Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧མགོན་པོ་མཆོག་གི་མཚན་གནས་སྲུང་སྐྱོབ།

Posted on 2019-07-22 By འཚོ་བྱེད་བུ 7 Comments on ༧མགོན་པོ་མཆོག་གི་མཚན་གནས་སྲུང་སྐྱོབ།

ཆུ་རླངས་འབྲུག་བྱམས། ༢༠༡༩།༧།༡༧

ཉེ་ཆར་བྷི་བྷི་སི༼ BBC ༽ གསར་ཁང་གི་གསར་འགོད་པ་༼ Rajini ༽ཟེར་བ་ཞིག་གིས་༧གོང་ས་མཆོག་ལ་བཅར་འདྲི་ཞུས་པའི་སྐབས་སུ་སྐུའི་ཡང་སྲིད་སྐོར་གྱི་བཀའ་འདྲི་ཞིག་དང་འབྲེལ་ནས་ནུབ་ཕྱོགས་ཀྱི་བུད་མེད་ཐོབ་ཐང་རྩོད་ལེན་པ༼ Feminist ༽་ཁག་ཅིག་གིས་༧གོང་ས་མཆོག་ལ་

མཚན་སྨད་བྱས་པ་དེ་དག་གསར་འགྱུར་དང་ངོ་དེབ་སོགས་སུ་ཡང་ནས་ཡང་དུ་མཐོང་ཐུབ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གི་བུད་མེད་དེ་དག་གིས་      ༧ མགོན་པོ་མཆོག་གི་བཀའ་སློབ་ལ་གོ་བ་ཡག་པོ་ཞིག་ལེན་མ་ཐུབ་པར་རང་ཉིད་གྱི་རིག་གནས་ཀྱི་རྒྱབ་ལྗོངས་ཁོ་ན་ལས་གཞན་གྱི་རིག་གནས་དང་རིག་གཞུང་ལ་དོ་སྣང་དང་རྒྱུས་མངའ་ཅི་ཡང་མེད་པ་མ་ཟད། ཁོང་ཚོར་ངོ་ཚ་དང་ཁྲེལ་གཞུང་ཏིལ་འབྲུ་ཙམ་ཡང་མེད་ལ། ཐ་ན་དངོས་ཡོད་གནས་ཚུལ་གཞི་ལ་བཞག་པའི་རྒྱུན་ཤེས་ཙམ་ཡང་མེད་པས་ན། ཁོ་ཚོས་མཚན་སྨད་བྱས་པ་འདི་དག་མཐོང་དུས་སེམས་ནང་ལ་རང་བཞིན་གྱིས་ཁོང་ཁྲོ་ཞིག་སྐྱེས་འོང་གི་འདུག ཡིན་ནའང། མི་ཉུང་ཤས་ཤིག་ལས་མང་པོ་མ་རེད། འོན་ཀྱང། དྲང་བདེན་ལ་དགའ་བའི་ནུབ་ཕྱོགས་པའི་ཁྲོད་ནས་མི་མང་པོ་ཞིག་གིས་དྲང་གཏམ་སྨོས་པ་ནི་བུ་མེད་དེ་དག་ལ་ཅུང་སྲིད་ཕན་ཐོགས་ཡོད་ཤས་ཆེ། དེ་དག་གི་ནང་ནས་ཀྱང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཕོ་ཉ་ཟེར་བའི་རྩོམ་སྒྲིག་པ་༼ South China Morning Post Chief Editor Youden Lhatoo༽ ཞིག་གིས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་དྲང་གཏམ་སྨོས་པ་ནི་ཤིན་ཏུ་ནས་རིན་ཐང་ཆེའོ།

ཡིན་ནའང། ངའི་བསམ་པར་ད་ཐེངས་ཀྱི་གནད་དོན་འདིའི་སྐོར་ལ། བོད་ཀྱི་བུད་མེད་ལྷན་ཚོགས་དང་ནུབ་ཕྱོགས་པའི་རིག་གནས་ལ་རྒྱུས་མངའ་ཡོད་མཁན་བོད་ཀྱི་བུད་མེད་དག་གིས་གནད་དོན་འདིའི་སྐོར་ལ་གསལ་བཤད་དམ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ན་ཧ་ཅང་དགེ་མཚན་ཆེ་སྙམ་ལ་། དེ་ནི་ཁོ་ཚོས་བྱེད་འོས་པའི་ལས་དོན་ཞིག་ཀྱང་རེད་འདོད། འོན་ཀྱང། བོད་ཀྱི་བུད་མེད་ལྷན་ཚོགས་དང་ནུབ་ཕྱོགས་པའི་རིག་གནས་ལ་རྒྱུས་མངའ་ཡོད་མཁན་ཚོས་དེ་ལྟར་བྱེད་མ་ཐུབ་པ་ནི་ཤིན་ཏུ་ནས་བློ་ཕམ་གྱི་རང་བཞིན་ཞིག་རེད། འདི་ལྟར་བསམ་དུས། བོད་ཀྱི་བུད་མེད་རྣམ་གྱིས་༧གོང་ས་མཆོག་གི་ཞལ་མཇལ་གྱི་ཡོད་ཀྱང་གསུངས་སེམས་སུ་ཉར་གི་མེད་པ་འདྲ། ནམ་རྒྱུན་༧མགོན་པོ་མཆོག་གིས་བཀའ་སློབ་མང་པོའི་ནང་ནས་བུད་མེད་གྱི་སྐོར་ལ་གསུང་དོན་གཅིག་ནི། ཨ་མ་ནི་བྱིས་པའི་མི་ཚེའི་ནང་གི་དགེ་རྒན་ཆེས་ཐོག་མ་དང་བཀའ་དྲིན་ཆེ་ཤས་ཡིན་ཞེས་བཀའ་ཡང་ནས་ཡང་དུ་གནང་ལ། དེ་དག་ནི་ཆེས་རིན་ཐང་ལྡན་ལ་བུད་མེད་རྣམས་ལ་གདེང་འཇོག་དང་གོང་དུ་བཀུར་བ་ཞིག་མ་ཡིན་ནམ།

དེ་ལས་ཀྱང་འདིའི་ཐད་འགན་ཡོད་མཁན་ཞིག་ནི། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་རེད། མཛད་གཙོ་རྣམ་པས་འདིའི་ཐད་ལ་གང་ཡང་མ་གསུངས་བར་ཁུ་སིམ་མེར་བསྡད་ཡོད་པ་ནི་ཧ་ཅང་གི་ཡ་མཚན་གྱི་གནས་ཤིག་རེད། བོད་མིའི་སྒྲིག་འཛུགས་ཀྱིས་དྲ་རྒྱའི་སྟེང་དུ་༧གོང་ས་མཆོག་གིས་དགོངས་བསལ་ཞུས་པའི་རྩོམ་ཡིག་དེ་བཀོད་ཡོད་པ་ལས་གཞན་ཅི་ཡང་མི་འདུག གཅིག་བྱས་ན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་ལས་དོན་རྒྱ་ཆེ་དྲགས་ནས་༧གོང་ས་མཆོག་ལ་མཚན་སྨད་བྱས་པ་དེ་དག་མཐོང་མེད་པ་ཡིན་སྲིད། ནམ་རྒྱུན་མཛད་གཙོ་རྣམ་པ་ཚོ་རང་ཉིད་ཀྱི་ཁེ་ཕེན་ལ་ཐུག་དུས་གཅིག་ལས་གཅིག་མགྱོགས་ལ། གཅིག་ལས་གཅིག་གི་ཁ་བདེ། གཅིག་ལས་གཅིག་མགོ་བདེ། ༧མགོན་པོ་མཆོག་གི་མཚན་བེད་སྤྱོད་བྱེད་པ་ལ་འཛེམ་ཟོན་སྤུ་ཙམ་ཡང་མེད།

༧མགོན་པོ་མཆོག་ནི་ཆོས་ལུགས་ཀྱིས་དབུ་ཁྲིད་ཞིག་ཡིན་པས་ན། ཆོས་རིག་ལས་ཁུངས་ལ་དམིགས་བསལ་གྱི་འགན་ཞིག་ཡོད་པ་རེད་འདོད། ཆོས་རིག་ལས་ཁུངས་ཀྱིས་ཞབས་བརྟན་དང་བཀའ་ལུང་རེ་ཡར་ཞུས་ནས། མར་མི་མང་ལ་བཀའ་གཏོང་བ་མ་གཏོགས་དེ་ལས་གཞན་པའི་༧གོང་ས་མཆོག་གི་མཚན་གནས་ལ་བདག་པོ་རྒྱག་སྟངས་ཤིག་ཤེས་ཀྱི་མེད་པ་ནི་གསལ་པོ་རེད།

ཁ་སང་དེ་རིང་མཛད་གཙོ་རྣམ་པས་དོ་སྣང་བྱ་ཡུལ་གྱི་གནད་དོན་གཙོ་བོ་གཅིག་འདི་རེད། རྡ་རམ་ས་ལར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཨང་༢༠་བ་སྟེ་བཀའ་ཤག་དང་ཚོགས་གཙོ་ཟུར་པའི་བར་གྱི་གྱོད་གཞི་དེ་ཞིབ་བཤེར་བྱེད་མགོ་བཙུགས་པ་རེད། བཀའ་ཤག་ལྷན་རྒྱས་ཚང་འཛོམས་ཐོག་གྱོད་གཞི་གཏུགས་གཤེར་སྐོར་ལ་བཀའ་མོལ་གནང། ཐོབ་ན་སྲིད་སྐྱོང་དང་ཤོར་ན་བཀའ་ཤག་ཡིན། བཀའ་བློན་ཚོ་རྡ་རམ་ས་ལར་སྡོད་དུ་བཅུག་མེད། བཀའ་ཤག་གྱི་བྱེད་སྟངས་འདི་ནི་བྱིས་པ་དག་གི་རྩེད་མོ་ལས་མ་འདས། མི་མང་གྱི་མདུན་ནས་དོན་དག་འདི་གལ་ཆེན་པོ་མིན་མདོག་མདོག་གི་འཁྲབ་སྟོན་ལྟ་བུ་རེད། ཆོས་རིག་བཀའ་བློན་གྱིས་གཞུང་འབྲེལ་ཁ་ལ་གཡར་ནས་ཉི་ཧོང་དུ་བྲོས་བྱོལ་ལ་ཕྱིན། གཞན་བཀའ་བློན་ཁག་ཅིག་རྒྱ་གར་ནང་དུ་ལྟ་སྐོར་ལ་འགྲོ་ཁུལ་བྱས། སྲིད་སྐྱོང་ལགས་ཡོ་རོབ་དུ་གཞུང་དོན་ཡོད་ཟེར་ནས་ཨི་ཊ་ལིའི་རང་སྐྱོང་གི་ས་ཁུལ་ཞིག་དུ་སོང་ནས་བཟོ་ལྟ་སྟོན་ཁུལ་བྱས། སྲིད་སྐྱོད་དང་བཀའ་བློན་རྣམ་པའི་བྱེད་སྟངས་འདི་ནི་མནའ་མ་གནས་ཡུལ་ནས་སྡོད་མ་ཐུབ་པར་ནང་ལ་ལོག་པ་དང་འདྲ།

སྲིད་སྐྱོང་ལགས་ནས་ཡོ་རོབ་ཏུ་བཀའ་ཤག་གྱི་ཁྲིམས་རྩོད་པ་སྐད་གྲགས་ཅན་བློ་བཟང་གྲགས་པ་ལགས་སུ་ཁ་པར་བཏང་ནས་བཀའ་བློན་ཀརྨ་ཡེ་ཤེས་ལགས་མཉམ་ཁྲིད་བྱོས་ཅེས་བཀའ་བཏང། བཀའ་བློན་ཀརྨ་ཡེ་ཤེས་ལགས་ཀྱི་ངོ་ལ་མི་འདོད་པའི་རྣམ་འགྱུར་ཞིག་སྟོན་བཞིན་ཁྲིམས་ཁང་སུ་བཅར། ཁྲིམས་རྩོད་པ་གྲགས་ཅན་བློ་བཟང་གྲགས་པ་ལགས་ཀྱིས་ཁྲིམས་དཔོན་ལགས་ཀྱི་དྲི་བ་ལ་ལན་འདེབས་བྱས། ཁ་ནོར། སྐད་ཤུགས་ཆེ་རུ་ཕྱིན། གདོང་དམར་པོར་གྱུར། ཚ་བ་འཕར། རྔུལ་ནག་ཐོན། སྲིད་སྐྱོང་ལགས་ཀྱིས་ཡང་བསྐྱར་ཡོ་རོབ་ནས་རྡ་རམ་ས་ལར་ཀི་རིང་ཞིག་བཏབས་ནས་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལ་མངགས་དོན། ཁ་མཆུ་ཡི་ངོ་བོ་བསྒྱུར་དགོས་ཀྱི་འདུག བཀའ་ཤག་ལ་དོན་གཅོད་ཕོ་འགྱུར་བཏང་ཆོག་པའི་དབང་ཚད་ཡོད་མེད་ཤོད། མུ་མཐུད་ནས་ཤོད་ཟེར། བཤད་སྟངས་འདི་ནི། རྫུན་མ་ཞིག་བདེན་པ་ཡིན་ཟེར་ནས་ཐེངས་བརྒྱ་ཐམ་པར་ལབ་ཚེ་བདེན་པར་ཆགས་འགྲོ་ཟེར་བའི་དཔེ་བཞིན། འཛིན་སྐྱོང་བཀའ་ཤག་གི་ཁྲིམས་རྩོད་པའི་བཤད་སྟངས་འདི་ནི་ཆབ་སྲིད་གྱི་ཁེ་ཕན་ཁོ་ན་ལས་བདེན་པའི་གཞིར་འཛིན་ས་གཅིག་ཀྱང་མེད།

ད་ཐེངས་ཁྲིམས་ཁང་ནས་རྒྱལ་ཕམ་གྱི་དབྱེ་བ་ཕྱེས་ནས་བཀའ་ཤག་ལ་རྒྱལ་ཁ་མ་ཐོབ་བར་དུ་རེ་ཞིག་༧གོང་ས་མཆོག་ལ་མཚན་སྨན་ཞུ་མཁན་དེ་དག་ལ་ལག་པ་མི་འཆིང་རྒྱུ་ཐག་གཅོད་བྱས།

སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། རྒྱུན་ལས་རྣམ་པ་བཅས་ལས་ཁུངས་སུ་སྙུང་གནས་ལ་བཞུགས། ཕྱི་སྒོ་དང་ནང་སྒོ་གཉིས་བརྒྱབས། ད་དུང་ནང་ཟྭ་དམ་པོར་རྒྱབས། བཀའ་ཤག་དང་ཚོགས་གཙོ་ཟུར་པ་ལགས་ཀྱིས་ཁ་མཆུ་༢༠་པར་ལྟད་མོ་བལྟ་བཞིན་ང་ཚོ་ལ་ཅུས་གཏོགས་མེད་ཟེར། འོན་ཀྱང། ནུབ་ཕྱོགས་པའི་བུད་མེད་ཐོབ་ཐང་རྩོད་ལེན་པ་ཁག་གཅིག་གིས་༧གོང་ས་མཆོག་ལ་མཚན་སྨད་བྱས་པ་དེ་དག་སྤྱི་འཐུས་རྒྱུན་ལས་ཚོས་ཤེས་ཡོད་ཀྱང་དེའི་སྐོར་ལ་རྒྱུན་ལས་ནང་དུ་གླེང་སློང་བྱེད་མཁན་གཅིག་ཀྱང་མ་བྱུང་བས། ཚོགས་གཙོ་དང་སྤྱི་འཐུས་ཚོས་མུ་མཐུད་ནས་ཐུན་བཟུང། ཚོགས་གཙོ་ལགས་ཀྱི་བསམ་པར། རྒྱུན་ལས་ནང་དུ་དེའི་སྐོར་ལ་གླེང་སློང་མ་བྱས་ཚེ་ཚོགས་གཙོས་གླེང་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་ལས་དོན་བྱེད་ཕྱོགས་ལ་འགལ་གྱི་རེད་བསམ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ནང་དུ་༧གོང་ས་མཆོག་གི་མཚན་གནས་སྲུང་སྐྱོབ་ཟེར་བའི་དོན་ཚན་དེ་གླེགས་བམ་སེར་པོ་ཞིག་གི་ནང་དུ་དམ་པོར་བཅུག་ནས་མཆོད་ཁང་ནང་དུ་བཞག ཚོགས་གཙོ་དང་སྤྱི་འཐུས་རྣམ་པ་ཚོ་ཞོགས་པ་ལས་ཁུངས་ལ་ཡོང་སྐབས་བཅའ་ཁྲིམས་རིན་པོ་ཆེ་ལ་ཕྱགས་འཚལ། མགོས་གཏུགས། དགོང་མོར་ལས་ཀ་གྲོལ་སྐབས་དེ་ལ་ལག་པའི་ཐལ་མོ་སྦྱོར་བཞིན་ཡོད་མོད། འོན་ཀྱང། གླེག་བམ་སེར་པོ་དེ་ལྷོད་ལྷོད་ངང་བཞུགས། ལག་པ་འཆང་མཁན་གཅིག་ཀྱང་མེད། ༧མགོན་པོ་མཆོག་གི་མཚན་གནས་སྲུང་སྐྱོབ་ཐད་གྱི་བཅའ་ཁྲིམས་རིན་པོ་ཆེ་དང་མཛད་གཙོ་རྣམ་པའི་བར་གྱི་ལམ་ཐག་ནི་ཧ་ཅང་རིང། འདི་ལྟར་མུ་མཐུད་ནས་སོང་ཚེ། ཉིན་གཅིག་བཅའ་ཁྲིམས་རིན་པོ་ཆེའི་ནང་གི་༧མགོན་པོ་མཆོག་གི་མཚན་གནས་སྲུང་སྐྱོབ་གྱི་དོན་ཚན་དེ་དང་མཛད་གཙོ་རྣམ་པའི་བར་ལ་སྐད་བསྒྱུར་བ་ཞིག་ངེས་པར་དུ་དགོས་ཀྱི་རེད་འདོད། ཡང་སྙིང། བཙན་བྱོལ་བོད་མིའི་མཛད་གཙོ་རྣམ་པ་ཚོས་༧མགོན་པོ་མཆོག་གི་མཚན་གནས་སྲུང་སྐྱོབ་ག་འདྲ་ཞིག་བྱེད་དགོས་མིན་ཐད་ཁོ་ཚོའི་ཀླད་པའི་ནང་དུ་གསལ་པོ་ཞིག་རྟོགས་ཀྱི་མེད་པ་ཁོ་ཐག་རེད།

བསམ་ཚུལ།

Post navigation

Previous Post: སྒྲ་སྦྱོར་བམ་གཉིས་མ།
Next Post: གཞོན་ནུ་ཚོ། རྫ་རི་བསྐྱུར་ནས་ཕེབས་པ་མིན་ནམ།

Comments (7) on “༧མགོན་པོ་མཆོག་གི་མཚན་གནས་སྲུང་སྐྱོབ།”

  1. དགེ་འདུན། says:
    2019-07-22 at 9:46 pm

    བཀླགས་ཟིན། ཡག་པོ་བྲིས་འདུག

  2. རྟ་བདུན་དབང་བོ says:
    2019-07-23 at 1:48 am

    ཡག་པོ་བྲིས་འདུག ངོ་མ་རེད། སྐྱབས་མགོན་རིན་པོ་དགོང་ལོ་བརྒྱད་བཅུ་བརྒལ་ཚར་བ་རེད། ལོ་ཆེ་རུ་ཆེ་རུ་སོང་ན་བསམ་བློ་གཏོང་སྟངས་སྔོན་མ་དང་འདྲ་ཡི་མ་རེད། གཅིག་ནི། སྐུ་བཅར་བ་ཧ་ཅང་གི་ལྷག་བསམ་རྣམ་དག་ཡོད་མཁན་ཞིག་དགོས་པ་དེ་རེད། གཉིས་ནི། བོད་པ་མ་ཡིན་པའི་མི་རིགས་སུ་ལའང་བཀའ་སློབ་གནང་སྐབས་ངེས་པར་དུ་སྐད་བསྒྱུར་དགོས་རྒྱུ་དེ་རེད། གསུམ་ནི་གསར་འགོད་པ་ཚོར་ཚོད་འཛིན་བྱེད་རྒྱུ་དེ་རེད། བཞི་ནི་ས་གནས་མི་འདྲ་བ་ཕེབས་རྒྱུ་ཉུང་དུ་གཏོང་རྒྱུ་སོགས་རེད། ངས་ལོ་གཅིག་ཡས་མས་གོང་ལ་སྐུ་སྒེར་ཡིག་ཚང་ལ་གོང་ས་མཆོག་གི་བཀའ་སློབ་ཡོད་ཚད་ལ་སྐད་བསྒྱུར་འཇོག་རོགས་ཟེར་ནས་རེ་འདུན་ཞུས་ཚར་བ་ཡིན། འོན་ཀྱང་འགྱུར་བ་གང་ཡང་བཏང་མ་སོང་། །

  3. རྟ་བདུན་དབང་བོ says:
    2019-07-23 at 1:53 am

    ནོར་བཅོས། དགུང་ལོ་རེད།

  4. ཨ་ཤོ་ཀ says:
    2019-07-23 at 3:33 am

    ཁ་ཤ་ཡག་པོ་འདུག ཁ་ཤས་ད་དུང་ཞུ་ཐུབ་མ་སོང་། འོན་ཀྱང་མི་ལ་རང་བཙན་ཟེར་མཁན་ཡུ་ཊུབ་གཏམ་བཤད་་དང་། སྤྱི་འཐུས་བསྟན་པ་ཡར་ཕེལ་གཏམ་བཤད་དང་། སྤྱི་སཐུས་ཤར་ཕྱོགས་ཁུག་རྟ་གསུམ་ལས་བསྡུར་ན། ཁྱེད་ཀྱི་རྩོམ་དེ་དོན་དག་ཧ་ཅང་བཟང་།👍👍👍

  5. འབྲོང་བུ་སོག་ཚ། says:
    2019-07-23 at 10:36 am

    ཞབས་བརྟན་ཡག་ཤོས་དེ་དམར་དམར་ལྗགས་དེ་བདག་པོ་རྒྱུ་དེ་རང་རེད་འདུག་དྲན། གསལ་འདེབས་ཙམ་ཡིན། དགོངས་པ་མ་ཚོམས།

  6. ཨ་ཤོ་ཀ says:
    2019-07-23 at 10:55 am

    ༧གོང་ས་མཆོག་ལ་སྐུ་ཕྱའི་སྲུང་སྐྱོབས་གནང་མཁན་ནི། པ་ལགས་གནས་ཆུང་དང་། ཨ་མ་ལགས་དཔལ་ལྡན་ལྷ་མོ་རྣམ་གཉིས་ཉིན་མཚན་དབྱེར་མེད་ངང་ལ་བཞུགས་ཡོད་རེད་དེ་ལ་ཐུགས་ཕྲེལ་མ་གནང་ན་

  7. རྣོ། says:
    2019-07-30 at 5:27 am

    ད་ལྟའི་བཀའ་ཤག་གི་བྱེད་སྟངས་ནི་ཇག་ཚོགས་ཤིག་གི་བྱ་བྱེད་དང་གཉིས་སུ་མི་འདུག དེ་ནི་སྒྲིག་ཁྲིམས་གང་ལ་ཡང་བརྩི་བཀུར་དང་སྲུང་སྐྱོབ་ཡེ་ནས་བྱ་མི་དགོས་པར་བློ་སེང་གཅིག་པུས་གང་བྱེད་ཅི་བྱས་ཡིན་པས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme