Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་རིན་པོ་ཆེའི་རྣམ་ཐར་ཀུན་བཟང་ཞིང་གི་ཉི་མ།

Posted on 2015-05-042015-05-04 By ཁ་བརྡ 7 Comments on ༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་རིན་པོ་ཆེའི་རྣམ་ཐར་ཀུན་བཟང་ཞིང་གི་ཉི་མ།

ཨེ་མ་ཧོ།

 
ན་མོ་གུ་རུ་པདྨ་ཀ་ར་ཡེ།

༡༽ ཀུན་མཁྱེན་བརྒྱུད་པའི་རིག་འཛིན་དམ་པ་དང་།།
ཀུན་ལ་བྱམས་དང་སྙིང་རྗེའི་མངའ་བདག་ཅན།།
ཀུན་བཟང་མཛད་པ་རྒྱ་མཚོའི་འཁོར་ལོའི་རྒྱལ།།
ཀུན་མཁྱེན་བླ་མ་དམ་པས་དུས་ཀུན་སྐྱོང་།།

༢༽ ཀུན་ཕན་བསོད་ནམས་དམ་པའི་ལང་འཚོ་ཅན།།
ཀུན་ཁྱབ་རྒྱལ་བའི་གདུང་འཛིན་སྤྲུལ་པའི་སྐུ།།
ཀུན་རྨོངས་སེལ་བའི་མཁན་ཆེན་རྡོ་རྗེ་འཆང་།།
ཀུན་བཟོད་བླ་མ་དམ་པ་ཀུན་ནས་རྒྱལ།།

༣༽ ཀུན་ཤེས་གནའ་དེང་རིག་པའི་དེད་དཔོན་རྗེ།།
ཀུན་ལེགས་བྱམས་བརྩེའི་རང་གཟུགས་དག་བའི་བཤེས།།
ཀུན་གསལ་མཁས་གྲུབ་རྒྱལ་པོ་རིན་པོ་ཆེ།།
ཀུན་གྱི་སྐྱབས་གནས་ཆོས་རྗེ་དམ་པ་རྒྱལ།།

༤༽ ཀུན་དགའ་ཐུབ་པའི་རྒྱལ་ཚབ་བདེན་པའི་དབང་།།
ཀུན་འཛོམས་ཆོས་རིག་ཀུན་དོན་སྤེལ་བའི་མགོན།།
ཀུན་འདྲེན་ཀུན་འདུས་རྒྱལ་དང་རྒྱལ་སྲས་དཔལ།།
ཀུན་ལྡན་ཀུན་སྤྱོད་ཀུན་གཟིགས་བླ་མ་རྒྱལ།།

༥༽ ཀུན་ནས་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན།།
ཀུན་གཞི་བདེ་གཤེགས་ལམ་དུ་འདྲེན་པའི་སྐྱབས།།
ཀུན་རིག་གཏེར་ཆེན་རྒྱལ་དབང་འཕགས་པའི་གཙོ།།
ཀུན་དཔལ་དབང་ཕྱུག་བསྟན་པའི་རྒྱལ་མཚན་རྒྱལ།།

༦༽ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སྤྲུལ་པའི་སྐུ།།
ཀུན་རིགས་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ།།
ཀུན་བྱེད་རྒྱལ་པོ་ཀུན་བཟང་ཆོས་ཀྱི་སྐུ།།
ཀུན་དབྱིངས་གཉུག་མའི་ཡེ་ཤེས་རྟག་ཏུ་རྒྱལ།།

ཞེས་པ་འདི་ཡང་རབ་གནས་ཤིང་ལུག་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་སྐབས་སུ་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་དྲན་པའི་གདུང་བས་གང་ཤར་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་རང་ཤག་གསུང་རབ་ནོར་བུའི་མཛོད་ཁང་ནས་ཨེ་མ་ཧོས་གསོལ་བ་འདེབས་པར་དགེའོ།། ཤྲྰི་སརྦ་བི་ཛ་ཡནྟུ།། ཛ་ཡ་ཛ་ཡ་སུ་ཛ་ཡ།།

སྙན་ངག

Post navigation

Previous Post: ༼རབ་རྣོ་སུམ་འཛོམས༽དེང་དུས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གླེང་མོལ།
Next Post: མང་ལ་སྦྱར་བའི་ཀ་བཤད།

Comments (7) on “༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་རིན་པོ་ཆེའི་རྣམ་ཐར་ཀུན་བཟང་ཞིང་གི་ཉི་མ།”

  1. ཅོག་མྱི། says:
    2015-05-04 at 4:27 pm

    ཀུན་ལ་གྲགས་པའི་ཚུལ་ཁྲིམས་བློ་གྲོས་ཚང་།
    ཀུན་ཏུ་གྲགས་པའི་ཁ་ལོ་ར་དོ་༼Colorado༽རུ།
    ཀུན་ཀྱིས་མཁྱེན་པར་ཁ་སང་ཞོགས་པར་ཕེབས།
    ཀུན་ནས་བཟང་བའི་ཁ་ཏག་སྣེ་གཅིག་འབུལ།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-05-05 at 1:03 am

    ཀུན་མཁྱེན་བླ་མ་ཚུལ་བློ་ཁྱོད། །
    ཀུན་རྙིང་ཐེག་པ་སྦྱང་ལ་བརྩོན། །
    ཀུན་ནས་ཤ་ཟ་སྤངས་ཞེས་ཐོས། །
    ཀུན་གྱི་གྲུབ་མཐའ་སྦྱངས་ན་ལེགས། །

    ཀུན་ལ་ཕན་ཕྱིར་བོད་ལ་འཁྲུངས། །
    ཀུན་ཕན་རྙིང་ཆོས་དད་ཤིང་འཆད། །
    ཀུནད་ཏུ་རྒྱུ་ནས་འགྲོ་དོན་མཛད། །
    ཀུན་བཟང་་སྐུ་ཚེ་ཡུན་བརྟན་ཤོག །

  3. པདྨ says:
    2015-05-05 at 7:12 am

    ཨེ་མ་ཧོ་ཤིན་ཏུ་བཟང་། ལེགས་སོ།
    ཞལ་འདེབས་ཞིག་ཞུས་ན།
    ཨོཾ་སྭ་སྟི།།
    ཀུན་བཟང་བླ་མའི་ཞལ་རིས།།
    ཀུན་ཕན་ཞི་བདེ་མཛད་པའི།།
    ཀུན་སྨོན་མཐར་ཕྱིན་ཐོབ་པ།།
    ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས།།
    ཀུན་རྒྱལ་སྨོན་ལམ་བཟང་པོ།།
    ཀུན་ཤེས་གྲུབ་མཐའ་རྒྱ་མཚོའི།།
    ཀུན་ལ་མངོན་བྱང་ཆུབ་པའི།།
    ཀུན་གཟིགས་པཎ་ཆེན་དམ་པ།།
    ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས།།
    ཀུན་སྤྱོད་འདུལ་འཛིན་མཁན་ཆེན།།
    ཀུན་དཔལ་རྒྱལ་སྲས་ཆེན་པོ།།
    ཀུན་དག་གསང་ཆེན་སྟོན་པ།།
    ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས།།
    ྲརྫོགས་ཆེན་པདྨ་འབོད་པས་གསོལ་བ་འདེབས་པར་དགེའོ།།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-05-05 at 10:19 am

    པདྨ་ལགས།
    རྫོགས་ཆེན་པདྨ་འབོད་པ།
    རྩམ་པ་རྫོགས་པ་ཡིན་ནམ།
    དད་པ་རྫོགས་པ་ཡིན་ནམ།
    ངན་དམོད་རྫོགས་རྒྱུ་མིན་འདུག

  5. རྩེ་སྐྱེསཿམུན་སེལ། says:
    2015-05-06 at 3:40 am

    རེད་ཡ། དངོས་གནས་རེད། མཁན་པོ་མཆོག་གི་གསང་གསུམ་གྱི་མཛད་ པ་དག་ལ་བསྔགས་བརྗོད་མང་པོ་ཞིག་བྱས་འདུག་པ་རྣམས་དོན་ལ་གནས་སོ།།འོན་ཀྱང་། ངས་བལྟས་ན་བསྟོད་རས་གནམ་ས་འགེངས་པ་ལས། ཁོང་གིས་གནང་དང་སྩོལ་བཞིན་པའི་བསླབ་བྱ་དག་ལ་བརྩི་འཇོགས་དང་ལག་ལེན་བྱེད་རྒྱུ་གལ་ཆེ་བར་མཐོང་ངོ་།།

  6. རིན་ཆེན་དར་རྒྱས། says:
    2015-05-06 at 4:36 am

    འདི་ཡང་རང་བཞིན་བརྗོད་པར་མཐོང་བས་ཞལ་འདེབས་སུ་འབུལ་ལོ། https://www.youtube.com/watch?v=582Zm1nbrVQ&feature=youtu.be

  7. ཏི་སི། says:
    2015-05-09 at 12:17 am

    ཀུན་གྱིས་དད་གུས་ཞུ་སའི་བཤེས་གཉེན་མཆོག
    ཀུན་ལ་མཁས་བཙུན་གྲགས་པའི་མཁན་མཁྱེན་མཆོག
    ཀུན་གྱི་འཛམ་གླིང་གྲགས་པའི་ཨ་རིའི་ཡུལ།།
    ཀུན་ལ་ཆོས་རིག་བསླབས་ཅིང་དད་གུས་ཕེལ།།
    ཁྱེད་ཀྱི་མཚན་སྙན་ཐོས་ཀྱང་ལོ་མང་འདས།།
    ཁྱེད་ཀྱི་བརྙན་པར་མཇལ་བའི་ལོ་མང་འདས།།
    ཁྱེད་ཀྱི་རྣམ་ཐར་ཤེས་ཏེ་ལོ་མང་འདས།།
    ཁྱེད་ཀྱི་ཞལ་དངོས་མཇལ་བའི་ད་རེས་ཙམ།།
    ང་ལ་དབུལ་རྒྱུ་མེད་ཀྱང་མཇལ་སྙིང་འདོད།།
    ང་ལ་ཉམས་རྟོགས་མེད་ཀྱང་གསུང་ཐོས་མོས།།
    ང་ལ་དད་གུས་དྲོན་མོ་དམར་རྒྱན་དེ།།
    ང་ཡིས་དེ་རིང་གུས་ཕྱག་ཕུལ་རྒྱུར་སྤྲོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme