Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་དང་ཀྲུའུ་ཝེ་ཆོན།

Posted on 2011-12-15 By ཤར་ཕྱོགས་ཁུག་རྟ། 24 Comments on ༧གོང་ས་མཆོག་དང་ཀྲུའུ་ཝེ་ཆོན།

ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༢ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ མཛད་འཕྲིན་རྒྱ་ཆེ་བསྐྱངས་སྐབས་དང་བསྟུན། མགོན་པོ་གང་ཉིད་མཆོག་གིས་སྦེལ་ཇམ་རྒྱལ་ས་བྷར་སིལ་དུ་རྟེན་གཞི་བྱས་པའི་ཡུ་ རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་འགན་འཛིན་ལྕམ་ཀེ་ཐེ་ར་ཡིན་ཨ་ཤི་ཊོན་(Catherine Ashton)མཆོག་ལ་འབོད་སྐུལ་མཛད་པའི་ཕྱག་བྲིས་ཤིག་སྩལ་འདུག་ལ།
ཕྱག་བྲིས་དེའི་ནང་”བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཞིག་ཆགས་ཡོད་པར་བརྟེན། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་བོད་ནང་སྐུ་ཚབ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ལྟར་བྱེད་ཐུབ་ཚེ་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཕྲན་བུ་འཛེམས་ཟོན་བྱ་རྒྱུར་ཕན་ངེས་ཡིན། གལ་ཏེ་རྒྱ་ནག་གཞུང་ཕྱོགས་ནས་འབོད་སྐུལ་དེར་དང་ལེན་མ་བྱས་ཚེ་ཡུ་རོབ་སྤྱི་མཐུན་ཚོགས་པས་སེམས་འཚབ་ཆེན་པོའི་ཐོག་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་གླེང་སྟེགས་ ཐོག་གླེང་སློང་བྱས་ཆོག རྒྱ་གཞུང་ལ་སྟོབས་ཤུགས་ལྡན་ཡང་གོ་ལའི་ཆ་ཤས་ཤིག་ཡིན་སྟབས་དེང་སྐབས་འཛམ་གླིང་རྒྱ་ཁྱབ་ཏུ་དར་འཕེལ་འགྲོ་བཞིན་པའི་མང་གཙོ་དང་རང་དབང་གི་ལམ་བུ་དེ་ནས་གཡོལ་ཐབས་མེད། རྒྱ་ནག་གིས་འཛམ་གླིང་ནང་འགོ་ཁྲིད་ཐུབ་པའི་བསམ་བློ་དེ་དོན་འཁྱོལ་ཡོང་བར་རྒྱལ་སྤྱིའི་མདུན་དུ་མཐོང་སྣང་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་”ཅེས་འཁོད་ཡོད།
འོན་ཀྱང་དེ་ཉིན་ཀྲུའུ་ཝེ་ཆོན་(Zhu Weiqun)སྦེལ་ཇམ་གྱི་རྒྱལ་ས་བྷར་སེལ་དུ་ཡོད་པར་བརྟེན་གསར་འགོད་པ་ཚོར་རྒྱ་ནག་དེ་བཞིན་མངའ་དབང་ལྡན་པའི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པར་བརྟེན། དཀའ་ངལ་རྣམས་རྒྱལ་ནང་དུ་སེལ་རྒྱུའི་ནུས་པ་ཆ་ཚང་ཡོད། གནས་སྟངས་ཇི་འདྲ་ཞིག་གི་འོག་ཏུའང་རྒྱལ་ནང་གི་གནས་སྟངས་ལ་ཕྱི་ནས་ཐེ་བྱུས་ བྱེད་རྒྱུར་ངོས་ལེན་རྩ་བ་ནས་མེད་པར་བརྟེན་བོད་རང་སྐྱོང་ལྗོངས་སུ་ཞིབ་འཇུག་ཚོགས་ཆུང་གཏོང་རྒྱུ་ཟེར་བ་དེ་བས་ངོས་ལེན་བྱེད་ཐབས་རྩ་བ་ནས་མེད། བོད་རང་སྐྱོང་ལྗོངས་ནང་གི་གནས་སྟངས་ལ་ཕྱི་ནས་ཐེ་བྱུས་བྱས་ཚེ་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་ཐོན་རྒྱུ་མེད་ཁར་དཀའ་ངལ་ད་དུང་ཆེ་རུ་འགྲོ་རྒྱུ་མ་ཟད། མཐར་དམག་འཁྲུག་ཀྱང་ཤོར་སྲིད་པའི་ཉེན་བརྡ་ཡང་བཏང་འདུག
དེ་བཞིན་ཉེ་ལམ་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་མཇལ་འཕྲད་གནང་བར་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་འགན་འཛིན་ལྕམ་ཀེ་ཐེ་ར་ཡིན་ཨ་ཤི་ཊོན་མཆོག་གིས་བཀའ་སྐྱོན་གཏོང་དགོས་པ་ཀྲུ་ཝེན་ཆུན་གྱིས་བརྗོད་ཡོད་པ་བཅས།
བོད་གཞུང་གི་དྲ་བ་ལས་བཤུས།

གསར་འགྱུར།

Post navigation

Previous Post: བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ཁ་ཆེམས།
Next Post: བོད་ཕྲུག་དང་རྒྱ་ཕྲུག་དབར་རྒྱག་རེས་ཤོར་ནས། དམག་མི་སྐད་བཏང་འདུག

Comments (24) on “༧གོང་ས་མཆོག་དང་ཀྲུའུ་ཝེ་ཆོན།”

  1. རིག་པའི་བུ says:
    2011-12-15 at 5:59 pm

    ཕམ་ཕ་གི

  2. ཆབ་བྲག་ཕོ་ཉ། says:
    2011-12-15 at 7:39 pm

    ཡིད་བཞིན་ནོར་བུའི་ཐུགས་རེའམ་ལམ་སྟོན་འདི་བཀའ་ཁྲི་མཆོག་གིས་ཐུགས་སུ་བཟུང་ནས་འདི་དོན་སྨིན་ཡོང་བར་ནུས་པ་གང་ཐུབ་འདོན་རོགས་ཞུ།

  3. འབྲོང་བུ་སོག་ཚ། says:
    2011-12-15 at 9:42 pm

    ང་ཚོ་བོད་པ་ཚོ། རྒྱ་ནག་འདི་ལྟ་བུའི་གཅེས་ལང་དུ་ཤོར་བའི་རྒྱལ་ཁབ་ཞིག་སུས་བཟོས་ཡོད་མེད་ཞིབ་བལྟ་བྱེད་དགོས། དེ་ནས་རྒྱལ་ཁབ་དེའི་རྒྱ་ནག་དེ་ལ་བཅོས་བསྒྱུར་ཞིག་བྱེད་ན་བྱེད་དབང་དང་ནུས་པ་ཚད་ལྡན་ཡོད། དེ་མིན་མང་བཤད་ཀྱང་དོན་གོའི་སྟོང་།

  4. འབྲོང་བུ་སོག་ཚ། says:
    2011-12-15 at 9:43 pm

    རྐུན་མ་ཕར་བརྐུས། ཧམ་པ་ཚུར་བཤད།

  5. ཚངས་དབྱངས། says:
    2011-12-16 at 2:53 am

    ཀྲའུ་ཝེན་ཆུན་གྱིས་ང་ཚོར་གཏམ་བཟང་པོ་བློ་ཡུལ་ལས་འདས་པ་ཞིག་ཁྱེར་འདུག
    བསམ་དོན་ལྷུན་གྱིས་གྲུབ་པར་ཤོག
    གཏམ་བཟང་དེ་ནི། བོད་ཀྱི་ཐོག་ལ་རྒྱ་ནག་དང་རྒྱལ་ཁབ་གཞན་དབར་དམག་ཀྱང་ཤོར་སྲིད་པའི་སྐད་ཆ་འདི་རེད།
    དེ་འདྲ་ཞིག་བྱུང་ན། ངོ་མ་བོད་ལ་རེ་བ་ཡོད། ད་ང་ཚོས་ཆོས་སྐྱོང་སྲུང་མ་རྣམས་གཉིད་ལས་སད་ནས་རྒྱ་ནག་དང་རྒྱལ་ཁབ་གཞན་ཚོའི་དབར་ལ་དམག་འཁྲུག་བསླང་དགོས་ཀྱི་འདུག
    དེ་ལྟར་བྱུང་ན། བོད་ལ་རང་དབང་ཐོབ་སྲིད།

    ཨ་རིའི་ཆེས་གསང་དབང་གི་ཆེས་གསང་དབང་ཡིག་ཆ་ཕྱི་ལ་ཤོར་བ་ཞིག་གི་ནང་ལ། ཨི་རག་ལ་རྡུལ་ཕྲན་ཚོན་བྱ་ཡོད་ཚུལ་དཔང་རྟགས་བརྫུན་མ་བཟོ་མཁན་དེ་ཡང་སྙིང་སྔོན་མ་ཨི་རག་གི་བཙན་བྱོལ་གྲོས་ཚོགས་ཀྱི་མི་སྣ་ཁ་ཤས་ཡིན་པ་དང་། ཁོང་ཚོས་དེ་ལྟར་བྱེད་པའི་དགོས་པ་གཙོ་བོ་དེ་ས་ཏམ་ཧུ་སན་གཏོར་རྒྱུ་དེ་རེད།

    དེ་ལག་བསྟར་ཁྱོལ་སོང་། ད་ང་ཚོས་ཡང་སྒྲུང་ཞིག་བཟོས་ནས་དམར་ཤོག་དེ་ལ་གཅིག་སྤྲོད་དགོས་ཀྱི་འདུག

    བསམ་བློ་ཐོངས།
    ཐབས་ལམ་ཅི་ཡོད།

  6. ལྡོང་གསེར་མིག says:
    2011-12-16 at 3:01 am

    རྒན་ལྷ་མོ་ལགས། ཁྱོད་ཀྱིས་མི་ཚེའི་རིན་ཐང་བོད་ཀྱི་རྩོམ་རིགས་དང་འགྲོགས་ལོ་ནས་ལོ་བྱས་ཏེ་གནས་ཡོད་པས་ངས་ཁྱོད་ལ་བསྔགས་བརྗོད་ཡོད། ཡིན་ན་ཡང། དུས་བབ་དང་ཁ་བརྡ་གང་ཞིག་གི་ངོས་སུ་མཆན་འགོད་སྐབས་རང་ལས་མཐོ་བ་ཞིག་མེད་པའི་ཚུལ་གྱིས་བཀའ་གཏོང་བའི་བཟོ་མང་པོ་ཞིག་ཡོང་གི་འདུག དེའི་རིགས་མི་གནང་རོགས། ཁྱོད་དང་ངེད་གཉིས་ལ་ད་དུང་དེ་ལྟ་བུའི་མི་ཡི་རིན་ཐང་འཇོག་མཁན་ག་ཚོད་ཡོད་མེད་མི་ཤེས། དགོངས་པ་མ་འཚོམས། ཁྱོད་ཀྱི་དུས་བབ་དྲ་ཐོག་གི་མཆན་འགའ་ཤས་བཀླགས་རྗེས་བསམ་ཚུལ་འདི་འདྲ་ཞིག་འབྲི་འདོད་སྐྱེས་ཤིང་། དྲ་ངོས་འདིར་ཞོར་འཕྲོས་ཀྱི་ཚུལ་དུ་ཐལ། །

  7. ལྷག་པ། says:
    2011-12-16 at 4:02 am

    རྡོར་རྗེ་ལགས། ཁྱོད་ཀྱིས་མཆན་འགོ་འཛུགས་པ་དང་ལམ་སེང་། ཤར་ཁུག་ལ་མཐར་བཀག་གཏོང་དོན་གང་ཡིན་ནམ། འོ་ན། ཁྱོད་རང་གིས་ཀྲུའུ་ཝེ་ཆོན་ལ་ལན་འདེབས་ཤིག་གྱིས་དང་།

  8. ལྡོང་གི་ལྷ་རྩེ། says:
    2011-12-16 at 7:37 am

    ཁ་བྱང་ལ་༧གོང་ས་མཆོག་དང་ཀྲུའུ་ཝེ་ཆོན། ཞེས་ཀྲུའུ་༧གོང་ས་མཆོག་དང་མཉམ་སྦྱར་བྱས་པ་ཅུང་འགྲིག་མི་འདུག ཀྲུའུ་ནི་རྒྱ་ནག་གི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཟེར་བ་མིན་ལ། བློན་ཆེན་ཞིག་ཀྱང་མིན་པར་འཐབ་ཕྱོགས་གཅིག་གྱུར་ཁང་ལ་བློན་ཆེན་གཞོན་པ་བདུན་ཡོད་པའི་རྒྱུན་ལས་ཙམ་རེད། གཙོ་བོ་ཉེ་བའི་ལོ་འགས་རིང་༧གོང་ས་མཆོག་གི་སྐུ་ཚབ་དང་ཐད་ཀར་གྲོས་མོལ་བྱེད་མཁན་ཡིན་པས་ཅུང་སྐད་གྲགས་ཆགས་པ་དང་། ལྷག་པར་ལོ་ཤས་གོང་ཁོ་པ་ཡོ་རོབ་རྒྱལ་ཁབ་ཅིག་ལ་ཕེབས་སྐབས་བོད་མིས་ཁོ་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སྐད་གྲགས་བཟོས། མ་གཞི་ནས་རང་རེ་ངོ་རྒོལ་གྲ་སྒྲིག་བྱེད་མཁན་དེ་ཚོས་ངོ་རྒོལ་བྱ་ཡུལ་དེའི་ལོ་རྒྱུས་གནས་བབ་དང་དགོས་པ་རིན་ཐང་སོགས་ལ་བསམ་ཞིབ་གཏན་ནས་མི་བྱེད་པར། རྒྱ་མིའི་དཔོན་པོ་ཡིན་ཚད་ལ་ངོ་རྒོལ་བྱ་ཁུལ་གྱིས་མཚམས་རེ་རྒྱ་དཔོན་དེ་དག་ལ་ཕན་ཐོགས་ཆེན་པོ་འབྱུང་གི་ཡོད། ཀྲུའུ་ཝེ་ཆོན་ནི་དེའི་ནང་གི་གཅིག་རེད། །

  9. ཨ་རུ་ར། says:
    2011-12-16 at 8:08 am

    རྡོ་རྗེ་ལགས། ཁུག་རྟ་ལ་འགྲན་བསྡུར་བྱེད་འདོད་ན། ད་དུང་སུམ་དག་དག་གསུམ་ལ་སྦྱོང་བརྡར་བྱེད་རྒྱུ་དགོས་གལ་མཐོང་།

  10. ལྷག་པ། says:
    2011-12-16 at 8:49 am

    ཨོ། ད་བྱས་ན་ཆོག་དང་ཆོག རྡོ་རྗེ་ལགས་ཀྱིས་ཁུག་རྟར་ཞུ་བ་འབུལ་གྱི་ཡོད་རེད།
    འོན་ཀྱང་ཁྱོད་ཀྱིས་མཁྱེན་དགོས་པ་ཞིག་ལ་ང་ཚོའི་སྤྱི་ཚོགས་ནང་རང་དོན་སྒྲུབ་པའི་མགོ་བདེ་གླགས་ཚོང་བ་རྣམས་ཀྱིས་བོད་ནང་གི་མི་མང་སྦག་ལ་གྱོན་ནས་རང་དོན་སྒྲུབ་ཀྱི་ཡོད་རེད་དོ། ང་ནི། བོད་ནང་ཛ་དྲག་ཡོད་པའི་གོ་སྐབས་དང་བསྟུན་ནས་རང་དབང་ལུང་པར། སྨྲ་བརྗོད་རང་དབང་ལ་དོ་ཕོག་རྩ་བ་ནས་གཏོང་གི་མིན། བོད་ནང་ཛ་དྲག་ཏུ་གྱུར་ཚུལ་དེ་ཡང་སྨྲ་བརྗོད་སོགས་རང་དབང་མེད་པས་རེད་དོ།

  11. གསེར་འབྲུག་སྡེར་ལྔ་ says:
    2011-12-16 at 9:05 pm

    ཀྲུའུ་ཝེའེ་ཆོན་གྱིས་《རྒྱལ་ནང་གི་གནས་སྟངས་ལ་ཕྱི་ནས་ཐེ་བྱུས་བྱེད་རྒྱུར་ངོས་ལེན་རྩ་བ་ནས་མེད་པར་བརྟེན་བོད་རང་སྐྱོང་ལྗོངས་སུ་ཞིབ་འཇུག་ཚོགས་ཆུང་གཏོང་རྒྱུ་ཟེར་བ་དེ་བས་ངོས་ལེན་བྱེད་ཐབས་རྩ་བ་ནས་མེད་》ཞེས་པ་འདི་བདེན་པ་འདྲ་ཞིག་རེད། རྒྱུ་མཚན་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་བས་སོ་སོའི་ཁེ་ཕན་གཙོ་བོར་བཞག་ཏེ་བོད་འདི་ཀྲུང་གོའི་ཆ་ཤས་རེད་ཞེས་རྒྱལ་སྤྱིའི་སྣ་མང་ཚོང་རྭའི་ནང་གི་ཚོང་རྫས་གལ་ཆེན་ཞིག་གི་གྲས་སུ་བཞག་ཚར་ཙང་། ནང་སྲིད་ལ་ཐེ་བྱུས་བྱས་མི་ཆོག་ཞེས་གདེང་སྤོབས་ཆེན་པོས་ཡ་ལན་ཚ་ཐག་ཆོད་རེ་སློག་དུས་ཁ་ལ་མཛུབ་མོ་བཅུག་ནས་སྡོད་རྒྱུ་ལས་ཅང་ལྷག་མེད་པ་རེད། ད་དུང་དེས་མི་ཚད་སྡིག་བསྐུལ་བྱེད་ཀྱི་འདུག་ག། བྱས་ཙང་ཨ་ཕོ་རང་གིས་འཇོན་ན་འཇོན་པ་རེད་མ་གཏོགས། ཨ་ཕོ་རང་གིས་མ་འཇོན་ན་དོན་བཟང་པོ་མིའི་ལག་པར་ཤོར་ཡོང་ངོ་ཞེས་པའི་མན་ངག་འདི་ཅིས་མི་བདེན། དེས་ན་ཀྲུང་གོ་འདི་སུ་ལ་ཡང་སྐྲག་མི་དགོས་པ་དང་སུ་ལ་ཡང་བསྟུན་མི་དགོས་པའི་དཔལ་འབྱོར་དང་དམག་དོན་གྱི་སྟོབས་ཤུགས་ཅན་ཞིག་སུས་བཟོས་པ་རེད་ཞེས་ན། ཨ་རིས་གཙོས་པའི་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ཁེ་ཕན་གཙོ་གཉེར་བྱེད་མཁན་གྱི་ཚོང་པ་ཚོས་བཟོས་པ་རེད་ལ། ཆབ་སྲིད་ཐད་བོད་དོན་དང་འབྲེལ་ནས་བཤད་ན་ཨ་རི་དང་ནུབ་ཕྱོགས་པ་ཚོས་བོད་འདི་ཀྲུང་གོ་དང་ཁ་བྲལ་དུ་མེད་པའི་ཆ་ཤས་ཞིག་རེད་ཞེས་ཁ་གཅིག་བསྒྲགས་ཡིན་ཙང་། མ་ཟད་ད་ཆ་ཀྲུང་གོ་འདི་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱི་བུན་བདག་ཡིན་ཙང་བཤད་ས་དང་བྱེད་ས་གང་ཡང་ལྷག་མེད་པ་རེད་ལ་ཨ་རི་དང་ནུབ་ཕྱོགས་པ་ཚོ་དཔལ་འབྱོར་ཉམས་རྒུད་ཀྱི་དུས་སྐབས་དང་འཁེལ་བས་མ་བསྟུན་རང་བསྟུན་རེད། འོན་ཀྱང་ནུབ་ཕྱོགས་ཀྱི་དཔལ་འབྱོར་ཉམས་རྒུད་ཀྱིས་ཤུགས་རྐྱེན་དེས་རྒྱ་ནག་ལ་ཐེབས་ཀྱི་རེད་ལ་ནུབ་ཕྱོགས་པས་ཉོ་མི་ཐུབ་ན་རྒྱ་ནག་གིས་བཙོང་མི་ཐུབ་པ་ཆོས་ཉིད་ལ་སོང་། ད་ཆ་རྒྱ་ནག་ནང་བཟོ་གྲྭ་མང་པོར་ལས་ཤོར་ཇེ་མང་འགྲོ་བཞིན་པ་དང་། བཟོ་གྲྭའི་བདག་པོ་དང་ལས་ཤོར་དབར་འགལ་ཟླ་ཇེ་ཆེར་འགྲོ་བ་དང་། གཞུང་གིས་བཟོ་གྲྭའི་བདག་པོའི་རྒྱབ་ཏུ་ལངས་ནས་ལས་ཤོར་བ་ལ་སྟངས་འཛིན་ནན་མོ་བྱེད་བཞིན་པར་བརྟེན། ལས་ཤོར་བ་དང་གཞུང་གཉིས་འགལ་ཟླ་ཆེ་རུ་འགྲོ་བཞིན་པ་གང་ལྟར་གཞུང་དང་མི་དམངས་དབར་འགལ་ཟླ་དྲག་ཏུ་ཕྱིན་ན་ང་ཚོས་གོ་སྐབས་ལེན་དགོས་པར་འདོད། མ་ཟད་རྒྱལ་སྤྱིའི་འགྱུར་ལྡོག་དང་ལྷག་པར་ཨེ་ཤི་ཡའི་འགྱུར་འགྲོས་དང་བསྟུན་ནས་གོ་སྐབས་ལེན་དགོས་པ་རེད། གཞན་བྱ་བྱེད་ཅང་ལྷག་མེད་པ་འདྲ་ཞིག་རེད།

  12. གསེར་འབྲུག་སྡེར་ལྔ་ says:
    2011-12-16 at 9:21 pm

    ལྡོང་གི་ལྷ་རྩེ་ལགས།
    བོད་མི་རིགས་འདི་སྡུག་ལ་སྦྱོར་མཁན་གྱི་རྒྱ་དཔོན་ཁ་ནག་འདི་ཚོར་ངོ་རྒོལ་མ་བྱས་ན་སུ་ལ་ངོ་རྒོལ་བྱེད་དགོས་པ་རེད། འོ་ན་བོད་མི་རིགས་ཚང་མ་ས་འཐོབ་ཀྱི་སེམས་དཔའ་ཡིན་ཁུལ་གྱིས་དགྲ་གཉེན་དབྱེར་མེད་དང་བདག་གཞན་མཉམ་བརྗེས་བྱེད་དགོས་པ་ཨེ་རེད། དེ་མིན་ན་ཁྱོད་རྣམ་འགྱུར་ཡ་མ་བརླ་ཅན་གྱི་མགོ་གཏད་རིང་ལུགས་པའི་མགོ་གཉིས་མ་མིན་ན་ཅི་རེད།

  13. བོད་དགའ་ says:
    2011-12-16 at 11:11 pm

    ཨ་རུ་ར་ལགས་སུམ་རྟགས་དག་གསུམ་རེད་ཁྱེད་རང་ཡང་ཧ་ཧ་ཧ།།

  14. རེ་བ་ says:
    2011-12-16 at 11:21 pm

    རྡོར་རྗེ་ལགས་ཁྱེད་ཀྱིས་དངོས་གནས་གསུངས་འདུག་ཁྱེད་རང་དང་ཁུག་རྟ་གཉིས་ལ་ཁྱད་པར་ཆེན་པོ་འདུག ཁྱེད་རང་ད་ལྟ་བྱེད་འབྲེལ་གཉིས་ལ་ཐུགས་འདུན་མང་ཙམ་གཏོང་དགོས་འདུག་གོ།།

  15. ལ་རྒྱའི་བདག་པོ། says:
    2011-12-17 at 7:00 am

    རྡོ་རྗེ་ལགས།
    ཁྱེད་ཀྱི་རེ་བ་བཞིན་ཤར་ཁུག་གིས་ཀྲུའུ་ཝེ་ཆོན་ལ་དགག་ལན་བརྒྱབ་དགོས་ན།སྔོན་ལ་ལན་འདེབས་ཚོགས་ཆུང་ནང་ཤར་ཁུག་གི་ལས་གནས་སྐྱར་གསོ་བྱེད་དགོས་རྒྱུར་བཀའ་ཁྲི་འདི་པར་རེ་འདུན་འདོན་དགོས།ལས་གནས་བསྐྱར་གསོ་བྱུང་རྗེས་ཤར་ཁུག་ལ་རེ་འདུན་བཏོན་ན་ཏག་ཏག་མ་རེད་དམ།དེ་མིན་ཁྱོད་ཀྱི་བརྗོད་པ་དེ་འདྲེ་ཤར་སྒོ་དང་ཀླུད་ནུབ་སྒོ་ཞེས་པ་ལྟར་མ་ཡིན་ནམ།ཐུགས་རྣལ་དུ་གནས་ནས་གསུངས་དང་།

  16. གཟུར་གནས། says:
    2011-12-17 at 7:12 am

    ལ་རྒྱའི་བདག་པོ་ལགས། ཁྱེད་ནས་རྡོ་རྗེ་འདྲ་བོ་དེ་འདྲ་མ་བཤད། བྱོལ་སོང་རྒྱལ་བོ་བློ་སེང་གིས་དགའ་རོགས་ཉེ་བོ་མ་གཏོགས་རང་གི་ནོངས་དང་སྐྱོན་ལ་སེན་འབྲེད་བྱེད་མཁན་ཚོར་བཀའ་མོལ་དང་མཉམ་ལས་བྱེད་པའི་བློ་ཁོག་རྙེད་ཀྱི་མ་རེད། དེས་ཕྱིར་མཆོད་ཡོད་པ་མ་རེད།

  17. རེ་བ་ says:
    2011-12-17 at 7:13 am

    རྡོ་རྗེ་ལགས་བྱས་ན་སྐྱོན་བརྗོད་ཞུ་རྒྱུ་ཡིན་ ༼རེ་བ་ཁྱེད་ཀྱིས་༽ ༼ལམ་སྟོན༽ ༼ང་གཉིས་བར་ལ་༽ ༼ཁྱད་པར་༽༼ངས་ཁོང་གི།༽ ༼འཁྱེར་ཕྱོགས་༽ ༼ ངོས་ལེན༽ ༼ཐུབ་ཀྱི་༽ ༼མིན་འདུག༽ ༼མ་འོང་པར་༽ ༼གནང་རོགས་༽ཧ་ཧ་ཧ་མང་པོ་འདུག སྔོན་ལ་བྱིས་པ་དག་ཡིག་ཀློགས།། །།

  18. བོད་དགའ་ says:
    2011-12-17 at 7:21 am

    རེ་བ་ལགས་ང་ཕྱོགས་ཞེན་ཁོ་ན་ལས་

  19. བློ་རྡོ། says:
    2011-12-17 at 2:23 am

    རེ་བ་་ཁྱེད་གི་གསུང་པ་བདེན་པ་རེད་།ལམ་བསྟོན་གནང་པ་ཐུགས་རྗེ་ཆེ་གནང་།ངའི་གཉིས་བར་ལ་ཁྱེད་པར་གནམ་ས་ཤོར་ཡོད་རེད་ཤེས་ཡོན་ཆ་ནས་། ཡིན་ན་ཡང་ངའི་ཁོང་གི་བསམ་བློ་ཁྱེར་ཕྱོགས་ལ་ངོས་ལན་ཐུབ་གི་མི་འདུག་།རེ་བ་ལགས་མ་འོང་པ་བཀའ་སློབ་མང་ཙམ་གནང་རོ་ཞུ་གི་ཡིན་།།།

  20. བོད་དགའ་ says:
    2011-12-17 at 7:24 am

    ང་ནི་ཕྱོགས་ཞེན་ཁོ་ན་ལས་སུམ་རྟགས་དག་གསུམ་རྩ་མེད་སོང་ཡང་ཁྱད་པར་མེད་དོ། ཧ་ཧ་ཧེ་ཧེ་ཧོ་ཧོ་།། །།

  21. ལྡོང་གི་ལྷ་རྩེ། says:
    2011-12-17 at 9:29 am

    གསེར་འབྲུག་སྡེར་ལྔ་ལགས།
    གཞན་ལ་བཀའ་བཀྱོན་མ་བཏང་སྔོན་གཞན་གྱི་བསམ་ཚུལ་ཞིབ་མོ་ཀློག དེ་མིན་རང་ཉིད་ཡ་མ་བརླ་ཆགས་ཀྱི་རེད། ངའི་བསམ་ཚུལ་ནང་༼རྒྱ་མིའི་དཔོན་པོ་ཡིན་ཚད་་་་དང་་་་་ངོ་རྒོལ་སྐད་འབོད་༽ཅེས་བརྗོད་ཡོད་ལ། དེ་ནི་རྒྱ་དཔོན་ཡིན་ཚད་ལ་ངོ་རྒོལ་སྐད་འབོད་བྱས་ན་འགའ་ལ་ཕན་ཐོགས་པར་གྱུར་བ་བཤད་པ་ལས། རྒྱ་དཔོན་ལ་ངོ་རྒོལ་མ་བྱེད་ཟེར་གྱི་མེད་ལ་སྐྱོན་བརྗོད་མ་བྱེད་དེ་བས་ཀྱང་ཟེར་གྱི་མེད་པས་ཞིབ་ཆ་གནང་རོགས། ངོ་རྒོལ་བྱེད་ན་བྱེད་ཡུལ་ཧུའུ་ཅིན་ཐའོ་དང་ཅཱ་ཆིན་ལེན། ཝུའུ་པང་ཀོ་ལྟ་བུ་རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་སྲིད་ཇུས་གཏན་འབེབས་དང་གནད་དོན་ཐག་གཅོད་བྱེད་མཁན་དེ་ཚོ་རེད། དེ་བཞིན་ངས་ཀྲུའུ་ཝེ་ཆོན་ལ་སྐྱོན་བརྗོད་མ་བྱེད་ཀྱང་ཟེར་གྱི་མེད་ལ། ཁོ་པའི་གཏམ་བརྗོད་དེ་ཚོར་ལུང་རིགས་ཀྱིས་འགག་ཐུབ་ན་དགེ་མཚན་ལོས་ཡོད། གཙོ་བོ་ཁོ་ལྟ་བུ་ཕྱི་རྒྱལ་དུ་སྐྱོད་སྐབས་བོད་མིས་ངོ་རྒོལ་ཁྲོམ་སྐོར་བྱས་ན་ཁོ་ཆེན་པོ་བཟོ་བ་དང་རྒྱ་གཞུང་གིས་ད་དུང་ཁོ་པར་མཐོང་ཆེན་དེ་ལས་བྱེད། དེས་ང་ཚོར་ཕན་སོང་ངམ། འདིར་ཐབས་ཇུས་ཞིག་བརྗོད་ཀྱི་ཡོད་ལགས། སེམས་ཚོར་ཁོ་ན་ལ་བརྟེན་ནས་ལས་ཀ་བྱེད་ན་ང་ལ་ཞུ་རྒྱུ་གང་ཡང་མེད།

  22. དྲང་སྲོང་། says:
    2011-12-19 at 9:39 am

    ཚེ་བཀྲ་ལགས་ཁྱེད་སྨྲ་ཚོད་འཚམས་པོ་འདུག་དགའ་བསུ་ཞུ།

  23. དྲང་སྲོང་། says:
    2011-12-19 at 9:44 am

    ཁ་སྔོན་རྒྱ་གར་ndtv talk ལ་གདན་འདྲེན་ཞུ་བ་བཀའ་ཁྲི་ཁམས་ཕྲུག་ན་གཞོན་དེས་བཀའ་མུལ་ཡག་ཁི།

  24. ལྷག་པ། says:
    2011-12-19 at 11:19 am

    རྡོ་རྗེ་ལགས། ཁྱོད་རང་གིས་གསུངས་པའི་གནས་ཚུལ་དེ་ཡང་ང་ཚོའི་སྤྱི་ཚོགས་སུ་འདུག
    ཡིན་ནའང་ཁྱོད་རང་གི་ཁ་གཏད་ཁུག་རྟས་སྨྲ་བརྗོད་རང་དབང་ཁ་ལ་ཁྱེར་ནས་རང་གི་ལྟོ་ཕོར་པ་གང་གི་ཆེད་དུ་བློ་སེང་ལ་སྤྲེལ་ལད་མ་བྱས་ཙང་། རྒྱུ་མཚན་དང་གནས་ལུགས་ཁས་མི་ལེན་པའི་བློ་སེང་གིས་ལས་གནས་ནས་ཕུད་པ་དངོས་ཡོད་རེད། ཁུག་རྟས་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱས་པ་དེ་དོན་དང་ལྡན་མིན་རེད། ཁྱོད་རང་ཡང་བློ་སེང་དང་འདྲ་པོ་འདུག སྐད་ཆ་སྤོམ་ཚོད་རྐྱང་མ་ཤོད། ཁུག་རྟས་བཤད་པའི་ནང་དོན་བྱེ་བྲག་པར་བཀར་ནས་དགག་བྱ་བྱོས་དང་། དེ་དུས་བགྲོ་གླེང་ངོ་མ་དེ་འོང་གི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme