Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༢༠༡༢ལོར་བར་སྣང་གི་མགྲོན་ཁང་སྒོ་འབྱེད།

Posted on 2009-11-032009-11-03 By ཡེ་ཤེས་ 6 Comments on ༢༠༡༢ལོར་བར་སྣང་གི་མགྲོན་ཁང་སྒོ་འབྱེད།

LIFE-US-SPACE-HOTEL
ཁ་སང་བསྒྲགས་པའི་གསར་འགྱུར་ལྟར་ན། སྤྱི་ལོ་༢༠༡༢ལོར་མི་རྣམས་ཀྱིས་རེ་སྒུག་ཡུན་རིང་བྱས་པའི་དོན་དག་ཅིག་མངོན་འགྱུར་ཡོང་རྒྱུ་ཡིན་པ་སྟེ། སའི་གོ་ལའི་ཕྱི་རོལ་ཏུ་ཡོད་པའི་བར་སྣང་གི་མགྲོན་ཁང་དེས་མི་རིགས་ཀྱི་མགྲོན་པོར་ཕེབས་བསུ་ཞུ་རྒྱུ་ཡིན་འདུག ཡིན་ན་ཡང་མགྲོན་ཁང་གསར་བ་འདིའི་ནང་དུ་ཐེངས་གཅིག་འགྲོ་གླ་དང་ཞག་གསུམ་སྡོད་གླ་ནི་ཨ་རིའི་སྒོར་མོ་ས་ཡ་བཞི་ཡིན་པ་དང་། ཁྱོད་ཀྱིས་མགྲོན་ཁང་འདི་ནས་ཉི་མའི་འཆར་ནུབ་ཐེངས་བཅོ་ལྔར་མཐོང་ཐུབ་ལ། སྐར་མ་བརྒྱད་ཅུའི་རིང་ལ་སའི་གོ་ལར་སྐོར་བ་ཡང་རྒྱག་ཐུབ། དེ་བཞིན་ཁྱོད་ཀྱིས་འཇིག་རྟེན་འཕུར་སྐྱོད་པ་ཚོ་བཞིན་དུ་རང་ཉིད་སྡོད་སའི་མགྲོན་ཁང་དུ་རང་ལུས་ཀྱི་ལྗིད་ཚད་མར་ཆག་པའི་སྒོ་ནས་རང་དབང་གིས་འཕུར་སྐྱོད་ཀྱང་བྱེད་ཐུབ། བར་སྣང་གི་མགྲོན་ཁང་དེ་འདི་ལྟར་རིན་གོང་ཆེ་བར་ཡང་རྒྱུ་མཚན་མེད་པ་ཞིག་མ་ཡིན་ཏེ། མགྲོན་ཁང་དེ་གསར་རྒྱག་གི་ཆེད་དུ་ལོ་མང་རིང་ཚན་རིག་པའི་ཀླད་ཤུགས་ནུས་པ་བེད་སྤྱོད་བཏང་བ་བཤད་མ་དགོས་པའི་སྟེང་དུ། ཨ་རིའི་སྒོར་མོ་དུང་ཕྱུར་གསུམ་གྱི་འགྲོ་སོང་བཏང་ཡོད་པ་རེད། མགྲོན་ཁང་དེར་འགྲོ་བར་ཐོག་མར་ས་སྟེང་གི་གླིང་ཕྲན་ཞིག་ཏུ་གཟའ་འཁོར་བརྒྱད་ཀྱི་རིང་ལ་ཟབ་སྦྱོང་སྤྲོད་རྒྱུ་ཡིན་པ་དང་། ད་ལྟ་མགྲོན་ཁང་དེར་འགྲོ་འདོད་ཀྱིས་ཐོ་འགོད་བྱས་ཡོད་པའི་མི་གྲངས་ཁྲི་བཞིར་ལོངས་ཡོད་འདུག

གསར་འགྱུར། Tags:ཨཨཨ

Post navigation

Previous Post: གཟའ་སྤེན་པ་དང་ཉི་མའི་ཟིན་བྲིས།
Next Post: བོད་ཆོལ་ཁ་གསུམ་གྱི་ནང་མ་ཚུད་པའི་བོད་ཀྱི་ས་ཆ་ཡོད་ཟེར།

Comments (6) on “༢༠༡༢ལོར་བར་སྣང་གི་མགྲོན་ཁང་སྒོ་འབྱེད།”

  1. lhu says:
    2009-11-03 at 10:47 pm

    གནམ་གྲུ་མགྲོན་ཁང་ལྟ་བུར་བཟོས་ནས་བར་སྣང་དུ་འགྲུལ་བསྐྱོད་བྱས་བ་དང་ཁྱད་པར་ཆེར་ཨི་ཡོད་ན།

  2. ཀླུ་སྨྱོན། says:
    2009-11-03 at 11:42 pm

    བར་སྣང་མགྲོན་ཁང་དུ་ཆུས་གཟུགས་པོ་འཁྲུད་དུས་ད་ལྟ་ནང་བཞིན་ཆུ་ཐུར་དུ་མི་འབབ་པར་ཆུ་རྡུལ་དག་ཀྱང་བར་སྣང་དུ་ས་རྡུལ་བཞིན་དུ་གཡེང་ནས་འདུག་གི་རེད་ཀྱང་ལབ་འདུག རྒྱུ་མཚན་ནི་ཆུ་རྡུལ་ཕྲ་མོ་རེ་རེའི་སྟེང་གི་ལྗིད་ཚད་མར་ཆག་པས་རེད་འདུག

  3. རི་བོང་བློ་ལྡན། says:
    2009-11-04 at 12:50 am

    ང་རང་ངེ་པར་དུ་འགྲོ་གི་ཡིན། ཕལ་ཆེར་ཟླ་བ་དང་བར་ཐག་ཉེ་པོ་ཡོད་ས་རེད། ཟླ་བའི་ལྷ་མོ་ངེད་གཉིས་བར་སྣང་མགྲོན་ཁང་དེའི་ནང་ཆང་ས་རྒྱག་གི་ཡིན། དེ་དུས་བོད་རིགས་སྤུན་ཟླ་ཚང་མ་མགྲོན་འབོད་བྱ་ངེས་ཡིན་ནོ༎

  4. བསེ་རུ། says:
    2009-11-04 at 12:18 pm

    ཨ་ཙི་བོད་མིའི་ཁྲོད་ནས་སྒོར་ས་ཡ་བཞི་ཙམ་སྤྲད་ནས་འགྲོ་འདོད་མཁན་ཡོད་དམ།
    ཅི་སྟེ་ཡོད་ཚེ། འདི་ནི་ལོ་རྒྱུས་ཀྱི་ཟིན་ཐོ་འགོད་མཁན་ཙམ་ཞིག་མ་གཏོགས་ཆགས་མི་སྲིད།།

    ང་ཚོ་བོད་པར་ཁ་ཚུར་འཁོར་ནས་བསམ་ན། དཔལ་འབྱོར་གྱི་ཐོག་ནས་འཛམ་གླིང་འདིར་ངོམ་རིན་ཡོད་པའི་འབྱོར་བདག་ཅིག་མེད་ཚོད་ཡིན་པ་འདྲ།
    དེ་ཡང་བོད་པའི་བློ་ཕམ་གྱི་གནས་ཚུལ་ཞིག་རེད།།

  5. ཀླུ་སྨྱོན། says:
    2009-11-04 at 2:26 pm

    ང་ཚོའི་ས་གནས་འདིར་ཨ་མདོ་བ་ཞིག་ཡོད་པས་ཨ་རིའི་སྤོ་ལོ་རྩེད་མཁན་སྐད་གྲགས་ཅན་ཞིག་གི་སྲིང་མོའི་མཉམ་དུ་ཆང་ས་བརྒྱབ་འདུག་པས། ཁོ་རང་ནི་བོད་པའི་ནང་གི་རྒྱུ་ནོར་ཆེ་ཤོས་ཤིག་རེད་འདུག་ལ། ཉེ་བའི་ཆར་ཁོས་ཨ་སྒོར་ས་ཡ་བཅུ་བདུན་གྱི་མ་རྩ་ཅན་གྱི་ཁང་བརྩེགས་ཆེན་པོ་ཞིག་གསར་རྒྱག་བྱེད་བཞིན་འདུག ཁོ་ལྟ་བུ་ཞིག་ལ་བར་སྣང་གི་མགྲོན་ཁང་དེར་འགྲོ་ཐུབ་པའི་གདེང་ཚོད་ཡོད་ཀྱང་རང་རེ་བོད་པའི་ལུགས་སྲོལ་ལ་སའི་གོ་ལའི་མཐའ་སྐོར་གྱི་བར་སྣང་ཞིག་ཏུ་ཉི་མ་གསུམ་གྱི་རིང་སྡོད་ཆེད་འགྲོ་སོང་ཆེན་པོ་དེ་འདྲ་ཞིག་གཏོང་འདོད་རྨི་ལམ་དུ་ཡང་ཡོད་པ་མ་རེད། གང་ལྟར་ང་རང་ཡང་སྔོན་མར་ཨ་རིར་ཡོང་དུས་བལ་ཡུལ་ནས་ཨ་རབ་དང་ཡོ་རོབ་བརྒྱུད་དེ་ཨ་རིར་འབྱོར་ཞིང་། ཕྱིར་ལོག་དུས་ཉིག་ཡོར་ཁུ་ནས་འཇར་ཕན་དང་ཐ་ཡེ་ལན་བརྒྱུད་ནས་བལ་ཡུལ་དུ་བསླེབས་སོང་བས། བར་སྣང་ཁམས་བརྒྱུད་ནས་སའི་གོ་ལར་སྐོར་བ་ཚར་གཅིག་བརྒྱབ་འདུག་པས། སྔོན་མའི་རྩྭ་ཐང་གི་འབྲོག་ཕྲུག་གཡག་ཞོན་ཞིག་གི་མི་ཚེ་ལ་ཕྱི་མིག་རེ་ལྟ་དུས་སའི་གོ་ལར་སྐོར་བ་ཐེངས་གཅིག་བརྒྱབ་པ་དེ་ཡང་དགའ་འོས་པའི་དོན་དག་ཆུང་ཆུང་ཞིག་ཏུ་བརྩི་ཆོག་པར་འདུག

  6. ཁ་ཕྱོགས་མེད་ says:
    2009-11-11 at 6:37 am

    དྲ་གྲོགས་ཚོ་བརྩད་ཆོད་དང་བར་སྣང་འགྲོན་ཁང་དེའི་ནང་ལས་ཀ་བྱེད་ནི་རེ་དགོས་ན་ཐོ་རྒྱབ་ཆོག་གི་རེད།
    དེ་མིན་རྒྱལ་ཁབ་བོར་བས་སྐྱབས་བཅོལ་བ་ཞིག་གིས་ཨ་སྒོར་ས་ཡ་བཞི་དཀཌྷའ་རེ་ལ།་ངས་གོ་ཚུལ་ལྟར་ན་དེར་སྣེ་ལེན་ཁང་ཡོད་ས་མ་རེད།་་་ད་ཡ་ང་ཚོར་གོ་སྐབས་མེད་གི།་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (32)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme