Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་གིས་རྒྱ་རིགས་ཀྱི་དྲི་བར་དྲ་ལམ་བརྒྱུད་བཀའ་ལན།

Posted on 2011-01-052011-01-05 By ཁ་བརྡ་ 17 Comments on ༧གོང་ས་མཆོག་གིས་རྒྱ་རིགས་ཀྱི་དྲི་བར་དྲ་ལམ་བརྒྱུད་བཀའ་ལན།

201114_325
འདིའི་ཚེས་༤ ཉིན་གྱི་ཕྱི་དྲོ་༧གོང་ས་མཆོག་གིས་དྲ་ལམ་བརྙན་འཕྲིན་བརྒྱུད་ནས་རྒྱ་རིགས་ཁྲིམས་རྩོད་པ་གཉིས་དང་། རྩོམ་པ་པོ་ཝང་ལི་ཞུང་བཅས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་རེད། འོན་ཀྱང་སྐུ་སྒེར་ཡིག་ཚང་གི་ངོས་ནས་ད་ལྟ་བཀའ་ལན་གྱི་ནང་དོན་གསལ་བསྒྲགས་གནང་མེད་ནའང་། རིམ་པས་ཕྱིར་བསྒྲགས་གནང་འཆར་ཡོད་འདུག ༢༠༡༠ ལོར་རྩོམ་པ་པོ་ཝང་ལི་ཞུང་གི་གཙོ་སྐྱོང་འོག་རྒྱ་ནག་སྐམ་ས་ཆེན་མོར་གནས་སྡོད་རྒྱ་རིགས་ཚོའི་དྲི་བ་དྲུག་དང་། རྒྱ་ནག་ཧྲིན་ཀྲིན་དུ་གནས་སྡོད་རྒྱ་རིགས་ཁྲིམས་རྩོད་པ་ཁྲིན་པོབ་དང་། པེ་ཅིང་གི་ཁྲིམས་རྩོད་པ་ཅཱང་ཐན་ཡོང་གཉིས་ཀྱིས་ཐད་ཀར་ཞུས་པའི་དྲི་བ་གཉིས་ལ་ལན་འདེབས་གནང་ཡོད་པ་རེད། ཁྲིམས་རྩོད་པ་ཁྲིན་པོབ་ཀྱིས། ཉེ་ཆར་ཝི་ཀི་ལིག་ཞེས་པའི་དྲ་རྒྱའི་ཨ་རི་སོགས་ཀྱི་གསང་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པའི་ཁྲོད། ༧གོང་ས་མཆོག་གིས་བོད་ནང་གི་ཁོར་ཡུག་ག་ཛ་དྲག་གནས་སྟངས་བསྒུག་ཐབས་མེད་པ་དང་། ཆབ་སྲིད་ཀྱི་གནས་སྟངས་ལོ་བཅུ་སྐོར་ལ་བསྒུག་དགོས་ཀྱང་སྐྱོན་མེད་སྐོར་རྒྱ་གར་དུ་ཡོད་པའི་ཨ་རའི་གཞུང་ཚབ་ལ་གསུངས་ནས། གཙོ་བོ་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་འབད་བརྩོན་གནང་རྒྱུའི་ལངས་ཕྱོགས་ལ་བསྒྱུར་ཡོད་སྐོར་དེ་བདེན་པ་ཡིན་མིན་དང་། གལ་སྲིད་བདེན་པ་ཡིན་ན། ཐབས་ལམ་གྱི་ཐོག་འགྱུར་བ་མཚོན་གྱི་ཡོད་དམ། དེ་སྔོན་གྱི་ལངས་ཕྱོགས་གང་ཡིན་ཞེས་བཀའ་འདྲི་ཞུས་ཡོད་པ་རེད། ཁྲིམས་རྩོད་པ་ཅཱང་ཐན་ཡོང་གིས། རྒྱ་བོད་མི་མང་དང་ཤེས་ཡོན་ཅན་ལ་གྲོས་མོལ་དང་བསམ་ཤེས་བྱེད་ཀྱི་དེ་བོད་དོན་ཞི་བའི་ཐོག་ནས་སེལ་རྒྱུའི་དོན་གནད་ཅིག་ཡིན་པས། སྐུ་ཉིད་ལ་ཐབས་ལམ་ག་རེ་ཡོད་དང་། དེར་འགོག་རྐྱེན་གཙོ་བོ་ག་རེ་ཡིན་སྐོར་བཀའ་འདྲི་ཞུས་ཡོད་པ་རེད།201114_2_105 ༢༠༡༠ ལོར་མི་མང་ཁྲོད་ཀྱི་དྲི་བ་ཐེངས་གཉིས་ལ་བཀའ་ལན་གནང་ཟིན་པ་དང་། ད་ཐེངས་དྲི་བ་དྲུག་ལ་༧གོང་ས་མཆོག་གིས་བཀའ་ལན་གནང་ཡོད་པ་དང། ༡ ང་ཕོད་ངག་དབང་འཇིགས་མེད་ཀྱིས་༧གོང་ས་མཆོག་གིས་གྲོས་མོལ་ཆེད་མངགས་གཏོང་གནང་ནས་པེ་ཅིང་དུ་ཕེབས་སྐབས། གྲོས་མཐུན་དོན་ཚན་༡༧ ལ་སྐུ་ཉིད་ཀྱིས་མོས་མཐུན་གནང་མེད་ནའང་། ས་ཡིག་བརྒྱབ་པ་དང་། རྗེས་སུ་སྐུ་ཉིད་ཀྱིས་མོས་མཐུན་གནང་བ་རེད། དེ་རྗེས་ང་ཕོད་རྒྱ་ནག་ཕྱོགས་ཀྱི་མགྲིན་ཚབ་པ་ལྟ་བུ་ཆགས་པ་ཡིན་པས། སྐུ་ཉིད་ཀྱིས་ང་ཕོད་ལ་གཟིགས་སྟངས་གང་ཡིན་དང་། ༢ ༧གོང་ས་མཆོག་གིས་བཙན་བྱོལ་ནང་བོད་མི་སྐོར་ཞིག་གི་བྱ་སྤྱོད་ལ་སྟངས་འཛིན་གནང་མ་ཐུབ་པ་ཡོང་གི་ཡོད་མེད་དང་། དེའི་ཐོག་ཐབས་ལམ་ག་རེད། ༣ འཚེ་བ་མེད་པའི་ཐབས་ལམ་གྱིས་རྒྱ་ནག་དམར་ཕྱོགས་གཞུང་ལ་ནུས་པ་ག་རེ་ཐོན་གྱི་རེད། ༤ བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་ལ་འགྱུར་བཅོས་གནང་རྒྱུའི་གནས་བབ་ཆགས་ཡོད་མེད། ༥ ད་ལྟ་རྒྱ་ནག་ནང་གི་མི་མང་པོ་ཞིག་གིས་༧གོང་ས་མཆོག་ལ་འཁོན་འཛིན་བྱེད་ཀྱི་ཡོད་པས། དེ་ཚོར་བཀའ་སློབ་གང་ཡོད། ༦ ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཕྱོགས་བཅས་ཡིན་པ་རེད།།
(ཡོང་ཁུངས། བོད་ཀྱི་བང་ཆེན།)

གསར་འགྱུར།

Post navigation

Previous Post: མཆོངས
Next Post: བོད་རང་གི་བདེན་པའི་ཨུ་ཚུགས།

Comments (17) on “༧གོང་ས་མཆོག་གིས་རྒྱ་རིགས་ཀྱི་དྲི་བར་དྲ་ལམ་བརྒྱུད་བཀའ་ལན།”

  1. ཚངས་དབྱངས། says:
    2011-01-05 at 1:31 pm

    རྒྱལ་བ་རིན་པོ་ཆེའི་ལན་འདི་སྒུག་བཞིན་ཡོད་དོ། རིགས་ཀྱི་བུ། ལན་འདི་མགྱོགས་མོ་འདོན་རོགས་གནང་། 

  2. རིག་འབྱུང་རྒྱ་མཚོ། says:
    2011-01-05 at 6:41 pm

    བོད་ས་ཡོད་ཚད་རྒྱ་ནག་གིས་འཕྲོག་ཅིང་ད་དུང་རྒྱ་ནག་པས་སྐུ་མདུན་ལ་ཁོང་སེམས་ལངས་ན་བྱེད་ཐབས་མེད་ཅིང་རྒྱ་ནག་ཁོང་ཁྲོ་ལངས་བ་ཙམ་སྐྲག་ན་བོད་ཀྱི་རང་དབང་རྩོད་པའི་གནས་མེད། རྒྱ་ནག་གིས་དགའ་དགའ་སྐྱིད་ཀྱིས་བོད་ལ་རང་དབང་སྤྲོད་མི་སྲིད་དེ། སྤྲད་ན་ངོ་ཚ་དང་དཀའ་ངལ་ལ་མི་འཛེམ་པ་བོད་ས་འཕྲོག་དགོས་དོན་ག་ལ་ཡོད།

  3. ཤ་ཟན་དམར་པོ། says:
    2011-01-05 at 7:29 pm

    དགོན་པ་རྙིང་པ་ལ་གནས་བཤད་གསར་པ་ཞིག་ཡོད་མ་རེད། རྒྱལ་བ་རིན་པོ་ཆེས་ལན་འདི་ལྟར་རྒྱག་གི་རེད།
    ༡ གྲོས་ཆོད་དོན་ཚན་བཅུ་བདུན་པར་ས་རྟགས་བརྒྱབས་པ་དང་། དེ་ལ་མོས་མཐུན་ཇི་ལྟར་བྱས་པའི་ལོ་རྒྱུས་རྒྱབ་ལྗོངས་དེ་ཚོ་མདོར་བསྡུས་ཀྱིས་ངོ་སྤྲོད་ཅིག་གནང་གི་རེད། ང་ཕོད་ལ་གཟིགས་སྟངས་ཅི་ཡོད་སྐོར། རྒྱ་ནག་གི་བཙན་དྲག་ལྡན་པའི་སྲིད་བྱུས་ལ་དྲན་གསོ་དང་བཅས་ང་ཕོད་ལ་ཁག་མེད་པ་ངོས་ཀྱིས་ཤེས་ཀྱི་ཡོད་གསུངས་གི་རེད། གཞན་མི་སྣ་འགའ་རེ་དཔེ་མཚོན་གྱི་ཚུལ་དུའང་དྲངས་ན་ཐང་ལ་མི་དྲངས་ནའང་ཐང་།
    ༢ ད་བར་དེ་ལ་ལན་མང་པོ་གནང་ཚར་རེད། གཞོན་ནུ་ཚོགས་པའི་རང་བཙན་གྱི་ལངས་ཕྱོགས་དང་འབྲེལ་བའི་ལན་དེ་ཚོ་སྐྱར་ཟློས་ཤིག་གནང་གི་རེད། དྲི་བ་འདི་དྲི་བ་ཁྱད་མཚར་རོ། ལྐུགས་པའི་དྲི་བ་གཏོང་སྟངས་ཤིག་རེད། བོད་མི་མང་གི་བྱ་སྤྱོད་ལ་སྟངས་འཛིན་བྱེད་རྒྱུ། རྒྱལ་བ་རིན་པོ་ཆེ་གཅིག་གཅོད་པ་དང་གུང་གཞུང་མ་རེད་མོད། རང་དབང་ལུང་པ། གཏམ་བརྗོད་རང་དབང་རེད་མོད། དྲི་བ་འདི་གུང་གཞུང་ལ་འདྲི་དགོས་པ་ཞིག་རེད།
    ༣ འཚེ་བ་མེད་པའི་ནུས་པ་ད་བར་གསུངས་པ་དེ་ཚོ་སྐྱར་ཟློས། ད་ལྟ་དོན་དག་ག་རེ་ཡིན་ན་གྲོས་མོལ་གྱི་ལམ་ནས་སེལ་བའི་དུས་ཚོད་ཡིན་པ། དྲག་པོ་ལ་བརྟེན་པའི་མིའི་སྤྱི་ཚོགས་ཀྱི་གོད་ཆག་དེ་ཚོའང་སྐྱར་ཟློས་ཤིག་བྱེད་ན་ཐང་།
    ༤ དུས་ཚོད་ཀྱི་འགྱུར་བ། མིའི་སྤྱི་ཚོགས་ཀྱི་འགྱུར་བ་དེ་ཚོ་བགྲང་ནས་འགྱུར་བ་གཏོང་དགོས་པ་ལྟུ་བ་ཞིག་གསུང་གི་རེད། ཡིན་ན་ཡང་། ཚིག་ཐག་ཆོད་པོའི་ངང་ནས་འགྱུར་བ་གཏོང་གི་ཡིན་ཟེར་ནས་གསུངས་གི་མ་རེད། འགྱུར་བ་གཏོང་མི་གཏོང་གི་དབང་ངམ་ལན་དེ་བོད་མི་མང་གི་སྒང་གཡུགས་འཇོག་གི་རེད།
    ༥ དེ་ད་གསལ་པོ་ཞེ་དྲག་རེད། རྒྱ་ནག་གཞུང་གི་ཕྱོགས་གཅིག་གི་དྲིལ་བསྒྲགས་དེ་ཚོ་དང་འབྲེལ་ནས་སྔོན་མ་ཡང་དྲི་བ་འདི་རིགས་ལ་ཐེངས་ཁ་ཤས་ལ་ལྗགས་ལན་གནང་རེད།
    ༦ དེ་ལ་ཡང་ལན་ཁ་ཤས་གནང་ཚར་བ་རེད། ད་བར་གྱི་མ་འདས་སྤྲུལ་སྐུ་སོགས་རེད། འདིའི་སྐོར་ལ་འབྱུང་འགྱུར་ཁོང་ཚང་ནས་ཐག་ཆོད་པོའི་གསལ་བསྒྲགས་ཤིག་ཏན་ཏན་གནང་གི་རེད་བསམས། ཐག་ཆོད་གསལ་བོ་ཞིག་མ་གནང་བར་ལན་རྙིང་པ་དེ་རེད།
    ད་འདི་ལུང་བསྟན་ཟེར་ན་འདྲ། རྗེས་དཔག་ཟེར་ན་འདྲ། དེ་འདྲ་ཞིག་རེད། བརྒྱ་ཆ་བརྒྱ་ད་ཚོད་ཐུག་གི་མ་རེད་དེ་བརྒྱ་ཆ་བརྒྱད་ཅུ་ད་ཚོད་ཐུག་ཡོད་ཁོ་ཐག་ཡིན། ཁོང་གིས་ངའི་སེམས་ཤེས་ཀྱི་མ་རེད་དེ་ངས་ཁོང་གི་དགོངས་པ་ལག་མཐིལ་ལ་སྐྱུ་རུ་ར་བཞག་པ་ནང་བཞིན་ཤེས་ཀྱི་འདུག

  4. ཁང་ནག་པ་ནས། says:
    2011-01-05 at 9:24 pm

    རྒྱ་མི་མཁས་པ་ཡིན་ཟེར་མཁན་དེ་ཚོས་ཀྱང་བོད་ལ་སེམས་འཁུར་ཡོད་ཟེར་བ་ཙམ་ལས་རྩ་དོན་ལ་ཕན་པའི་རྒྱབ་སྐྱོར་བྱ་མཁན་ཛའོ་ཀྲང་ཅིང་ཙམ་ལས་དཀོན་ཙམ་ཡིན།

  5. གཅན་བཟོད་རྒྱམ། says:
    2011-01-06 at 12:06 am

    ཐུགས་རྗེས་གཟིགས། དྲི་བ་ལྔ་བ་དེ་རྒམ་རྒན་བོང་ལི་ཞོན་འདྲི་རོགས། སྐུ་མཁྱེན། རྒྱ་རྒན་བོང་ལི་དེའི་རྩོམ་ཡིག་ཚང་མ་ངས་ཞིབ་ཏུ་བཀླགས་པ་ཡིན། སྙིང་ལས་ནས་ཤི་གྲབ་བྱེད་ཀི་འདུག མི་འདིས་བོད་ལ་ཕན་པའི་སྐད་ཆ་གཅིག་ཀྱང་བཤད་ཀྱི་མི་འདུག འདི་རྒྱ་དམར་གཞུང་གིས་སྐམ་པ་ངོ་མ་ཞིག་རེད། སྐད་ཆ་ཡར་བཤད་མར་བཤད་༸གོང་ས་མཆོག་གི་ཁ་ནས་ཚིག་མང་པོ་བླངས་སོང་།
    (༥ ད་ལྟ་རྒྱ་ནག་ནང་གི་མི་མང་པོ་ཞིག་གིས་༧གོང་ས་མཆོག་ལ་འཁོན་འཛིན་བྱེད་ཀྱི་ཡོད་པས། དེ་ཚོར་བཀའ་སློབ་གང་ཡོད།) འདི་ལ་རྒམ་རྒན་བོང་ལི་ཞོན་ཁོ་རང་ལ་ལན་ཞིག་འདེབས་ཀི་འཇུག་རོགས། བཀོད་སྒྲིག་པ་སུ་ཡིན་ཚོས་ཚུར་དྲི་བ་དང་ལེན་བྱེད་རྐྱང་མི་བྱེད་པར། པར་ལའང་དྲི་བ་རེ་གཏོང་རོགས། ཁོ་ཚོས་དྲི་བ་འདི་མོ་འདི་གཏོང་དགོས་པར་རྒྱུ་མཚན་ཞིག་ཅིས་ཀྱང་ཡོད་ངེས་ན། ཁོང་ཚོར་དམིགས་ཡུལ་ངེས་ཅན་ཞིག་ཀྱང་ཡོད་པ་ཤ་རིས་ཐང་གསལ་རེད། དེས་ན་ཕར་ལའང་དྲི་བ་བཀོད་ན་ལོས་ཆོག
    རྒྱ་རིགས་ཤིག་གི་ནང་དུ་བོད་དོན་ཐད་དངོས་གནས་སྐད་ཆ་ཡག་པོ་བཤད་མཁན་ཨ་རིར་གནས་སྡོད་ཚའོ་ཁྲང་ཆིན་གཅིག་པུ་ལས་མི་འདུག

  6. ཤེས་ཤེས། says:
    2011-01-06 at 1:13 am

    རེད་ད། རྒྱ་མི་དེ་ཚོས་རྒྱལ་བ་རིན་པོ་ཆེ་མགོ་སྐོར་ཁོ་ན་དང་བེད་སྤྱོད་ཁོ་ནར་བཀོལ་བ་ལས་སྙིང་གཏིང་ནས་བོད་ལ་ཤ་ཚ་ག་ལ་ཡོད། དེ་མ་གཞི་ནས་འགྲིག་པ་རེད། ཅིའི་ཕྱིར་སོ་སོའི་མི་རིགས་བཞག་ནས་མི་རིགས་གཞན་ལ་ཤ་ཚ་བྱེད་དགོས་སམ། 

    ང་ཚོ་ཡང་རྒྱ་མིར་ཤ་ཚ་དང་གདུང་སེམས་མཉམས་སྐྱེས་བྱེད་དགོས་དོན་གང་མིན་འདུག དེ་བཞིན་རྒྱ་མིས་ང་ཚོ་ལ་ཤ་ཚ་བྱེད་མི་སྲིད། རྩ་བའི་མགོ་རྒྱལ་དབང་རིན་པོ་ཆེ་ནས་རྐུབ་སྤྲང་ཕྲུག་ང་རང་ཚུད་པའི་བོད་ཾམི་མགོ་ནག་ཚང་མར་རང་རྩ་སྟོང་ལ་འགྲོ་བའི་ནད་འབུ་གཅིག་ཁོག་ནང་ཡོད་པ་རེད། ནད་འབུ་དེ་གང་རེད། འདི་ལ་ལན་གཅིག་རྒྱོབ་དང་། ངའི་སྲིང་མོ་གཟུགས་བྱས་ལེགས་པ་འདི་མཉམ་དུ་ལྷོད་ལྷོད་བྱས་ཐེངས་གཅིག་འཇོག་གོ

  7. རིག་འབྱུར་རྒྱ་མཚོ says:
    2011-01-06 at 5:15 pm

    རྒྱ་རྒན་ཚོས་སྐད་ཆ་ཡར་མར་བཤད་ནས་གོང་ས་མཆོག་རྩེད་མོ་རྩེད་བྱེད་བྱ་བཞིན་ཡོད་བ་རེད། རྒྱ་མི་མི་རེ་ལ་གོང་ས་མཆོག་གི་ལྟ་བ་གསལ་བཤད་བྱ་བཞིན་མི་ཟིན་ལ་བྱས་ཀྱང་རྒྱ་རིགས་ཆེན་པོའི་ཁེ་ཕན་བློས་བཏང་གིས་བོད་ལ་རོགས་སྐྱོར་བྱེད་མཁན་དཀོན། རང་ལ་རང་དྲི་མེད་ན་དགྲ་ཡི་སྙིང་རྗེ་སྒོམ་མི་སྲིད་ལ་བཟང་སྤྱོད་དེས་བས་ཡིད་སྨོན་སྐྱེས་མི་སྲིད། རྒྱ་རིགས་རྣམས་གཞན་གྱི་བཟང་སྤྱོད་ཤེས་མཁན་གྱི་ཚུལ་མཐུན་ཞིག་ཡིན་ན་བོད་དང་ཡུར་གུ་སོགས་ལ་བཙན་འཛུལ་བྱེད་མི་སྲིད། གཡོ་སྒྱུ་དང་ལྷམ་པ་ཅན་གྱི་མི་རིགས་ཤིག་གིས་གཞན་གྱི་ཐམས་ཅད་མཁྱེན་པའི་རང་གཤིས་ལ་དད་པ་སྐྱེས་མི་སྲིད་དེ། བོད་མི་ལྟ་བུ་ཆོས་དད་ཅན་དང་ནུབ་ཕྱོགས་ལྟ་བུ་མིའི་རིན་ཐང་ལ་གུས་བཀུར་བྱེད་མཁན་གྱི་མི་རིགས་ཤིག་མ་རེད།

  8. གསར་འབྱོར། says:
    2011-01-06 at 5:53 pm

    རྒྱ་རྒན་བོང་ལི་ཞོན་ཟེར་བ་དེའི་རྩོམ་ཡིག་ཆ་ཚང་ཀློག་མྱོང་ཡོད་ལ་ཁོང་གི་ལོ་རྒྱུས་ཆ་ཚང་ལའང་ལྟ་མྱོང་ཡོད། ཁོང་ནི་ངེས་པ་དོན་གྱིས་རྒྱ་བོད་བར་གྱི་དཀྲུག་ཤིང་བྱེད་མཁན་དངོས་མ་དེ་རེད། ཁོང་ལྟ་བུའི་རྒྱ་རྒན་ཞིག་གིས་བོད་ཀྱི་གནད་དོན་ལ་ཕན་མི་ཐོག་པ་ཤེས་བཞིན་དུ་བོད་མི་ཚོས་ད་དུང་ཅིས་ཕྱིར་འདི་ལྟར་བྱེད་དགོས་ཐུག་པ་ཡིན་ནམ། ཁོང་གིས་གོང་གསལ་དྲི་བ་དེ་དག་ཐད་ཀྱི་གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་གང་ཡིན་ཤེས་བཞིན་དུ་ག་རེ་བྱས་ནས་དྲེི་བ་འདི་དག་ཡང་བསྐྱར་འདྲི་དགོས་ཐུག་པ་ཡིན་ནམ། འདི་ཡང་རྒྱ་རྒན་བོང་ལི་ཞོན་དེའི་ཆབ་སྲིད་ཀྱི་གཡོ་ཅུས་ཤིག་ཡིན་ཁོ་ཐག་རེད། རྒྱ་རྒན་འདི་ཚོས་ཀ་དུས་ཡིན་ཡང་མི་ལ་ཡིད་ཆེས་བྱེད་མི་སྲིད་དེ་རྒྱ་མཚན་ཁོ་རང་ཚོས་ནམ་ཡང་མི་ལ་ཡིད་ཆེས་བྱེད་མི་སྲིད་པས་རེད། རང་ཉིད་མི་ལ་ཡིད་ཆེས་མེད་མཁན་ཞིག་གིས་དུས་ནམ་ཡང་ཕར་ཕྱོགས་ཀྱིས་དྲང་གཏམ་བཤད་མིན་ལ་མི་ལྟ་བར་ཡིད་ཆེས་བྱེད་མི་སྲིད། དེའི་རྐྱེན་གྱིས་རྒྱ་དོག་པས་ཕོངས་བོད་རེ་བས་ཕོངས་ཟེར་བ་དེ་བྱུང་བ་རེད།

  9. བོན says:
    2011-01-06 at 7:22 pm

    ངས་བསམ་ན་རྒྱ་རྒན་འདི་ཚོས་རྒྱལ་བ་རིན་པོ་ཆེ་རྩེད་མོ་རྩེད་ཆས་དང་ཅི་སྤྲོ་ལྟ་བ་རེད། འཇིག་རྟེན་པའི་ཁ་དཔེར། ཤི་མདའ་ཁོག་ཏུ་བརྒྱབ། རྨ་ཁ་དར་གྱིས་བྱིལ། ཟེར་བ་དེ་རེད། མ་ཚད་དྲ་ལམ་དང་གློག་ཀླད་འདི་ཚོས་༧གོང་ས་མཆོག་གི་འཕྲོད་རྟེན་ལ་གནོད་ངེས་རེད། རྒྱ་རྒན་རེ་རེ་བཞིན་དེ་འདྲ་དྲ་ཐོག་ནས་ཁ་འབྲེལ་དགོས་ན་སྐུ་སྒེར་དང་བཙན་བྱོན་འདི་ཚོ་དོན་མེད་ཅིག་རེད་འདུག་བསམ། ད་ནི་དགུང་གྲངས་བདུན་ཅུ་དོན་དྲུག་ལ་སླེབས་ཚར་བ་རེད། བསམ་ཤེས་ཚོ་གངས་རིའི་ཆོས་རྒྱལ་ཆེན་པོ་དེང་དུས་ཀྱི་པུ་གུ་ནང་བཞིན་བཟོས་ན་ཨེ་འགྲིག་གམ། བཀའ་བློན་སྐྱག་ཆེ་དེ་ཚོས་དེ་ཙམ་ལན་འདེབས་མི་ཤེས་པ་ཡིན་ནམ། ཨ་ཁ་ཁ།

  10. ཤ་ཟན་དམར་པོ།། says:
    2011-01-06 at 9:07 pm

    རྒྱ་རྒན་དེ་ཚོ་ཟེར་ནས་སྡུག་ཇག་གེ་ལབ་ཡ་མི་འདུག ཁོང་ཚོ་དམངས་གཙོ་ལ་དགའ་མོས་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་སེམས་ཁུར་ཡོད་པ། རྒྱ་གཞུང་གི་བྱེད་སྟངས་མང་པོ་ཞིག་གི་ཐོག་དགའ་མོས་མེད་མཁན་ཞེ་ཅིག་ཡིན་པ་དེ་ས་རིས་ཐང་གསལ་རེད། དེ་ཡིན་ན་ཁོང་ཚོ་ལ་ངན་སྨྲས་བྱེད་ཡ་ཅང་མི་འདུག
    འུ་ཚང་གི་བླ་རྒན་ཡང་། རྒྱ་མི་ཤེས་ཡོན་པ་ཚོ་དང་མཉམ་བགྲོ་གླེང་བྱེད་རྒྱུར་དཔེ་མི་སྲིད་པའི་ཐུགས་མཉེས་པོ་ཡོད་པ་རེད། གོང་གི་དཔར་དེར་ཅིག་གཟིགས་གནང་ད། བཞད་མོ་བཞད་གནང་ནས་བཞུགས་མི་འདུག་གེ དེ་ཡིན་ན་སྐུའི་འཕྲོད་བསྟེན་ལའང་ཕན་ཐོགས་མེད་ན་གནོད་པ་ཡོད་མི་སྲིད།

  11. རིག་འབྱུར་རྒྱ་མཚོ says:
    2011-01-07 at 4:10 am

    བོད་ཀྱི་གནས་དོན་ནི་བླ་མ་ཚོའི་འཇོན་ཐང་ངོམས་བྱེད་དང་མྱི་བཟང་བྱ་བྱེད་མ་རེད། མྱི་བཟང་བྱས་ནས་ཡོད་ཚད་གཞན་ལ་སྤྲད་ཀྱང་ད་དུང་མུ་མཐུད་དུ་་་་་། ཁེ་ཕན་ཡོད་ཚད་གཞན་ལ་སྤྲད་ན་གཞན་གྱིས་དགའ་ཞེན་ཐོབས་ངེས་རེད། འོན་ཀྱང་་་་། བོད་ལ་་་་། བླ་རྒན་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་གྲགས་པའི་སླད་དུ་བོད་དོན་གནའ་ནས་ད་བར་བཙོང་བཞིན་ཡོད་ལ་མུ་མཐུད་དུ་བཙོང་ངེས་རེད།

  12. ཨོ་རྒྱན་ཕྲིན་ལས་རྡོ་རྗེ says:
    2011-01-07 at 4:25 am

    དྲ་ལམ་ནས་འབྲེལ་བ་དེ་དག་གལ་ཆེན་པོ་ཞིག་མཐོང་གི་ཡོད། །

  13. གཅན་བཟོད་རྒྱམ། says:
    2011-01-07 at 8:00 am

    ཤ་ཟན་དམར་པོ་དང་རིག་འབྱུང་རྒྱ་མཚོ་ལགས་གཉིས་ཀྱི་སྐད་ཆ་འདི་ཅུང་གསེག་རྒྱུའུ་མང་དྲག་མི་འདུག་གམ། དྲ་ལམ་ནས་རྒྱ་རྒན་དེ་ཚོར་འབྲེལ་བ་བྱེད་མཁན་རྒྱལ་བ་རིན་པོ་ཆེ་རེད་འདུག་ན། ཁྱེད་གཉིས་ཀྱིས་བཤད་ཀྱིན་བླ་རྒན་དང་བོད་ཀྱི་(བླ་རྒན་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་གྲགས་པའི་སླད་དུ་བོད་དོན་གནའ་ནས་ད་བར་བཙོང་བཞིན་ཡོད་ལ་མུ་མཐུད་དུ་བཙོང་ངེས་རེད།) ཟེར་བ་འདི་ཚོ་གོང་ས་མཆོག་ལ་སྦྱར་ན་ཐལ་དྲག་འདུག་པ་འདྲ་ཞིག་འདུག་སྙམ་པས་སྐད་ཆ་དེ་འདྲ་བདེན་པར་ཡང་གནས་ཚིགས་ཐུབ་བམ།
    གཉིས་ན་རྒྱ་རྒན་བོང་ལི་ཞོན་གཙོ་བྱས་རྒྱ་མི་མཁས་བླུན་མང་པོས་གཅིག་རྗེས་གཉིས་མཐུད་ཀྱསི་གོང་ན་མཆོག་ལ་ཐད་ཀར་རམ་ཡང་ན་བརྒྱུད་དྲི་བ་འདྲ་མིན་བཀོད་དང་འགོད་བཞིན་པ་འདི་ཡང་གཅིག་ནས་བཀོད་སྒྲིག་བྱེད་མཁན་དེ་ཚོར་ཡང་རེག་ལོས་འདུག་པས་ན། དེ་སྐོར་ནས་བསམ་བློ་རེ་གཏོང་ཐུབ་ན་ལེགས།

  14. ཇ་མ་ says:
    2011-01-07 at 11:06 am

    བོང་ལི་ཞོན་གྱིས་བོད་བཤད་ནས་རྒྱ་ནག་ལ་ཤ་ཚ་ཆེན་པོ་བྱེད་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་དེ་མ་ཤེས་པ་མ་ཟད་དེང་སང་བོང་ལི་ཞོན་ཁོ་རང་བོད་རང་བཙན་ལ་རྒྱ་རོགས་དང་ཏ་ལའི་བླ་མར་ངན་འབྲེལ་བྱེད་མཁན་རེད་ཅེས་རྒྱ་ནག་གི་དཔོན་རིགས་མགོ་ཁྲེགས་ཚོའི་མིག་ནང་དུ་བོང་ལི་ཞོན་ལ་བལྟ་ཚུལ་ཡག་པོ་མེད་པ་ཐོས།

  15. སྟག་འབུམ says:
    2011-01-11 at 10:22 am

    ཤ་གཟནཤ་ལ་བརྔམས་ནས །།རྒྱལ་བའི་སྐུ་ལ་བསྡོ་ཞིང་ །། དམར་བོའི་དར་ཆ་བསྒྲེང་བར །། སྤྲོ་བ་ཁྱོད་མིན་སུ་ཞིག། །། རིག་འབྱུང་རིག་རྒོད་ཡིན་པས །། རྒྱ་ཡི་ལད་མོ་བྱེད་ཀི ། བོད་དོན་འཐབ་རྩོད་བྱེད་སྟངས །།དྲིན་ལན་ལོག་འཇལ་ཨེ་རེད །། །།

  16. སྟག་འབུམ says:
    2011-01-11 at 10:58 am

    གོང་དུ་དྲ་གྲོགས་ཞིག་གིས ། བླ་རྒན་མི་ཉུང་བ་ཞིག་གིས་བོད་དོན་གནའ་ནས་ད་བར་འཚོང་བཞིན་ཡོད་ལ་བཙོང་ངེས་རེད་ཅེས་པ་འདི་འདྲའི་རིགས་དྲ་ངོས་སུ་བཀོད་ཆོག་ན ། ཅིའི་ཕྱིར་ངས་བྲིས་པ་འདི་དྲ་ངོས་ནས་ཕྱིར་འདོན་བྱས ། ཤ་གཟནཤ་ལ་བརྔམས་ནས །།རྒྱལ་བའི་སྐུ་ལ་བསྡོ་ཞིང་ །། དམར་བོའི་དར་ཆ་བསྒྲེང་བར །། སྤྲོ་བ་ཁྱོད་མིན་སུ་ཞིག། །། རིག་འབྱུང་རིག་རྒོད་ཡིན་པས །། རྒྱ་ཡི་ལད་མོ་བྱེད་ཀི ། བོད་དོན་འཐབ་རྩོད་བྱེད་སྟངས །།དྲིན་ལན་ལོག་འཇལ་ཨེ་རེད །། །།

  17. ཤ་ཟན་དམར་པོ།། says:
    2011-01-11 at 11:18 am

    གཅན་བཟོད་རྒྱམ། ངས་བོད་ཀྱི་བླ་རྒན་ཚོས་བོད་བཙོང་པ་རེད་ག་པར་ལབ་འདུག ངས་འདིར་མཆན་གཉིས་མིན་པ་བརྒྱབས་མེད་ད། མཆན༣ ནང་། རྒྱ་མིའི་དྲི་བ་དེ་ཚོར་བཀའ་ལན་འདི་འདྲ་ཟེ་གནང་གི་རེད་ཟེར་ནས་ལན་བྲིས་ཡོད། ད་ལྟ་སྐུ་མདུན་གྱིས་དྲི་བ་གཉིས་ལ་བཀའ་ལན་གནང་གྲུབ་འདུག ལྟ་ད།
    མཆན༡༡ ནང་། འགའ་རེས་རྒྱ་མི་ཤེས་ཡོན་ཅན་དེ་ཚོར་སྐྱོན་བརྗོད་བྱེད་ཀྱི་མི་འདུག་གེ རྒྱལ་བ་རིན་པོ་ཆེ་ལ་མགོ་སྐོར་གཏོང་གི་ཡོད་པ་རེད་འདྲ་པོ་ཞིག་ལབ་ཡོང་གི་འདུག་ག ངས་རྒྱ་མི་དེ་ཚོ་ཡག་པོ་ཡིན་ཚུལ་དང་། སྐུ་མདུན་རྒྱ་མི་ཚོ་མཉམ་བགྲོ་གླེང་གནང་རྒྱུར་ཐུགས་མཉེས་པོ་ཡོད་རེད་བྲིས་ཡོད་ལགས། མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་མ་ཡོང་ལོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme