Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་གི་སྐུ་ཚེ་སྨད་ཀྱི་ལོ་ཟླ་གཞིས་ལུས་མི་མང་ལྷན་དུ་སྐྱེལ་དགོས།

Posted on 2013-01-032013-01-03 By ཁ་བརྡ་ 22 Comments on ༧གོང་ས་མཆོག་གི་སྐུ་ཚེ་སྨད་ཀྱི་ལོ་ཟླ་གཞིས་ལུས་མི་མང་ལྷན་དུ་སྐྱེལ་དགོས།

རྟ་ནག་སྒྲོག་འགྲོ།

དེ་རིང་ནི་སྤྱི་ལོ་ཉིས་སྟོང་བཅུ་གསུམ་གྱི་ཚེས་མགོ་རེད། མདུན་ཅོག་སྟེང་གི་མཆོད་ཆང་དེ་ཡར་འགྱོག་བཞིན་པའི་ཕྱི་གླིང་བཟའ་མི་གང་བོས་རྟེན་འབྲེལ་མཚོན་བྱེད་དུ་ཁ་གཡང་གང་ཡག་དེ་འདེམས་ནས། ངའི་མི་ཚེ་ལ་ལམ་ལྷོམ་འབྱུང་བའི་སྐུལ་འདེད་བྱས། ཁ་གཡང་གང་བཟང་དེའི་ཁྲོད་ནས་ངའི་སེམས་ལ་ཟུག་འགྲོ་བ་དེ་ལོ་ན་བཅུར་སོན་ལ་ཉེ་བའི་བུ་མོ་ཆུང་ཆུང་ཞིག་གི་འབོད་ཚིག་རེད། ཁོ་མོས་བཤད་རྒྱུ་ཉིས་སྟོང་བཅུ་གསུམ་ལོའི་ལོ་ཟླའི་ནང་འདིར་ཁྱེད་ལ་མི་སེར་ཡིག་ཆ་དེ་ཐོབ་ཐུབ་པའི་སྨོན་འདུན་ཡོད། ཁྱེད་ལ་མི་སེར་ལག་ཁྱེར་དེ་ལག་སོན་བྱུང་ཉིན་ང་ཚོ་ལྷན་དུ། བོད་ནང་གི་ཨ་མ་རྒན་མོ་དེ་ལ་ལྟ་རུ་འགྲོ་རྒྱུ་ཡིན་ཟེར། རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་བུ་མོ་ཆུང་ཆུང་འདིའི་སེམས་ཁམས་ལ་འདི་འདྲའི་ལྟ་ཚུལ་ཞིག་འགོས་བ་ཡིན་ནམ། བུ་མོ་ཆུང་ཆུང་འདིའི་ཕ་མ་གཉིས་བྲེལ་ཟིང་ཚ་དུས། སྐབས་རེ་བུ་མོ་ཆུང་ཆུང་འདི་སློབ་གྲ་ཕར་སྐྱེལ་ཚུར་ལེན་རེ་བྱས་མྱོང་ནའང་། བྱིས་བ་ལོ་ཆུང་འདི་ལ་ངའི་མི་ཚེ་ཡི་འགྲ་ལུགས་འདུག་སྟངས་བརྗོད་འདོད་ཀྱང་རྒྱུ་མཚན་མེད་པ་དེ་བཞིན། ང་རང་ཉིད་ཀྱི་སྡུག་ཡུས་བཤད་ས་ཡང་བུ་མོ་ཆུང་ཆུང་འདི་ཆགས་མེད། འོན་ཀྱང་། གློ་བུར་དུ་ཁ་གཡང་འདིས་ངའི་སེམས་པ་རྟབ་རྟབ་པོར་བཟོས་བའི་མོད་ལ། ངའི་བསམ་གཞིགས་ཀྱི་ཁ་ཕྱོགས་དེ་ཞི་དུལ་ངང་ཡུལ་གྱར་བོད་མའི་གནས་སྟངས་སྒང་ལ་བབ་བཅུག་སོང་།
རང་ཉིད་སྐྱེས་ས་སྐྱེལ་ཡུལ་གྱི་ཕ་མ་དང་དགའ་ས་ཉེ་ས་མཐའ་དག་ཤུལ་ཏུ་བཞག ཆེས་ལྟ་ན་སྡུག་པའི་མཐོ་སྒང་གི་མཛེས་ལྔོངས་ལ་ཞེན་ཆགས་ཙམ་ཡང་མེད་པར་ཧི་མ་ལ་ཡའི་གྲང་ངར་བརྒལ་ཧན་རྡུ་ཚ་བའི་ཡུལ་དུ་ཡོང་དོན། ནར་སོན་བཞིན་པའི་སྐབས་སུ་ཕ་མ་དང་དགེ་སློབ་བར་གྱི་མཛའ་འབྲེལ་ཁྲོད་ན། ལྐོག་ལྐོག་སབ་སུབ་ཀྱིས་གླེང་བའི་༧རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་རྣམ་ཐར་དེའི་ཆེད་དུ་ཡིན་ནམ། ༧གོང་ས་མཆོག་གི་ཞབས་ལ་སྤྱི་བོ་གཏུགས་རྗེས་རི་ཡུལ་གཉིས་ཀྱི་མོས་བ་དེ་འགྲུབ་སོང་སྙམས་པའི་སེམས་ཀྱི་འཁྱེར་སོ་དེའི་ཆེད་དུ་ཡིན་ནམ། ཡང་ན། ད་ལྟ་འཚོ་སྡོད་བྱེད་ཀྱིན་པའི་རྒྱལ་ཁབ་འདིའི་མི་སེར་ཐོབ་འདོད་པའི་ཆེད་དུ་ཡིན་ནམ། ཅི་ཡིན་འདི་ཡིན་མེད་པར་རང་ཉིད་ཀྱི་མི་ཚེ་འགྲན་རྩོད་ཁྲོད་ཕྱིར་འཐེན་ཁྱོན་མེད་པའི་འཁོར་ཡུག་འདིའི་ནང་ཅི་ལྟར་ཚུད་པ་ཡིན་ནམ། མི་ལོ་བཅོ་བརྒྱད་བློ་ཕ་ལ་མི་འདྲི་བའི་དུས་ནས་འཚོ་སྡོད་ཀྱི་ལམ་སྣེ་འདི། གཞན་དབང་དང་སྟབས་བསྟུན་གྱི་སྲིད་སྒྲོམ་འོག་ཚུད་དེ་མགོ་སྒུར་སྒུར་དང་གཉའ་ལྷེམ་ལྷེམ། ལ་སོ་དང་ལེགས་སོ་ཡི་མགོ་བོ་ལྡེམ་ལྡེམ་བྱེད་ལུགས་ཀྱི་ཚུལ་བཅོས་འདི་གང་ནས་གོམས་སོང་བ་ཡིན་ནམ། གནས་ལུགས་ལ་མགོ་སྒུར་སྟངས་ཤིག་ཡིན་ཟེར་ན་བཙན་བྱོལ་བོད་གཞུང་འདིའི་གོམས་སྟབས་དང་དམིགས་ཡུལ་འདི་འདྲ་ཞིག་མིན་ལས་ཆེ་མོད། ཡུལ་གྱར་བོད་མི་ཚོ་ཧུན་རྡུ་རྒྱ་མཚོ་བརྒལ་ནས་སྟོབས་ཆེན་རྒྱལ་ཁབ་དག་ན་སླར་ཡང་སྐྱབས་བཅོལ་བའི་མིང་བྱང་ཞིག་འཁུར་གྱིན་པ་རེད། འཚོ་སྡོད་ལ་དཀའ་ངལ་ཡོད་ཚུལ་གྱི་འགྲེལ་བརྗོད་སྙིང་རྗེ་མོ་རེ་རྒྱལ་སྤྱིའི་སྒང་ལ་བཀྲམས་རྗེས། གཞིས་ལུས་མི་མང་ཚོའི་ཤ་ཁྲག་གི་འགྲོ་གྲོན་བཏང་བའི་རིན་འབབ་དེ་ལེན་བཞིན་པ་རེད། འདི་ལྟར་ལས་འདེད་ལུང་འདེད་གང་བྱས་རུང་མདོར་ཐུག་ས་དེ་བཙན་བྱོལ་བོད་གཞུང་གིས་ཡུལ་གྱར་བོད་མིའི་གཞིས་ཀ་སྟོབས་འབྱོར་རྒྱལ་ཁབ་དག་ལ་གནས་སྤོར་བྱས་བའི་མཇུག་འབྲས་རེད། དགའ་རུང་མ་དགའ་ཀྱང་ཆོག སྟོབས་ལྡན་རྒྱལ་ཁབ་དག་ལ་གནས་སྤོར་བྱས་བའི་བོད་མི་དག་གིས་ལྔ་སྟོང་ཁྱིམ་ཚང་གི་སྐྱོབས་གསོ་ཁྱེར་ནས་རྡ་སར་ཕྱིར་ཐོན་རྗེས། རྒན་གཞོན་དབྱེར་མེད་དང་གསར་རྙིང་དབྱེར་མེད་བཀྲེས་ལྟོགས་ཀྱིས་མནར་བའི་ཡི་དགས་བཞིན། བཙན་བྱོལ་བོད་གཞུང་གི་རྩིག་རྨང་བཏང་བའི་ཁྱིམ་གཞི་དེ་དག་ལ་ཡིད་སྨོན་འཆོར། ནམ་ལངས་ན་ཕྱི་རྒྱལ་དང་ས་རུབ་རུང་ཨ་སྒོར་ལས་བསམ་རྒྱུ་མེད་པ་ཞིག་བཟོས་བ་རེད། དེར་བརྟེན་གཅིག་ལ་གཅིག་འགྲན་གྱི་འཚོ་གནས་ཡན་གར་བ་ཞིག་ཁོ་ན་བསམ་གཞིགས་བྱེད་པ་འདིའི་མཇུག་འབྲས་བཙན་བྱོལ་བོད་གཞུང་གི་འགན་ལེན་དགོས་ཞིང་བསྒྱུར་ཐུབ་པ་དགོས། དོན་མེད་ལ་འུར་ལངས་བའི་སྐད་ཆ་ཡིན་ན་བདག་གིས་ཅིས་ཀྱང་དགོངས་དག་ཞུ་སྲིད་ལ། དེ་བཞིན་ཉེས་ཁྲིམས་ཀྱང་ཁུར་ངེས་ཡིན། ཉེས་ཁྲིམས་ཞིག་ངའི་སྒང་ལ་འབབ་པའམ་གནས་ལུགས་འདིའི་རྐུབ་མ་བརྡོལ་བར་དུ། སྐད་ཆ་འདི་ཡོང་དགོས་དོན་འགྲེལ་བརྗོད་རེ་བྱས་ན་བསམ་སོང་།
ཡུལ་གྱར་བོད་གཞུང་དམངས་གཉིས་ཀྱིས་མ་ཎི་ཁྲོམ་སྐོར་ཕུད་པའི་འཐབ་རྩོད་གཞན་ཞིག་བྱེད་ཐུབ་ཀྱིན་མེད་ལ། དེ་ག་ནང་བཞིན་དབུ་ཁྲིད་དང་མི་དམངས་གཉིས་མཐུན་གྱི་ཡུལ་གྱར་བོད་མིའི་འཐབ་རྩོད་ཐད་ནས་འགུ་ཁེངས་ཐུབ་ཀྱིན་མེད་པ་ཁས་ལེན་བྱེད་ཀྱིན་པ་རེད། དོན་དངོས་ཐོག་ད་ལྟའི་སྲིད་སྐྱོངས་ཡིན་ཀྱང་ཆོག སྔོན་མའི་གཞུང་སྲིད་སྐབས་གང་རུང་ལ་ཧིན་རྡུ་རྒྱ་མཚོས་མ་ཁོག་པའི་བོད་མི་དག རྟ་རྒོད་ཐུར་ནས་ཤོར་སོང་བ་ལྟར་མིག་ཐག་རིང་ན་སེམས་ཐག་རིང་བའི་ཉམས་མྱོང་བཞིན། བཙན་བྱོལ་བོད་གཞུང་གི་ཐུ་འོག་ལ་བསྡུ་ཐབས་དཀའ་སེ་ཡོད་བ་རེད། ཡིད་ཆེས་འཕེར་བ་ཞིག་དགོས་ན་རང་སྟེང་ལ་ཚང་རྩིས་བྱས་ན་གསལ་བོ་ཆགས་ཡོང་ངེས་རེད། ཁོ་བོ་ཡང་འདིའི་གྲལ་ལ་ཚུད་ཡོད་སྟབས་དངོས་ཡོད་ཞིག་བཤད་ཀྱིན་པའི་ཁུལ་ཡིན།
མ་གཞི་ནས་མིའི་སེམས་ཀྱི་འཁྱེར་སོ་དེ་རང་ཉིད་གང་ན་བདེ་ཞིང་དགའ་བ། ཅི་ལྟར་བདེ་ཞིང་སྐྱིད་པ་དེ་ལ་ཞེན་ཆགས་ཆེ་ཞིང་བསྒྱུར་ཐབས་དཀའ་བས་ན། རྡ་སའི་ཁང་བརྩེགས་མཐོན་པོ་དེ་དག་གིས་སྤྱིན་བདག་ཚོས་བློས་གཏོང་དཀའ་ལ། དེ་བཞིན་སྟོབས་འབྱོར་རྒྱལ་ཁབ་དག་ན་ཁྱི་མཇུག་ལྟར། སྤྱིན་བདག་གི་མཁྲིས་ནས་གཡུག་གཡུག་གི་མཐར་གྲུབ་པའི་ཁང་ཁྱིམ་དང་རི་ར་བ་དག་དེ་ལས་ཀྱང་བློས་གཏོང་དཀའ་བ་ཡོད། དཀའ་བ་འདི་དག་རེ་རེ་བཞིན་གཞིས་ལུས་མི་མང་གི་དགོས་འདུན་དང་རང་ལུས་མེར་བསྲེགས་ཀྱི་འབོད་ཚིག་ལྟར། ༧གོང་ས་མཆོག་བོད་ལ་གདན་འདྲེན་དགོས་ཞེས་བའི་དགོས་འདུན་འདི་དང་ལྟག་སྤྲོད་ཤ་སྟག་ཆགས་བསྡད་ཡོད། ཅི་བྱ་གཏོད་མེད་དུ་འགྱུར་བཞིན་པའི་རྒྱུ་རྐྱེན་གཅིག་ཡུལ་གྱར་བོད་མི་ཚོའི་ཞེན་ས་ཆགས་ཡུལ་འདི་ཅིས་ཀྱང་ཡིན་སྲིད།
༧གོང་ས་མཆོག་འཛམ་གླིང་མི་མང་ལ་མཁོ་བ་ཇི་བཞིན་ཡུལ་གྱར་བོད་མི་ཚོ་ལ་དེ་བས་ཀྱང་མཁོ། དེ་ག་ནང་བཞིན་གཞིས་ལུས་བོད་མི་ཚོ་ལ་ལྷག་ཏུ་མཁོ། ཕྲན་གྱི་སྤོ་སྤོ་དང་རྨོ་རྨོའི་ན་ཚོད་དག་༧གོང་ས་མཆོག་གི་ཞལ་མཇལ་ཐེངས་གཅིག་ལ་རེ་ཞིང་སྒུག་ནས་མི་ཚེ་རྫོགས་ཟིན་ལ། ད་ལྟ་༧གོང་ས་མཆོག་དང་ན་མཉམ་གྱི་བགྲེས་སོང་དག་གི་དབང་ཤེས་ཉམས་བཞིན་པའི་སྒང་རེད་ལ། འདི་དག་གི་རེ་བ་དང་མིག་ཟུང་༧གོང་ས་མཆོག་ཁོ་ན་ལ་ཅེར་ཡོད་པས་མི་ཚེ་གཅིག་གི་འདོད་འདུན་ཞིག་འདི་ལྟར་འབྲས་མེད་དུ་གྱུར་སོང་ཚེ། དོན་དངོས་ཐོག་ང་ཚོས་ཅི་ཞིག་སྒྲུབ་ཀྱིན་པ་ཡང་ཐེ་ཚོམ་ཞིག་སླེབས་འགྲོ་ཡི་འདུག ཡུལ་གྱར་བོད་མི་ཚོ་འདྲ་འདྲའི་ནང་གི་མ་འདྲ་བའི་གནས་སྟངས་ཞིག་༧ཡིད་བཞིན་ནོར་བུ་ལ་དད་པའི་དབང་གིས་འགྲུུབ་སོང་ལ། ད་ལྟ་ཁང་བརྩེགས་མཐོན་པོ་དང་རྐུབ་སྟེགས་སོབ་སོབ་ཀྱི་སྒང་ལ་སླེབས་ཚར་བ་རེད། ད་ནི་གཞིས་ལུས་མི་མང་གི་བདེ་སྡུག་དང་དྲན་གདུང་བསམ་ནས་བསམ་གཞིགས་ལྟག་ལོག་རྒྱག་དགོས་བའི་དུས་ལ་སླེབས་ཡོད་བ་རེད། གཞིས་ལུས་མི་མང་རྒན་དར་གཞོན་གསུམ་ལ་ཡང་འཛམ་གླིང་ཟླུམ་པོ་འདིའི་སྒང་གི་སྟོབས་ལྡན་རྒྱལ་ཁབ་གྱི་མི་མང་ནང་བཞིན། ༧གོང་ས་མཆོག་གི་བྱམས་དང་སྙིང་རྗེ་གཙོ་བཟུང་གི་རྒྱུ་འབྲས་ཀྱི་སློབ་གསོ་དེ་མཁོ་ཞིང་།
མུ་འགོད་་་་་་

སྣ་ཚོགས།

Post navigation

Previous Post: ལམ་རིམ་གསུང་ཆོས་སྐབས་ཀྱི་ཞི་ལྷག་སྐོར་ཟིན་བྲིས།
Next Post: ཁ་བརྡའི་བགྲོ་གླེང་། “ཤེས་ཡོན་ཡར་རྒྱས་དང་དེའི་གལ་གནད”

Comments (22) on “༧གོང་ས་མཆོག་གི་སྐུ་ཚེ་སྨད་ཀྱི་ལོ་ཟླ་གཞིས་ལུས་མི་མང་ལྷན་དུ་སྐྱེལ་དགོས།”

  1. ཟུར་མིག་ says:
    2013-01-03 at 3:21 am

    དྲ་གྲོགས་རྟ་ནག་སྒྲོག་འགྲོས་བྲིས་པའི་རྩོམ་ཡིག་འདི་སྙན་མོ་ཞིག་སང་བདེན་པར་སྣང་། ༧གོང་ས་མཆོག་ཕྱི་བསྡོད་བོད་མི་དང་ནང་བསྡོད་བོད་མི། དེ་བཞིན་འཛམ་གླིང་མི་མང་ལ་མཁོ་བ་དེ་དངོས་བདེན་རེད། ཡིན་ནའང་མཁོ་བ་ངནང་བཞིན་བདག་པོ་རྒྱག་རྒྱུ་དེ་གལ་ཆེ་བར་སེམས། དེང་སང་སྤྱི་ཚོགས་ནང་རིགས་གཅིག་གིས་༧གོང་ས་མཆོག་དར་ཆ་ནང་བཞིན་གང་སར་ཕྱར་ནས་དོན་དམ་གནད་འགག་ལ་ཐུགས་དུས་སྒེར་སྐྱོད་ཀྱི་བསམ་བློ་དང་རང་དོན་ཕྱོགས་སློང་ཁོ་ནས་བོད་མིའི་སྤྱི་ཚོགས་འདི་ལྷན་འཇག་ཅིག་འཇོག་གི་མི་འདུག དཔེ་མཚོན་བཞག་ན་འདན་མ་བློ་ཆོས་ནང་བཞིན་རེད། ཁོང་ལྟ་བུ་ཁག་གཅིག་གིས་ཁ་ཕྱི་བལྟས་གྲོད་པ་ནང་བལྟས་བྱས་ནས་ད་དུང་མགོ་གཉིས་མ་ཁྲབ་ནས་བསྡོད་མཁན་འདི་ཚོའི་ལས་སྟངས་ནང་བཞིན་བྱས་ན་གྱོང་བོད་མི་རིགས་ལ་རགས་མི་ཡོང་ངམ་སྙམ་ནས་སེམས་འཚབ་སྐྱེས། མདོར་ན་༧གོང་ས་མཆོག་མཁོ་ན་ཁོང་གི་བཀའ་སྒྲུབ་དགོས་པ་རེད། མ་རེད་དམ།

  2. ཆོས་འཕེལ་དར་རྒྱས་ says:
    2013-01-03 at 7:37 am

    འོ་ཡ། འདི་ན་ཡང་ང་འདྲ་བ་ཞིག་ནང་ལ་ཡོད་དུས་ཕྱི་དང་ཕྱི་ལ་ཡོད་དུས་ནང་ལ་ལྟ་མཁན་ཞིག་འདུག ད་ཆ་མེད་གྲོགས་ལ་མང་པོ་མི་བཤད། ཁྱེད་རང་གི་བུ་མོའི་རེ་སྨོན་དང་ཁྱེད་རང་གིས་དགུག་པའི་ལག་ཁྱེར་དེ་འདི་ལོ་ལོན་པར་ཤོག དེ་ནས་ཕ་ཡུལ་ཞེས་བདག་གཞན་ཚང་མ་སེམས་འཁོར་ས་ན་ཡོད་པའི་གཉེན་ཉེ་དུ་ཚོར་ཐུག་འཕྲད་ལ་འགྲོ་ཐུབ་པར་སྨོན། ལག་ཁྱེར་མ་ལོན་བར་དུ་ལས་ཀ་ཡག་པོ་ལོས། དངུལ་གང་མང་མང་ཞིག་བསོག་ཐུབ་པར་བྱོས།

  3. རིག་པའི་བུ says:
    2013-01-03 at 10:43 am

    གློན་སྨོན་ཐང་གི་དམག་སྒར་བལ་ཡུལ་གྱི་དགྲ་ལག་སྤྲད་ཟིན་པས་ད་རེ་བ་ཁག་པོ་ཡིན་རྒྱུ་རེད །

  4. ཀླུ་སྨྱོན། says:
    2013-01-03 at 9:41 pm

    འདི་མོ་འདི་མ་འབྲི། སེམས་ཁ་བདེ་ལ་བབས་ནས་གཉིད་ཀི་འཇུག་རོགས། སེམས་མི་སྐྱིད་དུས་ཆང་རེ་འཐུངས་ནས་གཡག་རེ་ཐོངས་མོ།

  5. ལྷག་རྒྱལ་ says:
    2013-01-03 at 11:41 pm

    ཟུར་མིག་ལགས་་་་ཡར་ལོངས་ཤོགས་་་་་་་སྐད་ཆ་འདྲ་མིན་མ་བཤད་་་་་་་ཁྱོད་འདྲ་བའི་མིང་འབུམ་ཡོད་པ་ལས་་་་་་བསྟན་པའི་སྲོལ་འཛིན་སྐྱབས་རྗེས་བློ་ཆོས་རིན་པོ་ཆེ་ལྟ་བུ་་་་གཅིག་དགའ་བ་རེད་་་་་ཁྱོད་རང་མ་ཤེས་མཁན་སུ་ཡོད་རེད་་་་་་་་་ངོ་ཚཚཚཚཚ

  6. ནུབ་ཕྱོགས་གངས་ཕྲུག་ says:
    2013-01-04 at 12:40 pm

    རིག་པའི་བུ་ལགས། གློ་བོ་དམག་སྒར་ནས་རྒྱ་ལ་དམག་རྒྱབ་པའི་ལོ་རྒྱུས་ཡོད་མ་རེད། བོད་པ་ནང་ཁུལ་འཕྲོག་བཙོམ་དང་ཡུལ་མིར་བརྙས་བཅོས་མ་གཏོགས་བྱས་མེད། རྒྱ་མིར་དམག་རྒྱབ་མེད་པའི་ཁུངས་ནི་ཁོང་ཚོའི་དམག་སྒར་གྱི་ཕར་ཕྱོགས་ས་ཁུལ་ནི་བོད་ལྗོངས་གཞིས་རྩེ་ས་ཁུལ་འབྲོང་པ་རྫོང་རེད། དངོས་ནས་བྱས་ན་མངའ་རིས་ཁོངས་རེད་ཡིན་ནའང་རྒྱ་མིའི་གཞིས་རྩེའི་ཁོངས་སུ་བསྒྲིལ་ཡོད། དེ་གར་བོད་མི་འབྲོག་པ་འཚོ་སྡོད་བྱེད་ཀྱི་ཡོད། རྒྱ་མི་མཐོང་རྒྱུ་མེད། ཡིན་ནའང་༡༩༧༠ ཡས་མས་སུ། ས་ཁུལ་དེར་བོད་ལྗོངས་ནས་ཤིན་ཅང་བར་གཞུང་ལམ་འཁེལ་གྱི་ཡོད། དེར་བརྟེན་ཟླ་བ་རེ་གཉིས་ནང་རྒྱ་མི་མོ་ཀྲ་གཅིག་གཉིས་འགྲོ་གི་ཡོད། གློ་དམག་སྒར་ནས་མོ་ཀྲ་གཅིག་ཙམ་གཏོར་ཡོད་གྱི་རེད། དེ་མིན་མི་མེད་བྱང་ཐང་ནང་འབྲོག་པ་ཁ་ཤས་མ་གཏོགས་མཐོང་རྒྱུ་མེད། ཕྱིས་སུ་རྒྱ་མིའི་གཞུང་ལམ་ཁ་བསྒྱུར་ནས་བྱང་ལམ་བརྒྱུད་ཤིང་ཅང་ལ་འགྲོ་གི་ཡོད། དེ་ནི་ས་ཁུལ་དེ་ནས་ཀི་ལོ་མི་ཀྲར་༥༠༠ ཙམ་གྱི་བྱང་ཕྱོགས་སུ་འཁེལ་གྱི་ཡོད། ཁོང་ཚོ་བོད་ས་ཁུལ་ནང་ཀི་ལོ་མི་ཀྲར་ཁ་ཤས་མ་གཏོགས་འགྲོ་ཐུབ་ཀྱི་མེད། ཡིན་ནའང་ཁོང་ཚོའི་རིག་གནས་གསར་བརྗེ་སྐབས་ས་མཚམས་བརྒལ་ནས་བོད་རིགས་འབྲོག་པ་ཚོར་ཇག་པ་རྒྱབ་པའི་ལོ་རྒྱུས་འདུག གཞན་ཡོད་མ་རེད། རྒྱུ་མཚན་དེར་བརྟེན་གློ་བོ་དམག་སྒར་གྱི་དམག་རྒྱབ་མེད། གྲུབ་འབྲས་མ་ཐོན་ཙང་ཕྱིས་སུ་ཨ་རི་གཞུང་ནས་རོགས་རམ་བཀག་ཡོད།

  7. རིག་པའི་བུ says:
    2013-01-04 at 2:38 pm

    ཧཧ། རྒྱ་ནག་གིས་བཤད་པ་ཡིན་ས་རེད། གློ་བ་དམག་སྒར་གྱིས་རྒྱ་ནག་གི་དམག་མི་གསད་ཅིང་མེ་མདའ་འཕྲོག་པའི་དངོས་བྱུང་གློག་བརྙན་ནུབ་ཕྱོགས་ཀྱི་ལྟ་སྐོར་བ་ཁ་ཤས་ཀྱིས་དངོས་སུ་མཐོང་ཞིང་གློག་བརྙན་དུ་བླངས་བ་ད་ལྟའང་མཐོང་དུ་ཡོད། གློ་བའི་ས་ཁུལ་རྒྱ་བལ་གཉིས་ལ་མ་སྤྲད་པ་བོད་པ་རང་གིས་༡༩༧༥ལོར་བར་བཟུང་བ་ནི་གཟི་བརྗིད་མ་རེད་དམ། གློ་བ་དམག་སྒར་དངོས་སུ་སྒོ་རྒྱག་མཁན་གོང་ས་མཆོག་རེད། གློ་བའི་ས་ཆ་བལ་ཡུལ་ལ་སྤྲད་མཁན་གོང་ས་མཆོག་རེད། བལ་གཞུང་གིས་གློ་བའི་ཆ་ས་བལ་ཡུལ་ལ་སྤྲད་ན་བོད་ལ་ཡག་པོ་བྱེད་ཚུལ་ཁས་ལེན་བྱས་ཀྱང་ད་ལྟ་བལ་གྱིས་བོད་ལ་ཅི་ལྟར་བྱེད་ཀྱིན་ཡོད་པ་མཐོང་ཆོས་རེད། སྟོད་པ་རི་མྱི་དེ་དག་ཁ་ལ་རྩམ་པ་ཡག་པོ་ཟ་ཡ་མེད་པ་གློ་དམག་གིས་གཅོམ་རྒྱུ་ཨེ་ཡོད། བོད་ནས་བཙན་བྱོལ་མཁན་ཚོ་སྟོད་པའི་རི་མྱི་ཚོས་རང་ཉིད་བོད་པ་ཡིན་པའི་ལ་རྒྱ་གཡུག་ནས་རྒྱ་ལ་བཙོང་གི་ཡོད། གལ་སྲིད་ང་ལ་དབང་ཆ་ཡོད་ན་སྟོད་པ་༩༩%ཁྲིམས་ལ་སྦྱར་རྒྱུ་རང་རེད། ཞབས་འདྲེན་པ་འདི་ཚོ། ནགས་གསེབ་ཀྱི་སྤྲེའུ་བཞིན་ཟ་ཡ་གང་ནས་ཡོད་ན་དེ་ལ་འགྲོ་རྒྱུ་ལས་ལ་རྒྱལ་དང་ཞེན་ཁོག་མེད།

  8. ཀརྡོ་གཉེར་ཕྱག་པ་ says:
    2013-01-04 at 2:47 pm

    ༸གོང་ས་མཆོག་ལ་མཚན་དམོད་བྱེད་མཁན་ཅིག་གིས་བོད་རང་བཙན་ལེན་ན་ཡང་། བོད་རང་བཙན་ཡོད་སའི་བོད་ལ་་ང་མི་ལོག་ཐག་གཅོད་ཡིན་གདའ། ༧༽ རིག་པའི་བུ་ལགས། འདི་ཡང་ཤེས་པར་གྱིས་ཤིག་ཀྱེ།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-01-04 at 2:50 pm

    ང་ཚོ་འུ་ཐུག་དུས་ད་བར་རྒྱ་གར་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད། བལ་ཡུལ་ཡང་བཀའ་དྲིན་ཆེན་པོ་རེད། མའོ་དང་ཁོའི་ཉ་ལུ་རྗེས་འབྲངས་དང་བཅས་སྡུག་ཤི་མགྱོགས་པོ་རྒྱག་པར་ཤོག ཀི་ཧི་ཧི།

  10. རིག་པའི་བུ says:
    2013-01-04 at 3:54 pm

    འཇིག་རྟེན་ན་རང་ལ་ཁེ་ཕན་མེད་ན་བཀའ་དྲིན་ཅན་སུ་ཡང་མེད། ཀླད་རྙིང་པ། བོད་ས་བལ་ཡུལ་ལ་སྤྲད་པའི་རིན་བབ་ལ་བརྟེན་ནས་བལ་གཞུང་གིས་བོད་མི་ཚོར་སྡོད་ས་གཡར་བ་རེད། གློ་དམག་སྒར་གྱི་སྒྲིག་འཛུགས་མེད་པ་བོད་ས་བལ་ཡུལ་ལ་དབང་རྐྱང་བྱས་ན་བལ་ཡུལ་ནང་བོད་གཅིག་ཀྱང་སྡོད་དུ་བཅུག་གི་མ་རེད། གོང་ས་མཆོག་ལ་མཚན་དམད་མ་རེད། ལོ་རྒྱུས་ནི་ལོ་རྒྱུས་ཡིན་པས་སུ་ལ་ཕོགས་ཀྱང་དེ་ལྟར་སྨྲ་དགོས། རྒྱུ་མཚན་ནི་བདེན་པ་སུས་ཀྱང་འགོག་མི་ཐུབ་པས་རེད། གོང་ས་མཆོག་སྤྲེད་ལེ་མ་འཁྲབ། བདེན་དོན་སྤྲེད་ལེ་དང་བརྗེ་ཕོད་དམ།

  11. རྟ་ནག་སྒྲོག་འགྲོ། says:
    2013-01-04 at 7:49 pm

    ཧུཧུཧུ་་་བླ་མ་ཀླུ་སྨྱོན་གྱི་ཐུགས་ཅུང་ཙམ་དཀྲུགས་དང་ནི་མིན་ན། བླ་མའི་བཀའ་བརྩི་རྒྱུ་ཡིན། རྗེས་མ་འདི་མོ་འདི་མི་འབྲི་ཡ། དེ་མ་གཏོགས་ང་དོང་ན་ཕེན་ས་རེད། དྲ་གྲོགས་འདི་ཚོས་དགོ་མི་དགོ་ཚང་མ་འདི་ལ་སྤུངས་ནས་བཞག་ཡོད་གི། ཡུམ་དུམ་པ་་་་སྐྲགས་ནི་ཞིག་མ་རེད་ན། བླ་མ་ཀླུ་སྨྱོན་གྱི་ཤ།

  12. ནུབ་ཕྱོགས་གངས་ཕྲུག་ says:
    2013-01-05 at 3:28 am

    རིག་པའི་བུ་ལགས། གློ་བོ་དམག་སྒར་ནང་ངའི་ཨ་གུ་ཡོད་གཉིས་ཡོད། གཅིག་ཚེ་ལས་འདས་ཟིན། གཅིག་ད་ལྟ་སྤོག་ར་ལ་ཡོད། ང་སྐྱེས་ས་དེ་གློ་བོ་དང་ཐག་ཉེ་ཡིན། འདིའི་བསྐོར་ཆ་ཚང་ཁྱོད་ལས་ང་རྒྱུས་ཆེ་བ་ཡོད། ཆུང་དུས་ང་རང་ཡང་ཁོང་ཚོར་དཔའ་བོ་རྩིས་ཀྱི་ཡོད། ངའི་ཁོང་ཚོ་མི་རྒན་མང་པོར་སྐད་ཆ་དྲིས་མྱོང་། དོན་ལ་དཔའ་བཞག་པའི་ལོ་རྒྱུས་མི་འདུག ཁྱིམ་མཚེས་མི་རྒན་ཞིག་གི་མོ་ཀྲ་གཅིག་གཏོར་སྐད་གོ་མྱོང་། ད་དུང་ཁོ་དང་མཉམ་དུ་རྒན་རག་རག་ཞེས་པ་ཡོད་སྐད། ངའི་མི་དེ་མཐོང་མ་མྱོང་། བརྒྱ་དཔོན་ལྟ་བུ་གཅིག་ཡིན་པ་འདྲ། ཕྱིས་སུ་ཁོང་ཚོ་མོ་ཀྲ་གཅིག་གཏོར་བའི་གློག་བརྙན་ཞིག་མཐོང་བྱུང་། མི་དེ་ཚོ་ངའི་ངོ་ཤེས་མ་སོང་། ང་རང་ནར་སོན་པ་ན་འཛམ་གླིང་དམག་གི་ལོ་རྒྱུས་གོ་དུས་དེ་ཚོ་ཁྲོན་པའི་སྦལ་པ་རེད། དེ་ཧ་ལས་རྒྱུ་མེད། འཇབ་དམག་རྒྱབ་ན་afganistan ནང་Taliban གྱི་དམག་རྒྱབ་པ་ནང་བཞིན་དགོས། དེ་མིན་Vietnam གྱི་དམག་དང་ལྷོ་བྱང་ཀོ་རི་ཡའི་དམག་དེ་ཚོ་རྒྱལ་སྤྱིའི་ནང་སྐད་གྲགས་ཡོད་པའི་དམག་རེད། བོད་པ་སྟོང་ཕྲག་རེ་ཟུང་གི་འཇབ་དམག་དེ་ཚོ་སྙིང་རྗེ། དེ་ལས་ནང་ཆོས་ཀྱི་འཛམ་གླིང་ནང་བྱས་རྗེས་བཞག་ན་དགའ།

  13. རིག་པའི་བུ says:
    2013-01-05 at 4:03 am

    ཧཧ། རང་ས་གཞན་ལ་སྤྲད་ནས་ནང་ཆོས་ཀྱིས་འཇིག་རྟེན་ལ་བྱས་རྗེས་བཞག་ཨེ། ད་ལྟ་འཛམ་གླིང་སྟེང་ཆོས་མེད་རིང་ལུགས་ཀྱི་གྲངས་འབོར་ཉིན་རེ་བཞིན་འཕར་ཞིང་འཇིག་རྟེན་གྱི་དཔྱོད་ལྡན་མི་སྣ་ཕལ་མོ་ཆེ་ཡིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཚ་ཚ་འུར་འུར་གྱིས་སར་སྤེལ་བཏང་བའི་སྐབས་བོད་པ་རྣམས་སྦལ་བའི་སེམས་པ་ནམ་མཁའ་བཞིན་ལྷག་པ་འདི་ལམ་ལོག་ཏུ་ཕྱིན་པའི་དན་རྟགས་རེད། འཇིག་རྟེན་ལ་བྱས་རྗེས་འཇོག་པ་ལྟ་ཅི། རྩ་མེད་འགྲོ་ངེས་རེད། བོད་པ་འཇབ་དམག་དྲ་ལོན་བྷན་ལྟར་ཡོང་དུ་མ་འཇུག་མཁན་ཡང་ཆོས་དཔོན་ཚོ་རེད། རང་ཉིན་གྱི་མཚན་སྙན་དང་སྦྱིན་བདག་ཐོབ་ཆེད་བོད་ཀྱི་རྩ་དོན་བློས་བཏང་ཞིང་ས་ཆ་གཞན་ལ་སྤྲད་པ་རེད། ས་ཆ་མེད་ན་རྒྱ་བལ་གྱི་བོད་པ་ཚོའི་གནས་སྟངས་འདི་རེད། ནམ་རྒྱུན་སྟུན་མཁས་ཁོ་ན་བྱས་ཀྱང་ཉིན་ཞིག་ན་ཚས་རྗོའི་མི་རིགས་སྡེབ་གསོད་ཀྱི་གནས་སྟངས་ལྟར་མི་བྱུང་བའི་ངེས་བ་མེད། བོད་ནས་རང་ས་རང་ལ་མ་དབང་བར་ལས་དོན་ཅི་ཞིག་སྒྲུབ་ཀྱང་རྒྱ་ནག་ལ་འདྲི་དགོས་བ་མཐོང་ཆོས་རེད། གློ་ཁུལ་༡༩༨༥ལོར་དགྲ་ལག་ཏུ་མ་སྤྲད་པ་འཛིན་ཐུབ་བྱས་རྗེས་ན་རེད་དམ། ལྷ་སའི་རྒན་མོའི་ལྷ་སའི་ཇོ་བོ་མིག་གིས་མི་མཐོང་བའི་དཔེ་ལྟར་གློ་དང་ཉེར་འགྲམ་ལས་སྐྱེས་ཀྱང་ཧང་སང་ཡ་མི་འདུག

  14. ཀརྡོ་གཉེར་ཕྱག་པ་ says:
    2013-01-05 at 4:49 am

    རིགས་ཀྱི་བུ་ལགས།
    ད་ཁྱོད་ཀྱིས་ཕྱི་ཟླ་གསུམ་པའི་ནང་ལ་ཕིན་ཅིན་ཕིང་བསྐོ་བཞག་སྐབས་ལ་ཁྱོད་དང་ཁྱོད་ཀྱིས་གྲོགས་པོས་རྒྱ་དཔོན་ཚང་མ་དུས་གཅིག་ཏུ་གམར་གསོ་བཏང་ནས་ཤོག་དང་།
    དེ་ནས་ཁྱོད་ཀྱིས་རྗེས་ལ་ང་ཚོ་ཡོང་ཆོག དེ་མིན་རྒྱ་མིར་ཁོང་ཁྲོ་མ་བྱེད། བོད་མིར་ཁོང་ཁྲོ་ཅན་མ་བཟོ། དེ་འདྲ་བྱེད་མཁན་ཚང་བུང་གུ་ཐོན་ཚར་བ་རེད།

  15. རིག་པའི་བུ says:
    2013-01-05 at 6:03 am

    ཁོང་ཁྲོ་བསླང་མཁན་ཕྲན་མ་རེད། རང་ས་འཕྲོག་མཁན་གྱི་རྒྱ་ནག་རེད། ང་ཚོས་རྒྱ་དཔོན་ཐམས་ཅད་གསད་པའི་དབང་དུ་བཏང་ཡང་ཁྱེད་ཀྱིས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་གྱུར་ཅིག་ཅེས་ནས་མི་བཟང་གནང་ཏེ་བཞུགས་ངེས་རེད། དགྲ་བོའི་དང་གཟུ་བ་ལྷན་དུ་ང་ཚོའི་བྱེད་སྟངས་ལ་སྐྱོན་བརྗོད་བྱས་ཏེ་ཞི་བདེའི་བྱ་དགའ་ཐོབ་ཐབས་དང་སྦྱིན་བདག་རེག་ཐབས། མཚན་སྙན་རྒྱས་ཐབས་སོགས་ལ་འབད་དེ་ང་ཚོའི་ལས་དོན་ཁྱེད་ཀྱི་སྒེར་དོན་གྱི་ཚོང་སྒོ་སྒྱུར་ངེས་རེད། དེ་ལྟར་གནང་ན་ང་ཚོ་གཡོ་ཚོང་བྱེད་པ་མ་རེད་དམ། རབ་འབྱམས་པ།

  16. ནུབ་ཕྱོགས་གངས་ཕྲུག་ says:
    2013-01-05 at 11:47 am

    རིག་པའི་བུ་ལགས། ཕྱི་ལོ་༡༩༨༥ གློ་བོ་དགྲ་ལག་ཏུ་མ་སྤྲད་པར་ཟེར་བ་དེ་ནོར་རེད། གློ་བོ་ཁུལ་མཐའ་མ་༡༩༧༠ དོན་གྲངས་ནང་མཐའ་བསྡུས་པ་རེད། ད་དུང་ཧམ་བཤད་ཀྱི་ལྷ་སའི་རྒན་མོས་ལྷ་སའི་ཇོ་བོ་མ་མཐོང་སོགས་འུར་བཤད་མ་བྱེད། རྒྱུ་མཚན་ནི་སྔོན་དུ་བཤད་ཟིན་པ་ལྟར་གྲུབ་འབྲས་མ་ཐོན་པར་ཨ་མི་རི་ཀ་གཞུང་གི་འགྲོ་སོང་ཆེ་རོགས་ཡིན་ཙང་། ཁོང་ཚོས་མཚམས་བཅད་པ་རེད། ད་དུང་འབའ་པ་ཡེ་ཤེས་ཀྱི་ལྐོག་ཟ་བྱས་པའི་ལོ་རྒྱུས་སོགས་ཡོད། གང་ལྟར་དེའི་བསྐོར་དབྱིན་ཇི་ཞིག་གི་དཔྱད་པ་ཡག་པོབྱས་ནས་བྲིས་པའི་དེབ་་ཞིག་འདུག ད་དུང་དེའི་ནང་བོད་ཀྱི་ཁམས་ཁུལ་རྒྱའི་ས་མཚམས་ཀྱི་མི་དེ་ཚོ་བོད་སྐད་དུ་དོན་བསྒྱུར་བྱས་ན། རྒྱ་མགོ་མཐོ་དུས་རྒྱ་མགོ། བོད་མགོ་མཐོ་དུས་བོད་མགོ རེད་ཅེས་བརྟན་པོ་ཡོད་མ་རེད་ཟེར་བ་བྲིས་འདུག

  17. ཟུར་མིག་ says:
    2013-01-06 at 2:01 am

    འོ་གོང་དུ་ལྷག་རྒྱལ་ཟེར་པ་ཞིག་གིས་ང་ལ་ཅིག་ལབ་ཁུལ་བྱས་འདུག བྱེད་སྟངས་བལྟས་ན་འདན་མ་བློ་ཆོས་ཚང་གི་འབ་ཕྲུག་ཅིག་ཡིན་ཤས་ཆེ། འོ་ན་ངས་ཁྱོད་ལ་འདི་ལྟར་ལན་འདེབས་ཆོག ང་ཚོ་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་རྣམས་ཀྱིས་ཐུགས་ཐག་གཙང་བཅད་ཀྱིས་དོལ་རྒྱལ་བསྟེན་གསོལ་བྱེད་རྒྱུ་ཕར་བཞག་ནས་ཁོང་ཚོ་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་བྱེད་རྒྱུ་མིན་པའི་སྤངས་བླངས་གཙང་སེལ་བྱས་ཡོད་ཀྱང་། འདན་མ་བློ་ཆོས་ཚང་ཐེ་ཝན་ནས་དོར་རྒྱལ་ཚོགས་པའི་ཆོས་ཚོགས་སུ་ཕེབས་ནས་ཆོས་དང་ཟང་ཟིང་གི་འབྲེལ་བ་བྱས་པ་དེ་ཡོངས་གྲགས་ཆགས་ཡོད་མོད། དེ་ལྟར་ཆགས་པ་དེ་ལ་༸གོང་ས་མཆོག་གིས་དགའ་ལྡན་བླ་སྤྱི་ནས་བཀའ་སློབ་ག་རེ་ཕེབས་ཡོད་པ་དེ་ཁྱེད་ཀྱིས་མཐོང་བྱུང་ངམ། ཁོ་བོས་བལྟས་ན་འདི་འདྲ་བའི་སྤྱི་ཚོགས་ནང་མིང་ཆེན་པོ་ཁུར་བསྡད་མཁན་ཞིག་གིས་ཁ་ཕྱི་བལྟས་དང་དྲོད་པ་ནང་བལྟས་བྱས་ནས་མགོ་གཉིས་མ་ཁྲབ་མཁན་ཞིག་ཡོད་པ་ལས་མེད་པ་དགའ་སྙམ་ནས་ཡོད། ད་དུང་ཁྱོད་ལྟ་བུའི་རིགས་ལ་གོ་བརྡ་འཕྲོད་ཀྱང་ཆོག་མ་འཕྲོད་ཀྱང་ཆོག མདོར་བསྡུས་ན་ང་ཚོར་བློ་ཆོས་ཚང་ལས་ལྡབ་སྟོང་གིས་ཀྱང༸གོང་ས་མཆོག་གིས་དགའ།

  18. རིག་པའི་བུ says:
    2013-01-06 at 3:27 am

    ༼ཕྱི་ལོ་༡༩༨༥ གློ་བོ་དགྲ་ལག་ཏུ་མ་སྤྲད་པར་ཟེར་བ་དེ་ནོར་རེད། གློ་བོ་ཁུལ་མཐའ་མ་༡༩༧༠ དོན་གྲངས་ནང་མཐའ་བསྡུས་པ་རེད། ད་དུང་ཧམ་བཤད་ཀྱི་ལྷ་སའི་རྒན་མོས་ལྷ་སའི་ཇོ་བོ་མ་མཐོང་སོགས་འུར༽ ལོ་རྒྱུས་མི་ཤེས་ན་ཤེས་ཁུལ་མ་བཤད། གློ་བ་དམག་སྒར༡༩༧༥ལོར་བར་གནས་བ་རེད། བོད་ས་ཤོར་ནས་ལོ་བཅོ་ལྔའི་བར་གནས་བ་རེད། ཕྲན་གྱིས་གོང་དུ་༡༩༨༥ཟེར་བས་བྲིས་བ་དེ་ཡིག་ནོར་རེད། ཡིག་ནོར་ལ་དག་ཐེར་གནང་བ་ཡག་བྱུང་། ཡིན་ཡང་ཉིད་ཀྱིས་ལོ་ཚིག་ཁ་གསལ་ཞིག་ཤེས་ཀྱི་མེད་པ་གློ་བ་སྒྲིག་འཛུགས་ལ་ཆ་རྒྱུས་ཡོད་ཁུལ་སྨྲ་བ་ནི་བཞད་བགད་ཀྱི་གནས་རེད། དེ་ནི་ལྷ་སའི་རྒན་མོའི་གཏམ་དཔེ་ཉིད་ལས་མ་འདས། ཁག་མི་འདུག ཁྱེད་ནི་ཧི་སྟེང་གི་རི་མྱི་ཡིན་པས་སྒེར་ལ་སྒོར་མོ་གང་ནས་ཐོབ་ན་དེ་འགྲོ་ངེས་རེད། དེ་ནི་སྟོད་པ་ཚོས་ཁྱད་ཆོས་རེད། ལ་རྒྱལ་མེད་ཟེར་ཡ་ཞིག་མེད། ཁེ་ཕན་ཆེད་དུ་ཡོད་ཚད་བཙོང་ཐུབ་ཡ།

  19. ཀརྡོ་གཉེར་ཕྱག་པ་ says:
    2013-01-06 at 4:49 am

    གཏམ་དཔེར།
    ཁ་ཕྱི་བལྟས་དང་དྲོད་པ་ནང་བལྟས།
    འདི།
    ཁ་ཕྱི་བལྟས་དང་གྲོད་པ་ནང་བལྟས།

  20. བན་དེ་བ། says:
    2013-01-06 at 5:11 am

    འོ་ད་གློ་བོར་ཆུ་བཞི་སྒང་དྲུག་དམག་མིས་ཉལ་ལུ་བཅས་པ་མང་པོ་འདུག ཁོང་ཚོས་གློ་བོའི་བུ་མོར་བཙན་གཡེམ་བྱས་པས་མ་ཚད་བུ་ལའང་ནཙན་གཡེམ་བྱས་ཚུལ་འདུག། རྒྱུ་མཚན་དེ་ལ་བརྟེན་ནས་ས་དེ་གར་སྡོད་དུ་མ་བཅུགས་པ་ཡུལ་མིས་བཤད་ཀྱི་འདི་འདུག

  21. ཨ་ནུ་ཐང་བསོད་ནམས says:
    2013-01-06 at 6:40 am

    བཙན་གཡེམ་གྱི་དོན་རྐྱེན་ཅུང་མི་བྱུང་མཁན་གྱི་དམག་སྒར་ཞིག་འཇིག་རྟེན་དུ་བྱུང་མེད་ལ་ཨ་རིའི་ཞི་བདེའི་དམག་མི་ཚོས་ཨ་ཧྥུ་རྒན་དང་ཉི་ཧོང་དུ་བུ་མོ་དུ་མར་བཙན་གཡེམ་བྱེད་པའི་གནས་ཚུལ་ཐོན་ཡོད། གནས་ཚུལ་ཆུང་ངུ་ཞིག་དང་གནད་དོན་ཆུང་ངུ་ཞིག་ལ་འཇུ་ནས་ཡོད་ཚད་ནག་པོ་སྒྲུབ་ན་དྲང་བདེན་གྱི་ལྟ་སྟངས་ཤིག་མིན་པ་འདོད། དེ་ནི་རྒྱ་ནག་ནག་གིས་བོད་ཀྱི་སྐུ་དྲག་རེ་ཟུང་དང་བླ་དཔོན་ཟེར་ཟུང་གིས་སྤྱོད་ཉེས་བགྲང་ནས་དེ་སྔོན་བོད་ཀྱི་སྤྱི་ཚོགས་ཧྲུལ་པོ་མུན་ནག་རེད་ཟེར་དང་གཉིས་སུ་མ་མཆིས།

  22. ནུབ་ཕྱོགས་གངས་ཕྲུག་ says:
    2013-01-06 at 11:42 am

    རིག་པའི་བུ་ལགས། ཁྱེད་རང་གི་གློ་བོ་དམག་སྒར་གྱིས་བྱས་རབས་ག་རེ་བཤད་རྒྱུ་ཡོད། ཁོང་ཚོ་བྱང་ཐང་སྟོང་པ་དམག་རྒྱབ་རབས་བཤད་ན་ངོ་ཚ་གི་མི་འདུག་གས། སྒེར་གྱི་སྒོར་མོ་ལ་བལྟ་ནས་འགྲོ་མཁན་བཙན་བྱོལ་ནང་སྟོད་པ་མ་རེད་མང་ཆེ་བ་ཁམས་པ་རེད། ཐེ་ཝེན་ལ་དང་པོར་མགོ་བཏགས་མཁན་ཁམས་པ་རེད། སྐབས་རེ་བོད་པ་མིན་མདོག་བྱས་ནས་ང་ཚོ་རྒྱ་སྡེ་ཡིན་ཟེར་མཁན་ཁམས་པ་རེད། གསར་འབྱོར་འགའ་ཤས་བོད་གཞུང་སྣེ་ལེན་ཁང་དང་སུ་ཇ་སློབ་གྲྭ་འགྲིམས་ནས། མཐའ་མ་ལི་ཐང་ཨ་ཐར་སར་མགོ་བཏགས་མཁན་ཁམས་པ་རེད། ངོ་ཚ་མེད་མཁན་བཟང་ངན་མི་ཤེས་ཚང་མ་ཁྱེད་ཚོ་རེད། བཙན་བྱོལ་སྤྱི་ཚོགས་ནང་དབུས་གཙང་དང་སྟོད་པ་ཨ་མདོ་གསུམ་པོ་མགོ་རྡོ་ནང་བཞིན་འཕྲེགས་པོ་བྱས་ནས་ད་བར་གཞུང་དང་འགལ་བ་ལས་ཀ་བྱས་མྱོང་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (15)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme