུང་གིས་ཁྱེར།

    ད་ལོ་སྤྱི་ལོ་ ༢༠༡༦ ལོའི་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་མཁན་མཁས་དབང་བྷོབ་ཌི་ལན་གྱིས་སྤྱི་ལོ་ ༡༩༦༢ ལོར་བརྩམས་པའི་ཞི་བདེ་དང་། དམག་འཁྲུག །རང་དབང་བཅས་ཀྱི་གནད་དོན་ལྡན་པའི་ངོ་རྒོལ་རང་བཞིན་གྱི་གཞས་ཚིག་འདི་ཉམས་མཚར་གྱི་ཚུལ་དུ་བསྒྱུར་བ་ཡིན། འོན་ཀྱང་དབྱིན་ཡིག་ནས་སྙན་རྩོམ་བསྒྱུར་བ་ཐོག་མ་ཡིན་པས་ཚང་མས་རྒྱབ་སྐྱོར་ཡོད་པར་ཞུ། ༧རྒྱལ་དབང་མཆོག་གི་ངོ་དེབ་ན་ཡོད་པ་དེ་བཤུས་པ་ཡིན།

  7. སེང་ཕྲུག་བརྟན་པ། says:
    2016-10-28 at 11:02 am

    འགྱུར་ལེགས་པོ་འདུག བླ་མ་ཁྱེད་ལ་རེ་བ་ཆེན་པོ་ཡོད། དེ་ལྟ་བུའི་བྲིས་རྩོམ་རེ་མཇལ་དུས་སེམས་གཏིང་ནས་དགའ་སྤྲོའི་ལྦུ་བ་ཚད་མེད་འཕྱུར། བླ་མ་སངས་རྒྱས་ཁྱེད་ཀྱི་རྟོགས་པ་ལྷ་དང་མཉམ་ཡང་ཀུན་སྤྱོད་མི་དང་མཐུན་པའི་རྣམ་སྟོན་གྱིས་ཀུན་མཁྱེན་ཡིན་ཡང་མ་མཁྱེན་པའི་ཚུལ་མཛད་པ་ངོ་མཚར་ཆེ། མ་འོངས་བོད་ཆིག་སྒྲིལ་ཟེར་ན་ཁྱེད་ཡིན། མ་འོངས་བོད་རང་བཙན་ལྡན་རྒྱལ་ཁབ་ཟེར་ན་ཁྱེད་ཡིན། མ་འོངས་བོད་ཆོས་ལྡན་གྱི་རྒྱལ་ཁབ་ཟེར་ན་ཁྱེད་ཡིན། ༸གོང་ས་མཆོག་གི་ལམ་སྟོན་རྒྱུན་འཛིན་བྱ་མཁན་ཁྱེད་ཡིན། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དེ་བཞིན་ལྷ་མི་ནུས་སྟོབས་ལྡན་པས་བྱིན་རླབས་གྲོགས་མཛོད་ཅིག

  8. བཟོད་པ་རྒྱ་མཚོ། says:
    2016-10-29 at 1:31 pm

    རྒྱབ་བ་ཀརྨ་པ་ལགས་སྐུ་ཉིད་ལ་རྒྱབ་སྐྱོར་བྱེད་དང་བྱེད་སྐུ་ཉིད་ཀྱི་ཤེས་རིག་གི་ཞིང་སར་ལོ་ལེགས་ཀྱི་ཉེ་མ་རེ་རེ་མཐོང་དུས་ང་ནི་སྐུ་ཉིད་ལ་དུང་ཞིང་སྐུ་ཉིད་ལ་དད།

  9. ཀརྡོ་རབ་འབྱམས་པ་ says:
    2016-10-29 at 11:31 pm

    How many roads must a man walk down
    Before you call him a man?
    How many seas must a white dove sail
    Before she sleeps in the sand?
    Yes, and how many times must the cannon balls fly
    Before they’re forever banned?

    The answer, my friend, is blowin’ in the wind
    The answer is blowin’ in the wind.

    ལམ་ཁ་མང་པོ་ག་ཚོད་ཙམ་ཞིག་ལ་ཕྱིན་ཟིན་ནས། །
    ད་ལྟ་གཞི་ནས་ཁྱོད་ལ་སྐྱེས་པ་ཕོ་ཞེས་འབོད་དམ། །

    ཕུག་རོན་དཀར་པོས་རྒྱ་མཚོ་ཇི་ཙམ་ཞིག་བརྒལ་ཟིན་ནས། །
    ད་ལྟ་གཞི་ནས་བྱེ་མའི་ཁྲོད་དུ་བདེ་ལྷོད་ཉལ་ཆོག་གམ། །

    རེད། ད་དུང་མེ་སྒྱོགས་སྒྱོགས་མདེལ་ག་ཚོད་ཇི་ཙམ་འཕུར་ལྡིང་བྱས་ཟིན་ནས། །
    ད་ལྟ་གཞི་ནས་དེ་དག་གཏན་དུ་མཚམས་འཇོག་བྱེད་ཐུབ་བམ། །

    ངའི་གྲོགས་པོ། ལན་ནི། ལྷགས་པས་རླུང་ཁྱེར་རེད།
    ལན་ནི། ལྷགས་པས་རླུང་ཁྱེར་རེད།
    ་
    དིང་གི་ཁ་སྐད་དུ་ཀརྡོས།།

  10. ཀླུ་སྨྱོན། says:
    2016-10-29 at 11:59 pm

    དབྱིན་ཡིག་གི་wind ལ་རླུང་ངམ་རླུང་བུ་ཙམ་བྲིས་ན་ག་འདྲ་འདུག དམངས་ཁྲོད་ཀྱི་བྲེ་སེར་འབྲོང་ཞེས་པར་གོ་རྒྱུ་ཞིག་ཡོད་ཀྱང་། སྐྱི་སེར་རླུང་ཞེས་པ་འདི་ལ་གོ་རྒྱུ་ག་འདྲ་ཡོད་ན།

  11. ཀརྡོ་རབ་འབྱམས་པ་ says:
    2016-10-30 at 12:13 am

    དྲ་གྲོགས་སྙན་དངགས་པ་ཀླུ་སྨྱོན་རང་གིས་ཅིག་སྒྱུར་གནོངས་དང་།

  12. ཀླུ་སྨྱོན། says:
    2016-10-30 at 12:16 am

    རྩོམ་པ་པོ། སྦོབ་སྒྲི་ལན།
    སྒྱུར་པ་པོ། ཀླུ་སྨྱོན།

    དཀའ་ཚེགས་ལམ་བུ་ཇི་ཙམ་བགྲོད་གྱུར་ན།།
    ད་གཟོད་ཁྱོད་ལ་སྐྱེས་པ་ཞེས་སུ་འབོད།།
    ཕུག་རོན་དཀར་མོས་རྒྱ་མཚོ་ཅི་ཙམ་ཞིག།
    བརྒལ་ན་ད་གཟོད་བྱེ་གསེང་བདེར་གཟིམ་ཆོག།

    ལགས་སོ་སྒྱོགས་མདེལ་འཕུར་ལྡིང་ཅི་ཙམ་ཞིག།།
    བྱས་རྗེས་དེ་དག་གཏན་དུ་མཚམས་འཇོག་ནུས།།
    ལན་ནི་བདག་གྲོགས་རླུང་གིས་ཁུར་བ་དང་། །
    ལན་ནི་རླུང་གིས་ཁུར་བ་ཞེས་པའོ།།

    ལགས་སོ་རི་ཚོགས་ཇི་སྙེད་ལོར་གནས་རྗེས།།
    ད་གཟོད་རྒྱ་མཚོའི་ནང་དུ་ནུབ་འགྲོ་འམ།།
    ལགས་སོ་མི་འགའ་ཇི་སྙེད་ལོར་གནས་རྗེས།།
    གཞི་ནས་ཁོ་ཚོར་རང་དབང་ཐོབ་ཐུབ་བམ།།

    ལགས་སོ་སུ་ཡིས་རྒྱུན་དུ་རྒྱབ་བསྟན་ནས།།
    མ་མཐོང་མདོག་མདོག་བྱེད་པར་ནུས་སམ་ཅི།།
    ལན་ནི་བདག་གྲོགས་རླུང་གིས་ཁུར་བ་དང་། །
    ལན་ནི་རླུང་གིས་ཁུར་བ་ཞེས་པའོ།།

    ལགས་སོ་མི་ཞིག་མགོ་བོ་ཅི་ཙམ་བར།།
    བཏེགས་ན་ད་གཟོད་གནམ་སྔོན་མཐོང་ཐུབ་བམ།།
    ལགས་སོ་སུ་ལ་སྒྲ་འཛིན་ཅི་ཙམ་ཞིག།
    ཡོད་ན་གཞན་གྱི་ངུ་སྐད་ཐོས་ཐུབ་བམ།།

    ལགས་སོ་མི་ནི་ཅི་ཙམ་ཤི་གྱུར་ན།།
    ད་གཟོད་ཁོ་ཡིས་མི་མང་གྲོངས་བསམ་མམ།།
    ལན་ནི་བདག་གྲོགས་རླུང་གིས་ཁུར་བ་དང་། །
    ལན་ནི་རླུང་གིས་ཁུར་བ་ཞེས་པའོ།།

  13. ཀརྡོ་རབ་འབྱམས་པ་ says:
    2016-10-30 at 12:38 am

    How many roads must a man walk down
    Before you call him a man?
    How many seas must a white dove sail
    Before she sleeps in the sand?
    Yes, and how many times must the cannon balls fly
    Before they’re forever banned?

    The answer, my friend, is blowin’ in the wind
    The answer is blowin’ in the wind.
    ་
    བོད་ལུགས་ཚིགས་བཅད་དུ།
    ་
    ངན་ལམ་འོག་ལ་མང་པོར་ག་ཚོད་ཕྱིན་ཚར་ནས། །
    ད་དུང་ཁྱོད་ལ་སྐྱེས་པ་ཕོ་ཞེས་འབོད་རུང་ངམ། །

    ཕུག་རོན་དཀར་པོས་རྒྱ་མཚོ་ག་ཚོད་བརྒལ་ཟིན་ནས། །
    ད་ལྟ་བྱེ་མའི་ཁྲོད་དུ་བདེ་ཉལ་དྲན་བྱུང་ངམ། །

    ཡིན་འགྲོ།
    ད་དུང་མེ་མདེལ་ག་ཚོད་འཕུར་ལྡིང་བྱས་ཟིན་ནས། །
    གཞི་ནས་དེ་དག་གཏན་དུ་མཚམས་འཇོག་བྱེད་ཐུབ་བམ། །

    ང་ཡི་གྲོགས་པོ་དེ་ཡི་ལན་ནི་རླུང་ཁྱེར་རེད། །
    དེ་ཡི་ལན་ནི་ལྷགས་པས་རླུང་ནང་ཁྱེར་འདྲ་ཟེར། །
    ཀརྡོས།

  14. གནམ་ says:
    2016-10-30 at 4:10 am

    ཁྱོས།
    ཁོང་ནི་མྱི་ཞིག་རེད་མ་ལབ་པའི་ཡར་སྔོན་དུ།
    ལམ་སྣ་ག་ཚོད་ཞིག་ལ།
    མྱི་ཞིག་དངོས་པར་དུ་འགྲིམ་དགོས།

    How many roads must a man walk down
    Before you call him a man?

    འདི་འདྲ་ཞིག་རེད། འཕྲོ་མ་ཚང་མ་བསྒྱུར་ཁོམ་མི་འདུག།

    གོང་གི་བསྒྱུར་གཞན་པ་ཚང་མ་ཚོད་ཚོད་དུ་བྲིས་བ་རྐྱང་རེད། མ་རྩོམ་དང་འབྲེལ་བའི་དྲི་བ་དང་འབྲེལ་མེད་རེད། ཧ་ཧ་ཧ།

  15. བཀྲ་ཤིས says:
    2023-07-11 at 12:18 am

    ཚིག་སྦྱོར་གྱི་འགྲོས་སྙན་ཞིང་དོན་བདེ་ལག་ཏུ་གོ་ཐུབ་ཀྱི་འདུག ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme