Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེ་ཙིའི་དོལ་ཚོགས་འཇོམས་པའི་གནམ་ལྕགས་ཐོ་བ་ཞེས་བྱ་བ།། ཞར་བཀོད་གཅིག

Posted on 2014-12-022014-12-02 By ཁ་བརྡ 22 Comments on ཨེ་ཙིའི་དོལ་ཚོགས་འཇོམས་པའི་གནམ་ལྕགས་ཐོ་བ་ཞེས་བྱ་བ།། ཞར་བཀོད་གཅིག

ཨེ་མ་ཧོ།

ན་མོ་གུ་རུ་ཡ་མནྟ་ཀ་ཡེ།།

ཀ་དག་སྤྲོས་བྲལ་ཆོས་དབྱིངས་ངང་ཉིད་ལས།།
ཁ་མདོག་དམར་ནག་གཤིན་རྗེ་གཤེད་མའི་ཚོགས།།
ག་ས་གང་དུ་བཞུགས་ཀྱང་མྱུར་བྱོན་ནས།།
ང་ཚོའི་བསྟན་དགྲ་བརླག་པའི་གྲོགས་མཛོད་ཅིག།
ཅ་ཅོའི་རྫུན་ཕྲ་ཚིག་རྩུབ་ངག་འཆལ་རིགས།།
ཆ་འཇོགས་མེད་པར་སྒྲོ་བཀུར་སྨྲ་བ་རྣམས།།
ཇ་ཚོགས་ཚེགས་ལ་དྲངས་བཞིན་ཚར་གཅོད་ནས།།
ཉ་གང་ཟླ་བཞིན་རྒྱལ་བསྟན་སྤེལ་བར་མཛོད།།
ཏྰ་ལའི་བླ་མ་དགྲ་ཡི་དྭངས་མ་བརྩི།།
ཐ་དག་གྲུབ་མཐའ་དུག་བཞིན་ཟེར་བ་དང་།།
ད་དུང་མི་ངོམས་ཏང་དང་ཁ་འཐབས་མཁན།།
ན་རཀ་གཏིང་རྡོ་འདི་དག་ད་སྒྲོལ་ཅིག།
པ་ར་མི་ཏའི་ཐེག་པ་ཁ་རུ་ཁྱེར།།
ཕ་བོང་ཁ་བའི་ཁོག་ནག་རྒྱུད་ལ་བསྲེལ།།
བ་གླང་ཕྱུགས་ལས་ངན་པའི་དོལ་ངན་དག།
མ་རིག་རྨོངས་པའི་གཉིད་ལས་སློངས་པར་མཛོད།།
ཙྭ་རིའི་སྦས་ཡུལ་བཞུགས་པའི་བསྟན་སྲུང་མིན།།
ཚ་གྲང་གཡུལ་ལས་སྐྱོབ་པའི་ཆོས་སྐྱོང་མིན།།
ཛ་ཡའི་བསྟན་ལ་སྡང་པའི་དོལ་ཚོགས་རྣམས།།
ཝ་མོ་སེང་ལྤགས་གྱོན་རྣམས་སྙིང་རྗེས་སྒྲོལ།།
ཞྭ་མོ་སེར་པོ་གྱོན་ནས་མི་དགེ་སྤྱོད།།
ཟ་ཧོར་མཁན་སློབ་སྡང་བའི་དགྲ་བོ་དག།
འ་ཅག་གངས་ཅན་ཕུང་པའི་ལྟས་ངན་རིགས།།
ཡ་མེད་གཤིན་རྗེའི་གཤེད་པོའི་ཞལ་དུ་སྟབས།།
ར་བ་གངས་དཀར་བརྫེད་པའི་མི་གཙང་ཡིན།།
ལ་རྒྱའི་རྒྱལ་མཚན་གཏོར་བའི་རྐུན་ཇག་ཚོགས།།
ཤ་རུས་ཁྲག་རྒྱུན་གསོན་པོ་ཁ་བྲལ་ནས།།
ས་ལམ་ཡོན་ཏན་མ་ལུས་མྱུར་སོན་མཛོད།།
ཧ་ཅང་ཐལ་བའི་དོལ་འདྲེའི་ཐོ་ཅོའི་ཚོགས།།
ཨ་ཁ་མ་རྣམས་ད་ལྟ་མ་བསྒྲལ་ན།།
ཨི་ཤོ་མ་ཏིར་དུག་གིས་ལྷད་པ་བཞིན།།
ཨུ་ཏྲ་ཡ་ནའི་ཆོས་རྒྱུད་དུག་ཏུ་བསྒྱུར།།
ཨེ་ཙིའི་ནད་ངན་འདྲ་བའི་དོལ་གདོན་འདིས།།
ཨོ་རྒྱན་རིག་འཛིན་བརྒྱུད་པ་བཅས་ལ་འཁོན།།
དཔལ་དགྱེས་རྡོ་རྗེའི་དཔའ་བོའི་དོ་ར་ནས། །
མི་ཤིགས་འགྱུར་མེད་ཁྲག་འཐུང་འབར་བའི་ཚོགས།།
སྐད་ཅིག་ངང་ལས་གློག་བཞིན་མྱུར་བྱོན་སྟེ།།
སྒོ་གསུམ་ཆོས་ཀྱི་དབྱིངས་སུ་སྒྲོལ་བར་མཛོད།།
སྣང་སྲིད་རྣམ་དག་རྩ་གསུམ་དཀྱིལ་འཁོར་དུ།།
སྣང་སྲིད་གཞིར་བཞེངས་མཆོག་གསུམ་བསྐྱེད་རྫོགས་བརྟན།།
འོད་གསལ་སྙིང་པོའི་གསང་གསུམ་མངོན་གྱུར་ནས།།
འཁོར་གསུམ་ཡང་དག་སྒོ་གསུམ་སངས་རྒྱས་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་དུས་ཚེས་དགེ་བར་སེར་རའི་དགེ་བཤེས་ཆེན་མོ་བློ་བཟང་རིག་འཛིན་དང་ཁྱི་ནག་དང་མི་དཀར་སོགས་ཁ་བརྡ་དྲ་ཐོག་ནས་གསོལ་བ་འདེབས་པ་བཞིན་དུ་བསྐུལ་ངོ་མ་ལྡོག་ཕྱིར་རང་སྣང་གང་ཤར་གླུ་རུ་ལེན་ཅིང་། གདམས་ངག་མ་ལུས་མགུར་དུ་བཞེས་པར་མཁས་པའི་རིག་འཛིན་ཨེ་མ་ཧོས་རྗེས་ཐོབ་དེ་མ་ཐག་ཏུ་དབྱིན་ཡུལ་ཨེ་ཝྃ་ཕྱག་ཆེན་རི་ཁྲོད་ནས་གདོན་འདྲེ་ལྷ་རུ་འཁྲུལ་བའི་རྟོག་པ་སྒྲོལ་ཐབས་སུ་བགྱིས་པར་དགེའོ།། །།

 

༧གངས་ཅན་བོད་ཀྱི་རྒྱལ་གླུ་གངས་སེང་གི་སྒྲ་དབྱངས་ཞེས་བྱ་བ།

 

གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་མཛེས།།
གངས་སེང་དཀར་མོའི་གཡུ་རལ་དགུང་དང་མཉམ།།
གངས་ཅན་ཕོ་མོའི་བསམ་པའི་དོན་ཀུན་འགྲུབ།།
ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་བརྡུང་།
ཤེས་བྱའི་བཅུ་ཕྲག་རིག་པའི་རྣམ་དཔྱོད་བཀྲ།།
དཔལ་ཡོན་འདོད་དགུའི་ལོངས་སྤྱོད་ཀུན་ནས་ཤིས།།
རྟེན་འབྲེལ་རྟགས་བརྒྱད་འཛོམས་པའི་བདེ་ལེགས་ངང་།།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་རྒྱལ།།
བྱམས་བརྩེ་དྲང་བདེན་གངས་ཅན་བོད་མེས་གཤིས།།
འཛམ་གླིང་ཞི་བདེར་ཀུན་ཕན་རྒྱལ་མཚན་བསྒྲིངས།།
གོ་ལའི་ཡངས་པར་བསིལ་འཇམ་འོད་སྣང་འཕྲོས།།
བོད་ཁམས་སྡེའི་བཞིར་རྒྱས་པའི་ལྷ་རྒྱལ་ལོ།།
གངས་ཅན་པ་ནམ་མཁའ་སོགས་ཀྱིས་བགྲོ་གླེང་གི་རྐྱེན་ལས་གང་དྲན་དུ་ཨེ་མ་ཧོས་ཀུན་བཟང་ཆོས་གླིང་ནས་སྤྲིངས་པས་གངས་ཅན་བསྟན་སྲིད་ལ་ཕན་བདེས་རྒྱུ་རུ་གྱུར་ཅིག་གུ།། །། སརྦ་མངྒ་ལྃ།།

སྙན་ངག

Post navigation

Previous Post: དྲ་གྲོགས་ལ་ཕུལ་བའི་ཀ་བཤད་བཞི་པ།།
Next Post: མཁན་པོ་བསོད་དར་རྒྱས་ལགས་ཀྱི་གསུང་བཤད།

Comments (22) on “ཨེ་ཙིའི་དོལ་ཚོགས་འཇོམས་པའི་གནམ་ལྕགས་ཐོ་བ་ཞེས་བྱ་བ།། ཞར་བཀོད་གཅིག”

  1. ཀློང་ཆུང་ says:
    2014-12-02 at 8:52 am

    ཨེ་མ་ཧོ་དང་ཁྱི་ནག་གཉིས་ཀྱིས་རྣམ་དཔྱོད་ཟུང་འབྲེལ་ཐོག་གངས་ལྗོངས་ལ་ཕན་པའི་རྩོམ་སྤུས་ལེགས་འགའ་ཤས་ཐོན་སོང་། ཐུགས་རྗེ་ཆེ།

  2. རྡོ་ཤུལ། says:
    2014-12-02 at 10:25 am

    ཅི་མེད་གི་ཨེ་ཙི་ལ་སྨན་དང་བཅོས་ཁ་

  3. ཀརྡོ་གཉེར་ཕྱག་པ་ says:
    2014-12-02 at 4:08 pm

    ཨེ་ཙིའི་དོལ་ཚོགས་འཇོམས་པའི་གནམ་ལྕགས་ཐོ་བ་ཞེས་བྱ་བ། འདི་ནི། ཚིག་དོན་གཉིས་ཀ་ཕན་ཐོགས་ཅན་དུ་མཐོང་ལགས། ལེགས་སོ། ལེགས་སོ། ཤིན་ཏུ་ལེགས་སོ།།

  4. ཁྱི་ནག་ says:
    2014-12-02 at 9:29 pm

    རིས་མེད་སྨྲ་བའི་དབང་པོ་མཆོག་གི་གསུང་ལ་མངོན་པར་བསྟོད་དོ། ལོག་སྨོན་དམ་སྲི་ནག་པོའི་མགོ་ལ་ཐོ་བ་ལན་བརྒྱར་ཕུལ་ཏོ། ཐམས་ཅད་དམིགས་མེད་ལ་ཐོར་རོ། དོལ་ཕྲུག་རྣམས་ཀྱི་རྨོངས་གཉིད་སད་དོ། བདེན་པ་མཐོང་ངོ། ཨཱོཾ་ཡ་མན་ཏ་ཀ་ཧུཾཕཌ།

  5. པདྨ says:
    2014-12-03 at 1:49 am

    ཡག་པོ་བྲིས་འདུག་གོ ཡིན་ན་ཡང་གཟབ་དགོས་པ་རེད། དགྲ་མང་བོ་ཡོད་ན་ཨེ་མ་ཧོ་ཚང་ལ་ཉེན་ཁ་མི་ཆེའམ། ཁྱི་ནག་སོགས་སྡར་མ་ཁ་ཤོམ་ཆེ་ན་དཔའ་བོ་དགྲ་ཁ་གཡུགས་ཟེར་བ་དེ་མིན་ནམ། ཨེ་མ་ཧོས་སྔོན་འདི་འདྲ་ཞིག་བྲིས་འདུག དེ་བཞིན་རང་ཚོད་བཟུང་ན་ཆོས་པ་རེད།http://www.khabdha.org/?p=3379 དེ་མིན་གཞན་ལ་ཇུས་དྭོགས་མང་དྲག་ན་ཡག་པོ་ཚོར་ཞིག་མ་སོང་། ཆོས་གྲོགས་ཨེ་མ་ཧོ་ལ་དགོངས་དག་ཞུ།

  6. བློ་བཟང་རིག་འཛིན། says:
    2014-12-04 at 12:25 pm

    ཀ་དག་སྤྲོས་བྲལ་ཆོས་དབྱིངས་མཇེ་རྒོད་དང་།།
    ཁ་དོག་དམར་ནག་སྟོང་ཉིད་སྟུ་རྒོད་གཉིས།།
    ག་ས་གང་དུ་བཞུགས་ཀྱང་ཟ་འཛག་ལས།།
    ང་ཚོའི་ཤཱཀ་བསྟན་སྤེལ་བའི་མཐུ་མ་མཆིས།།
    ཅ་ཅོའི་ཚིག་གིས་ཚུལ་འཆོས་ངག་འཆལ་དང་།།
    ཆ་འཇོགས་མེད་པར་གྲུབ་བརྫས་སྨྲ་བ་རྣམས།།
    ཇ་ལོ་ཚགས་ལ་དྲངས་བཞིན་ཚར་བཅད་ནས།།
    ཉ་རྒྱས་ཟླ་བཞིན་རྒྱལ་བསྟན་སྤེལ་བར་རིགས།།
    ཏཱ་ལའི་བླ་མའི་མཛད་འཕྲིན་གླིང་བཞིར་གྲགས།།
    ཐ་ཤལ་གྲུབ་མཐའ་འགའ་རེས་སྡང་ཟུག་བྱེད།།
    ད་དུང་མི་མངོན་ལྐོག་ནས་ཁ་ཤ་འཐེན།།
    ན་རཀ་རང་མགོ་གཅོག་པས་རྒྱུ་ལས་ཅི།།
    པ་ར་འཕེན་བཞིན་གསང་སྔགས་ཁྲོམ་རར་བཀྲམ།།
    ཕ་ཁུ་བཟང་བོའི་ཆོས་ལ་ཁོག་ནག་བྱེད།།
    བ་གླང་ཕྱུགས་ལས་ལོད་པའི་སྔགས་རྫུན་དག།
    མ་བཞག་འདུལ་བསྟན་དག་ཐེར་བྱ་ར་མཛོད།།
    ཙྭ་རིའི་སྦས་ཡུལ་འགྲིམ་པའི་སྒོམ་ཆེན་མིན།།
    ཚ་གྲང་དཀའ་ཐུབ་བཟོད་པའི་བྱང་སེམས་མིན།།
    ཛ་ཡའི་བསྟན་པ་སྤེལ་བའི་འགྲོ་དོན་མིན།།
    ཝ་སྐྱེས་ཆོས་བཙོང་གྲུབ་བརྫུས་ད་སྒྲོལ་ཅིག།
    ཞྭ་སེར་ཅོ་པན་འཆང་བའི་དགེ་སྤྱོང་རིགས།།
    ཟ་ཧོར་ན་ལེན་བརྒྱུད་པའི་ཕྱག་བཞེས་དངོས།།
    འ་ཅག་གངས་ཅན་རི་བོའི་རྒྱན་གཅིག་དང་།།
    ཡ་མཚན་འཛམ་གླིང་མཛེས་པའི་འོད་སྟོང་འབར།།
    ར་བ་གངས་ཅན་ཡུལ་ནས་ཕྱི་ལ་ཐོན།།
    ལ་ལུང་ཉུལ་ནས་མི་ཆོས་བླ་རྫུན་འཁྲབ།།
    ཤ་ཁྲག་གཅིག་ལ་འཁོན་འཛིན་ཕྱོགས་རིས་བྱེད།།
    ས་བརྫད་གསང་སྨྱོན་འདི་རྣམས་རྩ་མེད་ཐོངས།།
    ཧ་ཅང་ཐལ་བའི་གསང་སྔགས་ཐོལ་སྤྱོད་ཚོགས།།
    ཨ་མས་བུ་ལ་བྱམས་བཞིན་མི་སྐྱོང་བར།།
    ཨི་ཤོ་མ་ཏིའི་དུག་བཞིན་མེར་བསྲེགས་ཏེ།།
    ཨུ་ཏྲ་ཡ་ནའི་ཆོས་རྒྱུད་གཙང་མ་སྤེལ།།
    ཨེ་ཙིའི་ནད་འབུ་འདྲ་བའི་སྔགས་རྫུན་འདིས།།
    ཨོ་རྒྱན་རིག་འཛིན་བརྒྱུད་པའི་བསྟན་པ་བཤིག།
    དཔལ་ལྡན་གཤིན་རྗེ་གཤེད་ལ་དགྲར་བཟུང་ན།།
    འགྱུར་མེད་དཔའ་བོ་བློ་བཟང་རིག་འཛིན་གྱིས།།
    གནམ་ལྕགས་རྣམ་དཔྱོད་རལ་གྲིའི་ངར་ལ་དྲངས།།
    སྒོ་གསུམ་དགའ་ལྡན་ཡིད་དགའི་ཞིང་ལ་འདྲེན།།
    རྣམ་དག་རྒྱལ་བ་རྒྱལ་མཚོའི་དཀྱིལ་འཁོར་དུ།།
    རྣམ་དག་གཞིར་བཞེངས་མཆོག་གསུམ་ངོ་བོར་གྱུར།།
    འོད་གསལ་སྙིང་པོའི་ཟུང་འཇུག་ཕྱག་རྒྱ་ཆེར།།
    རྟོགས་ནས་ཡང་དག་སྒོ་གསུམ་སངས་རྒྱས་ཤོག །།

  7. པདྨ says:
    2014-12-04 at 2:03 pm

    དགེ་བཤེས་བློ་བཟང་ཚང་གིས་ཉི་མ་གསུམ་བཞི་ལ་རྡོ་ཆག་ལྷུ་སྒྲིག་པ་བཞིན་དུ་བཙན་བསྒྲིགས་ཀྱི་འཆལ་གཏམ་དེ་རིག་ཐལ།།
    ཧ ཧ ཧ
    ཀ་དག་སྤྲོས་བྲལ་ཆོས་དབྱིངས་མ་ཤེས་མཇེ་རྒོད་ཟེར་ནས་གཞན་ལ་སྡིགས།།
    ཁ་དོག་དམར་ནག་སྟོང་ཉིད་མ་རིག་རྐུབ་རྒོད་ཟེར་ནས་རང་ལ་ཆགས།།
    ག་ས་གང་དུ་གྲྭ་རྒྱོའི་གྲྭ་འཛགས་སྡིག་སྤྱོད་འཁན་གྱི་གང་ཟག་ཁྱོད།།
    ང་རྒྱལ་ཅན་གྱི་བློ་བཟང་རིག་འཛིན་ངོ་ཚ་མེད་པའི་ཚུལ་ལ་ལྟོས།།
    རྡ་སའི་དགེ་བཤེས་གྲི་ཡིས་གཏིབ་པའི་ལག་དམར་དཔའ་བོ་ཐོན་ལགས་སམ།།
    དགའ་ལྡན་ཡིད་དགའ་སྨོན་ལམ་བཏབས་ཀྱང་འཁོར་བའི་ཆོས་ལས་མ་འདས་ཕྱིར།།
    དགེ་ལུགས་སྡིག་ལུགས་ཁྱད་པར་མ་ནོར་བློ་བཟང་གྲགས་པའི་རྗེས་འཇུག་ལགས།།
    སྒེར་འཁོར་ཞེ་འཛིན་དུག་ལྟར་སྤངས་ནས་ཨེ་མ་ཧོ་ལ་ཕྱག་འཚལ་གྱིས།།
    ཏྰ་ལས་བླ་མ་དད་གུས་ཡོད་ན་ཨེ་ཙིའི་དོལ་ནད་གཞི་མེད་ཐོངས།།
    ཤྰཀྱའི་ཆོས་ལ་ཡིད་ཆེས་ཡོད་ན་གསང་སྔགས་རྣལ་འབྱོར་སྒྲོ་བཀུར་སྤོངས།།
    བསྟན་དང་འགྲོ་ལ་ཕན་བདེ་བསམ་ན་རིག་འཛིན་བརྒྱུད་པར་དག་སྣང་གྱིས།།
    གངས་རིའི་ལྗོངས་ཀྱི་མདུན་ལམ་སྒྲུབ་ན་དོལ་ཚོགས་རྒྱབ་གཉེར་མ་བྱེད་ཨང་།།

  8. མ་ཧཱ་སུ་ཁ། says:
    2014-12-05 at 2:02 am

    ཨེ་ཙེའི་དོལ་ཚོགས་ནད་འདོན་འཇོམས་པའི་འཆི་སོས་སྨན་གྱི་བདུད་རྩི་ཞེས་བྱ་བ་བཞུགས་སོ།།

    ཀ་མ་ལ་ལྟར་དཀར་བའི་ལྷག་བསམ་ངང་།།
    ཁ་བའི་ལྗོངས་ཀྱི་བསྟན་དགྲ་ཕྱི་ནང་གཉིས།།
    ང་ཡི་སྔུན་ལ་ཁྱད་པར་མ་མཆིས་པས།།
    ཅ་ཅོའི་ངུ་འབོད་བྱེད་མཁན་དོལ་ཚོགས་གསོན།།

    ཀ་རྩོམ་འདི་ཡི་འཕྲོ་དྲ་གྲོགས་རྣམས་ཀྱིས་ཤོ་ལོ་ཀ་རེས་མཇུག་སྐྱོངས་རོགས།

  9. མ་ཧཱ་སུ་ཁ། says:
    2014-12-05 at 2:13 am

    ག་ནས་བལྟས་ཀྱང་ཕོ་རོག་དཀར་ནག་ལས།།

    ག་ཆད་བཀོང་ཡིན་པས་དགོངས་འགལ་མེད་པར་ཞུ།

  10. པདྨ says:
    2014-12-05 at 4:10 am

    ཨེ་ཙིའི་དོལ་ནད་སེལ་བའི་བདུད་རྩིའི་སྨན་མཆོག་ཅེས་བྱ་བ།།
    ཀ་བ་བུམ་པ་རྩོད་ནས་དབུ་ལོ་དཀར།།
    ཁ་དོག་དམར་ནག་རྩོད་ནས་ཁོག་པ་ནག།།
    ག་ས་གང་དུ་དོལ་འདྲེས་དུག་ནད་གཏོར།།
    ང་རྒྱལ་ངོ་ཚ་ཁྲེལ་མེད་དོལ་ཚོགས་ཉོན།།
    ཅ་ཅོའི་འགྲེལ་མེད་སྨྲ་བའི་བློ་བཟང་དང་།།
    ཆ་འཇོག་གདོན་འདྲེར་བཅོལ་བའི་དོལ་ཚོགས་གཉིས།།
    ཇ་ཆུ་སོ་སོར་བྱེས་ན་བཟང་མོད་ཀྱང་།།
    ཉ་ཉོག་ཨེ་ཙེའི་ནད་ངན་ལུས་ངག་གང་།།
    ཏ་ལའི་བླ་མ་རྫུན་མ་ཟེར་ནས་སྨད།།
    ཐ་མ་ཏང་དང་ནག་ཚོང་ཕྱོགས་ལ་བསྟོད།།
    ད་དུང་ནང་བསྟན་ཟེར་ནས་ལུགས་ངན་འཛིན།།
    ན་གའི་གདོན་ནད་འདྲ་འདི་སྤོངས་ན་ལེགས།།
    པ་སངས་ལྟར་དཀར་ཏྰ་ལའི་བླ་མ་དང་།།
    ཕ་བོང་ཁ་ནག་སྡིག་པའི་བཤེས་ངན་གཉིས།།
    བ་གླང་ཕྱུག་དང་མི་ལས་ཁྱད་པར་བཞིན།།
    མ་རབས་ཡ་རབ་ཁྱད་པར་གསལ་བོ་རེད།།
    ཙ་ར་མ་ཆོད་གདོན་འདྲེ་ལྷ་རུ་འཁྲུལ།།
    ཚ་ཚ་འུར་འུར་ནང་འཁྲུག་དམར་བསད་བཏངས།།
    ཛ་ཡའི་བསྟན་པའི་དགྲ་བོ་དོལ་ཕྲུག་འགས།
    ཝ་ལེར་རང་འཚང་སྟོན་རྣམས་ཀྱེ་མ་ཧུད།།
    ཞྭ་གོས་སེར་པོ་གསེར་ལས་བྱས་ན་ཡང་།།
    ཟ་གོས་ཆེད་ལས་བསྟན་དོན་མིན་པར་ཤེས།།
    འ་ཅག་ཆོས་སྨན་བདུད་རྩིའི་རྒྱ་མཚོ་རུ།།
    ཡ་མ་ཨེ་ཙེས་མ་ལྷད་དོལ་བློ་པ།།
    ར་མ་འདྲ་བའི་ཁེངས་ཅན་བླ་མ་དང་།།
    ལ་རྒྱ་མེད་པའི་དོལ་ཕྲུག་སྐྱག་གཟན་ཚོགས།།
    ཤ་ཁྲག་བོད་ལས་མཆེད་ཀྱང་དགོས་པ་ཆུང་།།
    ས་སྟེང་མི་ལུས་བླངས་ཀྱང་ཁྱི་ལས་དམན།།
    ཧ་ཅང་ཐལ་བའི་ཨེ་ཙིའི་དོལ་ཆོས་ལ།།
    ཨ་མཚར་མིན་པར་ཀུན་གྱིས་སྤོང་ན་ལེགས།།
    ཨི་ལྡན་དབྱངས་གསལ་མཛེས་པའི་ཐོག་མདའ་འདིས།།
    ཨུ་ཏྲིའི་ཆོས་བརྒྱུད་བརླག་པའི་སྙིང་ལ་རྒྱོབས།།
    ཨེ་ཙིའི་དོལ་ལུགས་གཞི་མེད་ཐ་བར་གཏོར།།
    ཨོ་རྒྱན་པདྨའི་ཆོས་བརྒྱུད་གཙང་མས་ཁྱབ།།
    རིས་མེད་བསྟན་པ་དར་ཞིང་རྒྱས་པ་དང་།།
    འཛམ་གླིང་ཞི་བདེ་འབྱུང་བའི་བཀྲ་ཤིས་ཤོག།
    ཀུན་མཁྱེན་བླ་མས་བོད་ལུས་ཨེ་ཙི་འགོག།
    ཏྰ་ལའི་བླ་མས་འདྲེ་ཆོས་ཨེ་ཙི་འགོག།
    དོན་གྲུབ་གངས་ཅན་ལུས་བདེ་སེམས་སྐྱིད་པའི།།
    གཞི་བྱེས་མཉམ་འཛོམས་བཀྲ་ཤིས་བདེ་ལེགས་ཤོག།
    ཅེས་པ་འདི་ཡང་རྫོགས་ཆེན་པདྨ་འབོད་པས་བློ་བཟང་རིག་འཛིན་ཟེར་བའི་དོལ་ཕྲུག་རྣམས་ལ་སྤྲིངས་པས་རྒྱལ་བ་རིན་པོ་ཆེའི་བཞེད་དོན་ཚུལ་བཞིན་འགྲུབ་པའི་རྒྱུ་རུ་གྱུར་ཅིག་གུ། །།

  11. ཀརྡོ་གཉེར་ཕྱག་པ་ says:
    2014-12-05 at 9:47 am

    ཀ་བཤད་དོལ་ཚོགས་ཏ་ལའི་རྗེས་རྒྱུགས་མ་བཞུགས་སོ།།

    ཀ་བ་བུམ་པ་བཞིན་དུ་ལྷ་སྲུང་རྩོད། །
    ཁ་དོག་དཀར་དམར་བཞིན་དུ་ཆོས་ལུགས་རྩོད། །
    ག་ས་གང་དུ་དོལ་འདྲེའི་ཐོབ་ཐང་རྩོད། །
    ང་དང་ཁྱོད་ཀྱི་ལྷ་ཞེས་དོན་མེད་རྩོད། །

    ཅ་ཅོ་་བདེན་མེད་དོན་མེད་སྐད་ཅོར་བརྒྱབ། །
    ཆ་འཇོག་མེད་པའི་གདོན་འདྲེར་རེ་བ་བརྒྱབ། །
    ཇ་ཆང་ཆེད་དུ་དགྲ་ལའང་རེ་སྒུག་བརྒྱབ། །
    ཉ་ག་ཉོག་གེའི་རྒོལ་གཏམ་ལམ་ཁར་བརྒྱབ། །

    ཏ་ལའི་བླ་མར་མཚན་དམོད་ཞུས་ནས་འགྲོ །
    ཐ་ན་ཡ་རབས་གྲལ་ནས་འབུད་ནའང་འགྲོ །
    ད་ལྟ་བོད་མིའི་གྲལ་མཐར་གྱུར་ནའང་འགྲོ །
    ན་རཀ་དམྱལ་བར་འགྲོ་འདོད་མེད་ནའང་འགྲོ །

    པ་ར་མི་ཏའི་ཉམས་ལེན་མེད་ནས་འདུག །
    ཕ་བཟང་བསླབ་བྱ་བཟང་པོ་བརྗེད་ནས་འདུག །
    བ་འབྲི་འོ་མའི་དྲིན་ལན་བརྗེད་ནས་འདུག །
    མ་དང་གཉེན་སྲིང་དམ་ཚིག་བརྗེད་ནས་འདུག །

    ཙྭ་རིའི་སྒོམ་ཆེན་སོགས་ཀྱི་གདམས་ངག་མེད། །
    ཚ་གྲང་དཀའ་ཐུབ་བཟོད་པའི་ཉམས་ལེན་མེད། །
    ཛ་ཡའི་བསྟན་པ་སྤེལ་བའི་ལྷག་བསམ་མེད། །
    ཝ་ལྟར་སེང་གེར་འགྲན་པའི་སྤོབས་པ་མེད། །

    ཞྭ་སེར་ཅོད་པཎ་གྱོན་རྒྱུར་དང་འདོད་ཆེ། །
    ཟ་འདྲེ་གདོན་འདྲེ་བསྟེན་ལ་ངལ་བ་ཆེ། །
    འ་ར་འུ་རེའི་ངན་དམོད་བྱེད་འདོད་ཆེ། །
    ཡ་མེད་མ་རབས་གྲལ་མཐར་སྡོད་འདོད་ཆེ། །

    ར་ཡི་རྭ་ལྟར་སེམས་རྒྱུད་རྡོ་དང་འདྲ། །
    ལ་རྒྱ་མེད་ལ་ཁྲེལ་མེད་གདོན་དང་འདྲ། །
    ཤ་ཞེན་མེད་པ་ངོ་མེད་གཏིང་བརྗེད་འདྲ། །
    ས་དང་ལམ་ལ་དད་མེད་ཀླད་མེད་འདྲ། །

    ཧ་ཅང་ཧམ་པ་ཆེ་བའི་དོལ་ཚོགས་ཀུན། །
    ཨ་མ་རྒན་མོའི་དྲིན་ལན་དྲན་པར་གྱིས། །
    ཧ་བ་ཧོབ་པའི་ཧོལ་རྒྱུགས་ད་བཞག་ནས། །
    ཨ་མ་དང་འདྲའི་ཏ་ལའི་རྗེས་སུ་རྒྱུགས། །

  12. བློ་བཟང་རིག་འཛིན། says:
    2014-12-05 at 11:33 am

    བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
    མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག
    སྐྱེས་པ་ཉམས་པ་མེད་པར་ཡང་།།
    གོང་ནས་གོང་དུ་འཕེལ་བར་ཤོག
    འདོད་ཆགས་སྲེད་པ་བྲལ་བར་ཤོག
    ཞེ་སྡང་གདུག་སེམས་ཞི་བར་ཤོག
    གཏི་མུག་མུན་པ་སེལ་བར་ཤོག
    ཕྲག་དོག་འཁོན་འཛིན་འདོར་བར་ཤོག
    ང་རྒྱལ་ཀླད་པ་སྐེམ་པར་ཤོག
    སྐྱབས་སུ་མཆིའོ་ཨེ་མ་ཧོ།།
    པདྨའི་སྐུར་བཞེངས་མཛད་ལ་བསྟོད།།
    འགྲོ་དོན་དབྱེན་དཀྲུག་མཛད་ལ་བསྟོད།།
    མངོན་གྱུར་སྔགས་རྫུན་འཁྲབ་ལ་བསྟོད།།
    ལྐོག་ཏུ་དྲྭ་འབུ་བཞེངས་ལ་བསྟོད།།
    སྐུ་ཚེགས་དབུ་རྒྱལ་མེད་ལ་བསྟོད།།
    དོལ་འདྲེ་རྒྱུད་ལ་ཞུགས་མིན་ནམ།།
    དོལ་འགོང་འབངས་སུ་ཆས་མིན་ནམ།།
    དོལ་ཞེས་ཁ་ནས་ཆད་མེད་དུ།།
    ཉིན་མཚན་བགྲང་འདི་ལྟས་ངན་རིགས།།
    ཧ་ཧ་ཧོ་ཧོ་ཨེ་མ་ཧོ།།
    ཧུ་ཧུ་མུ་ལུ་བཛྲ་མུམ།།

  13. པདྨ says:
    2014-12-05 at 4:09 pm

    རྣམ་དཔྱོད་ཀྱི་ཀླད་པ་བེད་སྤྱོད་མེད་པའི་མི་ལ་སྐད་ཆ་བཤད་འདོད་མ་བྱུང། དབང་རྩ་མི་ཚང་བ་དག་ལ་ལན་འབྲི་བརམི་་སྤྲོ་ཡིན་ན་ཡང་རྒྱལ་བ་རིན་པོ་ཆེས་འདི་ལྟར་གསུངས་འདུག http://www.tibettimes.net/news.php?showfooter=1&id=9569

  14. ཁྱི་ནག་ says:
    2014-12-05 at 8:03 pm

    བློ་བཟང་རིག་འཛིན་དོལ་ཚོགས་ཀུན།
    བཤད་པའི་གཏམ་འདི་སྙིང་ལ་ཞོག
    རིན་ཆེན་མི་ལུས་འདྲེ་ལ་ཤོར།
    རྩ་ཆེན་སེམས་འདི་གཡོག་ཏུ་ཚུད།

    དང་པོ་འདྲེ་ཡི་འཁོར་གཡོག་ཆགས།
    དེ་ནས་རྒྱ་ནག་བྲན་གཡོག་རྒྱུག
    མི་ཚེ་གཅིག་ལ་ཚེ་གཡོག་གཉིས།
    ཨ་ཙི་ཁྱོད་ཚོ་ཡ་ངའི་ཡུལ།

    ཐོག་མ་ཆོས་ཀྱི་གྲལ་ནས་ཕུད།
    དེ་ནས་འཇིག་རྟེན་སྒོ་ནས་ཐོན།
    གང་དུ་ཕྱིན་ཀྱང་ཀུན་གྱིས་སྡང་།
    དོལ་ཚོགས་ཁྱོད་ཚོ་སྙིངརྗེའི་ཡུལ།

    སྐྱེ་བ་མི་ལུས་ཐོབ་པའི་རྗེས།
    ལས་ལ་འདྲེ་ཡི་ཁོལ་ཀ་ཅན།
    ལྷ་མི་ཀུན་གྱིས་སྡང་བའི་ཡུལ།
    དོལ་ཚོགས་ཁྱེད་ཚོ་ཨ་ཙ་མ།

    ཚེ་འདིའི་ལོངས་སྤྱོད་ཐམས་ཅད་ཟད།
    ཕྱི་མ་སྡུག་ནས་སྡུག་ཏུ་འགྲོ།
    འདི་ཕྱི་གཉིས་ཀྱི་བདེ་བ་ཕོངས།
    དོལ་ཚོགས་ཁྱེད་ཚོ་ཨ་ཤུ་རེ།

    ཆོས་ཀྱི་བཤེས་གཉེན་འདྲེ་ཡིས་བཅོམས།
    འཇིག་རྟེན་མགོན་སྐྱབས་སུ་ཡིས་བྱེད།
    ཡུལ་ནས་ཡུལ་དུ་ངུ་སྐད་བརྒྱབ།
    དོལ་ཚོགས་ཁྱེད་ཚོ་སྙིང་མ་རྗེ།

    འཇིག་རྟེན་དགོས་པའི་ནོར་ནི་མེད།
    ཆོས་ཀྱི་སྐལ་བ་གདམ་ངག་མེད།
    སེར་སྐྱ་ཀུན་གྱིས་མཆིལ་འདེབས་ཡུལ།
    དོལ་ཚོགས་ཁྱེད་ཚོ་ཨ་ཁ་ཁ།

    དགོས་པའི་བླ་མ་རྒྱང་ལ་ཕུད།
    མི་དགོས་འདྲེ་ལ་ལྷ་སྐལ་སྦྱིན།
    བར་ཆད་ཤོར་བའི་འདྲེ་ཕྲུག་ཚོ།
    དོལ་ཚོགས་ཁྱེད་ཚོ་སྙིང་རྗེའི་ཡུལ།

    དོལ་ཚོགས་དོལ་ཚོགས་ཟེར་བ་འཛམ་གླིང་ས་སྟེང་གང་དུ་ཕྱིན་ཀྱང་ཀུན་གྱིས་དགྲ་ལྟར་སྡང་བའི་བོད་ཕྲུག་དེ་ཚོར་སེམས་གཏིང་ནས་སྙིང་རྗེ་སྐྱེས་ནས། སྐྱོ་གླུ་དེ་ཤོར་རོ།

  15. ཀརྡོ་གཉེར་ཕྱག་པ་ says:
    2014-12-06 at 12:28 am

    # 12 བློ་བཟང་རིག་འཛིན།་ལགས་ཁྱེད་ཀྱི་སུ་ཡིན་ནམ། ང་ཚོར་ངོ་སྤྲོད་ཅིག་གནོངས་དང་། ལགས།

  16. ཀརྡོ་གཉེར་ཕྱག་པ་ says:
    2014-12-06 at 12:40 am

    ཨེ་ཙིའི་དོལ་ཚོགས་འཇོམས་པའི་གནམ་ལྕགས་ཐོ་བ་ཞེས་བྱ་བ།། ཞར་བཀོད་གཅིག
    ཨེ་མ་ཧོ།

    ན་མོ་གུ་རུ་ཡ་མནྟ་ཀ་ཡེ།།

    ཀ་དག་སྤྲོས་བྲལ་ཆོས་དབྱིངས་ངང་ཉིད་ལས།།
    ཁ་མདོག་དམར་ནག་གཤིན་རྗེ་གཤེད་མའི་ཚོགས།།
    ག་ས་གང་དུ་བཞུགས་ཀྱང་མྱུར་བྱོན་ནས།།
    ང་ཚོའི་བསྟན་དགྲ་བརླག་པའི་གྲོགས་མཛོད་ཅིག།
    ་
    ་
    ་
    ་
    སྒོ་གསུམ་ཆོས་ཀྱི་དབྱིངས་སུ་སྒྲོལ་བར་མཛོད།།
    སྣང་སྲིད་རྣམ་དག་རྩ་གསུམ་དཀྱིལ་འཁོར་དུ།།
    སྣང་སྲིད་གཞིར་བཞེངས་མཆོག་གསུམ་བསྐྱེད་རྫོགས་བརྟན།།
    འོད་གསལ་སྙིང་པོའི་གསང་གསུམ་མངོན་གྱུར་ནས།།
    འཁོར་གསུམ་ཡང་དག་སྒོ་གསུམ་སངས་རྒྱས་ཤོག།
    ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་དུས་ཚེས་དགེ་བར་༼སེར་རའི་དགེ་བཤེས་ཆེན་མོ་བློ་བཟང་རིག་འཛིན་དང་༽ཁྱི་ནག་དང་མི་དཀར་སོགས་ཁ་བརྡ་དྲ་ཐོག་ནས་གསོལ་བ་འདེབས་པ་བཞིན་དུ་བསྐུལ་ངོ་མ་ལྡོག་ཕྱིར་རང་སྣང་གང་ཤར་གླུ་རུ་ལེན་ཅིང་། གདམས་ངག་མ་ལུས་མགུར་དུ་བཞེས་པར་མཁས་པའི་རིག་འཛིན་ཨེ་མ་ཧོས་རྗེས་ཐོབ་དེ་མ་ཐག་ཏུ་དབྱིན་ཡུལ་ཨེ་ཝྃ་ཕྱག་ཆེན་རི་ཁྲོད་ནས་གདོན་འདྲེ་ལྷ་རུ་འཁྲུལ་བའི་རྟོག་པ་སྒྲོལ་ཐབས་སུ་བགྱིས་པར་དགེའོ།། །།

    འདི་དང་།

    # 12 བློ་བཟང་རིག་འཛིན།་ལགས་ཀྱིས་མཆན་བཏབ་པ།:
    December 5th, 2014 at 11:33 AM
    བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
    ་
    ་
    ་
    ་
    ཕྲག་དོག་འཁོན་འཛིན་འདོར་བར་ཤོག
    ང་རྒྱལ་ཀླད་པ་སྐེམ་པར་ཤོག
    སྐྱབས་སུ་མཆིའོ་ཨེ་མ་ཧོ།།
    པདྨའི་སྐུར་བཞེངས་མཛད་ལ་བསྟོད།།
    འགྲོ་དོན་དབྱེན་དཀྲུག་མཛད་ལ་བསྟོད།།
    མངོན་གྱུར་སྔགས་རྫུན་འཁྲབ་ལ་བསྟོད།།
    ལྐོག་ཏུ་དྲྭ་འབུ་བཞེངས་ལ་བསྟོད།།
    སྐུ་ཚེགས་དབུ་རྒྱལ་མེད་ལ་བསྟོད།།
    དོལ་འདྲེ་རྒྱུད་ལ་ཞུགས་མིན་ནམ།།
    དོལ་འགོང་འབངས་སུ་ཆས་མིན་ནམ།།
    དོལ་ཞེས་ཁ་ནས་ཆད་མེད་དུ།།
    ཉིན་མཚན་བགྲང་འདི་ལྟས་ངན་རིགས།།
    ཧ་ཧ་ཧོ་ཧོ་ཨེ་མ་ཧོ།།
    ཧུ་ཧུ་མུ་ལུ་བཛྲ་མུམ།། ་་་་་་་་་་་་་་་་

    འདི་གཉིས་ཀྱིས་ང་དམར་འཐོམས་བརྒྱབ་བཅུག་སོང་བས་་་་་་་་་་་་་་་་་

  17. ཀརྡོ་གཉེར་ཕྱག་པ་ says:
    2014-12-06 at 12:45 am

    ་༼སེར་རའི་དགེ་བཤེས་ཆེན་མོ་བློ་བཟང་རིག་འཛིན་དང་༽
    དང་།
    # 12 བློ་བཟང་རིག་འཛིན།་ལགས་གཉིས་མི་གཅིག་ཡིན་དང་མིན་ཞེས་འདྲིའོ།། བྱུས་གཏོགས་ལ་དགོངས་དག

  18. པདྨ says:
    2014-12-06 at 2:28 am

    ཧ ཧ ཀརྡོ། ཕུང་གསུང་བློ་བཟང་རིག་འཛིན་ནི།། བློ་བཟང་ཟེར་ནས་དོལ་འདྲེར་བསྟོད།།རིག་འཛིན་ཟེར་ནས་སྔ་འགྱུར་སྨད།།དགེ་རྙིང་གཉིས་མེད་དྲ་འབི་འདི།།དགེ་བཤེས་མིན་པར་ཐག་གི་ཆོད།། འོན་ཀྱང་གདོན་འདྲེ་དོལ་ཚོགས་ཀྱི།།ཁྱི་སྤྱང་ཁ་འཐབ་དགེ་ལུགས་མིང་།།བེད་སྤྱོད་སྡིག་ལུགས་སྡིག་བཤེས་ཞིག།ཡིན་པ་ཐེ་ཚོམས་མེད་པར་སྨྲ།། མདོར་ན་ཨེ་ཙིའི་ནད་ངན་བཞིན།།བོད་ནང་ཞུགས་པའི་འདྲེ་ལུགས་འདི།།རྒྱལ་དབང་མཆོག་གིས་བཀའ་གསུངས་བཞིན།།སྐལ་ལྡན་ཀུན་གྱིས་སྤོངས་ན་ལེགས།།ཀུན་གཟིགས་པན་ཆེན་རྫུན་མ་དང་།།རི་བོ་དགེ་ལུགས་རྫུན་མ་དང་།།མའོ་རྗེས་འདྲིངས་དོལ་ཚོགས་རྣམས།།གངས་ཅན་བསྟན་པའི་སྤྱི་དགྲ་ཡིན།།ཏྰ་ལས་བླ་མའི་སྒེར་དགྲ་ཡིན།།བོད་འབངས་ཡོངས་ཀྱི་ནང་དགྲ་ཡིན།།སྐད་ཅིག་ཉིད་ལ་གཞི་མེད་ཤོག།གདོན་འདྲེར་ནང་བསྟན་མི་སྨྲ་ཤོག།ཏྰ་ལེར་དགྲ་རུ་མི་འཛིན་ཤོག།གངས་ཅན་སྤྱི་ཕན་གནང་བར་ཤོག།རང་ངོ་རང་གིས་ཤེས་པར་ཤོག།འདྲེ་ལ་ཆགས་པར་ཞི་བར་ཤོག།གཉེན་ལ་ཞེ་སྡང་མེད་པར་ཤོག།ཆོས་ཉིད་མ་རིག་སེལ་བར་ཤོག།པན་ཆེན་བདེན་མངོན་གསལ་ཤོག།དགེ་ལུགས་རྣམ་དག་དར་རྒྱས་ཤོག།སྔ་འགྱུར་པདྨའི་རྒྱལ་ཚབ་རྣམས།།འགྲོ་དོན་མཁའ་དང་མཉམ་པར་ཤོག།

  19. པདྨ says:
    2014-12-06 at 2:35 am

    ཨེ་ཙིའི་དོལ་ནད་སེལ་བའི་སྨོན་ལམ་བདེན་ཚིག་མ།
    ཨེ་ཙིའི་དོལ་ནད་ངན་པ་འདི།།
    བོད་ནང་ཞུགས་པའི་འདྲེ་ལུགས་འདི།།
    རྒྱལ་དབང་མཆོག་གིས་བཀའ་གསུངས་བཞིན།།
    སྐལ་ལྡན་ཀུན་གྱིས་སྤོངས་བར་ཤོག།
    ཀུན་གཟིགས་པན་ཆེན་རྫུན་མ་དང་།།
    རི་བོ་དགེ་ལུགས་རྫུན་མ་དང་།།
    མའོ་རྗེས་འདྲིངས་དོལ་ཚོགས་རྣམས།།
    གངས་ཅན་བསྟན་པའི་སྤྱི་དགྲ་ཡིན།།
    ཏྰ་ལས་བླ་མའི་སྒེར་དགྲ་ཡིན།།
    བོད་འབངས་ཡོངས་ཀྱི་ནང་དགྲ་ཡིན།།
    སྐད་ཅིག་ཉིད་ལ་གཞི་མེད་ཤོག།
    གདོན་འདྲེར་ནང་བསྟན་མི་སྨྲ་ཤོག།
    ཏྰ་ལེར་དགྲ་རུ་མི་འཛིན་ཤོག།
    གངས་ཅན་སྤྱི་ཕན་གནང་བར་ཤོག།
    རང་འདྲེ་རང་གིས་ཤེས་པར་ཤོག།
    འདྲེ་ལ་ཆགས་པར་ཞི་བར་ཤོག།
    གཉེན་ལ་ཞེ་སྡང་མེད་པར་ཤོག།
    ཆོས་ཉིད་མ་རིག་སེལ་བར་ཤོག།
    པན་ཆེན་བདེན་མངོན་གསལ་ཤོག།
    དགེ་ལུགས་རྣམ་དག་དར་རྒྱས་ཤོག།
    སྔ་འགྱུར་པདྨའི་རྒྱལ་ཚབ་རྣམས།།
    འགྲོ་དོན་མཁའ་དང་མཉམ་པར་ཤོག།

  20. པདྨ says:
    2014-12-06 at 2:37 am

    པན་ཆེན་བདེན་པ་མངོན་གསལ་ཤོག།
    བདེན་དྲང་རྟེན་འབྲེལ་མངོན་གྱུར་ཤོག།
    བདེན་ཚིགས་སྨྲ་བའི་འཕགས་ཚོགས་ཀུན།།
    བདེན་པའི་རྒྱལ་ཁ་ཐོབ་པར་ཤོག།

  21. བློ་བཟང་རིག་འཛིན། says:
    2014-12-06 at 8:03 am

    ཧཧཧཧཧཧཧཧ
    བཀའ་དྲིན་ཆེ་འོ་སྐལ་ལྡན་སྤུན་གྲོགས་རྣམས།།
    བཀུར་འོས་ཁྱེད་རྣམས་ཐུགས་མཐུན་ཁྲིམས་གཙང་དང་།།
    བཤད་སྒྲུབ་ལས་གསུམ་ཡར་ཟླའི་མཆེད་གྱུར་ནས།།
    ཐུབ་བསྟན་ཉི་མ་གླིང་བཞིར་སྤེལ་བར་ཤོག

  22. པདྨ says:
    2014-12-06 at 9:28 am

    ཨེ་མ་ཧོ་ལ་ངོ་མཚར་ཆེ།
    བློ༵་བ་གཡག་གི་ཟླ་བོ་ཁྱེད།།
    བཟང༵་པོ་སྤྱོད་པས་དབེན་ན་ཡང་།།
    རིག༵་འཛིན༵་དགྱེས་རྡོར་བྱིན་རླབས་ཀྱིས།།
    སྨོན་ལམ་བཟང་པོ་བཏབས་པར་ལེགས༵།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme