Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་གིས་བོད་རྒྱའི་ཚོགས་འདུའི་ཐོག་གསུང་བཤད་གནང་བ།

Posted on 2014-08-292014-08-29 By ཁ་བརྡ་ 31 Comments on ༧གོང་ས་མཆོག་གིས་བོད་རྒྱའི་ཚོགས་འདུའི་ཐོག་གསུང་བཤད་གནང་བ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
 

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུན་མོང་གི་གཞི་རྟེན་འཚོལ་བའི་བོད་རྒྱའི་ཚོགས་འདུར་བཀའ་སློབ་སྩལ་བ།

ཕྱི་ལོ་༢༠༡༤ ཟླ་༨ ཚེས་༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་བསྡུ་བསྐོང་དང་ཡུ་རོབ་དམིགས་བསལ་དོན་གཅོད་ལས་ཁུངས་ནས་གྲ་སྒྲིག་གནང་ཐོག ཇར་མན་གྱི་གྲོང་ཁྱེར་ཧམ་བྷག་གི་ཨི་ལི་སི་ (HAMBURG HOTEL GRAND ELYSEE) མགྲོན་ཁང་དུ། ཐུན་མོང་གི་གཞི་རྟེན་འཚོལ་བ། ཞེས་པའི་བོད་རྒྱའི་ཚོགས་འདུ་སྐོང་ཚོགས་གནང་ཡོད་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཕྱི་ཚེས་༢༧ ཉིན་མགོན་པོ་གང་ཉིད་མཆོག་གིས་ཐུན་མོང་གི་གཞི་རྟེན་འཚོལ་བ། ཞེས་པའི་བོད་རྒྱའི་ཚོགས་འདུར་ཡུ་རོབ་དང་། ཨ་རི། ཨེ་ཤི་ཡ། ཨོ་སི་ཊོ་ལི་ཡ་བཅས་ནས་རྒྱ་རིགས་ཤེས་ཡོན་ཅན་དང་། དཔོན་རིགས། ལས་འགུལ་བ། རྩོམ་པ་པོ་སོགས་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིང་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་སོགས་ཁྱོན་མི་གྲངས་ ༧༠ ཙམ་བརྒལ་བ་རྣམས་ལ་བཀའ་སློབ་སྩལ་དོན།

1393904_748870965169040_4824208983088199671_n

དེ་རིང་རྒྱ་རིགས་གྲོགས་པོ་ཚོ་ཉིན་འགའ་ཤས་སྔོན་ནས་ཡོང་བ་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། ངོས་ཀྱིས་ས་གནས་འདྲ་མིན་ནང་གནས་སྡོད་བོད་མི་ཚོར་ཡིན་གཅིག་མིན་གཅིག་རྒྱ་རིགས་དང་གྲོགས་པོ་འགྲིག་དགོས་པ་མ་ཟད། རྒྱ་རིགས་ཚོ་ཐུག་སྟེ་དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་ཀྱི་ཡོད། ངོས་རང་དེ་སྔ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བསྐྱོད་དེ་མའོ་ཙེ་ཏུང་དང་ཐུག་ནས་ལག་པ་བཏང་སྟེ། ཕ་བུ་ལྟར་གྱི་གྲོགས་པོ་ཆགས་མྱོང་མཁན་ཕལ་ཆེར་ངོས་རང་མ་གཏོགས་ཁྱེད་རང་ཚོའི་ནང་མེད། དངོས་ཡོད་གནས་ཚུལ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད།

དེ་ལྟ་བུའི་རྒྱལ་ཁབ་དེར་དཔལ་འབྱོར་ཐོག་ནས་ནུས་པ་ཆེན་པོ་ཡོད་སྟབས། འཛམ་གླིང་འདིའི་ཐོག་བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་ནུས་པ་ཡོད། གང་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཡོད་པའི་ནུས་པ་དེ་འདོན་ཐུབ་པ་ཞིག་བྱུང་ན། དྲག་པོའི་གོ་ལག་ཐོག་ནས་ནུས་པ་འདོན་རྒྱུ་ཞིག་རྩ་བ་ནས་མ་རེད། རྒྱ་ནག་ནི་རིག་གཞུང་དང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། དཔལ་འབྱོར་གྱི་ནུས་པ་ཡོད་པར་བརྟེན་ཡག་པོ་ཞིག་བསྐྱོད་ཐུབ་ན། ཏན་ཏན་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོང་གི་རེད་བསམས་པ་དྲན་གྱི་འདུག དེ་བཞིན་རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད། དངོས་ཡོད་གནས་ཚུལ་ཤེས་ན། བཟང་ངན་རྣམ་པར་འབྱེད་རྒྱུའི་རྣམ་དཔྱོད་ལྡན་ཡོད།

དེར་བརྟེན་ཕྱི་གསལ་ནང་གསལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྷག་པར་གསར་འགྱུར་ཐོག་དམ་བསྒྲགས་བྱེད་རྒྱུ་དེ་རྩ་བ་ནས་ཡག་པོ་མ་རེད། དེས་ཕན་རྒྱུའི་ཚབ་ལ་གནོད་ཀྱི་རེད། ཅེས་ཤོད་ཀྱི་ཡོད། གལ་ཆེ་ཤོས་ཤིག་ལ་རྒྱ་ནག་གི་ཁྲིམས་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་སྟངས་ལྟར་ཡོང་ཐུབ་པ་བྱེད་དགོས། སྤྱིར་བཏང་ཁྲིམས་མཐུན་དགོས་ཀྱི་རེད། ཅེས་དེང་སྐབས་གང་ཙམ་བགྲོ་གླེང་ཡོང་གི་འདུག མདོར་ན། རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།

དེ་ནས་རྒྱ་རིགས་ཚོགས་བཅར་བ་ཁག་གཅིག་གིས་མང་གཙོ་དང་ཚོང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཕེབས་འདོད་ཡོད་མེད་སོགས་ཀྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། སྔོན་མ་རྒྱ་ནག་ལ་ཚོང་འབྲེལ་གྱི་དམིགས་བསལ་ཐོབ་ཐང་སྐོར་ལ་གོ་བསྡུར་ཝ་ཤིང་ཊོན་དུ་བྱེད་སྐབས་ངོས་རང་དེ་ཁུལ་ལ་བསླེབས་ཡོད། དེ་དུས་ངོས་ལ་བསམ་ཚུལ་གང་ཡོད་དམ། ཞེས་དྲིས་མཁན་བྱུང། ངོས་ཀྱིས་ཐོབ་ཐང་དེ་ངེས་པར་དུ་རྒྱ་ནག་ལ་སྤྲོད་དགོས། གང་ལགས་ཞེ་ན། རྒྱ་ནག་ནི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད། དེ་བཞིན་ཨོ་ལེམ་པིཀ་རྩེད་འགྲན་སྐབས་ངོས་རང་ལ་སྐད་ཆ་དྲིས་མཁན་བྱུང། དེ་ཡང་རྒྱ་ནག་ལ་འོས་པ་དང། ངེས་པར་དུ་རྒྱ་ནག་ནང་ཚོགས་དགོས་པ་རེད། དེ་བཞིན་རྒྱ་ནག་ལ་དཔལ་འབྱོར་གྱི་ཐོབ་ཐང་ཡང་ངེས་པར་དགོས་ཀྱི་རེད། ཅེས་བརྗོད་པ་དང་ལྷན་འཛམ་གླིང་འདིའི་ནང་གནས་པའི་རང་དབང་མང་གཙོའི་རྒྱལ་ཁབ་ཚོར་འགན་འཁྲི་གང་ཞིག་ཡོད་དམ་ཞེ་ན། རྒྱ་ནག་ལ་མང་གཙོ་དགོས་རྒྱུ་དེ་རེད། ཅེས་བརྗོད་པ་ཡིན། ཕྱོགས་མཚུངས་ཁྱེད་རང་ཚོས་ངོས་རང་རྒྱ་ནག་ཏུ་བསླེབ་ཐུབ་རྒྱུའི་སྐོར་ལ་བརྗོད་སོང། ངོས་རང་ནང་པ་ཞིག་རེད། རྒྱ་ནག་རི་བོ་རྩེ་ལྔ་ང་ཚོས་ནང་པའི་གནས་རྩ་ཆེན་ཞིག་ལ་རྩི་བཞིན་ཡོད།

དེ་གར་གནས་སྐོར་ལ་བསྐྱོད་རྒྱུར་ཕྱི་ལོ་༡༩༥༤ ངོས་ཀྱིས་རེ་འདུན་བཏོན་ཡོད་ཀྱང་དོན་འབྲས་མ་སོན་པ་རེད། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་རིག་གཞུང་ནང་དུ་ནང་ཆོས་གལ་ཆེ་ཡིན་སྐོར་ཡོངས་གྲགས་གསུང་གི་འདུག དེ་ལྟ་བུའི་གོ་སྐབས་ཤིག་ཡོད་ན། ངོས་རང་ནང་པ་ཞིག་གི་ངོས་ནས་རིམ་པ་དང་པོ་རྒྱ་ནག་ནང་གི་ནང་པ་ས་ཡ་སུམ་བརྒྱ་བཞི་བརྒྱ་ཡོད་པ་ཚོར་གང་ཐུབ་ཅི་ཐུབ་ཀྱིས་ཞབས་འདེགས་བསྒྲུབ་ཐུབ་ན་བསམས་པ་དྲན་བཞིན་ཡོད། ནང་ཆོས་ཐོག་འགྲེལ་བཤད་རྒྱག་དགོས་བྱུང་ན་ངོས་རང་ལ་གང་ཙམ་ཡོད། སྤྱིར་བཏང་རྒྱ་ནག་གཞུང་གིས་ངོས་རང་བདུད་རེད་ཅེས་བརྗོད་ཀྱི་ཡོད་པར་བརྟེན་བདུད་ཚོད་ཚོད་རྒྱ་ནག་ལ་ཕྱིན་ན། བདུད་ཀྱི་ཕོ་བྲང་བཙོན་ཁང་རེད། དེར་བརྟེན་བཙོན་ཁང་ནང་འགྲོ་རྒྱུའི་ཉེན་ཁ་ཡོད། ཅེས་ཞལ་ཤོབ་དང་འབྲེལ་བཀའ་ལན་སྩལ་འདུག

གསར་འགྱུར།

Post navigation

Previous Post: སྲིད་སྐྱོང་མཆོག་གིས་བོད་རྒྱའི་ཚོགས་འདུའི་ཐོག་གསུང་བཤད་གནང་བ།
Next Post: མུན་འོད་ཤན་འབྱེད།

Comments (31) on “༧གོང་ས་མཆོག་གིས་བོད་རྒྱའི་ཚོགས་འདུའི་ཐོག་གསུང་བཤད་གནང་བ།”

  1. ཁ་བའི་ཡུལ་གྱར་བ། says:
    2014-08-29 at 9:23 am

    མའོ་ཙེ་ཏུང་དང་ཕ་བུ་ལྟར་གྱི་གྲོགས་པོ་ཆགས་མྱོང་མཁན་ཕལ་ཆེར་ངོས་རང་མ་གཏོགས་ཁྱེད་རང་ཚོའི་ནང་མེད།
    བོད་ཀྱི་བང་ཆེན་ ༢༠༡༤ ཟླ་བ་ ༨ ཚེས ༢༨ དུས་ཚོད ༥:༤༣༠ ཕྱི་དྲོ།
    ཕྱི་ཟླ་༨ ཚེས་༢༦ ནས་ཉིན་གཉིས་བོད་མིའི་སྒྲིག་འཛུགས་ཀྱིས་འཇར་མན་གྱི་གྲོང་ཁྱེར་ཧམ་བྷག་གི་ཨི་ལི་སི་ (HAMBURG HOTEL GRAND ELYSEE) མགྲོན་ཁང་དུ། “ཐུན་མོང་གི་གཞི་རྟེན་འཚོལ་བ་”ཞེས་པའི་བོད་རྒྱའི་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཡོད་པ་དང་། དེར་༸གོང་ས་མཆོག་གིས་བཀའ་སློབ་གནང་ཡོད་པ་རེད།

    བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཚོགས་འདུ་དེར་ཡུ་རོབ་དང་། ཨ་རི། ཨེ་ཤི་ཡ། ཨོ་སི་ཊོ་ལི་ཡ་བཅས་ནས་རྒྱ་རིགས་ཤེས་ཡོན་ཅན་དང་། དཔོན་རིགས། ལས་འགུལ་བ། རྩོམ་པ་པོ་སོགས་ཚོགས་ཞུགས་བྱས་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིང་སྐྱོང་བློ་བཟང་སེང་གེ་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས། ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་སོགས་ཕེབས་ཡོད་པ་རེད།

    tibet.net
    ཚོགས་ཞུགས་པ་བསྡོམས་པའི་༧༠ ཙམ་ཡོད་པ་དང་། ཟླ་འདིའི་ཚེས་༢༧ ཉིན་༧གོང་ས་མཆོག་གིས་རྒྱ་བོད་མི་རིགས་བར་འབྲེལ་བ་དགོས་སྐོར་གྱི་བཀའ་སློབ་གནང་དོན། དེ་རིང་རྒྱ་རིགས་གྲོགས་པོ་ཚོ་ཉིན་འགའ་ཤས་སྔོན་ནས་ཡོང་བ་ཁྱེད་རང་ཚོ་དང་ཐུག་ རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། ངོས་ཀྱིས་ས་གནས་འདྲ་མིན་ནང་གནས་སྡོད་བོད་མི་ཚོར་ཡིན་གཅིག་མིན་གཅིག་རྒྱ་རིགས་དང་གྲོགས་པོ་འགྲིག་དགོས་པ་མ་ཟད། རྒྱ་རིགས་ཚོ་ཐུག་སྟེ་དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་ཀྱི་ཡོད། ངོས་རང་དེ་སྔ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བསྐྱོད་དེ་མའོ་ཙེ་ཏུང་དང་ཐུག་ནས་ལག་པ་བཏང་སྟེ། ཕ་བུ་ལྟར་གྱི་གྲོགས་པོ་ཆགས་མྱོང་མཁན་ཕལ་ཆེར་ངོས་རང་མ་གཏོགས་ཁྱེད་རང་ཚོའི་ནང་མེད། དངོས་ཡོད་གནས་ཚུལ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད། དེ་ལྟ་བུའི་རྒྱལ་ཁབ་དེར་དཔལ་འབྱོར་ཐོག་ནས་ནུས་པ་ཆེན་པོ་ཡོད་སྟབས། འཛམ་གླིང་འདིའི་ཐོག་བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་ནུས་པ་ཡོད། གང་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཡོད་པའི་ནུས་པ་དེ་འདོན་ཐུབ་པ་ཞིག་བྱུང་ན། དྲག་པོའི་གོ་ལག་ཐོག་ནས་ནུས་པ་འདོན་རྒྱུ་ཞིག་རྩ་བ་ནས་མ་རེད། རྒྱ་ནག་ནི་རིག་གཞུང་དང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། དཔལ་འབྱོར་གྱི་ནུས་པ་ཡོད་པར་བརྟེན་ཡག་པོ་ཞིག་བསྐྱོད་ཐུབ་ན། ཏན་ཏན་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོང་གི་རེད་བསམས་པ་དྲན་གྱི་འདུག དེ་བཞིན་རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ ཐོབ་ཐང་ཡོད། དངོས་ཡོད་གནས་ཚུལ་ཤེས་ན། བཟང་ངན་རྣམ་པར་འབྱེད་རྒྱུའི་རྣམ་དཔྱོད་ལྡན་ཡོད། དེར་བརྟེན་ཕྱི་གསལ་ནང་གསལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྷག་པར་གསར་འགྱུར་ཐོག་དམ་དྲག་བྱེད་རྒྱུ་དེ་རྩ་བ་ནས་ཡག་པོ་མ་རེད། དེས་ཕན་རྒྱུའི་ཚབ་ལ་གནོད་ཀྱི་རེད་ཅེས་ཤོད་ཀྱི་ཡོད། གལ་ཆེ་ཤོས་ཤིག་ལ་རྒྱ་ནག་གི་ཁྲིམས་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་སྟངས་ལྟར་ཡོང་ཐུབ་པ་བྱེད་དགོས། སྤྱིར་བཏང་ཁྲིམས་མཐུན་དགོས་ཀྱི་རེད་ཅེས་དེང་སྐབས་གང་ཙམ་བགྲོ་གླེང་ཡོང་གི་འདུག མདོར་ན། རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་བཀའ་སློབ་གནང་ཡོད་པ་རེད།. བང་ཆེན་དང་དུས་བབ་གཉིས་ཅུང་ཙམ་
    བཤད་ཕྱོག་མ་མཐུན་པ་འདུག། ག་རེ་ཡིན་ན་སུ་བདེན་པ་ཡིན་ནམ།

  2. ཁ་བའི་ཡུལ་གྱར་བ། says:
    2014-08-29 at 9:53 am

    Hhh

  3. ཚེ་རིང་ནས། says:
    2014-08-29 at 9:56 am

    གོང་གི་བཀའ་མོལ་གསུང་མཁན་ནི་ང་ཚོའི་སྐྱབས་མགོན་རེད་མ་གཏོགས། གཞན་པ་ཞིག་ཡིན་ན་དགག་པ་རྒྱག་རྒྱུ་ལས་མི་འདུག ཅི་གསུང་བཀའ་སྒྲུབ་རྒྱུ་ལས་མ་འདས། གང་ཡིན་ཞེ་ན་ཁོང་ནི་བླ་མ་རེད། བླ་མ་བཀའ་ལས་འདས་ན་དམ་ཉམ་རེད། ད་ནི

  4. བཀྲ་ཡེ་ཚང་། says:
    2014-08-29 at 6:09 pm

    ཕ་བུ་ལྟར་ཡིན་ན་་་་་

  5. པ་སངས་ says:
    2014-08-29 at 8:30 pm

    གལ་སྲིད་གསུང་བཤད་དེ་སྲིད་སྐྱོང་བློ་སེང་ནས་གནང་ཡོད་ན་དཔེ་གསགས་པ་རེད་།
    ཡིན་ནའི་༧ གོང་ས་མཆོག་ནས་གནང་བ་ཡིན་ཙང་དེ་ལ་ཞུ་ས་གང་དུ་ཡོད།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-29 at 9:56 pm

    ༧གོང་ས་མཆོག་གིས་བདེན་པ་ལས་འདས་པ་ཞིག་གསུངས་པ་མ་ཤེས། མཆན་འདེབས་མཁན་ཁ་ཅིག་གིས་གང་གི་གསུང་ལ་ཟུར་ཟ་བྱས་པ་དེ། དགག་པ་བརྒྱབས་པ་ལས་ལོགས་སུ་མ་མཐོང་།

  7. ཁ་བའི་ཡུལ་གྱར་བ། says:
    2014-08-29 at 10:40 pm

    ངས་དཔེ་མཚོན་ཞིག་ཞུས་ན་ སྲི་ཏ་ལིན་དང་མའོ་གཉིས་ངོ་མ་ཕ་བུ་འདྲ་བའི་གྲོགས་པོ་རེད། ཀྲུང་གོ་གསར་
    པ་འཛུགས་དུས་ཨུ་རུ་ཡི་མི་རྒྱུ་གཉིས་ཀྱི་རོགས་བྱས་མཐར་་་གུང་ཁྲན་ཏང་རྒྱལ་ཁ་ཐུབ་པ་རེད། དེ་ལ་ཕ་བུ་
    འདྲ་བའི་གྲོགས་པོ་ཟེར། མའོ་ཡི་ཆིང་ཡིག་དོན་ཚན་བཅུ་བདུན་བཙན་འོག་འཇོག་བཅུག་པས་མཚད། ད་རུང་
    བོད་ས་གོ་ལ་འདིས་ཐོག་ནས་ཤི་བོ་ཞིག་ལ་བསྒྱུར་བ་རེད། བོད་པ་ཚང་གི་ནད་ཀྱི་གཞི་མ། དགོན་གྱི་འབྱུང་རྩ་
    ཚང་མ་་་མའོ་ལ་ཐུག་ཡོད། དེ་དང་བཅུ་བཞི་པ་གཉིས་ཕ་བུ་འདྲ་བའི་གྲོགས་པོ་དེ་ད་ངོ་མ་བཤད་མི་ཤེས་གི་ཡ།

  8. ཁ་བའི་ཡུལ་གྱར་བ། says:
    2014-08-29 at 10:40 pm

    ཨུ་རུ་སུ་ ཆད་འཇུག

  9. རྒྱང་མིག says:
    2014-08-30 at 12:35 am

    དགོས་དབང་ཁྱད་པར་བ་ཞིག་གིས་མིན་ན། རྒྱ་བསྟོད་དང་རྒྱ་ནག་ལ་ཐུགས་ཁྲལ་གྱི་ཆ་དེ་མང་དུ་ཕྱིན་འདུག

  10. རྒྱལ་རོང་། says:
    2014-08-30 at 1:12 am

    མོའི་བུ་གུང་ཁྲན་ཏང་ལ་ཞུགས་ན་ཆོས་ལུགས་ཀྱི་རྩོད་སྙོག་དེ་ཚོ་རང་སར་ཞི་འགྲོ་ནི་རེད། ཚེ་འཇུག་བདེ་བའི་རྒྱུར་ཡང་ཅི་མི་འགྱུར།

  11. ཨ་ཕྱི་ཆོས་སྒྲོན says:
    2014-08-30 at 3:15 am

    ཨ་ཁ་ཁ། གཏམ་དྲིས་ན་མི་བཤད་སྒུག་ན་བཤད་ཅི་མ་བདེན། ཏ་ལེ་དང་མའོ་གཉིས་ངོ་མ་ཕ་བུ་འདྲ་བའི་གྲོགས་པོ་ཟེར། xxxxx

  12. ལུང་རྟོགས། says:
    2014-08-30 at 7:49 am

    ཕ་བུ་ཡིན་ན་ཡང་དགྲ་བོར་འགྱུར་སྲིད་པས་སྔོན་མ་ཕ་བུ་ལྟ་བུའི་འབྲེལ་བ་བྱུང་མྱོང་བར་ཧང་སང་དོན་ཅི་ཡོད། འདིར་ཧང་སང་མདོག་བྱེད་མཁན་གྱི་དྲ་འབུ་འདི་དག་ནི་སྐབས་འཚོལ་བ་དག་དག་ཡིན་པ་ཤེས་དགོས། ད་དུང་རྒྱ་གཞུང་གིས་འབོད་པ་ལྟར་ཏ་ལ་ཞེས་འབོད་མཁན་འདི་ཚོ་ལ་ངེས་པར་དུ་དོག་གཟབ་བྱེད་དགོས། འདི་ཚོའི་རྒྱབ་ལ་པད་ཤག་དམར་པོའི་རྫོང་བ་ཡོད་པ་རེད།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-30 at 10:40 am

    ཐུབ་པ་ཉོན་མོངས་ལ་འཛེམས་ཀྱི།
    ཉོན་མོངས་ཅན་གྱི་མི་ལ་མིན།།
    ་
    རྒྱ་གར་གྱི་མེས་པོ་གྷནྡྷཱི་ཡིས་ཀྱང་དེ་ལྟར་བཤད་པ་བཀླགས། དེ་ལྟར་༧་གོང་ས་རྒྱལ་བ་རིན་པོ་ཆེ་ཞབས། མའོ་ཙེ་ཏུང་དང་ཕ་བུ་ལྟ་བུའི་གྲོགས་པོ་ཆགས་ཀྱང་། ཁོ་པའི་ཉོན་མོངས་ལ་འཛུར་ཏེ། བོད་ཀྱི་ཁྱིམ་མཚེས་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས། བོད་ཀྱི་རིག་གཞུང་འདི་ཉིད་དཔལ་ནཱལནྡཱ་ནས་འོངས་པའི་རིག་གཞུང་ཡིན་པར་ངོ་སྤྲོད་མཛད། འདི་ཡི་དབང་གིས་རྒྱ་གར་གྱིས་བོད་ཀྱི་རིག་གཞུང་ལ་ཆེས་ཆེར་བརྩི་བ་ཆེན་པོ་བྱེད་དགོས་པ་ཤར། དེར་མ་ཟད་གང་གི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་ལས་བོད་ཀྱི་རིག་གཞུང་། ཛམ་གླིང་ཡུལ་གྲུ་མང་པོར་ཁྱབ་དང་ཁྱབ་བཞིན་པ་ལ་རང་ཅག་བོད་རིགས་ཡོངས་ཀྱིས་དགའ་བའི་དཔལ་ལ་རོལ་དགོས་པར་སེམས་སོ།

  14. ཁ་བའི་ཡུལ་གྱར་བ། says:
    2014-08-30 at 10:43 am

    ལུང་རྟོགས་ལགས་་་་མའོ་དང་བཅུ་བཞི་པ་ཆེ་པོ་གཉིས་སྔོན་མ་ཕ་བུ་འདྲ་བའི་གྲོགས་པོ་དང། རྗེས་སུ་དགྲ་རུ་གྱུར་
    ཚུལ་གོ་མ་མྱོང། ལོ་རྒྱུས་ནང་ལ་་་གོང་ཁྲན་ཏང་དང་བོད་གཉིས་སྔ་ཕྱི་བར་གསུམ་དགྲ་མེ་ཆུ་ཡི་འགལ་བ་རེད་འདུག།
    ད་བཅུ་པ་ཆེན་པོ་དང་མའོ་གཉིས་སྔོན་ཕ་བུ་འདྲ་བའི་གྲོགས་དེ་ཤིན་དུ་ལྐོག་གྱུར་ཞིག་ཡིན་ས་རེད། དེའི་སྐོར་ཁྱེད་ཀྱི་
    མཁྱེན་གྱི་ཡོད་ན་འབྲེལ་བཤད་ཁ་གསལ་ཞིག་གནང་རོགས་ཞུ།

  15. ཅོ་རི་ཉི་མ། says:
    2014-08-30 at 11:26 am

    དགེ་ལ་དྭགས་པ་མཆོག སྐུ་ཁམས་བཟང་ངམ། ངས་ཁྱོད་ལ་འདྲི་རྒྱུ་ཞིག་ཡོད། ལ་དྭགས་ཀྱི་རྒྱལ་རབས་དང་། ལ་དྭགས་མི་དམངས་ཀྱིས་ལ་དྭགས་རྒྱལ་པོ་ལ་དགའ་ཞེན་དང་གུས་བཀུར་ཅི་ཙམ་ཡོད་མེད། ལ་དྭགས་མི་དམངས་རྒྱལ་རབས་ཤེས་ཚོད་གང་ཙམ་ཡོད་མེད། ལ་དྭགས་ཀྱི་རྒྱལ་པོ་མངའ་ཐང་རྒྱས་ཤོས་སེང་གེ་རྣམ་རྒྱལ་མཆོག་གི་སྐོར་ལ་བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་ཁག་ཏུ་བཤད་ཚུལ་མི་འདྲ་མང་ཙམ་འདུག་པས་དོན་ལ་གནས་པའི་གསལ་བཤད་ཤིག་གནང་རོགས་ཅེས་རེ་བ་ཡིན། སྤྱི་ང་ལྟ་བུ་ཤེས་འདོད་ཅན་རྣམས་ལ་ཕན་པ་དང་སྒེར་ལ་དྭགས་པའི་བུ་རབས་ཚ་རྒྱུད་རྣམས་ལ་ཕན་གྱི་རེད་འདོད། དགེ་ལ་དྭགས་ཁྱོད་རང་དགོང་ལོ་མཐོ་པོ་ལ་བསླེབས་ཟིན་པ་དང་ལོ་རྒྱུས་རིག་གནས་ལ་རྒྱུས་མངའ་ཆེ་བ་ཞིག་འདུག་པས་ང་ཚོ་ལ་བཀའ་སློབ་ཤིག་གནང་བྱོས།

  16. ཅོ་རི་ཉི་མ། says:
    2014-08-30 at 11:56 am

    བོད་བཙན་པོའི་དམག་གི་ནུས་སྟོབས་དེར།
    སྟོད་རྒྱ་གའི་ཆོས་ཀྱིས་བཅོམ་ཉིན་མོར།
    ཡུལ་ལུང་པའི་སྲུང་སྐྱོབ་ཉམས་ཉིན་མོར།
    ཐུགས་མ་བཟོད་མདུན་དུ་ལངས་མཁན་ཀྱི།
    སྲོག་དམར་པོ་མདའ་ཁ་ཤོར་མཁན་གྱི།
    ངའི་རྒྱལ་པོ་འུ་དུམ་བཙན་པོ་ཁོའི།
    རིགས་རུས་པ་ག་ཕྱིན་ཤེས་འདོད་ཡོད།
    སྟོད་རྒྱ་གའི་ཆོས་པའི་དུག་མདའ་དེས།
    བོད་རྒྱལ་ཁབ་སིལ་བུ་གཏོར་ནས་ཐལ།
    འབངས་མི་སེར་སྡིག་ལ་སྦྱར་ནས་ཐལ།
    ཡུལ་ལུས་པ་སྤྲུལ་སྐུས་ཁེངས་ནས་ཐལ།
    བོད་མི་རིགས་མགོ་སྐོར་བཏང་ནས་ཐལ།
    དུས་མཐའ་མ་ས་མཐའ་འཁྱམ་ནས་ཐལ།
    ཕ་མའོ་བོད་ལ་བསླེབས་ནས་ཐལ།
    ངའི་རྒྱལ་ཁབ་བཙན་འཕྲོག་བཟོས་ནས་ཐལ།
    གཉེན་ཕུ་ནུ་ཁ་འཐོར་བཏང་ནས་ཐལ།
    དགྲ་ཤ་པས་དགའ་བསུ་ཞུས་ནས་ཐལ།
    གཉེན་ཕུ་ནུས་མིག་ཆུ་ཤོར་ནས་ཐལ།
    འདི་གདོང་དམར་བོད་པའི་སྡུག་བསྔལ་རེད།

  17. ལུང་རྟོགས། says:
    2014-08-30 at 12:42 pm

    ཁ་བའི་ཡུལ་གྱར་ལགས། ཁྱེད་རང་གིས་ལོ་རྒྱུས་ཤེས་ཀྱི་མེད་པ་འདྲ། བོད་རྒྱ་གཉིས་གྲོས་འཐུན་དོན་ཚན་བཅུ་བདུན་བཞག་ནས་འཆམ་མཐུན་གྱི་དུས་ཤིག་བྱུང་མྱོང་བ་རེད།

  18. ཁ་བའི་ཡུལ་གྱར་བ། says:
    2014-08-30 at 1:40 pm

    ལུང་རྟོགས་ལགས།
    འོ་ཁྱེད་ཀྱི་རྒྱལ་རབ་ཡག་པོ་མཁྱེན་ཀྱི་ཡོད་བཟོ་འདུག། བོད་པ་ཚང་གི་ག་དུས་ཡིན་ཡང་ཆིངས་ཡིག་དོན་ཚན་བཅུ་བདུན་དེ་རྒྱ་དམར་ཀྱི་མེ་མདའི་འོག་ལ་བཙན་དབང་གི་འཇོག་བཅུག་སོང་ཞེས་ག་དུས་ཡིན་ཡང་སྡུག་སྐད་ཤོར་སྡད་ཀྱི་འདུག། ད་ཡིན་ན་དེ་དུས་མའོ་ཙེ་ཏུང་དང་བོད་རྒྱལ་བཅུ་བཞི་པ་གཉིས་ཕ་བུ་ལྟར་བུའི་གྲོགས་པོ་ཡག་ཤོས་ཆགས་རེད་བས། ཡ་ཡ་ད་ཁྱེད་ཀྱི་ཡག་པོ་མཁྱེན་འདུག་ཐུགས་རྗེ་ཆེ་ཞུ་ཡ་ཡིན་གོ།

  19. ཁ་བའི་ཡུལ་གྱར་བ། says:
    2014-08-30 at 2:26 pm

    བོད་གཞུང་འབྲེལ་ཐོག་སྤེལ་བའི་ཆིངས་ཡིག་དོན་ཚན་བཅུ་བདུན་སྐོར་གླེང་བ།
    སྔོན་གླེང་།
    བོད་འདིར་དབང་བསྒྱུར་བ་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱེད་པའི་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་སྲོལ་དར་མེད་པར་གྲགས་ནའང་། རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ལོ་ངོ་༢༡༣༧ ཡར་སྔོན་དུ་བོན་པོ་ཤེས་པ་ཅན་བཅུ་གཉིས་ཀྱིས་གཉའ་བར་བཏེག་སྟེ་རྒྱལ་ཁྲིར་མངའ་གསོལ་བའི་ལོ་རྒྱུས་ཡོད་ལ། ཉེ་རབས་ལོ་རྒྱུས་སུའང་ཞིང་འབྲོག་ས་ཁུལ་གྱི་སྡེ་ཤོག་ཚོ་ཤོག་གི་དཔོན་ཁག་དང་རྒན་པོ་རྣམས་འོས་བསྡུའི་ལམ་ནས་བསྐོ་གཞག་དང་འཕོ་འགྱུར་གཏོང་བའི་ལམ་སྲོལ་དེ་ཧ་ཅང་ཁྱབ་ཆེན་པོ་ཡོད་ཅིང་། དགོན་སྡེ་ཁག་ཏུ་འདུལ་བའི་དགོངས་དོན་ལྟར་ལས་སྣེ་རྣམས་འདེམས་བསྐོ་དང་ཆོས་ཀྱི་བྱ་བ་འགངས་ཆེན་ལ་མང་མོས་ཐག་གཅོད་བྱེད་པའང་ཡུན་རིང་གི་ལོ་རྒྱུས་ལྡན་ཡོད།
    ལྷག་པར་དུ་༸གོང་ས་༸རྒྱལ་དབང་བཅུ་གསུམ་པའི་སྐབས་སུ་བཙུགས་པའི་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ནི་འཛིན་སྐྱོང་དང་ཁྲིམས་བཟོའི་ནུས་པ་གཉིས་ཆ་ལྡན་པའི་སྒྲིག་འཛུགས་ཁྱད་པར་བ་ཞིག་ཡིན་ཞིང་། ཚོགས་འདུ་འདི་ནི་གཞུང་ཞབས་དང༌། ལྷ་སའི་མི་འཐུས། གདན་ས་གསུམ་དང་ལྷ་སའི་ཉེ་རྒྱུད་དགོན་སྡེ་ཁག་གི་མཁན་པོ་སོགས་ལས་གྲུབ་ཅིང་། ཕྱི་རྒྱལ་དང་ཆིངས་ཡིག་བསྣོལ་འཇོག་གམ་དམག་འཁྲུག ༸རྒྱལ་བའི་ཡང་སྲིད་ངོས་འཛིན། རྒྱལ་ཚབ་བསྐོ་བཞག་འཕོ་འགྱུར། རྒྱལ་ཚབ་དང་བཀའ་ཤག་གིས་ཐག་གཅོད་བྱེད་དཀའ་བའི་དོན་གནད་སོགས་རྒྱལ་དོན་འགངས་ཆེན་ཚང་མ་ཚོགས་འདུ་ནས་གྲོས་བསྡུར་གཏན་འབེབས་བྱེད་པ་ཡིན་སྟབས། དེང་སང་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་དང་མཚུངས་ཆོས་མང་དུ་ཡོད།
    ཡིན་ནའང་། རྒྱ་གུང་ཁྲན་གྱིས་༡༩༤༨ ནས་བཟུང་བོད་ཀྱི་ས་སྡེ་རིམ་ཟོས་ཀྱིས། ༡༩༥༡ ལོར་དྲག་དཔུང་གི་བཙན་ཤེད་འོག་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་ཏུ་བཅུག་པ་དང་། ཅང་མ་འགོར་བར་བཙན་འཛུལ་བའི་གདོང་རིས་དམར་རྗེན་དུ་བཏོན་ནས། བོད་མིར་དྲག་གནོན་གྱི་གདུབ་རྩུབ་སྲིད་ཇུས་བར་མ་ཆད་པར་སྤེལ་སྟབས། ༡༩༥༩ ལོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་གང་གི་ཕེབས་རྗེས་བསྙེགས་པའི་བོད་མི་ཁྲི་བརྒྱད་ཙམ་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་མི་ཕེབས་ཀ་མེད་བྱུང་ཡོད།
    འཚོ་གནས་ཀྱི་དཀའ་ཚེགས་སྣེ་འཛིང་བའི་སྐྱབས་བཅོལ་བའི་ཁོར་ཡུག་དེ་ལྟ་བུའི་ནང་དུའང་། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བཞེད་སྔོན་ཡོད་ལྟར། བཙན་བྱོལ་བོད་མིའི་ཆབ་སྲིད་དམངས་གཙོ་ཅན་དུ་བསྒྱུར་རྒྱུར་ཐུགས་བརྩོན་ཡུད་ཙམ་ཡང་གཡེལ་མེད་ལ། དུས་ད་ལ་ཐུག་གི་བར་བཙན་བྱོལ་བོད་མིའི་དམངས་གཙོ་ལ་གྲུབ་འབྲས་གང་ཐོབ་ཐམས་ཅད་མགོན་པོ་གང་གིས་སྟེང་ནས་གཤམ་དུ་སྐུལ་འདེད་གནང་བ་ཞིག་ཡིན། དེ་ཡིན་དུས་ལུང་རྟོགས་ལགས་ཀྱི་གསུང་ཡ་དང་འདི་གཉིས་བར་ལ་
    ཧེ་བག་ཆེ་པོ་འདུ་། ཕལ་ཆེར་ལུང་རྟོགས་ལགས་ཀྱི་གསུང་ཡ་དེ་བདེན་པ་མིན་འགྲོ་ཨ།

  20. རོང་པོ་འཇོ་ན་ནས says:
    2014-08-30 at 3:18 pm

    དངོས་ནས་ཐབས་སྐྱོ་བོ་རེད།

  21. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-31 at 7:27 am

    ཅོ་རི་ཉི་མ་མཆོག་ལ། ང་ཁམས་བཟང་པོ་ཡིན། ཁྱེད་སྐུ་ཁམས་བདེ་འམ། དགོངས་དག ཉིན་གང་། ང་སློབ་གྲྭའི་མཛད་སྒོ་ལ་འགྲོ་དགོས་བྱུང་། ཁྱེད་ཀྱི་དྲི་བ་དག་ལ་ལན་ཞིབ་གསལ་འབྲི་ལོང་མ་བྱུང་།
    ལ་དྭགས་རྒྱལ་པོ་དེ་བོད་ཀྱི་རྒྱལ་པོའི་རྒྱུད་པ་ཟམ་མ་ཆད་པ་ཡིན་ཟེར། འདི་ནི་ཐ་སྙད་ཙམ་ཡིན་འདུག ང་ཆུང་ཆུང་ལོ་ངོ་བཅུ་གཉིས་བཅུ་བསུམ་ཙམ་ཡིན་པའི་སྐབས་སུ་གྲྭ་པ་ཞིག་གིས་ཚིག་བསྐྱོར་པ་དེ་ཡིད་ལ་ལྷང་ངེར་གསལ། དེ་ཡང་ལྷ་ས་རུ་བྱུང་ཟེར། དེ་སྙན་པ་དང་དགད་མོ་སློང་བ་ཞིག་འདུག་པས། ཁྱེད་དྲ་གྲོགས་རྣམས་ལ་ཐུགས་གཡེངས་ཕྱིར་འབྲི་སྟེ།
    ་
    མ་ཡི་བུ་ནི་ཀུན་ཀྱང་ཡིན།
    ཕ་ཡི་བུ་ནི་རེ་རེ་ཙམ།
    ང་རང་ཨ་དྲུང་ཟླ་བའི་བུ།
    ་
    ཨ་དྲུང་ཟླ་བ་མ་ཡིན་ཀྱང་། ཁོ་རང་ཡར་སྐྱེད་བྱེད་མཁན་དེ་ལ་ཕ་ཟེར། དེ་ཉིད་མ་ཡི་ཟ་ཟླ་དངོས་མ་དེ་ཡིན་འདུག། ལ་དྭགས་ན་འདི་འདྲའི་རིགས་མང་དུ་མཐོང་། རང་གི་ཁྱིམ་ཐབ་མོ་ལ་ཕྲུ་གུ་སྐྱེས་པ་ན། ཟ་ཟླ་ཕོ་དེས་ཁོ་རང་གི་ཁུ་བ་ལས་བྱུང་བ་ཡིན་ཤག་ཤག་བྱེད། དེ་དག་ལས་ཕ་ཁ་ཤས་ཀྱིས་ཤེས་ཀྱང་། ཤེས་མ་བྱུང་མདོག་མདོག་བྱེད། ཕྲུ་གུ་རྣམས་ལ་ཡང་རང་གསོ་སྐྱོང་བྱེད་མཁན་དེ་ལ་ཕ་་ཡིན་པའི་བརྩེ་གདུང་ཡོད། ལ་དྭགས་པའི་ལུགས་སྲོལ་འདི་ལེགས་པ་འདུག་ཅེས་གཏམ་གླེང་བ་ཐོས། རྒྱ་གར་ལ་དེ་འདྲ་མེད་པ་ཡིན་ནམ། དབུས་གཙང་དང། མདོ་སྟོད། མདོ་སྨད་སོགས་སུ་ཇི་ལྟར་ཡོད། ང་ལ་རྒྱུས་མེད།
    ཁོ་བོའི་རྣམ་དཔྱོད་ཀྱིས་བརྟག་ན། ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་ལ་སྐྱོན་དང་ཡོན་ཏན་གཉིས་ཀ་ཡོད་པ། རྗེས་མ་ཞིག་འབྲི་ཆོག་པ་ཞུའོ།

  22. ཅོ་རི་ཉི་མ། says:
    2014-08-31 at 7:46 am

    བཀུར་འོས་དགེ་ལ་དྭགས་པ་ལགས། ཐུགས་རྗེ་ཆེ། སུ་ལྷོད་ལྷོད་བྱུང་ན་རྒྱས་ཙམ་གསུང་རོགས་བྱོས།

  23. གནམ says:
    2014-08-31 at 10:10 am

    (ཟ་ཟླ།) རྒན་གྱི་ཆོས་ཚིག་འདི་ནི། བལྟས་ན་ཉམས་དགའ་བ། བཀླགས་ན་ངག་ལ་བདེ་བ། བསམ་ན་དོན་ཆེ་བ། ཡིག་རྙིང་ཉར་བར་ཡིད་སྤྲོ་བ། ཧ་ཧ་ཧ།
    (ཟ་ཟླ་)ཟེར་བ་རྒན་གཅིག་པོ་ལས་སྔ་རབས་མཁས་བ་དང་དཔེ་ཡིག་གང་ལ་གསལ་འམ། ཡི་གེ་ལ་གཅེས་ན། གསལ་པོ་གསུང་ཤོག།

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-31 at 11:48 pm

    གནམ་ལེགས།
    ཟ་ཟླ། ཞེས་པ་དེ་ངས་གསར་དུ་བཟོ་བསྐྲུན་བྱས་པ་ཡིན་ནམ། གཞན་ལས་ཐོས་པ་ཏན་ཏན་རང་མི་འདུག་ཀྱང་། རྒྱུ་མཚན་ཞིག་ཡོད། ཁྱོ་ཤུག་གཉིས་ཀྱི་ནང་ན། མོ་ལ་ཆུང་མ་དང་། ཕོ་ལ་བདག་པོ་ཟེར་ཡང་། འདྲ་ཆགས་པོ་ཞིག་ཏུ་མ་མཐོང་། གཙང་སྐད་དུ། ཟླ་བོ། གདག་གིས་དངོས་སུ་ཐོས། ཕོ་མོའི་དགང་གིས་། ཟླ་བོ་ཕོ། ཟླ་བོ་མོ། ཟེར་དགོས་བསམས། ཟ་ཚང་། ཞེས་པ་ཡང་ཡོད། དེས་ན། ཟ་ཟླ། ཞེས་པ་ལ་སྐྱོན་ཆེ་བ་རང་མེད་སྙམ། གནམ་ཁྱེད་ལ་ཡང་དག་པ་ཡོད་བཤད་རྒྱུ་ཡོད་ན། དགའ་བསུ། བདག་གི་བློ་སྐྱེད་ལ་ཕན། ད་ལྟ་མ་ཡིན་པར་རང་ཉིད་མཁས་པར་རློམ་པ་ནི། བླུན་པོའི་རྟགས་ཏེ། ཇི་སྐད་དུ་སངས་རྒྱས་ཀྱིས།
    ་

    བྱིས་པ་གང་ཞིག་བྱིས་པའོ་ཞེས།
    ཤེས་པ་དེ་འདིར་མཁས་པ་ཡིན།
    བྱིས་པ་གང་ཞིག་མཁས་སེམས་པ།
    དེ་ནི་བྱིས་པ་ཞེས་བརྗོད་དོ།། ༢༢ །། ཆེད་དུ་བརྗོད་པའི་ཚོམས། ༢༦པ།

  25. ཀརྡོ་གཉེར་ཕྱག་པ་ says:
    2014-09-01 at 3:44 am

    ཟ་ཟླ་དག་གམ། བཟའ་ཟླ་དག

  26. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-09-01 at 6:54 am

    ཀརྡོ་གཉེར་ཕྱག་པ་མཆོག་ལ་ལེགས་སོ། ཕྱི་མ་དེ་དག་པར་མཐོང་། གོལྡ་སྟེཨིན་གྱི་བོད་ཨིན་ཚིག་མཛོད་ན། བཟའ་ཟླ། ཞེས་བྲིས་སོ།

  27. གནམ says:
    2014-09-01 at 10:48 am

    བཟའ་དང་ཟླ་གཉིས་ཀྱི་དོན་གཅིག་ཡིན་པ་རེད། དེ་ཤེས་ན་འགྲིག་ཡོད་པ་རེད། བདེ་བརྗོད་གྱི་ཆ་ནས་བཀོལ་ཚུལ་ལ་མ་འདྲ་བ་དག་ཙམ་ཡོད་པ་རེད། དཔེར་ན། དགྱ་བཟའ། བལ་བཟའ། བཟའ་ཚང་། བཟའ་ཟླ། ཟླ་མོ། ཟླ་ཕོ། ཟླ་རོགས། ལྟ་བུ་རེད།
    བཀའ་བསྟན་ན་མེད་པའི་མིང་ཚིག་དགྲ་ལ་འཛིན་པ་ཉིད་ཀྱི་ལུགས་རེད། བྱས་ཙང་། ངས་རྒན་ལ་ཀྱོག་ཀྱོག་ཙམ་བྱས་བ་ཡིན་པ་མ་གཏོགས། ང་ནི་མཁས་བླུན་གང་གི་གྲལ་དུ་ཚུད་མེད་པའི་བོད་སྐད་ཤེས་ཙམ་པ་ཞིག་ཡིན་པས། ཁྱེད་ཅག་གླེགས་བམ་འཛིན་པ་ཚོ་ལ་འགྲན་དུ་མེད་དོ། ཧ་ཧ་ཧ།

  28. རྟ་བདུན་དབང་བོ says:
    2014-09-01 at 12:56 pm

    མའོ་ཙེ་ཏུང་ནི་གཡོ་སྒྱུ་ཕུལ་ཏུ་བྱུང་བའི་མི་ཞིག་ཡིན་པ་གསལ་པོ་རེད། ཁོང་གི་འཁོར་གཡོགས་ཚོས་ཀྱང་ནམ་ཡང་རྟོགས་མི་ཐུབ་པའི་གཡོ་སྒྱུ་ཅན་ཞིག་ལགས། ༧གོང་ས་མཆོག་ཀྱང་ཁོང་གིས་གཡོ་འོག་ཏུ་ཚུད་ལ་ལགས། འཁོར་གཡོགས་ཚོས་ཀྱང་ཤེས་མི་ཐུབ་ན་གཞན་གྱིས་ཤེས་ག་ལ་ཐུབ། །

  29. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-09-02 at 12:31 am

    བདག་གིས་བོད་སྐད། གླེང་བའི་སྐབས་སུ་གླེགས་བམ་ན་ཡོད་པའི་སྐད་དེ་གཙོ་བོར་འཛིན་པ་མ་གཏོགས། གླེགས་བམ་གཙོ་བོར་མི་མཛིན། དེ་གང་ལས་ཤེ་ན། དེ་དག་ཏུ་བྲིས་པའི་བོད་སྐད་དེ། བོད་ཀྱི་མཁས་པར་བྲིས་པར་འདོད། “བཟའ་དང་ཟླ་གཉིས་ཀྱི་དོན་གཅིག་ཡིན་པ་རེད།’ རྟགས་མ་གྲུབ། ང་ནི་མཁས་བླུན་གང་གི་”གྲལ་དུ་ཚུད་མེད་པའི་བོད་སྐད་ཤེས་ཙམ་པ་ཞིག་ཡིན་པས།”བརྗོད་པ་འདིའི་དང་པོའི་ཆ་ཤས་ལྟར་ན། དབུ་མ་པ་ཞིག་དང་། རྗེས་ཀྱི་ཆ་ཤས་ལ་བརྟགས་ན། མཐར་འཛིན་པ་ཞིག་མ་ཡིན་ནམ་སེམས། དྲིལ་བུ་དཀྲོགས་སོང་། ཉིན་དགུང་ཟས་ལ་ལོངས་སྤྱོད་པར་འགྲོའོ།

  30. གཙན་ནག་པ། says:
    2014-09-02 at 1:18 am

    ཟླ་བོ། ཟླ་མོ། བཟའ་ཟླ་ནི་ཟླ་བོ་དང་ཟླ་མོ་གཉིས་ཀ་གོ་བའི་མིང་ཚིག་གཅིག་རེད། ཟླ་མོས་ངའི་བཟའ་ཟླ་ཟེར་ན་རང་གི་ཁྱོག་ཀར་གོ་བ་དང་། ཟླ་བོས་ངའི་བཟའ་ཟླ་ཟེར་ན་རང་གི་སྐྱེ་དམན་ལ་གོ་བ་ཡིན། འོན་ཀྱང་ཟླ་ཕོ་ཞེས་པ་ནི་ད་བར་མཐོང་མ་མྱོང་བའི་མིང་ཚིག་གསར་པ་ཞིག་རེད་ཟེར་ཀྱང་མ་ཆོག་པ་མེད་སྙམ།

  31. ཅོག་མྱི། says:
    2014-09-02 at 1:06 pm

    ཕ་དང་བུ་ཡི་ཁས་བླངས་ནས།
    མེས་པོ་རྒྱལ་ཁབ་པང་དུ་འཛུལ།
    དགྲ་ཡི་རང་མདོག་བསྟན་ཙམ་གྱིས།
    འཕགས་ཡུལ་རང་ཁྱིམ་ལྟ་བུར་ལུས།

    ཕ་ཙོང་ཁ་བ་ལ་བུ་རྒྱལ་ཚབ་དང་མཁས་གྲུབ་ལྟ་བུ་བྱུང་ན། ཕ་མའོ་ལྟ་བུ་ལ་བུ་༧་དང་༧་འདི་ལྟ་བུ་ཇི་ལྟར་བྱུང་བ་ཡིན། 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme