Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༢༠༢༠ ལོའི་ཡུམ་བུ་བླ་མཁར་བོད་ཀྱི་ཐེབས་རྩའི་རོགས་སྐྱོར་གསལ་བསྒྲགས།

Posted on 2020-06-012020-06-01 By ཁ་བརྡ 1 Comment on ༢༠༢༠ ལོའི་ཡུམ་བུ་བླ་མཁར་བོད་ཀྱི་ཐེབས་རྩའི་རོགས་སྐྱོར་གསལ་བསྒྲགས།

ཡུམ་བུ་བླ་མཁར་བོད་ཀྱི་ཐེབས་རྩ།
 
ཡུམ་བུ་བླ་མཁར་བོད་ཀྱི་ཐེབས་རྩ་ནི་བོད་ཕྱི་ནང་གཉིས་སུ་དེང་དུས་ཤེས་ཡོན་སློབ་གསོ་དང་། དྭ་ཕྲུག བདག་མེད་ཉམ་ཐག སྤྱི་ཚོགས་ལ་ཕན་པའི་མི་སྒེར་ལས་གཞི། ཛ་དྲག་ནད་མནར་བཅས་ཀྱི་ཐད་ཆེད་དམིགས་བཙུགས་པའི་རོགས་སྐྱོར་ཚོགས་པ་ཞིག་ཡིན། ཐེབས་རྩའི་ཚོགས་མི་རྒྱལ་ཁབ་ཁག་ལྔ་ལྷག་གི་ནང་ཡོད་ལ། མ་དངུལ་ཡོང་ཁུངས་ཚོགས་དངུལ་དང་། ཞལ་འདེབས། ཐེབས་རྩའི་དཔལ་འབྱོར་འདུ་འགོད་བྱ་འགུལ་བཅས་ཡིན། ༢༠༡༣ལོ་ནས་ཐེབས་རྩས་མ་དངུལ་གྱི་ནུས་ཚོད་ལ་བརྟེན་ནས་ལོ་རེ་བཞིན། བོད་ཕྱི་ནང་གཉིས་སུ་གོང་གསལ་ལས་གཞི་ཁག་གི་ཐད་རོགས་དངུལ་བཏང་དང་གཏོང་མུས་ཡིན་པར་བློ་སྤོབས་སྐྱེས་ཡོད། ༢༠༢༠ ལོར་ནད་ཡམས་ཀྱི་དབང་གིས་ལས་འཆར་དུས་འགྱངས་བྱ་དགོས་བྱུང་ཡོད་ནའང་། མུ་མཐུད་སྔོན་འཆར་གཏན་འབེབས་ལྟར་ཐེབས་རྩས་བོད་ཕྱི་ནང་གཉིས་ན་བཞུགས་པའི་མཐོ་རིམ་སློབ་གྲྭའི་སློབ་མ་ཚོར་སློབ་ཡོན་ཁ་གསབ་དང་། རྒན་འཁོགས་ལྟ་སྐྱོང་དཀའ་ཁག་ཅན་རིགས་ལ་འཚོ་བའི་ཁ་གསབ། དེ་བཞིན་མི་སྒར་ལས་གཞི་ཁག་ལ་ཁ་གསབ་རོགས་དངུལ་གྱི་གོ་སྐབས་འབུལ་བཞིན་ཡོད་ན། རང་རིགས་རོགས་དངུལ་ཞུ་འདོད་ཡོད་མཁན་ཚོས་ཕྱི་ལོ་༢༠༢༠ ལོའི་ཕྱི་ཟླ་༨ པའི་ཚེས་༡༥ ནང་ཚུད་ལ་སྙན་ཞུ་དང་། དགོས་ངེས་ཡིག་ཆ་འཐུས་ཚང་སྒོས་འདི་ག་ཐེབས་རྩ་ཁང་གི་གློག་འཕྲིན་ཡིག་ཟམ་བརྒྱུད་གནང་རྒྱུར་དགོངས་འཇགས་ཡོད་པར་ཞུ།

མཐོ་སློབ་སློབ་མའི་སློབ་ཡོན་ཁ་གསབ་རོགས་དངུལ་ཞུ་བའི་ཆ་རྐྱེན།

(༡) རང་ཉིད་ངོ་སྤྲོད་ལོ་རྒྱུས་དང་ཉེ་ཆར་བླངས་པའི་འདྲ་པར་གཅིག
(༢) ༢༠༢༠ ལོར་མཐོ་སློབ་གང་རུང་ཞིག་ཏུ་སློབ་སྦྱོང་མགོ་ཚུགས་ཟིན་པའི་ངོས་སྦྱོར།
(༣) གཞུང་སྒེར་གང་ནས་ཀྱང་སློབ་ཡོན་རོགས་དངུལ་ཐོབ་ཀྱི་མེད་པ།
(༤ ) སློབ་གྲྭའི་ཡིག་ཚང་དང་ས་གནས་བདེ་དོན་ལས་ཁུངས་གང་རུང་ནས་དཀའ་ངལ་ཡོད་པའི་བདེན་དཔང་རྒྱབ་གཉེར།

རྒན་འཁོགས་ལྟ་སྐྱོང་མེད་པའི་འཚོ་བའི་ཁ་གསབ་རོགས་དངུལ་ཞུ་བའི་ཆ་རྐྱེན།

{༡} རང་ཉིད་ཀྱི་ངོ་སྤྲོད་ལོ་རྒྱུས་དང་ཉེ་ཆར་བླངས་པའི་འདྲ་པར་གཅིག
{༢} གཞུང་སྒེར་གང་ནས་ཀྱང་འཆར་ཅན་ལྟ་སྐྱོང་རོགས་སྐྱོར་ཐོབ་ཀྱི་མེད་པ།
{༣} ས་གནས་བདེ་དོན་ལས་ཁུངས་ཀྱི་རྒྱབ་གཉེར་ཡི་གེ།

མི་སྒེར་ལས་གཞི་ཁ་གསབ་རོགས་དངུལ་ཞུ་བའི་ཆ་རྐྱེན།

{༡} རང་ཉིད་ཀྱི་ངོ་སྤྲོད་ལོ་རྒྱུས་དང་ཉེ་ཆར་བླངས་པའི་འདྲ་པར་གཅིག
{༢} ལས་གཞིའི་ལས་རིམ་དང་སྤྱི་ཚོགས་དགེ་ཕན་སོགས་ཀྱི་ཐད་ངོ་སྤྲོད་མདོར་བསྡུས།
{༣} ལས་གཞི་དང་འབྲེལ་བའི་ཚོགས་སྒྲིག་གམ་ཆེད་ལས་མཁས་པ་གང་རུང་གི་རྒྱབ་གཉེར་ཡི་གེ

རོགས་སྐྱོར་རེ་ཞུ་གཏོང་མཁན་རྣམ་པས་སོ་སོའི་སྡོད་གནས་ཁ་བྱང་དང་འབྲེལ་གཏུག་ཁ་པར་སོགས་གསལ་བོར་བསྐུར་རྒྱུ་དང་། གོང་གསལ་དགོས་ངེས་ཀྱི་ཡིག་ཆ་དག་འཐུས་ཚང་མ་བྱུང་བ་དང་། སྙན་ཞུ་དུས་བཅད་ནང་བསླེབ་མ་ཐུབ་ཚེ་རེ་ཞུ་རྩིས་མེད་གཏོང་རྒྱུར་སྔར་ནས་ཐུགས་འཇགས་འཚལ།

ཡུམ་བུ་བླ་མཁར་བོད་ཀྱི་ཐེབས་རྩ། ༢༠༢༠ ཕྱི་ཟླ་༦ ་ཚེས་༡ ཉིན།

འབྲེལ་གཏུག་ཁ་བྱང་།
Association Caritative tibétaine Yumbulakar
23, rue Greneta
75002 Paris
France
Email. Sousdirect.yumbulakar@gmail.com
Contact : 0033+ 6 95 38 31 33

གསལ་བསྒྲགས།

Post navigation

Previous Post: ཨོ་རྒྱན་སྟོབས་རྒྱལ་གྱི་གནད་དོན་དང་འབྲེལ་བའི་ངེས་པར་ཤེས་དགོས་པའི་གནད་དོན་འགའ། 
Next Post: ཨོ་རྒྱན་སྟོབ་རྒྱལ་གཅིག་པོ་མ་རེད།

Comments (1) on “༢༠༢༠ ལོའི་ཡུམ་བུ་བླ་མཁར་བོད་ཀྱི་ཐེབས་རྩའི་རོགས་སྐྱོར་གསལ་བསྒྲགས།”

  1. བོད་ཡིག་སྐྱབས། says:
    2020-06-04 at 3:49 pm

    རྗེས་སུ་ཡི་རང་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (61)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme