Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༢༠༢༡ ལོའི་སྲིད་སྐྱོང་འོས་གཞི་སྐལ་རྡོར་དང་། ཁ་མཆུ་ཨང་ ༢༠ པ།

Posted on 2021-04-01 By ཁ་བརྡ 1 Comment on ༢༠༢༡ ལོའི་སྲིད་སྐྱོང་འོས་གཞི་སྐལ་རྡོར་དང་། ཁ་མཆུ་ཨང་ ༢༠ པ།

སྟག་ལུང་རྒྱལ་སྲས།

ཆེས་མཐོའོ་ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་ནང་། ༢༠༢༡ ལོའི་སྲིད་སྐྱོང་འོས་མི་སྐལ་རྡོར་གྱི་གཟུགས་གྲིབ་གཉིས་ཀ་མཐོང་རྒྱུ་ཡོད་པ་དཔེར་ན།

༡།       སྐལ་རྡོར་དང་སྤེན་ཚེ་གཉིས་དོན་གཅོད་གསར་རྙིང་རྩིས་སྤྲོད་རྩིས་ལེན་བྱེད་སྐབས། སྐལ་རྡོར་གྱིས་ཨ་རི་བོད་ཀྱི་ཐེབས་རྩ་དང་མཉམ་དུ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་བུ་ལོན་གྱི་གན་རྒྱ་ཡི་གེ་ཞིག་བཞག་ཡོད་པའི་སྐོར་དོན་གཅོད་གསར་པར་མ་བཤད་པ་མ་ཟད། རྩིས་སྤྲོད་ལེན་གྱི་ཡིག་སྣོད་དང་། ལས་ཁུངས་ཀྱི་ཡིག་སྣོད་ནང་དུ་གན་ཡིག་དེ་བཞག་མེད་པ་ཁོང་གིས་ཁྲིམས་ཞིབ་ཁང་ལ་ངོས་ལེན་བྱས་ཡོད།

༢།       རྩིས་སྤྲོད་རྩིས་ལེན་བྱས་པའི་སྐབས་དེ་ལ་ Laptop རྩིས་སྤྲད་ཡོད་མ་རེད། loptop རྩིས་མ་སྤྲད་ནས་ Swiss བར་དུ་འཁྱེར་ཕྱིན་པ་རེད། Swiss ནས་ཚུར་བསློགས་ཡོང་དུས་      operating system ཡན་ཆད་མེད་པ་བཟོས་ནས། Computer སྟོང་པ་སྟོང་རྐྱང་བཟོས་ནས་བཏང་ཡོང་བ་རེད།

༣།      སྐལ་རྡོར་ལགས་ Tibet.net ནང་ལ་གཞུང་འབྲེལ་གྱི་ e-mail ག་ཚོད་ཡོད་པ་དེ་དག་ཚང་མ་གཞུང་གི་ཡིག་ཆ་ནང་ལ་ཡོད་མ་རེད་ད།

སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ཁྱེར་མཁན་སྐལ་རྡོར་གྱི་གནང་སྟངས་འདི་དག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་དང་། འགྲོ་ལུགས་འགྲོ་སྟངས་ནང་བྱེད་མི་ཆོག་པ་སྨོས་མ་དགོས་ལ། གལ་སྲིད་ཚོགས་པ་ཆུང་ཆུང་ཞིག་གི་རྩིས་སྤྲོད་ལེན་སྐབས་གནས་ཚུལ་འདི་ལྟར་བྱུང་བ་ཡིན་ནའང་ལས་སླ་པོར་གཞག་ཐུབ་པ་ཞིག་མ་རེད། གོང་གི་གནང་སྟངས་དེ་ལ་བལྟས་པ་ཡིན་ན། སྐལ་རྡོར་ལགས་ཀྱི་ཀུན་སྤྱོད་ཡག་ཉེས་དང་། སྒྲིག་འཛུགས་ལ་ཡིད་ཆེས་ཆེ་ཆུང་། ཁྲིམས་ཀྱི་འགྲོ་ལུགས་ལ་བརྩི་བཀུར་ཡོད་མེད་སོགས་རོབ་ཙམ་ཤེས་ཀྱི་རེད།

སྐད་གྲགས་ཆོད་པའི་ཨ་སྒོར་ས་ཡ་ ༡་༥ སྐོར་ལ་ཁྲིམས་དོན་གཉིས་པའི་ཐོག་ཁྲིམས་ཞིབ་ཁང་གི་ངོས་འཛིན། ཆ༌༡༠༌༧། ནང་།  བོད་ཀྱི་ཐེབས་རྩ་ནས་བྱུང་བའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་སྤྱི་འཐུས་རྒྱུན་ལས་སུ་བར་བརྒལ་སྔོན་རྩིས་བཀའ་འཁྲོལ་ཞུས་སྐབས། དོན་གཅོད་སྐལ་རྡོར་ནས་ ༢༠༡༣ ཟླ་ ༩ ཚེས་ ༡༩ འཁོད་(རྩོད་ལན་པའི་དཔང་རྟགས་ཨང་ ༤༦) གནས་སུ། བོད་ཀྱི་ཐེབས་རྩ་ནས་བྱུང་བའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུ་ལོན་གྱི་ངོ་བོར་ལེན་རྒྱུ་ཡིན་པའི་དངོས་ཡོད་གནས་ཚུལ་ཇི་བཞིན་མ་ཞུས་པ་དེ་་་་སྔོན་རྩིས་སྒྲིག་གཞི་ ༧(༥) ནང་་་་་གསལ་དོན་ལྟར་བྱུང་མི་འདུག་ཅེས་དང་། དེའི་ནང་གསེས་ ༢) ནང་། ཨ་སྒོར་ས་ཡ་ ༡་༥༠ དང་འབྲེལ། དོན་གཅོད་སྐལ་རྡོར་ནས་་་་་་་ བུ་ལོན་གྱི་གན་ཡིག་དེ་བཞིན་ཐོག་མ་ནས་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་མཚན་ཐོག་ཏུ་བཞག་སྟེ། དངུལ་འབབ་དེ་བུ་ལོན་ཁོངས་སུ་རྩིས་ཁུར་ཐུབ་ཡོད་ཚེ། ཁྲིམས་དང་ལག་བསྟར་གཉིས་ཀའི་ཐོག་ནས་མཐུན་པ་གྱུར་ཡོད་ངེས་ཞེས་བཀོད་འདུག་པ་དེ་ནས་། སྐལ་རྡོར་ལགས་འདི་སྤྱི་འཐུས་རྒྱུན་ལས་དབུ་སྐོར་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དངུལ་རྩིས་སྒྲིག་གཞི་བརྩི་མེད་བྱེད་མཁན་ཞིག་ཡིན་པ་མ་ཚད། ཨ་རིའི་དངུལ་རྩིས་ཀྱི་ཁྲིམས་ཡིག་ལའང་བརྩི་མེད་བྱེད་མཁན་ཞིག་ཡིན་པ་ཁྲིམས་ཞིབ་ཁང་ནས་ཐག་བཅད་འདུག་པ་དང་། བུ་ལོན་གྱི་གན་ཡིག་རྫུན་མ་དེའི་ཨ་སྒོར་བདུན་འབུམ་ལྔ་ཁྲི་ད་དུང་ཡང་གཙང་མ་བཟོ་ཐུབ་མེད།

ལྷག་པར་དུ། སྤེན་ཚེ་དོན་གཅོད་ནས་འཕོ་འགྱུར་བཏང་རྗེས། བཀའ་ཤག་གི་མཚན་ཐོག་ནས་དོན་ཚན་ ༡༠ ཅན་གྱི་གསལ་བསྒྲགས་སྤེལ་བ་དེ་ནི། སྐལ་རྡོར་དང་ཤར་གླིང་ཟླ་སྒྲོན་གཉིས་གཟའ་སྤེན་པའི་མཚན་གང་མཉམ་རུབ་ཀྱིས་བཟོས་ཏེ། ཐོ་རེངས་ཆུ་ཚོད་ ༦་༣༠ ཐོག་སྤེལ་བ་ཞིག་ཡིན་པ་ཟླ་སྒྲོན་གྱིས་ཁྲིམས་ཞིབ་ཁང་དུ་ངོས་ལེན་བྱས་ཡོད་པས། དོན་ཚན་ ༡༠ ཆ་ཚང་ཁྲིམས་ས་ནས་ཤོར་བ་དེའི་འགན་ཁུར་གཙོ་བོ་ནི་སྐལ་རྡོར་གྱིས་ཁྱེར་དགོས་ཆགས་ཡོད།

སྐལ་རྡོར་གྱིས་དོན་གཅོད་ལ་གཞི་རྩ་མེད་པའི་སྐྱོན་འཛུགས་བྱས་པར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་ནང་། ཐག་གཅོད་དེའི་གཞི་རྩ་འཇོག་ཡུལ་བཀའ་ཤག་གི་གསལ་བཤད་དོན་ཚན་ ༡༠ བཀོད་པ་ནས།  ་་་་ཞུ་སྦྱོར་བས་ཁུངས་སྐྱེལ་དགོས་པ་ཁག་ཐུབ་པ་དང་། རྩོད་ལན་པས་ཁུངས་སྐྱེལ་དགོས་པ་ཁག་མ་ཐུབ་པར་བརྟེན། 

བཀའ་ཤག་ནས་བྱང་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་དང་། དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་བརྟན་མེད་པ་དང་། ཁ་ཡན་ལ་གོ་ནོར་ཐེབས་དབང་གིས། སྤེན་པ་ཚེ་རིང་གི་ལྷག་བསམ་དང་། འཇོན་ཐང་། བཟང་སྤྱོད་བཅས་པར་མ་ཉེས་ཁག་གཡོགས་ཤོར་བ་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་བའི་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བཅད་ཁྲ་ཁྱབ་བསྒྲགས་གནང་འདུག་པར་བརྟེན། བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱ་འདི་རང་བཀོད་པའི་དགོངས་སེལ་ཞུ་ཡིག་འདི་ཨིན་བོད་སྐད་ཡིག་གཉིས་ཀའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་བོད་མིའི་རང་དབང་དང་།  bod.asia, tibet.net, tibetonline.tv བཅས་སུ་འདོན་འགྲེམས་གསལ་བསྒྲགས་བྱས་ཏེ། དེ་དག་གི་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་ཞེས་དཔལ་ལྡན་བཀའ་ཤག་ལ་བྱུས་ཉེས་ཆེན་པོ་འདི་ལྟ་བུ་ཞིག་ཕོག་ཡོད།

དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལོ་ངོ་བཅུའི་རིང་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ཀྱི་བརྒྱ་ཆ་ ༢༠ ཙམ་ཞིག་དོན་ཚན་ ༡༠ ཅན་དེ་ལ་བརྟེན་ནས་མེད་པ་ཆགས་སོང་བ་དེའི་འགན་ཁུར་ཡང་སྐལ་རྡོར་གྱིས་ཁྱེར་དགོས་ཀྱི་རེད། དེ་དག་བདེན་པ་ཡིན་མིན་སྐལ་རྡོར་ལགས་ཀྱིས་འོས་འཕེན་མང་ཚོགས་ལ་གསལ་བཤད་ཅིག་གནང་དང་། །

བསམ་ཚུལ།

Post navigation

Previous Post: སེམས་འཁྲུག་པའི་ལོ།
Next Post: འཇུ་ཆེན་དང་སྤེན་ཚེ་གཉིས་གཅིག་པ་གཅིག་རྐྱང་རེད།

Comment (1) on “༢༠༢༡ ལོའི་སྲིད་སྐྱོང་འོས་གཞི་སྐལ་རྡོར་དང་། ཁ་མཆུ་ཨང་ ༢༠ པ།”

  1. Tseten Gyurmae says:
    2021-04-08 at 11:54 am

    བསམ་འཆར་འདི་ད་བར་ཁ་བརྡ་ནང་ཐོན་མ་སོང་། སྟག་ལུང་ལགས་ཀྱི་གནས་དོན་དང་ཕྲན་ཙམ་འབྲེལ་ཆགས་པས་འདིར་མཆན་དུ་ཞུས་ཡིན། ཐུགས་ཞིབ་ཞུ།།

    ཡིད་གཟབ་གྱིས། ཡིད་གཟབ་གྱིས། བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ལ།

    ཚེ་བརྟན་འགྱུར་མེད།

    དེ་རིང་ཁ་སང་གི་རྡ་སའི་ཆབ་སྲིད་པ་ཚོས་བསམ་པའི་གུ་དོག་དང་སྤྱི་བའི་དོན་དུ་ཕུག་བསམ་མེད་ཐོག་རང་ཉིད་རྒྱལ་འདོད་ཀྱི་བློ་ཞེན་དུས་སུ་སྔར་ལམ་བཞིན་དམངས་གཙོའི་བཀའ་བ་ཚད་མཉམ་གསུམ་ནས་བཀའ་སྤྱི་་གཉིས་ཞུ་དགོས་དང་དེ་ལས་ལྡོག་སྟེ་དེང་སྐབས་ཀྱི་ཚད་རིག་རྒྱས་པའི་བཀའ་བ་གསུམ་ལས་ཀ་བ་རིང་བ། སྦོམ་པའི་ངོ་ཤེས་ཞུ་བའི་སྤྱི་འཐུས་ལྷན་ཁང་གོང་དུ་གསོལ་བས་ཚིག་གསར་སྤྱི་བཀའ་ཞུ་དགོས་ཚོད་དཔག་ཞུ་དཀའ་འདུག འོན་ཀྱང་མི་རྒས་བསམ་པ་ལངས་ཤོར་ངས་སྔར་ལམ་ལྟར་བཀའ་སྤྱི་ཞུ་ཡི་ཡིན།
    ད་ཆ་གོང་ཞུས་ཡིད་གཟབ་དགོས་པའི་བཀའ་སྤྱིའི་འོས་བསྡུའི་སྐོར་ང་རང་གི་བསམ་ཚུལ་ཕྲན་ཙམ་མ་ཞུས་ན་འབྱུང་གྱུར་བོད་མིའི་གནད་དོན་དེ་ཡར་ཕྱོགས་སུ་འགྲོ་རྒྱུ་ལས་ཟློག་སྟེ་ཇེ་ཞན་ནས་ཇེ་ཞན་དུ་གྱུར་བའི་ཉེན་ཚབ་ཆེ་བར་བརྟེན་ཡིད་གཟབ་གྱིས་། ཡིད་གཟབ་གྱིས་ཞེས་གཅིག་མཇུག་གཉིས་མཐུད་ཀྱིས་གསོལ་རྒྱུའི་དགོས་དོན་ཡང་དེ་ལྟར་ཡིན། བཀའ་སྤྱི་གཉིས་ནས་དང་པོ་རང་གཞུང་བཀའ་ཤག་གི་འགན་གཙོ་སྲིད་སྐྱོང་གི་འོས་མི་གཉིས་སྐོར་གླེང་ན།
    དང་པོ་སྤེན་པ་ཚེ་རིང་ལགས་སྤྱི་ཡོངས་ཆ་ནས་ཁོ་བ་མི་ཚད་ལྡན་ཞིག་མིན་པའི་གནས་ཚུལ་མང་པོ་གོ་རྒྱུ་ཡོད་པ་ང་ལས་ཁྱེད་རྣམས་པས་མང་བ་གསན་གཤའ་རེད། ཆུ་རྐྱལ་ལྡིང་པས་ཆུ་ཡོད་དང་དུ་བ་ལ་ནས་མེ་ཡོད་ཤེས་པའི་དཔེ་ལྟར་ལས་གཞན་རྒྱུ་མཚན་གང་ནས་འོང། མི་ཚད་ལྡན་མིན་ཞུ་དུས་སྐད་ཡིག་ཤེས་རྒྱ་དང་བསམ་རྒྱུ་དྲན་རྒྱུ་སོགས་སྐྱོ་བའམ་ཞན་པར་མི་ཞུ། ཤེས་རྒྱ་དང་བསམ་རྒྱུ་དྲན་རྒྱུ་ཡོད་པ་ལོག་སྤྱོད་ཞུས་པ་དང་ཞུ་ཉེན་ལས་མི་ཚད་ལྡན་མིན་པ་ཞུས་ཡིན། མི་ལ་ནོར་འཁྲུལ་ཡོད་ཀྱང་ནོར་འཁྲུལ་དེ་ཚབ་ཆེ་ཆུང་དང་ནོར་འཁྲུལ་དེ་ཡོང་རྒྱུའི་རྒྱུ་རྐྱེན་དེ་ལ་ཞིབ་རྒྱུ་དེ་གལ་ཆེ་ཡིན། རང་དོན་ཁོག་བཅུགས་ཀྱིས་བོད་སྤྱི་བའི་གནད་དོན་ལ་ཞེན་ཆ་ཡོང་རྒྱུ་ལའང་བལྟོས་མེད་ཀྱི་ལས་དོན་ཞུ་མཁན་ཞིག་རེད་བསམ་ཀྱི་ཡོད། ཁོ་བའི་ནོར་འཁྲུལ་ཆེ་བ་ཁག་ཞུས་ན།
    ༡༽ བོད་མིའི་༧ དབུ་ཁྲིད་མཆོག་ཐུགས་འགལ་བའི་གནས་དོན་ལས་༧ཁོང་གིས་ཨ་རི་དོན་གཅོད་ལས་གནད་ནས་འཕོ་དགོས་པའི་བཀའ། མཇལ་ཁ་ཡང་བཏང་མི་དགོས་པའི་བཀའ་སོགས་གནང་བ་ནོར་འཁྲུལ་ཆེན་པོ་ལས་བྱུང་བ་མ་རེད་དམ།
    ༢༽ཁོ་བ་ལ་བོད་ཆོལ་གསུམ་མི་མང་གྱིས་མང་མོས་རྒྱབ་སྐྱོར་མེད་པས་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་མེད་ན་སྤྱི་དོན་ཇི་ལྟར་འགྲུབ་བམ།
    ༣༽དེང་སྐབས་དྲ་རྒྱའི་ནང་ཁོ་བས་བོད་མི་བློ་ཞན་རིགས་སུ་དངུལ་སྤྲད་ནས་འོས་ཤོག་ཁོ་བར་བླུགས་རྒྱུའི་སྤྱོད་ངན་ཁྲབ་ཀྱི་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག ཁོ་བར་དངུལ་གང་ནས་བྱུང་ཡོད་དམ། གཡོ་རྒྱུ་བསམ་རྒྱུ་དྲན་རྒྱུ་ཆེ་བས་སྲོལ་ངན་སྤེལ་བ་མ་རེད་དམ།
    ༣༽ཨ་རི་ནིའུ་ཡོག་ཏུ་བོད་པར་ས་མྱུར་བྱེད་མཁན་དང་དེ་མིན་ཨ་རིའི་གསང་བའི་གནས་ཚུལ་འགྲུབ་མཁན་བོད་པའི་མིང་ཅན་རྒྱ་མའི་གསོ་བ་ཡིན་པ་ཞིག་སྔར་ལོ་འཛིན་བཟུངས་བྱས་པ་ཁོ་བ་ནས་ཀྱང་སྤེན་ཚེ་ལ་རྒྱ་གཞུང་ནས་བལྟ་རྟོགས་བྱས་ན་ཁེ་ཕན་ཡོད་སྐོར་རྒྱ་དམར་གཞུང་ལ་བསམ་འདུན་ཞུས་སྐད་གོ་རྒྱུ་མིན་འདུག་གམ།
    ༤༽དེ་བཞིན་རྒྱ་གར་གསང་པའི་ལས་ཁུངས་ནས་སྤེན་པ་ཚེ་རིང་གི་སྡོད་ཁང་དུ་རྟོགས་ཞིབ་བམ་བརྩད་ཞིབ་ཞིབ་འཇུག་བྱེད་ཆེད་ལས་བྱེད་གཏང་འབྱོར་བྱུང་བའི་གནས་ཚུལ་ཀྱང་འདུག འདི་ནི་བོད་མི་སྤྱི་དང་ལྷག་པར་བོད་མིའི་སྤྱི་ཚོགས་ནང་གཞུང་གི་གོ་གནད་དུ་འཁོད་བའི་སྐྱེ་བོ་ཞིག་ཐོག་བྱུང་བ་ངའི་བསམ་ཚུལ་ལ་ཐོག་མ་དེ་ཡིན་སྲིད་འདུག ཁོ་བའི་སྡོད་ཁང་དུ་དངོས་གསལ་དོད་པའི་ངང་ཞིབ་འཇུག་པ་འབྱོར་དུས་ཡག་པའི་རང་བཞིན་ཞིག་ག་ནས་ཡིན།
    ༥༽དེ་མིན་བོད་གཞུང་དང་ལྷག་དོན་དུ་༧ གོང་ས་མཆོག་དང་དངོས་སུ་ཁྲིམས་དང་འབྲེལ་པའི་ཨ་རི་དོན་གཅོད་ཁང་གི་རྩིས་གསལ་ཡིག་ཆ་མང་དག་ཅིག་ཐང་ཁྲོམ་དུ་བསྟན། སྲིད་སྐྱོང་བློ་བཟང་སེང་གེའི་སྐབས་དུས་གཉིས་པའི་སྲིད་སྐྱོང་འོས་བསྡུའི་སྐབས་ཐེངས་དང་པོའི་ནང་བྱུང་མ་མྱོང་བའི་རྩོད་རྙོགས་བྱུང་སྟངས། ས་སྐྱ་༧་གོང་མ་རིན་པོ་ཆེའི་ཁྲུངས་དཀར་དྲ་རྒྱ་ནང་ཁོ་བའི་དྲིལ་བསྒྲགས་ཀྱི་གཞས་ཀོག་བྱུས་ཀྱི་བཅུགས་པའི་ལས་རྙོགས། ཀ་ཏག་སྤྲུལ་སྐུ་དང་འབྲེལ་བའི་གནས་ཚུལ་སོགས་མང་པོ་ཞིག་གྲངས་རིམ་དུ་ཞུ་ཐུབ་པ་དང་དེ་ལས་མང་བའང་ཡོད་ངེས་། གནས་དོན་འདི་རྣམས་ཆེད་སྤེན་ཚེ་ལ་དངོས་སུ་གསར་ལམ་ནང་དྲི་བ་གནང་མཁན་ཡང་བྱུང་ཡོད་འདུག
    དེ་ན་སྤེན་པ་ཚེ་རིང་གི་རྙོགས་གཞི་ཆེ་ལོད་དང་མང་ལོད་ལ་ཞིབ་ན་ ༢༠༢༡ གི་སྲིད་སྐྱོང་དུ་འོས་གནང་ཐུབ་རེ་དང་སྲིད་སྐྱོང་དུ་བཀོད་རན་ངེས་འདུག་གམ། ངས་ནི་རྩ་བ་ཉིད་ནས་མི་མཐོང་། བསམ་ཞིབ་ནན་གཏན་མ་ཞུས་ན་མཐའ་མ་འགྱོད་པས་ཕན་མ་ཐོག་གོ བོད་དང་བོད་མིའི་རྩ་དོན་དུ་སོམས་ནས་ཡིད་གཟབ་གྱིས་རོགས་གནང་།

    ༢༠༢༡ སྲིད་སྐྱོང་འོས་དེ་སྤེན་པ་ཚེ་རིང་ལ་ཆེར་མི་འོས་པས་ན་ད་ཆ་འོས་པ་དེ་ཡག་རུང་སྡུག་རུང་འདམས་ཀ་གཅིག་ལས་ལྷག་མེད། དེ་ཡང་ང་རང་ཚོས་རང་འདོད་ཆེ་བས་འདམས་ཀ་བཟང་པ་དེ་ཚོ་འདེམས་ཐུབ་མེད། ད་ནི་དབུ་དཀར་ཚང་ཁོ་བ་ལས་མེད། ཡིན་ཀྱང་མི་གཞི་ལ་ཞིབ་ན་ཁོ་བ་སྤེན་པ་ཚེ་རིང་ལས་ཆེར་བཟང་བ་དང་སྲིད་དོན་གྱི་ངན་དྲི་ཡི་དེ་ཙམ་གཡོ་མེད་པས་དེ་བས་ལྷག མི་བརྒྱུད་ཆ་ནས་ཀྱང་བོད་དང་བོད་མིར་ལྷག་པ་ལས་ཞན་པའི་ལོ་རྒྱུས་མེད་། དེ་ལྟར་ན་སྔོན་འགྲོའི་སྐབས་སྤེན་པ་ཚེ་རིང་ལ་འོས་མ་བླུགས་མཁན་རྣམས་པ་དང་དེ་བཞིན་སྔོན་འགྲོའི་སྐབས་སྤེན་པ་ཚེ་རིང་ལ་འོས་བླུགས་ནའང་ཁོ་བའི་སྐྱོན་གནད་དུ་བསམ་ཞིབ་ནན་གཏན་གྱི་རང་བློ་མི་བདེ་ནའང་སྤྱི་དོན་ལ་བསམ་ནས་འདམས་ཀ་གཅིག་ལས་མེད་པའི་འོས་མི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་འོས་གནང་ཕེབས་ཤོག གནང་ཕེབས་ཤོག གནང་ཕེབས་ཤོག

    སྐབས་ ༡༦ སྤྱི་འཐུས་རྣམས་པས་ཕྱག་ལས་གནང་རིམ་ནས་ད་ལམ་གྱི་དམངས་གཙོའི་ཀ་བ་ཚད་མཉམ་གསུམ་ནས་གཅིག་བཅགས་ནས་ད་ཆ་༧ གོང་མཆོག་དང་བོད་མི་མང་སྤྱི་ནས་དགྲ་ལ་འཆར་རྒྱུ་དང་གཉེན་ལ་མོས་མཉམ་ཀྱི་རྒྱུ་རྩ་དེ་ཕལ་ཆེར་དེ་སྔ་ལྟར་མེད་པར་བཟོ་ཐབས་དང། ཡོད་ནའང་རྐང་པ་གསུམ་ཆ་སྙོམས་མེད་པའི་རྐང་ཀྱོག་ཅིག་ཏུ་རྒྱུར་རྒྱུའི་བྱས་ངན་དང་བྱེད་འཆར་ལ་དམངས་གཙོར་དགའ་ཞན་ཅན་ཚོས་བསམ་ཞིབ་བྱ་རྒྱུའི་དུས་སུ་བབ་འདུག་སྙམ་ན་། ད་རེས་འོས་བསྡུའི་སྐབས་ཚོགས་གཙོ་ཚོགས་གཞོན་དབུས་པས་སྤྱི་འཐུས་ཁྲིམ་ཞིབ་རྣམ་གསུམ་གནས་ནས་མེད་པར་གཏོང་མཁན་རྣམས་སུ་འོས་མ་གནང་ན་དགེ་ཕན་ཆེ་བས་ཐུགས་ཞིབ་ཡོང་བ། གལ་སྲིད་ད་རེས་དེ་ལྟར་མ་ཞུས་ན་ངན་པ་ལངས་ཤོར་ལས་མཐར་ཁྲིམ་དབང་ལས་སྒེར་གྱི་བཀུར་བས་ཁྲིམ་དུ་བཅད་དེ་བོད་མིའི་༧ དབུ་ཁྲིད་མཆོག་ནས་མི་ལོ་བཅུ་ཕྲག་མང་པོའི་རིང་སྐུ་ངལ་ཁྱད་དུ་གསད་པའི་ལམ་འབྲས་ངོམས་སུ་ཆོག་པ་དེ་མེད་པར་འགྲོ་རྒྱུའི་གཞི་རྩ་རྒྱུན་ངན་དུ་འགྲོ་བའི་ཚང་མས་དེ་ལྟར་མི་འོང་བའི་ཐབས་སུ་བརྩོན་རྒྱུའི་བློ་རྩེ་བསྒྲིམ་གནང་རོགས་ཞུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme