Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༢༠༡༡ལོའི་བཀའ་ཁྲིའི་སྐོར་གྱི་གནད་དོན་འགའ་བསྐྱར་དུ་གླེང་དོན།

Posted on 2009-12-282009-12-28 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 16 Comments on ༢༠༡༡ལོའི་བཀའ་ཁྲིའི་སྐོར་གྱི་གནད་དོན་འགའ་བསྐྱར་དུ་གླེང་དོན།

རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།

ངེད་ཀྱིས་རྩོམ་ཡིག་སྔ་མ་འགར་༢༠༡༡ལོའི་བཀའ་ཁྲིའི་སྐོར་ལ་རྨོངས་འཆར་འགའ་ གླེང་ཚར་བ་ཡིན་མོད། དེ་དག་གིས་བོད་རིགས་ྐློག་མཁན་ཚོར་གོ་བརྡ་ཅི་ཙམ་སྤྲོད་ཐུབ་ཀྱི་ཡོད་མེད་ནི་ མུན་ནག་མདའ་འཕེན་ལྟ་བུ་ཞིག་རེད། ༢༠༡༡ལོའི་བཀའ་ཁྲིའི་སྐོར་ལ་བསྐྱར་དུ་བསམ་ཞིབ་ཡུན་རིང་བྱས་བའི་རྗེས་སུ། རྨོངས་འཆར་འགའ་ྐློག་མཁན་ཚོའི་མདུན་ལ་འཇོག་འདོད་སྐྱེས། ངེད་ཀྱིས་གླེང་བཞིན་པའི་རྨོངས་འཆར་འདིའི་ཐོག་མའི་ཡོང་ས་དེ་བོད་རིགས་ཉམས་ ཞིབ་པ་འགའ་དང་བོད་མི་རྒན་གྲས་ཁ་ཤས། ད་ཡོད་གཞུང་ཞབས་ལས་བྱེད་དང་སྤྱི་འཐུས་ལས་ཐོག་འགའ། ད་ལྟའི་བཀའ་བློན་ཁྲི་བ་བཅས་ཡིན། ཁོང་ཚོའི་བསམ་ཚུལ་ནི་ངེད་ཀྱི་རྨོངས་འཆར་འདིའི་གཞི་རྟེན་ལྟ་བུ་ཡིན། དེས་ན། འདི་རུ་༢༠༡༡ལོའི་བཀའ་ཁྲིའི་སྐོར་ལ་བསྐྱར་དུ་རྨོངས་འཆར་འགའ་གླེང་གི་ཡིན། རྨོངས་འཆར་འདིའི་ཐོག་ན་ྐློག་མཁན་ཚོའི་བསམ་ཚུལ་དང་མ་མཐུན་པ་དང་གནས་ཚུལ་ནོར་ བའི་རིགས་འདྲ་མཆིས་ཚེ་དགག་ལན་ཆར་བ་འབབ་འབབ་གནང་རོགས། བོད་རིགས་ྐློག་མཁན་རེ་གཉིས་ལ་གོ་བརྡ་རེ་སྤྲོད་ཐུབ་པ་ཡིན་ན་རྨོངས་འཆར་འདིའི་ དགོས་དམིགས་ཡོངས་སུ་འགྲུབ་པ་ཡིན།

དང་པོ།
ད་ ཡོད་བཙན་བྱོལ་བོད་མི་ཕལ་མོ་ཆེའི་བསམ་ཚུལ་ལ་༢༠༡༡ལོའི་བཀའ་བློན་ཁྲི་བ་དེ་། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་སྟངས་ལ་རྒྱུས་མངའ་ཡོད་མཁན། རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་བལྟ་ཐུབ་མཁན། བོད་མིའི་འཐབ་རྩོད་ཀྱི་ནུས་བ་ཕྱོགས་གཅིག་ཏུ་སྤུངས་ཐུབ་མཁན། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་བ་དམ་འཛིན་བྱེད་ཐུབ་མཁན། བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་ཀྱི་ཐད་ལ་སྔོན་ཐོན་གྱི་བསམ་བློ་ཡོད་མཁན། བོད་མི་མང་གི་བསམ་ཚུལ་ལ་ཉན་ཤེས་བྱེད་ཐུབ་མཁན། བོད་ནང་གི་བོད་མིའི་གནས་སྟངས་ཡར་རྒྱས་ཀྱི་ཐད་ལ་འཆར་གཞི་དང་འཛུགས་བསྐྲུན་ གྱི་ཕྱག་ལས་གནང་ཐུབ་མཁན། དཀྱིལ་ཤར་ཨེ་ཤེ་ཡའི་ཕྱོགས་ནས་བོད་དོན་ལ་རྒྱབ་སྐྱོར་འཚོལ་ཐུབ་མཁན། བོད་མིའི་ཤེས་རིག་དང་གཞིས་ཆགས་ཁག་སྲ་བརྟན་གྱི་ཕྱོགས་ལ་མདུན་བསྐྱོད་ཀྱི་བསམ་ བློ་ཡོད་མཁན་ཞིག་དགོས་རྒྱུ་དེ་ཡིན་པ་འདྲ། བསམ་ཚུལ་འཛིན་སྟངས་འདིའི་རིགས་ཀྱི་ཕུགས་དོན་དེ་ནི་༢༠༡༡ལོའི་བཀའ་ཁྲི་དེ་བོད་ མི་ཤེས་འཇོན་རྩེ་གྲས་ཤིག་ཡོང་དགོས་ཀྱི་ཡོད་པ་མ་ཟད་དེ་ཡང་རབ་བྱུང་ན་ལྷ་མི་ གཉིས་ཀྱི་ལས་དོན་བྱེད་ཐུབ་མཁན་ལྟ་བུ་ཞིག་ཡོང་ན་བསམ་པ་དེ་རེད། བསམ་ཚུལ་འཛིན་མཁན་འདིའི་རིགས་ནོར་བ་རེད་ཞེས་བརྗོད་དཀའ་མོད། བསམ་ཚུལ་འཛིན་མཁན་འདིའི་རིགས་དང་༢༠༡༡ལོའི་བཀའ་ཁྲིའི་སྐོར་གྱི་༧གོང་ས་མཆོག་ གི་དགོངས་གཞི་དེ་གཉིས་ལ་ངེས་པར་དུ་བསམ་ཞིབ་གནད་དུ་ཐིངས་བ་ཞིག་གཏོང་དགོས་བར་ འདོད། བཙན་བྱོལ་བོད་མི་ཕལ་མོ་ཆེའི་སེམས་ནང་གི་༢༠༡༡ལོའི་བཀའ་ཁྲི་དེ་དང་༧གོང་ས་ མཆོག་གིས་ཕུགས་རེ་གནང་སའི་བཀའ་ཁྲི་དེ་གཉིས་གཅིག་རེད་དམ།
༧གོང་ ས་མཆོག་ནས་ཕུགས་རེ་གནང་བཞིན་པའི་བཀའ་ཁྲི་དེར་བཙན་བྱོལ་བོད་མི་ཚོའི་ཆ་རྐྱེན་ དེ་དག་ཚང་དགོས་སམ། གང་གི་ཆ་རྐྱེན་མཐོ་བ་དང་གང་གི་ཕུགས་རྒྱང་རིང་བ་ཡོད་དམ། གནད་དོན་འདི་དག་ལ་ངེས་པར་དུ་ངེད་ཚོས་དཔྱད་ཞིབ་གནང་དགོས་ཀྱི་འདུག

གཉིས།

༧གོང་ས་མཆོག་ནས་ཕུགས་རེ་གནང་སའི་༢༠༡༡ལོའི་བཀའ་ཁྲི་དེ་ནི་། བོད་མི་ལོ་གཞོན་ཞིག་དང་རབ་བྱུང་ན་བུད་མེད་ཞིག་ཟེར་བ་དེ་རེད། དགོངས་ཚུལ་འདི་ཡོད་མཁན་གྱི་ཁོངས་སུ་ད་ལྟའི་བཀའ་བློན་ཁྲི་བ་དང་སྐུའི་གཅེན་ པོ་རྒྱ་ལོ་དོན་གྲུབ་གཉིས་ཀ་ཡོད་། ༧གོང་ས་མཆོག་ནས་༢༠༡༡ལོའི་བཀའ་ཁྲི་དེ་བོད་མི་ལོ་གཞོན་ཞིག་དང་དེ་ཡང་རབ་བྱུང་ ན་བུད་མེད་ཞིག་ཡོང་ན་ཡག་པོ་ཡོད་རེད་ཟེར་བའི་རྒྱབ་ལྗོངས་གནད་དོན་ཐད། ད་ཡོད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་སུ་ཕྱག་ལས་གནང་མཁན་དང་གཞུང་ འབྲེལ་མ་ཡིན་པའི་སྡེ་ཚན་ཁག་ཏུ་ཉམས་ཞིབ་ཀྱི་ཕྱག་ལས་གནང་མཁན་སོགས་བོད་མི་དོ་ སྣང་ཅན་ཚོར་བསམ་ཚུལ་རིགས་མ་འདྲ་བ་གསུམ་འདུག དེ་ཡང་། ༡) ༢༠༡༡ལོའི་བཀའ་ཁྲིར་བོད་མི་ལོ་གཞོན་ཞིག་གམ་ཡང་ན་བུད་མེད་ཞིག་ཡོང་དགོས་དོན་ ནི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་འཛམ་གླིང་ལ་ མིག་དཔེ་གསར་བ་ཞིག་སྟོན་ཐུབ་ཆེད་དང་ལྷག་པར་དུ་རྒྱལ་སྤྱིའི་སྣང་ངོར་བོད་དོན་ འཐབ་རྩོད་ལ་ལྟ་སྟངས་གསར་བ་ཞིག་དང་བོད་དོན་འཐབ་རྩོད་དང་འབྲེལ་བའི་༧གོང་ས་ མཆོག་གི་དགོངས་གཞི་ལ་ཡང་རྒྱབ་སྐྱོར་ཤུགས་ཆེ་ཡོང་བར་དམིགས་པ་ཞིག་རེད་ཟེར། ༢) གལ་སྲིད་བུད་མེད་ཞིག་བཀའ་ཁྲི་སླེབས་ཐུབ་པ་ཡིན་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་དོན་འཐབ་རྩོད་སོགས་ལ་ཕྱག་ལས་གནང་ སྟངས་ཐད་༧གོང་ས་མཆོག་གི་དགོངས་གཞི་འཚེ་བ་མེད་པའི་ཐོག་ལ་ཕྱག་ལས་ཤུགས་ཆེར་ གནང་ཐུབ་པ་མ་ཟད་དང་ལས་དོན་ཆེ་ཕྲ་ཆུང་གསུམ་གང་ཡིན་རུང་ཞིབ་ཚགས་དང་གཟབ་ནན་ ཡོང་བ་ལ་དམིགས་པ་ཞིག་རེད་ཟེར། ༣) ལོ་གཞོན་ཞིག་བཀའ་ཁྲིར་སླེབས་ཐུབ་པ་ཡིན་ན། ༧གོང་ས་མཆོག་དགུང་ལོ་བགྲེས་རུ་འགྲོ་བཞིན་པའི་གནད་དོན་དང་གཅིག
བོད་དོན་ འཐབ་རྩོད་ཀྱི་འགན་འཁྲི་དེ་མི་རབས་གཞོན་པ་ཚོའི་ཕྲག་པར་ལྷུང་གི་ཡོད་པའི་གནད་ དོན་དང་གཉིས། ༧གོང་ས་མཆོག་འཚོ་བཞུགས་ཀྱི་སྐབས་སུ་བོད་མི་ལོ་གཞོན་ཚོས་བོད་དོན་འཐབ་རྩོད་ ཀྱི་འགན་འཁྲི་ཐ་དག་འཁུར་དགོས་བའི་གནས་སྟངས་དང་གསུམ། བོད་དོན་འཐབ་རྩོད་འདི་མུ་མཐུད་དུ་རྒྱུན་འཁྱོངས་དགོས་བ་དང་བཞི་བཅས་ཕྱོགས་ ཡོངས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་མང་གཙོའི་ལམ་སྲོལ། བོད་དོན་འཐབ་རྩོད་སོགས་ཕུགས་ཕར་ཡོང་བ་ལ་དམིགས་པ་ཞིག་རེད་ཟེར། གོང་གི་རྒྱབ་ལྗོངས་རྒྱུ་མཚན་གསུམ་པོ་འདི་༧གོང་ས་མཆོག་གིས་༢༠༡༡ལོའི་བཀའ་ཁྲི་ དེ་བོད་མི་ལོ་གཞོན་ཞིག་ཡོང་དགོས་བའི་དགོས་དམིགས་ལྟེ་བ་དེ་ཡིན་མིན་བརྗོད་ དཀའ་མོད། གནད་དོན་འདི་དག་ལ་འབྲེལ་བ་ཞིག་ཏན་ཏན་འདུག་བསམ། སྐབས་འདིར་༧གོང་ས་མཆོག་གི་དགོངས་གཞི་དང་འབྲེལ་ནས་བཙན་བྱོལ་བོད་མི་ཚོས་བསམ་ བློ་གཏོང་དགོས་ས་ཞིག་ནི། ༧གོང་ས་མཆོག་གི་དགོངས་གཞི་ནང་བཞིན་བཀའ་ཁྲི་ལོ་གཞོན་ཞིག་༢༠༡༡ལོའི་བཀའ་ཁྲིའི་ རྐུབ་སྟེགས་སྒང་ལ་སླེབས་ཐུབ་ཀྱི་རེད་དམ། བཙན་བྱོལ་བོད་མི་ཚོའི་ཁྲོད་ན་༧གོང་ས་མཆོག་གི་དགོངས་གཞི་འདི་གལ་ཆེར་བརྩི་ མཁན་ག་ཚོད་ཡོད་དམ། ༧གོང་ས་མཆོག་གི་དགོངས་གཞི་གཞིར་བཞག་གི་བཀའ་བློན་ཁྲི་བ་ཞིག་སླེབས་པ་ལ་འགོག་ རྐྱེན་འཕྲད་སྲིད་དམ། གནད་དོན་འདི་དག་ནི་ངེས་པར་དུ་བསམ་བློ་གཏོང་ས་འགའ་ཡིན་པ་འདྲ།

གསུམ།

༧གོང་ ས་མཆོག་གི་དགོངས་གཞི་ནང་བཞིན་གྱི་བཀའ་བློན་ཁྲི་བ་ཞིག་༢༠༡༡ལོའི་བཀའ་ཁྲིའི་ རྐུབ་སྟེགས་སྒང་ལ་སླེབས་ཐུབ་ཀྱི་རེད་དམ་ཟེར་བ་དེ་ནི་བསམ་བློ་གཏོང་གཞི་གལ་ ཆེན་ཞིག་རེད། གནད་དོན་འདི་གལ་ཆེ་བ་ནང་བཞིན་བཙན་བྱོལ་མི་མང་དཀྱུས་མ་ཚོའི་ཁྲོད་ན་གལ་ཆེན་ལ་ བརྩི་མཁན་ཇི་ཙམ་ཡོད་མེད་ངེད་ཀྱིས་མི་ཤེས། སྐབས་འདིར་ངེད་ཀྱིས་སེམས་ཁྲལ་བྱེད་སའི་གནད་དོན་གཅིག་ནི་༧གོང་ས་མཆོག་གི་ དགོངས་གཞི་འདི་དོན་འཁྱོལ་ཡོང་བར་འཕྲད་སྲིད་པའི་འགོག་རྐྱེན་གྱི་རིགས་རེད། འགོག་རྐྱེན་རིགས་གཅིག་ཡོང་ས་ནི་ལོ་མང་རིང་བཙན་བྱོལ་བོད་གཞུང་གི་སྒྲིག་ འཛུགས་ཀྱི་ཁོངས་སུ་བསྡད་མྱོང་བ་མ་ཟད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ གནད་དོན་ཐད་ལ་ཉམས་མྱོང་གང་འཚམ་ཡོད་མཁན་གྱི་བཀའ་ཟུར་རྒན་པ་སྐོར་ཅིག་རེད། ཁོང་ཚོས་༧གོང་ས་མཆོག་གི་དགོངས་གཞི་དངོས་དེ་བཙན་བྱོལ་མི་མང་ལ་ངོ་སྤྲོད་དང་ བརྒྱུད་བསྒྲགས། དེའི་ཐད་མི་མང་ལ་གོ་རྟོགས་སོགས་སྤེལ་རྒྱུའི་ཚབ་ལས་ལྡོག་སྟེ་རང་ཉིད་ ༢༠༡༡ལོའི་བཀའ་ཁྲིའི་རྐུབ་སྟེགས་སྒང་ལ་སླེབས་ཐུབ་རྒྱུར་ད་ལྟ་ནས་བཙན་བྱོལ་ནང་ གི་བརྙན་འཕྲིན་དང་དྲ་བ། ཚགས་པར་སོགས་བརྒྱུད་ནས་མི་མངོན་པའི་ཚུལ་གྱིས་འབད་བརྩོན་གནང་བཞིན་པ་དེ་རེད། ཁོང་ཚོར་མཚོན་ན། རང་ཉིད་བཀའ་ཁྲིའི་རྐུབ་སྟེགས་ལ་ཡང་བསྐྱར་འཛེགས་རྒྱུ་ནི་སེམས་ཀྱི་དམིགས་ འདུན་དང་པོ་དང་༧གོང་ས་མཆོག་གི་དགོངས་གཞི་དེ་ཁུ་སིམ་མེར་ས་འོག་ལ་སྦས་རྒྱུ་ ནི་ལྐོག་ཇུས་གཉིས་པ་དེ་རེད། འགོག་རྐྱེན་འཕྲད་ས་གཞན་ཞིག་ནི། བཙན་བྱོལ་མི་མང་གི་ངོས་ནས་རང་གི་གཞུང་དང་དེའི་འཛིན་སྐྱོང་གི་སྒྲོམ་གཞི་ངོ་ འཕྲོད་ཀྱི་མེད་པའི་དཀའ་ངལ་དང་འོས་བསྡུའི་ཆ་ཤས་ལེན་གྱི་མེད་པའི་གནས་སྟངས་ ཐབས་སྐྱོ་བ་དེ་གཉིས་རེད། གཞུང་གི་འཛིན་སྐྱོང་ངོ་མ་འཕྲོད་པའི་དཀའ་ངལ་དང་འོས་བསྡུའི་ཆ་ཤས་ལེན་གྱི་མེད་ པའི་དཀའ་ངལ་འདི་གཉིས་ཀྱི་གནད་དོན་དེ་ཕྱོགས་གཅིག་རང་ལན་པ་ཞིག་མ་རེད། ཕྱོགས་གཉིས་ཀའི་ངོས་ནས་འཐུས་ཤོར་ཕྱིན་ཡོད། དེ་ཡང་མི་མང་ངོས་ཀྱི་འཐུས་ཤོར་དང་འཛིན་སྐྱོང་ངོས་ཀྱི་འཐུས་ཤོར་གཉིས་ཀ་ འདིའི་ནང་ལ་ཚུད་ནས་ཡོད། མི་མང་གི་ངོས་ནས་འཐུས་ཤོར་ཕྱིན་ཡོད་པའི་དཔེ་མཚོན་གཅིག་ནི་སྤྱི་འཐུས་སྐབས་ བཅུ་བཞི་བའི་འོས་བསྡུའི་ཆ་ཤས་ལེན་སྟངས་སྐོར་དེ་ཡིན། བཙན་བྱོལ་བོད་མིའི་མི་འབོར་ཆིག་འབུམ་སུམ་ཁྲི་ལྔ་སྟོང་ནས་བཞི་ཁྲིའི་དབར་ཡོད་ པའི་ཁོངས་ནས་ལོ་ན་བཅོ་བརྒྱད་མན་ཆད་ཕར་ཕུད་པས། འོས་བསྡུའི་ཐོབ་ཐང་ཡོད་མཁན་ཆིག་འབུམ་ཉིས་ཁྲི་ལྷག་ཡོད་ཀྱང་། མི་འབོར་ཆིག་འབུམ་ཉིས་ཁྲི་ལྷག་ནས་བརྒྱ་ཆ་༣༩ཙམ་གྱིས་སྐབས་བཅུ་བཞི་བའི་སྤྱི་ འཐུས་༤༣དེ་བདམས་ཡོད། གོང་གི་འགོག་རྐྱེན་དེ་གཉིས་གཅིག་པོ་མ་ཡིན་པར་འགོག་རྐྱེན་གཞན་ཞིག་ནི་བོད་ མིའི་སེམས་ཀྱི་གཤིས་ཀ་དེ་རེད། ༢༠༡༡ལོའི་བཀའ་ཁྲི་དེ་བོད་མི་ཤེས་འཇོན་རྩེ་གྲས་ཤིག་ཡོང་དགོས་རེད་བསམ་པའི་ བོད་མིའི་སེམས་ཀྱི་གཤིས་ཀ་དེ་རེད། བོད་མིའི་སེམས་ཀྱི་གཤིས་ཀ་འདིས་མཚམས་ལན་རེར་༧གོང་ས་མཆོག་གི་དགོངས་གཞི་ལ་ བལྟ་བྱེད་ཀྱི་བོད་མིའི་སྤྱན་དེ་ཡང་བསྒྲིབས་ཀྱིན་ཡོད། ངེད་ཀྱི་རྨོངས་འཆར་ལྟར་ན། ༢༠༡༡ལོའི་བཀའ་ཁྲིའི་ཐད་ཀྱི་༧གོང་ས་མཆོག་གི་དགོངས་གཞི་དེ་ཧ་ཅང་རླབས་ཆེན་ཡིན་ པ་གང་ཞིག་ལ་དེ་ལ་འགོག་རྐྱེན་ཇི་སྙེད་ཡོད་པ་དེ་ཡང་དངོས་ཡོད་གནས་ཚུལ་ཆགས་ འདུག་སྙམ།

བཞི།

༧གོང་ས་མཆོག་གི་དགོངས་གཞི་ནང་བཞིན་༢༠༡༡ལོའི་བཀའ་ཁྲི་དེ་ལོ་ གཞོན་ཞིག་ཡོང་ཐུབ་མིན་གྱི་མཐའ་མའི་ཐུག་ས་ནི་བཀའ་ཁྲིའི་འོས་འདེམས་ཀྱི་ཆ་ཤས་ ལེན་མཁན་བཙན་བྱོལ་མི་མང་རེད། ༧གོང་ས་མཆོག་གི་དགོངས་གཞི་གཙོ་བོར་འཇོག་དང་ཡང་ན་༢༠༡༡ལོའི་བཀའ་ཁྲི་དེ་ལྷ་མི་ གཉིས་ཀའི་ལས་ཀ་བྱེད་མཁན་ལྟ་བུ་ཞིག་དགོས་སྙམ་པའི་བོད་མིའི་སེམས་ཀྱི་གཤིས་ཀ་ དེ་གཙོ་བོར་འཇོག་མིན་ཡང་མཐར་གཏུགས་ན་བཙན་བྱོལ་མི་མང་རེད། ༢༠༡༡ལོའི་བཀའ་ཁྲི་དེ་༧གོང་ས་མཆོག་གི་དགོངས་གཞི་ནང་བཞིན་ལོ་གཞོན་ཞིག་གམ་ཡང་ ན་བུད་མེད་ཞིག་འདེམས་དགོས་དང་། ཡང་དེ་མིན་པར་ད་ཡོད་བཀའ་ཟུར་རྙིང་པ་ཞིག་བསྐྱར་དུ་འདེམས་དགོས་མིན་གྱི་དབང་ ཚད་ཆ་ཚང་ཡང་བཙན་བྱོལ་མི་མང་ལ་ཡོད། ངེད་རང་སྒེར་གྱི་བསམ་ཚུལ་ལ།
༧གོང་ ས་མཆོག་གི་དགོངས་གཞི་དང་པོར་འཇོག་རྒྱུ་ནི་གལ་ཆེར་མཐོང་། ༧གོང་ས་མཆོག་གི་དགོངས་གཞི་གལ་ཆེན་ཡིན་པ་དང་ཁོང་གི་དགོངས་གཞི་ནང་བཞིན་གྱི་ བཀའ་ཁྲི་ཞིག་ཡོང་བ་ལ་བཙན་བྱོལ་བོད་མི་ཚོའི་ངོས་ནས་ངོ་འཕྲོད་དགོས་བའི་གནད་ དོན་གསུམ་འདུག་སྙམ། ༡) བཙན་བྱོལ་བོད་མི་ཚོའི་ངོས་ནས་༧གོང་ས་མཆོག་གི་དགོངས་གཞི་ངོ་འཕྲོད་དགོས་བ་དེ་ གནད་འགག་ལྟེ་བ་ཡིན་པ་མ་ཟད་༧གོང་ས་མཆོག་གི་དགོངས་གཞིའི་ཕྱོགས་སུ་གོམ་པ་རྒྱག་ རྒྱུ་ནི་ཧ་ཅང་ནས་གལ་ཆེན་ཆགས་འདུག དེ་ཡང་ད་ལྟའི་སྐབས་སུ་༧གོང་ས་མཆོག་གི་དགོངས་གཞིའི་ཕྱོགས་སུ་བོད་མིའི་བསམ་ འདུན་ཕྱོགས་ཐུབ་པ་བྱེད་རྒྱུ་ནི་འཐུས་ཤོར་ཀུན་གྱི་སྔོན་འགོག་ལྟ་བུ་རེད། ༢ )བཙན་བྱོལ་བོད་མི་ཚོས་བཀའ་བློན་ཁྲི་བ་དང་ཁྲིམས་བཟོ་ལྷན་ཚོགས་བར་གྱི་དབང་ཚད་ དེ་ངོ་འཕྲོད་དགོས་རྒྱུ་དེ་ཡང་གནད་འགག་ཞིག་རེད་སྙམ། བཀའ་བློན་ཁྲི་བ་དང་ཁོང་གི་འཛིན་སྐྱོང་ལ་ལས་འཆར་དོན་སྙིང་ལྡན་པ་ཞིག་ཡོད་པའི་ དབང་དུ་བྱས་རུང་། དེ་ལ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོས་ནས་དགག་བྱ་བྱས་བ་ཡིན་ན་བཀའ་ཁྲིའི་ངོས་ནས་ དེ་བརྩི་མེད་གཏོང་བའི་དམིགས་བསལ་དབང་ཚད་ཅི་ཡང་མེད། བཀའ་ཁྲི་རྩེ་གྲས་ཤིག་འདེམས་པའི་དབང་དུ་བྱས་རུང་། གྲོས་ཚོགས་འཐུས་མི་ཚད་ལྡན་ཞིག་གདམ་མ་ཐུབ་ཚེ། བཀའ་ཁྲིའི་ལས་འཆར་རྣམས་བསམ་ཚུལ་རང་གི་ངོ་བོར་ལྷག་རྒྱུ་ནི་བརྗོད་མ་དགོས་བ་ ཞིག་རེད།
དེས་ ན། བཀའ་ཁྲི་རྩེ་གྲས་ལས་གྲོས་ཚོགས་འཐུས་མི་རྩེ་གྲས་གདམ་རྒྱུ་དེ་གལ་ཆེན་པོ་རེད་ ཞེས་ངེད་ཀྱིས་རྩོམ་ཡིག་སྔ་མ་འགར་གླེང་བ་བཞིན་འདིར་བསྐྱར་དུ་གླེང་འདོད་ བྱུང་།
འདིར་ དཔེ་མཚོན་ཆུང་ཆུང་བཞག་ན། ད་ལྟའི་བཀའ་བློན་ཁྲི་བའི་ཉིན་རེའི་ཕྱག་ལས་ཀྱི་ཆུ་ཚོད་བརྒྱ་ཆ་དྲུག་ཅུ་དེ་ སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་དྲིས་ལན་ཁག་གི་སྒང་ལ་གཏོང་དགོས་ཆགས་ཀྱིའདུག་ ཟེར། ༣) བཙན་བྱོལ་བོད་མི་ཚོའི་སེམས་ཀྱི་གཤིས་ཀའམ་བབ་ཆགས་དེ་ལ་འགྱུར་བ་ཕྲན་ཙམ་ཡོང་ ཐུབ་རྒྱུ་འདི་ཡང་གནད་འགག་ཞིག་རེད། ལྷ་མི་གཉིས་ཀའི་ལས་དོན་བྱེད་ཐུབ་མཁན་གྱི་བཀའ་ཁྲི་ཞིག་དགོས་བའི་སེམས་ཀྱི་བབ་ ཆགས་དེ་དོར་ནས་༧གོང་ས་མཆོག་གི་དགོངས་གཞི་དེ་གཙོ་བོར་འཛིན་དགོས་བ་དེ་རེད། བཙན་བྱོལ་བོད་མི་རྣམས་ཀྱིས་གོང་གི་གནད་དོན་འདི་གསུམ་ངོ་འཕྲོད་པའི་སྒོ་ནས་ ལག་ལེན་ལ་བསྟར་ཐུབ་པ་ཡིན་ན། ༧གོང་ས་མཆོག་གི་དགོངས་གཞི་དེ་ལམ་ལྷོང་ཡོང་རྒྱུའི་རེ་བ་ཞིག་འདུག་སྙམ། མདོར་ན། ད་ལྟའི་དུས་སུ་བཀའ་ཁྲི་འོས་འདེམས་གཙོས་བའི་བོད་དོན་འཐབ་རྩོད་དང་འབྲེལ་བའི་ ལས་དོན་ཆེ་ཕྲ་ཆུང་གསུམ་གང་ཡིན་རུང་༧གོང་ས་མཆོག་གི་དགོངས་གཞིའི་ཕྱོགས་སུ་ བོད་མིའི་བསམ་འདུན་སྤུངས་ཐུབ་པ་བྱེད་རྒྱུ་དེ་གནད་འགག་ཆགས་འདུག འདི་ལྟར་ངེད་ཀྱི་རྨོངས་འཆར་དེ་རེ་ཞིག་འདི་རུ་མཇུག་བསྡུས་བ་ཡིན།

རྩོམ་རིག

Post navigation

Previous Post: རྔ་བ་རྒྱལ་ཁམས་པར་ཕུལ་བ།
Next Post: ཆར་བའི་སྐད་སྒྲ།

Comments (16) on “༢༠༡༡ལོའི་བཀའ་ཁྲིའི་སྐོར་གྱི་གནད་དོན་འགའ་བསྐྱར་དུ་གླེང་དོན།”

  1. ཀླུ་སྨྱོན། says:
    2009-12-28 at 7:55 pm

    བཀླགས་ཚར་ནས་འདང་རྒྱག་བཞིན་བསྡད་ཡོད། སེམས་ལ་འཆར་རྒྱུ་རེ་ཡོད་ན་བསམ་ཚུལ་སྤེལ་གི་ཡིན། རྒན་མོ་ཁྱིས་དེད་གྲལ་མགོར་བསླེབས་ན་མི་བཟང་གི

  2. གཞོན་ནུ་ཟླ་མེད says:
    2009-12-28 at 8:32 pm

    རིག་འབྱུང་འདི་ད་བྱ་གཙོག་གི་ཡ། མ་འོངས་བཀའ་ཁྲི་བུ་མོ་ཟིག་ཡིན་དགོས་ཟེར། དེ་ཡང་སྔོན་མར་བཀའ་བློན་བྱས་ཟིན་ན་མི་འགྲིག་ཟེར། རིན་ཆེན་མཁའ་འགྲོ་དང་རྗེ་མཙུན་པདྨ་སོགས་བཀག་དང་ཟིག དེ་ནས་ལོ་ཆུང་ཅིག་ཡིན་དགོས་ཟེར། བཤད་ཀི་བཤད་ཀི་སུའི་སྟེང་ལ་འབབ་གི་ཡོད་ན། ཁ་སང་ཡེ་ཤེ་འཁྲུངས་སྐར་ལ་ཅིག་གིས་ཧོ་ཀོ་སྤྲད་དང་ནོ་ད་འདིས་འདི་མོ་ཆ་ལ་ཆོ་ལེ་འབྲི་གི་བསྡད་ཡོད་ནི་མ་རེད། ད་རུང་དེའི་རྒྱབ་གཉེར་དུ་གོང་ས་མཆོག་གི་གསུང་ཟོ་དྲང་གི་འདུག་འེ་དགོས་ཀི ཧཧཧ ཆི་མོ་རྒད་པོ་སྐྱ་སྟོང་ཟིག་ཡོད་ཀི བཀའ་ཁྲི་འདི་རྩེ་མོ་རྩེ་ས་མ་རེད།

  3. བློ་གྲོས། says:
    2009-12-28 at 10:48 pm

    དྲ་གྲོགས་རིག་འབྱུང་ལགས་ཀྱིས་ངོ་མ་བོད་ཀྱི་གནད་དོན་དང་།   མ་འོངས་བཀའ་ཁྲི་འདེམས་ཕྱོགས་སྐོར་ལ་ཐུགས་བསམ་ཞིབ་མོར་གནང་འདུག་པ་བཀའ་དྲིན་ཆེ།   ད་དུང་ཐེངས་གཅིག་བཀླགས་ནས་རྨོངས་འཆར་རེ་འབྲི་ཨེ་ཤེས་ལྟ་ཡི་ཡིན།
    གཞོན་ནུ་ཟླ་མེད་ཟེར་བ་འདི་ཇི་འདྲའི་སྤྱི་སེམས་མེད་མཁན་ཞིག་རེད།   དགེ་ལུགས་པའི་སྐོར་ཞིག་བཤད་དུས་སྙིང་ལ་གྲིས་བཙུགས་པ་ལྟར་འཕགས་ཚགས་དང་འོ་དོད་གནམ་ས་རལ་བ་ལྟ་བུ་རེ་བྱེད་ཀྱིན་འདུག   སྟོན་པ་སངས་རྒྱས་དང་།   ༧གོང་ས་མཆོག   བོད་ཀྱི་གནད་དོན་གླེང་དོན་ཟུར་ཟ་དང་ཤགས་འབྱེད་ཙམ་དུ་བརྩིས་ནས་སྣང་ཆུང་བྱེད་བཞིན་པ་འདི་ཆེས་བློ་ཕམ་གྱི་གནས་ཤིག་རེད།   གང་ལྟར་ཁོ་རང་གིས་རང་དབང་ཟེར་བ་དེ་དེ་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་འདྲ་བས་གཡུགས་ཞོག   
    རིག་འབྱུང་ལགས་ལ་སླར་ཡང་བཀའ་དྲིན་ཆེ་ཞུ་བ་ཡིན།

  4. མྱིག་རྫོད་ says:
    2009-12-28 at 11:01 pm

    བློ་གྲོས་ལགས།   ཁྱོད་ཀྱིས་དགེ་བླུགས་པའི་སྐོར་མ་བཤད་མ་གཏོགས།   གཞོན་ནུ་ཟླ་མེད་ཀྱི་སྙིང་ཁྲག་ཁ་ནས་སྐྱུགས་ཡོང་ནི་རེད།   སྙིང་རྗེ།  བོད་མི་ཟམ་ཟན་ཞིག་སྙིང་གད་ནས་ཤི་ན་སྙིང་རྗེ་རེད་པ།

  5. གཞོན་ནུ་ཟླ་མེད says:
    2009-12-29 at 12:24 am

    བ་ལི་མའི་སྙ་མ་མ་ཚ་ན། གླང་ཏིའི་རླུག་པ་ན་དོན་ཅི་རེད།

  6. མདོ་ལྷ་ཁམས་པ། says:
    2009-12-29 at 12:29 am

    དགེ་ལུགས་དང་དགེ་བླུགས་གི་སྐད་ཆ་དེ་ཚོ་སྐབས་འདིར་མི་འོས་པའི་སྐད་ཆ་ཅིག་རེད། གཏན་དུ་མཚམས་འཇོག་བྱས་ན་ཡག་པའི་སྐད་ཆ་ཅིག་རེད།
    རང་གི་བསམ་ཚུལ་བྱས་ན་བཀའ་ཁྲི་ཡང་དེ་ཙམ་གྱིས་ཛ་དྲག་གལ་ཆེན་པོ་ཅིག་མ་རེད་བསམ་གི་འདུག
    བཀའ་ཁྲི་ནི་འཇོན་རུང་མ་འཇོན་རུང་མི་སྣ་རྐང་གཅིག་རང་གཅིག་སྟེ། གཞུང་གི་གྲོས་ཚོགས་ལྷན་ཁང་གིས་བཟོས་པའི་ཁྲིམས་ལུགས་ལྟར་ལག་ལེན་བྱེད་ཐུབ་མིན་ཁོ་ན་ཙམ་ཡིན།
    ཧ་ཅང་གལ་ཆེན་པོ་ཅིག་ནི་མི་མང་གི་སྤྱི་འཐུས་ཚོ་རེད་བསམ། སྤྱི་འཐུས་ཚོ་ནི་རྒྱལ་ཁབ་དང་གཞུང་གི་བཅའ་ཁྲིམས་བཟོ་བ་བོ་ཡིན་སྟབས་གལ་སྲིད་གཞུང་གི་བཅའ་ཁྲིམས་གཏན་འབེབས་བྱེད་སྟངས་ལ་ནོར་འཁྲུལ་ཤོར་ཚེ་ལས་ཁུངས་མ་ལག་དང་བཅས་པའི་གཞུང་མང་ཡོངས་རྫོགས་ལམ་ནོར་ལ་རྫོངས་གི་ཡོད་པ་རེད།
    གཞན་ཡང་སྤྱི་འཐུས་དང་སྤྱི་འཐུས་ཀྱིས་བཟོས་པའི་གཞུང་གི་བཅའ་ཁྲིམས་ཚད་དང་ལྡན་ཞིག་ཡོད་ན་བཀའ་བློན་ཁྲི་པ་ཡོད་ཀྱང་རུང་མེད་ཀྱང་རུང་མི་མང་ལ་དེ་ཙམ་གྱིས་ཁྱད་པར་མེད།
    དཔེར་ན། ཡུ་རོབ་ཀྱི་རྒྱལ་ཁབ་ལ་ལ་ན་མཚམས་རེར་སྲིད་བློན་གཙོ་བོ་མེད་ནས་ཟླ་བ་མང་པོར་ལྷག་ན་ཡང་གཞུང་གི་ཆབ་སྲིད་དང་མི་མང་གི་འཚོ་བ་སྲ་ཐག་ཐག་གནས་བཞིན་ཡོད།
    འདི་ནས་ང་ཚོས་ཉམས་མྱོང་གི་དཔེ་མཚོན་ལེན་ཆོག་གི་རེད་བསམ།

  7. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2009-12-29 at 1:30 am

    ཨོ་ ད་ བུད་མེད་ལོ་གཞོན་ཞིག་བཀའ་ཁྲི་ལ་ཕེབས་དགོས་ན་ འཇུ་ཆེན་དཀོན་མཆོག་བྱེད་ན་ག་འདྲ་འདུག་ མོ་ལོ་ཡང་ཆུང་ བརྒྱབ་སྐྱོར་དང་དཔུང་འསྒྲིགས་མཁན་ཡང་དགའ་རག་ཡོད་གསུངས་གི་འདུག་བ་ ང་ཚོ་ད་དཔུང་ཞིག་མ་བསྒྲིགས་ན་རང་བཙན་དང་ག་བ་ག་བ་དབུ་མའི་ལམ་ཡང་ ཨ་་་་ཧ་་་ཧཧཧ

  8. ཆོས་འཕེལ says:
    2009-12-29 at 2:03 am

    བཀའ་ཟུར་ཡང་བསྐྱར་བཀའ་ཁྲིའི་སྐུབ་སྟེགས་ཐོག་ཏུ་འཛེགས་འདོད་ཅན་རྣམས་སུ་ཡིན་བདེན་པའི་ངོ་སྤྲོད་འདྲ་ཡོད་ན་གནང་རོག ཡིན་སྙམས་བསམ་ནས་དྲྭ་ངོས་སུ་མུན་ནག་མདའ་འཕེན་བྱེད་པས་ནི་བོད་ལ་མི་ཕན། ལྷ་མི་གཉིས་ཀྱི་ལས་ཀ་བྱེད་ཐུབ་མཁན་ནམ། མི་བྱེད་མཁན་གྱི་ཆོས་མེད་རིང་ལུགས་འཛིན་པ་ཞིག་བཀའ་ཁྲི་བྱེད་ནས་ཕྱག་ལས་བསྟར་སའི་འཁོར་ཡུག་ཞིག་ཆགས་དགོས་ན། ད་དུང་གཏོག་ཙམ་སྒུག་དགོས་ཐུག་ཀྱི་རེད་དྲན་གྱི་ཡོད།

    སྦ་དབྱུག་དྲང་པོར་བྱེད་པ་ལ་མ་འཁྱོག་སར་དཀུག་ཆེ་ཙམ་བྱ་དགོས་པ་ནང་བཞིན་གྱི་ཆབ་སྲིད་ཀྱི་ལྟ་བས་དཔྱད་རྩོམ་སྤེལ་བ་ཡིན་ན་ཐང་། གཞན་དུ་ན། ཡོང་རྒྱུ་མེད་པའི་སྐད་ཆ་དེ་དོར་ནས། ལོ་ཆེ་ཆུང་དང་ཕོ་མོའི་ཆེ་གེ་མོ་ཞིག་ཡིན་དགོས་ཟེར་བ་དེ་ནི་༢༠༡༡་ལོའི་བཀའ་བློན་ཁྲི་བར་དགོས་པའི་ཆ་རྐྱེན་གཙོ་ཡིན་པ་དེ་གོང་ས་མཆོག་གི་དགོང་ཕུག་གི་དགོངས་བཞེད་ཡིན་པ་དུས་ནམ་ཡང་ཁས་ལེན་གྱིན་མིན། ༧གོང་ས་མཆོག་གི་གསུངས་ལ་དྲངས་ངེས་སྣ་ཚོག་ཡོད། དོན་སྒྲ་ཇི་བཞིན་ཡོང་ཞེན་ན། བདག་ཉིད་ཉམས་ཞིང་བློ་ཉམས་འགྱུར་ཞེས་གསུང་པ་ལྟར། བོད་འཐོར་བའི་ཉེས་ཁ་འགྱུར་སྲིད། དཔོན་པོ་འཇོན་ཐང་ཇི་ལྟར་ཡོད་ཀྱང་མང་ཚོགས་ཀྱིས་རྒྱབ་སྐྱོར་མ་ཐུབ་ན། རང་བཙན་ཅན་གྱི་རྒྱལ་ཁབ་རྣམས་ལ་ལམ་ལྷོང་འགྲོ་རྒྱུ་མིན་ན་རང་རེ་སྐྱབས་བཅོལ་བ། ཆོས་ལུགས་དང་ཆོལ་ཁའི་ཕྱོགས་ཞེན་ལུས་དང་དྲི་མ་བཞིན་འགྲོགས་པའི་སྤྱི་ཚོགས་ནང་དུ་སྨོས་མེད་རེད། མང་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་དགོས་ན། མང་ཚོགས་དགའ་མཁན་མང་དགོས། མང་ཚོགས་དགའ་མོས་མང་དགོས་ན། མང་ཚོགས་ཀྱི་ཤེས་ཡོན་དང་། མང་ཚོགས་ཀྱི་ལྟ་བ་དང་། མང་ཚོགས་ཀྱི་འདོད་མོས་དང་མཐུན་པ་ཞིག་མཛད་དགོས་ཀྱི་རེད་མ་གཏོགས། གང་ཟག་སྔོན་ཐོན་ཅན་དུ་རློམ་པ་ཁ་ཤས་ཀྱི་ལྟ་བ་ཡི་དག་གི་རྐང་པས་མང་ཚོགས་རྨོངས་དད་དང་། རིགས་གཞུང་ལ་ཤ་ཞེན་ཆེ་ཞིང་། སྔོན་ཐོན་གྱི་ཤེས་ཡོན་དམན་པའི་ལྗི་ཚད་ཆེ་བའི་ལུས་པོ་ཐེག་ཁག་པོའི་ཐོག་ཕྱི་ནང་གང་ཅི་མེ་རུ་འབར་བའི་ཉེས་ཁ་ཆེ།

  9. ཆོས་འཕེལ says:
    2009-12-29 at 2:07 am

    ལྷ་མི་གཉིས་ཀྱི་ལས་ཀ་བྱེད་མི་ཐུབ་མཁན་ནམ ནོར་བཅོས

  10. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-29 at 5:20 am

    ངེད་ཚང་ལ་བཀའ་ཁྲི་གང་འདྲ་ཞིག་དགོས་ཟེར་ན་དེ་ནི་ངས་སྔོན་ཆད་ཀྱང་ཞུས་མྱོང་བ་ལྟར། རང་གི་ལྟོ་གོས་ལས་བོད་མི་རིགས་ཀྱི་ལྟོ་གོས་ལ་བསམ་བློ་གཏོང་བ་ལག་ལེན་ཡོད་མཁན་ཞིག་དགོས་ཀྱི་ཡོད། གཞན་གྱི་སྐད་ཡིག་ལས་རང་གི་སྐད་ཡིག་ལ་ཐོངས་ཆེན་དང་ལག་ལེན་བྱེད་མཁན་ཞིག་དགོས། བོད་ཕྱི་ནང་གཉིས་ཀྱི་བསམ་ཚུལ་ལས་བོད་ནང་གི་བསམ་ཚུལ་གཙོ་བོ་འཛིན་མཁན་ཞིག་དགོས། དེ་ལ་སྐྱེ་ཕོ་མོའི་ས་མཚམས་མེད་ལ། དེ་ལ་སྐྱ་སེར་གང་ཡིན་གྱི་དབྱེ་བ་མེད། མི་དེ་འདྲ་ཞིག་སྐྱ་སེར་གཉིས་ཀྱི་ཁྲོད་ནས་གང་ཡིན་ན་འགྲིག ཕོ་མོ་གཉིས་ཀྱི་ནང་ནས་གང་བྱུང་ན་ཆོག དེ་ནི་ང་རང་གི་བསམ་བཞིན་པའི་བོད་ཀྱི་མ་འོངས་པའི་བཀའ་ཁྲི་ཡིན་ལགས།

  11. karma dorje says:
    2009-12-29 at 10:19 am

    mDang-Nub ngaé rMilam nang.gi tsigs-ma : bKav-khrir vos-mi la,
    Bud-Med dShon-Nu mMa-szig byung-Na mZes: Fo-gShon Ngar-ma Yud-Tsam bsKos-Na gDav: De-min vKHod-Na Ya-Mtsan Chhe-Rgyu Med:
    rGya-Ri La-Ma bsKos-Na dGav-wa la: Glu-gSZes! dgav-yang dGava la-la!!!sKyid-yang sKyid-pa la-la!!!!!!!!!

  12. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-12-29 at 2:53 pm

    གཞོན་ནུ་ལགས།
    ཀུ་རེ་དེ་ཀུ་རེའི་ཕྱོགས་ལ་བཞག བགྲོ་གླེང་དེ་བགྲོ་གླེང་གི་ངོ་བོར་འཇོག་ཐུབ་ན་ཡག
    ཧོ་ཀོའི་སྐོར་གྱི་སྐད་ཆ་དེ་ཚར་བ་ཡིན། ད་བཀའ་ཁྲིའི་སྐོར་གྱི་གནད་དོན་སྐོར་ལ་བཤད།
    ད་དུང་ཨ་རིའི་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་ནས་བཀའ་ཁྲིའི་འོས་མི་ཞིག་རྙེད་ཐུབ་མིན་ལ་བསམ་བློ་ཐོངས།
    ྐླད་པ་དཀྲུགས།

  13. གཞོན་ནུ་ཟླ་མེད says:
    2009-12-29 at 5:06 pm

    རིག་འབྱུང་དགོངས་དག ཀུ་རེ་རྩེ་བ། ད་དྲང་མོར་བཤད་ན་ཨ་རི་དང་ཡོ་རོབ་ན་བཀའ་བློན་དུ་འོས་པ་མང་རྒྱུ་རེད། ཡིན་ན་ཡང་བཀའ་ཁྲིར་འོས་པ་ཡོད་རྒྱུ་མ་རེད་བསམ། མ་ཟད་གཞུང་གི་དགོངས་པ་ན་ཡང་བཀའ་ཁྲི་བཀྲིས་དབང་འདུས་ཡིན་ཡིན་པ་ཡིན་ནི་རེད། སློབ་སྦྱོང་། ཉམས་མྱོང་། རྒྱབ་རྩ། གང་ཐད་ནས། ད་རུང་གཞུང་གིས་སྔར་ཡོད་ཉམས་མྱོང་གི་སྟེང་དུ་ཨ་རི་དང་ཡོ་རོབ་ལ་ཕྱག་ལས་གནང་གི་བཏང་བ་དེ་བཀའ་ཁྲིའི་སྦྱོང་བརྡར་ཅིག་ཡིན་རྒྱུ་རེད་བསམ། དེའི་རྐྱེན་གྱིས་ང་རང་གི་ངོས་ནས་བཀྲ་ཤིས་དབང་འདུས་ལ་འོས་ཤོག་༡༠༠༠ བཙལ་རྒྱུ་ཡིན། སློབ་སྦྱོང་གི་ཡོན་ཏན་ཆ་རྐྱེན་ཅིག་རེད་མོད། གཙོ་བོ་མི་དབང་བསྡུ་ཅན་ཟིག་དགོས་ནི་རེད། མང་པོ་གཅིག་བསྡུ་བྱེད་ཐུབ་པའི་ནུས་པ་ཅན་ཟིག་དགོས་ནི་རེད།

  14. རྩམ་དགའ་ says:
    2009-12-29 at 6:48 pm

    ངས་བལྟས་ན་བཀའ་ཁྲི་ལ་ཞི་མོ་ཡག་མ་ཟིག་བཞག་ན་ཧྲ་གི་འདོག དེང་སང་བུད་མེད་མཛེས་མ་ཚོས་མི་ཆེན་དཔོན་ཆེན་ཁོ་ཡིན་ང་ཡིན་ཚང་མ་ཚུར་འགུགས་ཐུབ་ཀིན་ཡོད་ནི་རེད། རྒད་པོ་མགོ་དམར་ཞིག་གིས་དཀོན་མཆོག་དཔང་ལ་བཞག་ནས་སྐད་ཆ་བརྒྱ་སྟོང་རེ་བཤད་པ་ལས་མཛེས་མ་ཞིག་གིས། འཛུམ་མདངས་མངོན་ཐེངས་ཤིག་གིས་ཕན་ནི་རེད། དེས་ན་ད་ནས་ཁྱོད་ཚོས་བཀའ་ཁྲིར་འོས་པའི་མཛེས་མ་སུ་འདུག་ལ་མདང་ཟིག་རྒྱོབས།

  15. lala says:
    2009-12-30 at 1:49 pm

    བཀའ་ཁྲི་དུས་རབས་ཀྱི་འགྲོས་ཤེས་མཁན། བོད་དོན་ལ་བློ་དཀར་སེམས་དཀར་བྱེད་མཁན། བོད་མི་དམངས་ཀྱིས་བློ་གཏོད་ཐུབ་ལ་མཛད་པ་མིག་མཐོང་ལག་ཟིན་ཡོང་བ་བྱེད་མཁན་ཞིག་བདམས་དགོས་ན་འཇམ་དབྱངས་ནོར་བུ་ལས་ལྷག་པ་ཞིག་རྙེད་དཀའ་བ་རེད། བོད་པའི་ཆབ་སྲིད་ལངས་ཕྱོགས་ཀྱི་ངོས་ནས་བཤད་ཀྱང་མ་འོངས་པའི་ལམ་བུ་ནི་རང་བཙན་བརྩོན་ལེན་གྱི་ཕྱོགས་སུ་ལམ་ཁ་བསྒྱུར་དགོས་པའི་དུས་ཚོད་ཞིག་ལ་སླེབས་ཟིན་པ་ཡིན། འདས་པའི་མི་ལོ་བཅུ་ཕྲག་མང་པོའི་རིང་འཚེ་མེད་ཞི་བའི་ལམ་དང་རང་སྐྱོང་གཙང་མའི་ཕུགས་རེ་དེ་དག་རྒྱ་གཞུང་གིས་ཇི་ལྟར་རྩིས་མེད་རྡོག་རོལ་དུ་བཏང་བའི་གནས་ཚུལ་དེ་དག་འཛམ་བུ་གླིང་གིས་མིག་མཐོང་ལག་ཟིན་བྱུང་ཡོད་ལ། འཛམ་བུ་གླིང་གི་མིག་མདུན་དུ་བོད་ཅེས་པའི་མི་རིགས་འདི་ཡི་བདེ་སྡུག་ཆགས་འཇིགས་བཤམས་ཐུབ་པ་ནི་འདས་པའི་ལོ་ཟླའི་རིང་དུ་ང་ཚོ་ལ་ཐོབ་པའི་འབྲས་བུ་རེད། ཕྱིས་འབྱུང་ང་ཚོའི་ལས་འགན་གཙོ་བོ་ནི་བོད་ཅེས་པའི་མི་རིགས་འདི་ཇི་ལྟར་ལོ་རྒྱུས་ཐོག་ཏུ་རང་བཙན་རྒྱལ་ཁབ་ཡིན་པ་དང་ད་ལྟའི་དུས་སུ་ཡང་བོད་མི་རིགས་ལ་ཐོབ་ཐང་དེ་དགོས་པའི་སྐོར་ལ་ལས་ཀ་བྱེད་དགོས་པ་ནི་མི་རིགས་འདི་ཡི་ཆགས་འཇིག་དང་འབྲེལ་བ་ཡོད་པར་མཐོང་།

  16. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-12-31 at 12:31 am

    གོང་དུ་དྲ་གྲོགས་ཤིག་ནས་འཛམ་བུ་གླིང་གིས་མིག་མཐོང་ལག་ཟིན་བྱུང་ཡོད་གསུངས་འདུག འདིའི་སྐབས་ཀྱི་འཛམ་བུ་གླིང་ཟེར་དུས། ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཕལ་ཆེ་བ་དང་ཨ་ཧྤེ་རི་ཀའི་རྒྱལ་ཁབ་ཁག་ དཀྱིལ་ཤར་ཨེ་ཤེ་ཡའི་ཡུལ་ལུང་སོགས་འདུས་ཡོད་དམ་མེད། རྒྱ་ནག་གིས་བོད་དོན་བརྩི་མེད་རྡོག་རུལ་གཏོང་བཞིན་པའི་སྐོར་དེ། གོང་གི་ཡུལ་ལུང་དེ་དག་གིས་གསལ་གསལ་ཐང་ཐང་ཞིག་མཁྱེན་གྱི་ཡོད་དམ། འདི་དག་ལ་ཡང་བསམ་བློ་ཅུང་ཟད་ཙམ་གཏོང་རྒྱུ་འདུག་བསམ། ད་ཕན་བོད་དོན་ལ་དོ་སྣང་ཆེ་ས་ནི་བྱང་ཨ་རི་དང་ཡོ་རོབ། ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་འགའ་བཅས་རེད། དེ་ཙམ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme