Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་ཆེན་པོས་ཨའོ་པཱ་མར་གསུང་འཕྲིན་སྩལ་བ།

Posted on 2012-11-072012-11-08 By ཤར་ཕྱོགས་ཁུག་རྟ། 9 Comments on ༧གོང་ས་ཆེན་པོས་ཨའོ་པཱ་མར་གསུང་འཕྲིན་སྩལ་བ།

༄༅།། ཁ་སང་ཕྱི་ཚེས ༧ ཉིན་༧གོང་ས་ཆེན་པོས་ཉི་ཧོང་ནས་སྲིད་འཛིན་ཨའོ་པ་མ་བསྐྱར་དུ་སྲིད་འཛིན་འདམས་ཐོན་བྱུང་བར་གསུང་འཕྲིན་ཅིག་སྩལ་ཏེ་བོད་ནང་རང་ལུས་མེར་སྲེག་གི་ཛ་དྲག་གནས་སྟངས་ཐད་ཨ་རིའི་གཞུང་ནས་མུ་མཐུད་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་དགོས་པ་སོགས་འཁོད་འདུག དེ་ཡང་གསུང་འཕྲིན་ནང་ “སྐུ་ཉིད་མཆོག་ཨ་རིའི་སྲིད་འཛིན་དུ་སླར་ཡང་འོས་འདེམས་བྱུང་བར་ངོས་ཀྱིས་དགའ་བསུའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྐུ་ཉིད་ཕྱི་ལོ་ ༢༠༠༨ ལོར་ཨ་རིའི་སྲིད་འཛིན་དུ་ཐོག་མར་འདེམས་ཐོན་བྱུང་སྐབས། འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་རྣམས་ང་ཚོས་ཆིག་སྒྲིལ་གྱི་ནུས་པའི་ཐོག་ནས་གདོང་ལེན་བྱེད་དགོས་པའི་བློ་སྤོབས་བསྐྲུན་པ་ཙམ་མ་ཟད། དེ་ནས་བཟུང་ཨ་རིའི་མི་མང་གིས་སྐུ་ཉིད་ལ་ཡིད་ཆེས་བློས་འགེལ་གྱིས་རེ་བ་བཅོལ་བ་དེ་དག་བསྒྲུབ་ཆེད་འབད་བརྩོན་ཧུར་བསྐྱེད་གནང་ཡོད། དེར་བརྟེན་མི་མང་གིས་སྐུ་ཉིད་ནས་དེ་ལྟ་བུའི་འབད་བརྩོན་གནང་བར་ངོས་འཛིན་གྱིས་ཐེངས་འདིར་སླར་ཡང་སྲིད་འཛིན་དུ་འོས་འདེམས་གནང་ཡོད།

 

 

སྐུ་ཉིད་ཀྱིས་ཐོག་མར་ཨ་རིའི་སྲིད་འཛིན་གྱི་ལས་ཁུར་བཞེས་སྐབས། འཛམ་གླིང་མི་མང་གིས་མང་གཙོའི་རིན་ཐང་སྲུང་སྐྱོབ་དང་མང་གཙོའི་འཆར་སྣང་རྒྱུན་གནས་ཐུབ་ཆེད་ཨ་རིས་སྣེ་ཁྲིད་ཐུབ་པའི་རེ་བ་ཧ་ཅང་བཅོལ་བཞིན་ཡོད་སྐོར་ངོས་ཀྱིས་སྐུ་ཉིད་ལ་གནས་འཕྲིན་ཞིག་ཕུལ་བའི་ནང་བཀོད་པ་དྲན་གྱི་འདུག དེར་བརྟེན་སྐུ་ཉིད་ནས་འཛམ་གླིང་ནང་དབུལ་ཕོངས་དང། དྲང་བདེན་མེད་པ་སོགས་ཀྱི་དཀའ་ངལ་འོག་མི་འབོར་ཐེར་འབུམ་མང་པོ་གནས་ཡོད་པ་དེ་དག་ཡིད་བཅངས་ཐོག་འཛམ་གླིང་ནང་ཞི་བདེ་སྔར་ལས་གོང་འཕེལ་གཏོང་ཐུབ་རྒྱུར་ངོས་ཀྱིས་རེ་བ་ཞུ་བཞིན་ཡོད། དཀའ་ངལ་དེ་དག་སེལ་རྒྱུ་ནི་ད་ལྟའི་དུས་སྐབས་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

 

 
སྐུ་ཉིད་ནས་མཁྱེན་གསལ་ལྟར་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་དབུ་ཁྲིད་ལ་རྩིས་སྤྲོད་བྱས་ནས་ལོ་གཅིག་ཟིན་ནའང་ངོས་རང་ཡང་བོད་མི་ས་ཡ་དྲུག་གི་ཆ་ཤས་ཤིག་ཡིན་སྟབས། སྐུ་ཉིད་ནས་འཚེ་མེད་ཞི་བའི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཆེད་མུ་མཐུད་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། སྐུ་ཉིད་ནས་དབུ་མའི་ལམ་གྱི་ཐབས་ལམ་ལ་རྒྱབ་སྐྱོར་གནང་བར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ཐབས་ལམ་འདི་ནི་བོད་རྒྱ་གཉིས་སྨན་ཐོག་བོད་ཀྱི་གནད་དོན་སེལ་རྒྱུའི་ཐབས་ལམ་བཟང་ཤོས་ཡིན་པར་ངོས་ཀྱི་ད་དུང་ཡང་ངོས་འཛིན་བྱེད་བཞིན་ཡོད།

 

 

ད་ལྟ་བོད་ནང་གི་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་པའི་མཚོན་རྟགས་སུ་བོད་མི་ཚོས་བསྟུད་མར་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས་འདིའི་འོག སྐུ་ཉིད་མཆོག་གི་སྲིད་གཞུང་ནས་གཉིས་སྨན་གྱི་ཐབས་ལམ་དེར་མུ་མཐུད་རྒྱབ་སྐྱོར་གནང་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། དེང་སྐབས་ངོས་རང་ཉི་ཧོང་ཁུལ་དུ་ཡོད་ཅིང་ངོས་ཀྱིས་སྐུ་ཉིད་ཀྱི་སྲིད་འཛིན་ལས་དུས་གཉིས་པའི་སྐབས་ལས་དོན་གང་ཅིའི་ཐད་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་སྩལ་འདུག།

གསར་འགྱུར།

Post navigation

Previous Post: ངའི་སྲིང་ཆུང་མ། ༼སྨིན་སྣང་མཛེས་ཀྱི་དཔར་ལ་བལྟས་ནས་བྲིས།༽
Next Post: ཏང་གི་ཚོགས་ཆེན ༡༨ པའི་སྟ་གོན་ཉིན་བོད་མི་ ༥ རང་སྲེག་བཏང་བ།

Comments (9) on “༧གོང་ས་ཆེན་པོས་ཨའོ་པཱ་མར་གསུང་འཕྲིན་སྩལ་བ།”

  1. ཨ་རིག་དགེ་མཐོང་གིས། says:
    2012-11-07 at 11:31 pm

    ཁོང་གི་གསུང་དེ་ལ་ནག་ཐོ་དེས་དོ་སྣང་ཞིག་ངེས་པར་བྱེད་དགོས་ཐུག

  2. ནུབ་ཕྱོགས་གངས་ཕྲུག་ says:
    2012-11-07 at 11:58 pm

    གསུངས་འཕྲིན་དེ་ཁྱེད་རང་གི་དབྱིན་སྐད་ནས་བོད་སྐད་དུ་བསྒྱུར་བ་ཡིན་ས་རེད། སྲིད་འཛིན་ཨོ་བྷ་མ་Obamaརེད། ཨའོ་པ་མ་ཟེར་ན་ནོར་རེད། དེ་རྒྱ་སྐད་ཀྱི་སྒྲ་གདངས་ལྟར་བྲིས་ཡིན་ས་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2012-11-08 at 2:09 am

    མདང་ནུབ་ཨ་རིའི་ནག་རིལ་ཡིན་པ་དང་། གཞོན་པ་ཡིན་པ་ཅིག་ལ་འོས་ཤོག་ཐོབ་པར་དགའ་བསུ་དམིགས་བསལ་དང་བཀྲ་ཤིས་བདེ་ལེགས་ཡོད་དོ། །

  4. བོད་ཁམས་ཉི་མ། says:
    2012-11-08 at 2:44 am

    སྤྱན་རས་གཟིགས་གིས་ཕྱག་ན་རྡོ་རྗེ་ལ་བཀའ་རྩལ་བ་དེར་། འཇམ་དཔལ་དབྱངས་ཀྱིས་ངོ་རྒོལ་ཡོད་ངེས་ལ། གྲུབ་འབྲས་ཅིག་དེ་བས་ཡོད་མི་སྲིད་།

  5. སྤོབས་པ་མཐའ་ཡས། says:
    2012-11-08 at 3:28 am

    ང་རང་ཚོའི་མཐུན་ཕྱོགས་ཡོད་ན་མེད་ནའི་ཡུལ་ཆེན་པོ་འདིའི་མི་མང་སྤྱི་མོས་ཀྱིས་བདམས་པའི་དབུ་ཁྲིད་ཨོབ་རྦ་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་དགོས།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-11-08 at 3:29 am

    སྙིང་རྗེའི་རང་གཟུགས་ཉིད་དང་སྟོབས་རང་གཟུགས།
    མཁྱེན་པའི་རང་གཟུགས་བཅས་པ་གསུམ་འདུས་ཀྱིས།
    ཇི་ལྟར་འོས་པའི་འབྲས་བུ་འབྱུང་བ་ལ།
    གཅིག་གིས་གཅིག་ལ་རྟག་ཏུ་གྲོགས་བྱེད་འགྱུར།།

  7. མེ་ཏོག་དཀར་པོ says:
    2012-11-08 at 8:23 am

    Obama o ཨོ། ba བ་རྦ་བྷ་འབའ་སྦ་སོགས་གང་རུང་། ma མ། ཨོ་བྷ་མ་བྲིས། ཨའོ་པཱ་མ་ཟེར་ན་དག་རྒྱུ་ཅི་འདུག ཤྭ་བ་མི་བསྐོར་རི་བསྐོར་ནས་གང་བྱེད།

  8. ཐུ་བ་རྒྱ་མཚོ། says:
    2012-11-08 at 1:04 pm

    ཨོ྆་པདྨ་ཨ་རིའི་སྲིད་འཛིན་ལ་སླར་ཡང་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུ།

  9. ཀརྨ་སྐལ་བཟང་ says:
    2012-11-08 at 10:43 pm

    ཨོ་སྦ་མ་ལས་གསུང་འཕྲིན་སྩལ་བ་དེ་བོད་ནང་རང་ལུས་མེ་བསྲེགས་རྣམས་ལ་སྩལ་བ་ཡིན་ན་ཕན་པ་ཧ་ཅང་ཆེ་མཐོང་། ཨོ་སྦ་མས་་གོངས་ས་མཆོག་གད་སྙིང་བསེད་ནས་གདན་དྲངས་པས་མི་དེ་རེད་་དེ་ལ་བཀའ་སློབ་གང་ཚད་གནང་ཡང་ཕན་པ་མེད་པ་མཐོང་གི་འདུག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme