Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧ཉིད་ཀྱི་འཁྲུངས་སྐར།

Posted on 2010-07-062010-07-06 By ཁ་བརྡ་ No Comments on ༧ཉིད་ཀྱི་འཁྲུངས་སྐར།

འབྲོང་བུ་ཟླ་བ་ཚེ་རིང།

སྨག་མུན་དང་སྡུག་ཡུས་ཀྱི་བར་གསེང་ཞིག་སྟེ། གངས་རིའི་འཚོ་གནས་ལ་ཐོལ་བརྒལ་གྱི་གཡོ་འགུལ་ཐེབས་ཤིང། ཁ་བའི་གཟི་མདངས་ཇེ་ཞན་དུ་གྱུར་བའི་དུས་སྐབས་ཤིག་ཏུ། ལྷ་ཀླུས་མེ་ཏོག་གི་ཆར་ཕབ་ཅིང་འཇའ་ཚོན་གྱི་གུར་ཕུབ་ལ། འཇིག་རྟེན་འདིའི་ཡང་སྟེང་དུ་༧སྐྱབས་མགོན་གྱི་མཚན་སྙན་ལ་དད་དུང་ཕུལ་བའི་བསུ་བ་དང་འབོད་སྐུལ་མཐོ་ཕྱིར། ཁྱེའུ་ལྷ་མོ་དོན་འགྲུབ། དགུང་གི་ཉི་མ་དང། ཁོག་གི་སྙིང། དཔྲལ་བའི་མིག་བཞིན། བདེ་འཇགས་ཀྱི་རྩ་སྦུབས་ཕྲ་ལ་གཉའ་གནོན་གྱི་མགོ་འཕངས་མཐོ་ཞིང། བརྩེ་འདང་གི་འབྲེལ་མཐུད་ཉམས་ཤིང་འགྲན་སེམས་ཀྱི་ཡོ་ལང་འཕྱུར་བའི་འཇིག་རྟེན་འདིའི་མགོན་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་འཛིན་བཞིན། སྤྱན་རས་གཟིགས་ཀྱི་སྙིང་རྗེ་སྒོམ་བཞིན། ཆོས་ལྡན་ཞིང་གི་བདེ་སྡུག་དགོངས་བཞིན་ཕེབས་འོངས། ཕེབས་འོངས་བའི་དུས་ཚིགས་དེ་ནས། ལག་ཟུང་ཐལ་མོ་སྦྱར་ནས་༧ ཁྱེད་ལ་ཡིད་ཆེས་དང་རེ་བ། འབོད་པ་དང་སྨོན་འདུན་འབུལ་མཁན་གྱི་གངས་ཅན་པ་ཁྲི་ཕྲག་གི་སེམས་ཁམས་སུ། ཉི་འོད་ཡོངས་སུ་འཕྲོས་་ཤིང། བདེ་སྣང་ཡོངས་སུ་ཁྱབ།

ལོ་རྒྱུས་ཀྱི་ཀྱོག་མཚམས་ཤིག་གིས། གངས་སེངས་དཀར་མོའི་རྒྱལ་དར་པོ་ཏ་ལའི་ཡང་རྩེ་ནས་ཕབ་ཅིང། གངས་ཅན་ལྗོངས་ཀྱི་ལྷ་སྲས་འཕགས་ཡུལ་དུ་བཙན་གྱིས་སྐྱེལ། ཡིན་ཡང་། རྐྱེན་ངན་གྲོགས་སུ་འཆར་ཤུལ་ན། དྲང་བདེན་དང་བྱམས་བརྩེ། ཞི་བདེ་དང་མཉམ་གནས་ཀྱི་ཆོས་དབྱངས་སྙན་མོ། འཛམ་གླིང་མི་དམངས་ཀྱི་ཐན་ཤིང་སྐམ་པའི་སེམས་ཁམས་སུ་དཔྱིད་ཆར་བཞིན་འཇོ་དུས། དད་འདུན་དང་ཡིད་སྨོན་གྱི་མེ་ཏོག་དཀར་དམར་སྔོ་གསུམ་འཇིག་རྟེན་འདིའི་པང་བ་ནས་ཆར་རྗེས་ཀྱི་ཤ་མོ་བཞིན་འཚར།

འཛམ་གླིང་ཞི་བདེའི་དེད་དཔོན་མཚན་དུ་འབོད་ཅིང། འཛམ་གླིང་མི་དམངས་ཀྱི་སེམས་ཁམས་སུ་ལྷ་སྲས་གསོན་པོ་ཞིག་ཏུ་སྣང་བས། བདུན་པའི་ཚེས་དྲུག་གི་ཉིན་མོ་འདི། འཛམ་གླིང་ཞི་བདེའི་འཁྲུངས་སྐར་ཡིན། ཉིན་མོ་འདིར། ཞི་བདེ་ལ་དུངས་བའི་ང་ཚོས་སྙན་འཇེབས་ཀྱི་རོལ་དབྱངས་ལ་དྲུག་འགྱུར་གྱི་ཞབས་བྲོས་སྤྲོས་ཏེ་༧ཁྱེད་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་ཅིང་མཛད་འཕྲིན་ཉི་མའི་ཚད་དུ་འགྲན་ཐུབ་པའི་སྨོན་ལམ་འདེབས།

སྙན་ངག

Post navigation

Previous Post: དྲ་གནས་གསར་པ་སྒོ་འབྱེད་གསལ་བསྒྲགས།
Next Post: སྐུའི་འཁྲུངས་སྐར་བསུ་བའི་གླུ་ཞིག་ལེན། (བོད་འབྱོར།)

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme