Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༢༠༠༨ ལོའི་བོད

Posted on 2008-12-132008-12-13 By དགེ་རབ་ 3 Comments on ༢༠༠༨ ལོའི་བོད

གཡུ་ཞུན
————
༢༠༠༨ལོའི་མཐའ་མཇུག་གི་ཤོག་ལྷེ་ཕར་ལྟེབ་ལ་ཉེ་བའི་དུས་འདིར་མིག་ཟུང་ཕྱིར་ད་ལོའི་སྤྱི་ཟླ་གསུམ་པར་མི་གཏད་རང་གཏད་ཆགས་།་དེ་ནི་བོད་ཀྱི་དེང་རབས་ལོ་རྒྱུས་ཐོག་དམར་པོ་ཁྲག་གིས་ཡང་བསྐྱར་བྲིས་པའི་ལེའུ་གསར་བ་ཞིག་གོ ལྷག་པར་དུ་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་དབང་བསྒྱུར་བྱས་ཏེ་།དུས་རབས་ཕྱེད་ཙམ་སོང་པའི་རྗེས་སུ་ནང་སྒོས་ཁོ་ཚོའི་སེམས་སུ་བོད་རིགས་གཞོན་སྐྱེས་རྣམས་དེང་རབས་དཔལ་ཡོན་གྱི་སློབ་གསོ་ཟེར་བ་དང་དཔལ་འབྱོར་ཡར་རྒྱས་ལས་ཚང་མ་རྒྱུ་རྔམ་གི་བྲན་ལ་འཁོད་ནས་བོད་ཀྱི་རིག་གཞུང་དང་ཆོས་ལ་དད་ཞེན་མེད་པར་།གཞུང་ཕྱོགས་ཀྱི་བྲན་བསྒྱུར་སློབ་གསོ་དང་དཔལ་འབྱོར་སླུ་བྲིད་འོག་རྦད་དེ་ཚུད་ཡོད་སྙམ་པའི་དུས་འདིར་།སྤྱི་ལོ་ཉིས་སྟོང་བརྒྱ་མེད་བཅུ་མེད་བརྒྱད་ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུའི་དུས་དྲན་ཡས་མས་ནས་བཟུང་།སྟོད་ཀྱི་ཉི་མ་ལྷ་སའི་སེ་འབྲས་དགའ་གསུམ་ནས་མདོ་སྟོད་སྨད་བོད་ཀྱི་ས་ཆ་ཕལ་མོ་ཆེར་སེར་སྐྱ་ཕོ་མོ་རྒན་དར་གཞོན་གསུམ་གྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱེན་ལངས་ཀྱི་ལས་འགུལ་ཆེན་མོ་སྤེལ་བ་དང་།་ཕལ་ཆེར་སྤྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ནས་ལས་འགུལ་གཞི་རྒྱ་ཆེ་ཤོས་དང་ཛ་དྲག་ཏུ་སོང་ཞིང་།ཚེས་ཉི་ཤུ་ཙམ་ནས་རྒྱ་ནག་གཞུང་གིས་བོད་མི་འཛིན་བཟུང་གི་འགོ་བཙུགས་པ་རེད་། གང་ས་གང་དུ་ཉེན་རྟོག་པ་དང་དམག་མི་འབོར་ཆེན་འགྲེམ་གཏོང་གིས་ངོ་རྒོལ་བྱེད་ཡུལ་ས་ཁུལ་ཁག་ཏུ་ལས་འགུལ་ནང་ཞུགས་དང་མ་ཞུགས་ཀྱི་དབྱེ་བ་མེད་པར་བོད་མི་སེར་སྐྱ་ཕོ་མོ་མང་པོ་ཞིག་འཛིན་བཟུང་བྱས་ཡོད་།་བོད་ཀྱི་བཙོན་ཁང་ཆ་ཚང་ཁ་བཀང་ནས་།གཞུང་གི་ལས་ཁང་དང་སློབ་གྲྭའི་སློབ་ཁང་མང་པོ་ཞིག་ཀྱང་འཕྲལ་སེལ་བཙོན་རར་གྱུར་བའི་གནས་ཚུལ་དང་།ཡང་མང་པོ་ཞིག་རྒྱ་ནག་གི་བཙོན་ར་ཁག་ཏུ་བསྐྱལ་བ་སོགས་གོ་ཐོས་བྱུང་།དེ་བཞིན་མདོ་སྨད་འབོ་ར་ཨ་མཆོག་ཡུལ་གྱི་དཔལ་རྒོད་ཚོས་རྟ་ཕོའི་བང་རྩལ་གྱི་རྨིག་སྒྲས་རྒྱ་མཁར་རྡུལ་གྱིས་བཀང་པའི་ཀི་སྒྲ་རེ་ཞིག་སུའི་ཨཱུན་ཨཱུན་སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་མཛེས་རིས་དམིགས་བསལ་བ་ཞིག་ཏུ་གྲུབ་།དེ་ནི་སྤྱི་ལོ་༡༩༥༨ལོའི་ཚུད་ཀྱི་བོད་ནང་གི་ངོ་རྒོལ་ལས་འགུལ་ཆེ་ཤོས་དེར་ངོ་འཛིན་བྱེད་བཞིན་ཡོད་།
གལ་ཏེ་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་ནང་སྐྱེས་པའི་གཞོན་རབས་པས་བོད་ཀྱི་ང་བརྒྱད་ཟིང་འཁྲུག་ཟེར་བ་དང་རིག་གནས་གསར་བརྗེ་ཆེན་མོའི་སྐོར་གོ་ཐོས་ཙམ་ཡང་མེད་པས་དབང་དུ་བཏང་ན་།ད་ཐེངས་དཔེ་ཁུག་རྒྱབ་ཏུ་ཁུར་བའི་སློབ་མ་རྣམས་དང་དེ་དང་ལོ་མཉམ་གྱི་ལུག་རྫི་གླང་རྫི་ཚོར་དངོས་བྱུང་ལོ་རྒྱུས་ཀྱི་སྐྱོ་གར་ཡང་ཅིག་དམར་ཁྲིད་བྱས་པ་རེད་།དེ་སྔོན་བགྲེས་པོ་ཚོས་ནམ་རྒྱུན་མིག་ནས་མཆི་མ་འདོན་ཞོར་ང་ཚོར་གསུང་མྱོང་པའི་ཁོང་ཚོའི་ཕ་མ་དང་རང་གི་ལས་ཐོག་ནས་མྱངས་པའི་ལོ་རབས་ལྔ་བཅུའི་མི་ཤི་རྟ་འགྱེད་ཀྱི་ཡ་ང་བའི་གཏམ་རྒྱུད་རེ་རེ་ང་ཚོའི་སེམས་ན་འཇགས་པ་བཞིན་། དེ་རིང་གི་གཞོན་སྐྱེས་ཚོས་ཁོང་ཚོའི་མིག་མདུན་དུ་ཨ་ཕ་དམག་མིའི་མདའ་ཁ་ནས་བཀྲོངས་བ་དང་།ཕུ་བོ་བཙོན་དུ་བཅུག་པ་།་ཨ་མ་ཡུགས་སར་ལྷག་པའི་སྡུག་བསྔལ་བརྗེད་རུང་ངམ་།མདོ་སྨད་རྔ་བའི་བུ་མོ་ལྷུན་གྲུབ་སྐྱིད་ཀྱིས་དཔེ་ཁུག་རྒྱབ་ཏུ་ཁུར་ནས་སློབ་གྲྭར་འགྲོ་བའི་ལམ་བར་དུ་ལང་ཚོའི་མེ་ཏོག་རྒྱ་དམག་གི་མེ་མདའི་ཁ་ནས་རྫོགས་པའི་སྡུག་བསྔལ་བརྗེད་རུང་ངམ་། མདོ་སྨད་མགོ་ལོག་རྨ་ཆེན་གངས་རིའི་འདབས་སུ་དགུང་ལོ་ཉི་ཤུ་སོན་ཙམ་གྱི་གྲྭ་བ་ཆོས་སྟོབས་ལ་རྒྱ་ནག་གཞུང་གི་ཉེན་རྟོག་པས་མེ་མདའ་བསྟུད་མ་བསྟུད་ཐོག་གིས་ཐེངས་ལྔ་བརྒྱབ་ཀྱང་ཁོང་ལངས་མ་གོག་གིས་ཕྱིར་འཁོར་ནས་ཉེན་རྟོག་པའི་ལག་གི་མེ་མདའ་འཕྲོག་སྟེ་ཕ་རོལ་བ་སར་འགྱེལ་བ་དང་ལྷན་དུ་།་གཞི་ནས་ཁོང་གི་མིག་ཟུང་བཙུམ་པའི་སྐྱོ་གར་བརྗེད་རུང་ངམ་།དེ་ནི་ང་ཚོས་ཧ་ལེ་ཝོལ་ཊིའི་གློག་བརྙན་ལ་བལྟས་བ་མ་ཡིན་པར་།་ད་ལོའི་བོད་ཀྱི་གནས་སྟངས་དངོས་ཤིག་རེད་།ད་དུང་འདི་ལྟར་བོད་ཆོལ་ཁ་གསུམ་དུ་བོ༹ད་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བ་བརྗེད་རུང་ངམ།ང་ཚོའི་གཅེས་སུ་རུང་པའི་གྲྭ་བཙུན་དང་མི་སྐྱ་ཕོ་མོ་དེ་དག་གི་བེམ་པོ་གཅིག་ཐོག་གཅིག་བརྩེགས་བྱས་ཀྱང་མཐའ་མའི་དུར་འཇུག་ཙམ་ཡང་བྱེད་དབང་མེད་པར་མཐའ་བཞི་དམག་མིས་བསྐོར་ནས་མི་ཚོགས་ལ་ངོམ་བཤམས་བྱེད་པའི་བརྙས་བཅོས་སུ་ཡིས་ཁུར་། ཁོང་ཚོ་འདི་ལྟར་བཞུད་སོང་། ང་ཚོའི་ཤ་རུས་གདུང་རྒྱུད་གཅིག་པའི་སྙིང་ཉེ་བའི་སྤུན་ཟླ་ཚོ་འདི་ལྟར་བཞུད་སོང་།
ད་ལོ་ནི་བོད་རྒྱ་ནག་གི་བཙན་དབང་དུ་ཤོར་ནས་དུས་རབས་ཕྱེད་ཀའི་རིང་བསྐྱར་དུ་ས་ཆེན་ཁྲག་གིས་བརྫུས་པའི་ཕམ་ཉེས་ཡིན་ཀྱང་རུང་། ཁོང་ཚོའི་རིན་ཐང་བྲལ་བའི་ཚེ་སྲོག་གིས་སྒྲོན་པའི་མར་མེ་རེ་རེ་ནམ་ཡང་གཟིམ་མེད་གནས་ཞིང་།རླབས་ཆེན་གྱི་སེར་སྐྱ་ཕོ་མོ་དེ་དག་གི་མཚན་བྱང་ནམ་ཞིག་བོད་ཆེན་མོའི་ལོ་རྒྱུས་དྲན་རྟེན་རྡོ་རིང་དུ་བཀོད་ངེས་ལ་། བོད་ཅེས་པའི་འཛམ་གླིང་ཡང་རྩེའི་མཐོ་སྒང་ན་གནས་པའི་མི་རིགས་འདི་ཇི་སྲིད་བར་ཉམས་པ་མེད་པར་གསོན་པོར་གནས་ངེས། ཁོང་ཚོ་བོད་མི་དམངས་ཀྱི་སེམས་ན་ནམ་ཡང་གནས་ཡོད་ལ་། དྲང་བདེན་ལ་དགའ་བའི་འཛམ་གླིང་སྐྱེས་བོ་རྣམས་ཀྱི་སེམས་ན་རྟག་ཏུ་གནས་ཡོད་།ཁོང་ཚོའི་ཟུངས་ཁྲག་དང་ལང་ཚོས་སྦར་བའི་མཆོད་མེ་རེ་རེ་ནམ་ཡང་གངས་ཅན་བོད་མིའི་སེམས་སུ་གནས་ལ་།དེ་ནམ་ཡང་གཟིམ་པ་མེད་པར་མི་རབས་ནས་མི་རབས་བར་གནས་ངེས་།
ད་ལོ་ནི་བོད་ཀྱི་ལོ་རྒྱུས་ཐོག་བོད་གཞིས་བྱེས་གཉིས་ཀ་གོང་བུ་གཅིག་སྒྲིལ་གྱི་ལོ་ཟླ་ཁྱད་པར་ཅན་ཞིག་སྟེ་། གཞིས་སུ་ཟུངས་ཁྲག་གིས་སྒྲོན་པའི་མཆོད་པ་རེ་རེ་གངས་རིའི་དབུ་རྩེ་བརྒྱུད་ནས་མཆེད་ཡོང་ལ་། རྒྱ་ནག་གི་ཨོ་ལེམ་ཕི་ཀི་རྩེད་འགྲན་གྱི་དཔལ་འབར་ང་རྒྱལ་གྱིས་འཛམ་གླིང་ནང་སྒྲོན་ཡོང་དུས་།བྱེས་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཡོ་རོབ་གླིང་གི་ཕ་རན་སུའི་ལྕགས་མདུང་མཆོད་རྟེན་ནས་དབྱིན་ཇིའི་ཁྲོམ་གཞུང་ཆེན་མོ།ནུབ་ཀྱི་རྒྱ་མཚོའི་ཨ་རིའི་གསེར་སྒོ་ཆེན་མོའི་ཟམ་ཆེན་བར་རྒྱ་ནག་གུང་ཁྲན་གཞུང་གི་གདོང་རིས་དམར་རྗེན་ཕྱི་ལ་མངོན་པར་བཅུག་སྟེ་རྒྱལ་སྤྱིའི་སྟེང་དུ་ངོ་ཚ་ཁ་སྐྱེངས་བཟོས་སོང་།རྒྱ་ནག་གཞུང་གི་གཡོ་ཇུས་ལས་རྒྱ་ནག་ནང་ཁུལ་ལས་ནུབ་ཕྱོགས་ཡུལ་ན་ཟུར་ལྔའི་དར་ཆ་དམར་པོའི་རྒྱ་མཚོའི་རླུང་དམར་རེ་ཞིག་གཡུགས་ཀྱང་རུང་།ནམ་ཞིག་ལོ་རྒྱུས་ཀྱིས་དེར་དག་ཐེར་བྱེད་ངེས་ལ།དམངས་གཙོ་དང་རང་དབང་ལ་དགའ་བའི་རྒྱ་ནག་མི་དམངས་རང་ཉིད་ཀྱིས་དེར་དག་ཐེར་བྱེད་ངེས་།
༢༠༠༨ལོའི་སྤྱི་ཟླ་༡༢པའི་ཚེས་༧ཉིན་རྒྱལ་ས་ཝ་ཞིན་ཀྲོན་ནས

རྩོམ་རིག

Post navigation

Previous Post: རྒྱ་བོད་ཀྱི་གསར་འགྱུར་གཉིས།
Next Post: རང་ལོ་ཉེར་དྲུག་སོན་པའི་གཞོན་ནུ་ཞིག་གིས་བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཐེངས་དང་པོར་ཕུལ་བའི་སྙན་ཞུ།

Comments (3) on “༢༠༠༨ ལོའི་བོད”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-13 at 5:53 pm

    བརྗེད་མི་རུང་བ་ནི་ནམ་ཡང་སེམས་ཁོངས་ནས་མི་རབས་ནས་མི་རབས་བརྒྱུད་དེ་འགྲོ་བ་ནི་གདོན་མི་ཟ་བ་ཞིག་རེད། ཡིན་ཡང་། ཡ་ང་བའི་སྐྱོ་གར་འོག་འདས་པ་དག་གི་ནང་མི་དེ་དག་ལ་དམིགས་གསལ་གྱིས་གུས་མདུད་ཞུ། ང་ཚོ་ཚང་མས་ཁོང་ཚོའི་ནང་མི་དེ་དག་ལ་རྗེས་དྲན་ཞུ། ཤུལ་ལུས་ཀྱི་ནང་མི་དེ་དག་ལ་གུས་མདུད་ཞུ། རྒྱབ་སྐྱོར་དང་འབོད་སྒྲ་སྒྲོག

  2. གནམ་རྒན་མ། says:
    2008-12-16 at 5:47 pm

    ངོ་མ་རྩོམ་འདིར་ྐློག་རིན་མི་འདུག གཡུ་ཞུན་ནམ་ལྕགས་མོ་འཚོས་ད་བར་དུ་བོད་ཀྱི་གསར་འགྱུར་གྱི་ལས་ཀ་གཉེར་ཡོད་པའི་ཁུལ་རེད། རྩོམ་གྱི་བརྗོད་གཞི་འདི་འདྲ་ནི་རྩ་ཐང་གི་ལུག་འཚོ་མཁན་དང་ཞིང་ཁའི་རྩ་ལྡུམ་བཏུ་བའི་རོང་ཕྲུག་མའི་སེམས་ན་གསལ་པོ་ཡོད་པ་རེད་ལ། ཚིག་གྲུབ་བཟོ་སྟངས་འདི་འདྲ་ནི་ལོ་བཅུ་གཉིས་ཅན་གྱི་ངའི་ཞི་ལུས་ཀྱང་འབྲི་ཤེས། སྐད་ཆ་འདི་རབ་བཏགས་མིན།

  3. karchen says:
    2008-12-16 at 9:06 pm

    བཀུར་འོས་རྩོམ་འབྲི་བ་གཡུ་ཞུན་ལགས
    ཉིད་ཀྱི་རྩོམ་ཡིག་འདིའི་ནང་དུ་༢༠༠༨ལོའི་བོད་ཚང་མ་ཤོང་ཡོད་མེད་བཤད་དཀའ།
    གང་ལྟར། རྩོམ་ཡིག་མུ་མཐུད་དུ་སྤེལ་རོགས་ཞུ་བ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme