Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༢༠༠༨ ལོ་ནས་གར་སོང་ཆ་མེད་གྱུར་པ།

Posted on 2012-12-20 By ཁ་བརྡ་ 6 Comments on ༢༠༠༨ ལོ་ནས་གར་སོང་ཆ་མེད་གྱུར་པ།
གནས་ཚུལ་མཁོ་འདོན་པཿ བསོད་ནམས།
༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་གྲངས་ ༣༥༠ ཙམ་ནས་དགོན་པས་འགོ་འཛུགས་ཀྱིས་ལྷ་སར་ཞི་རྒོལ་བྱེད་པར་གོམ་མགྲོད་བྱེད་པའི་སྐབས་ལམ་བར་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་བཀག་སྡོམ་བྱས་པ་དང༌།
དེ་རྗེས་ཉེན་རྟོག་པས་དགོན་པར་དམ་དྲག་དང་དགེ་འདུན་མང་པོར་དྲི་རྩད་མང་པོ་བྱས་ཏེ་སྔ་རྗེས་སུ་དགོན་པ་ནས་དགེ་འདུན་མང་པོ་འཇུ་བཟུང་བྱས་པ་དང༌། ཁམས་དང་ཨ་མདོ་ཁུལ་ནས་ཡིན་པའི་དགེ་འདུན་པ་རྣམས་ཀྱང་འཇུབཟུང་གིས་རང་སོའི་ཕ་ཡུལ་ལ་བཙན་སྐྱེལ་བྱས་ཏེ་ས་གནས་སྤྱི་བདེ་ཚན་པར་རྩིས་སྤྲོད་བྱས་ཡོད་པ་རེད།
དེའི་ཁྲོད་ནས་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོ་དགེ་རྗོང་ཐེ་བུ་ནས་ཡིན་པ་གྲྭ་དཀོན་མཆོག་ཉི་མ་ལགས་༢༠༠༨ལོར་ས་ཕྱི་ཆེན་མོའི་ཞི་རྒོལ་སྐབས་རྒྱ་གཞུང་གིས་༣༡༤དོན་རྐྱེན་གྱི་གཏེ་བོ་ཉེས་འཛུག་འོག་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཁོང་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་༤པའི་ཚེས་༡༡ཉིན་མོར་ཉེན་རྟོག་མི་སྣས་བཙན་ཁྲིད་གྱིས་འཛིན་བཟུང་བྱས་འདུག་པ་དང་། ཁོང་ལོ་༢༠རིང་ལ་བཙོན་འཇུག་བྱེད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་་པ་ཙམ་ལས་ད་ལྟ་ཁོང་བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་དང་གཟུགས་པོའི་གནས་སྟངས་སོགས་ཞིབ་ཕྲའི་གནས་སྟངས་ད་དུང་ཡང་གསལ་བོ་མ་ཤེས་པར་ལྷག་ཡོད་པ་བོད་ནས་འབྲེལ་ཡོད་ཞིག་གིས་འགྲེལ་བརྗོད་གནང་སོང་།
གྲྭ་དཀོན་མཆོག་ཉི་མ་ལགས་ནི་རང་ལོ་༤༤ཡས་མས་སུ་ཡིན་པ་དང་དགེ་བཤེས་རྩེ་གྲས་ཞིག་ཡིན་པ་མ་ཟད་ལྷ་ས་འབྲས་སྤུངས་དགོན་པའི་དཔེ་ཁྲིད་དགེ་རྒན་རེད་འདུག
གསར་འགྱུར།

Post navigation

Previous Post: ནམ་གུང་གི་རང་ཉིད།
Next Post: ༼བོད་ཀྱི་གསོ་རིག་ཀུན་འཏུས།༽ཐོག་མར་འགྲེམ་སྤེལ་གནང་བ།

Comments (6) on “༢༠༠༨ ལོ་ནས་གར་སོང་ཆ་མེད་གྱུར་པ།”

  1. ལྷ་སྲས་ཐ་ཆུང་། says:
    2012-12-20 at 11:21 am

    ཕ་ཡུལ་ཨ་མདོ་རེབ་གོང་སྒོ་དམར་ནས་ཡིན་པའི་གྲྭ་དགེ་འདུན་(ཆོས་མིང་ལ་བློ་བཟང་ཆོས་རྒྱན་ཟེར་ཞིང་།༢༠༠༥ལོའི་ལོ་མཇུག་ནང་ནོར་གླིང་མཐོ་སློབ་ཏུ་འཛུལ་ཞུགས་བ྄ས)ཡང་༢༠༠༧ལོའི་སྤྱི་ཟླ་༧པའི་ནང་ནོར་གླིང་མཐོ་སློབ་ནས་དགོངས་པ་ཞུས་ཏེ་རང་ཡུལ་ལ་གཉེན་ཕྲད་དུ་འགྲོ་སྐབས་བལ་བོད་གཉིས་ཀྱི་ས་འཚམས་འགྲམ་ནས་བདེ་སྲུང་མི་སྣས་འཛིན་བཟུང་བྱས་རྗེས་ད་ལྟའི་བར་ཁོང་གི་གནས་ཚུལ་ཚིག་གཅིག་ཀྱང་གོ་ཐོས་མ་བྱུང་བས་དྲྭ་གྲོགས་རྣམས་ཀྱིས་ཁོང་གི་གནས་ཚུལ་རེ་ཤེས་རྟོགས་བྱུང་ཚེ་དྲྭ་ཐོག་དུ་གང་མགྱོགས་སྤེལ་རོགས་ཞུ།

  2. རླངས་སྔགས says:
    2012-12-20 at 11:59 am

    འདི་ལྟ་བུའི་བོད་མི་ཅི་ཙམ་བརླགས་ཡོད་པ་ད་ལྟ་ང་ཚོས་ཤེས་ཐུབ་མེད། བོད་མིའི་སྐྱིད་སྡུག་བཤད་སའི་དྲང་བདེན་ཅན་གྱི་རྒྱལ་ཁབ་ཞིག་སའི་གོ་ལའི་སྟེང་ན་ཕལ་ཆེར་མི་འདུག ཅེས་ཁ་ཚོད་བཅད་ནས་ལབ་ཆོག བོད་མི་ནང་ཁུལ་ལ་འཆམ་མཐུན་དང་བསམ་བློ་གཅིག་སྒྲིལ་བྱས་ཏེ་འཐབ་རྩོད་ནུས་ལྡན་དུ་གཏོང་པར་ཚང་མར་སྙིང་སྟོབས་རྒྱས་པར་སྨོན།།

  3. རྣ་བ་བརྒྱདཔ་ says:
    2012-12-20 at 1:09 pm

    ཡིད་རྐྱོ་བ་ལ་་་་དེ་འདྲ་མང་པོ་ཡོད་ན་ཡང་ང་ཚོའི་ཕྱིར་བསྒྲག་བྱས་ཐུབ་མེད་པ་མ་ཟད་་་་དགེ་བཤེས་དཀོན་མཆོག་ཉི་མ་ཡང་ད་བར་གོ་ཐོས་བྱུང་མེད་་་་་་་་་་་དེས་རྒྱུ་མཚན་ནི་བཙན་བྱོལ་ན་ཡོད་པའི་གཞུང་ཞབས་པ་རྣམས་ཀྱི་མཚོན་པའི་བོད་མི་ཕྱི་དགེར་ཕལ་ཆེ་བ་མིག་རྒྱང་ཐུང་ཞིང་དགེར་དོན་གཙོ་བོར་འཛིན་པ་དང་ཁ་མཁས་སྔོན་ཐོན་གོང་དུ་བཀུར་ཞིང་དགེར་དོན་རྒྱ་མཁར་གྱི་ཡིད་མི་ཙིམ་ཞིང་ཕྱི་དོན་འཛུབ་རྩེ་ཙམ་མགུལ་བའི་ཡིད་ཚིམ་པའི་ལན། དཔེར་ན་དཀའ་སྡུག་དང་རྒྱུ་ཟས་ལ་མི་ལྟ་བའི་གསར་འབྱོར་བ་རྣམས་ཀྱིས་མཚོན་པའི་བོད་རིགས་ཉམས་ཆུང་གི་རིགས་རྣམས་ཀྱིས་མཇལ་ཁ་དང་སྔོ་རྟེན་སོགས་བཞག་པའི་ཚེ་། ཁམས་འཕྲོ་བ་རྣམས་ཀྱི་ཁ་ལོག་ཚིག་རྩིབ་བྱེད་པ་དང། རང་གི་ཁ་ལ་རེག་སྔ་ཕྱི་ཙམ་གྱི་ལོ་ན་སྒན་ཁོག་གི་གསར་འབྱོར་ཉམས་ཐེག་རྣམས་ལ་སྙིང་ཚིམ་སྣ་ཚོགས་བཏང་ཞིང་མིག་ཆུ་ཤོར་དགོས་པ་མང་པོ་བཟོས་པ་ང་ཚོས་མྱོང་གྲུབ་ཡིན་པ་ལྟ་བུ་འོ། བོད་ནང་རང་ལས་མེ་རུ་སྒྲོན་པའི་དཔའ་རྒོད་གྲངས་ལས་འདས་པ་བྱུང་ཞིང་ང་ཚོའི་ཕྱིར་བསྒྲགས་ཡིད་ཚིམ་པ་བྱས་ཐུབ་མེད་པ་མ་ཟད་ཁ་ནང་ལ་བཏང་ནས་རེ་བ་ཕྱི་ལ་སྒྱབ་པའི་ལན། ང་ཚོས་དུས་ཚིག་གཅིག་ལ་ཟ་མ་མ་རེད་པར་འདུག་མི་ཐུབ་ན་ཟས་བཅད་ངོ་རྒོལ་བ་དང་མེར་སྤྲེག་དཔའ་བོ་རྣམས་སྙིང་རེ་རྗེ་ཨ་ཨ་ཨ་ཨ་མ་མ་ ཟས་བཅད་པ་དང་མེར་སྤྲེག་པ་རྣམས་ང་ཚོའི་ཆེད་དུ་མ་ཡིན་ནམ།

  4. དགའ་ཡ་ says:
    2012-12-20 at 1:25 pm

    ཕར་ཆེར་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ལྔ་ཕྱིན་འདུག ད་དུང་སྒྲ་ཙམ་ཡང་ཐོས་རྒྱུ་མིན་འདུག་ང་ཚོས་བླ་མ་དྲན་ནས་མིག་ཆུ་ཡང་ཡང་ཤོར་གིན་འདུག་ཅེས་བོད་ནས་འབྲེལ་ཡོད་ཞིག་གིས་བརྗོད་འདུག

  5. བླ་སྨྱོན་ says:
    2012-12-20 at 8:16 pm

    བསོད་ནམས་ལགས་ནས་དཀོན་ཉི་ཡི་སྐུ་གཟུགས་སོགས་ཞིབ་ཕྲའི་གནས་སྟངས་ད་དུང་གསལ་པོ་མ་ཤེས་བཀོད་འདུག གསལ་པོ་མ་ཤེས་ཀྱང་ཅུང་ཤེས་ཀྱི་ཡོད་ཤག་ལགས་གང་གིས་ཏོག་ཙམ་ཤེས་ན་ཕྲན་རྣམས་ལ་ཤོད་ན་ཕྲན་རྣམས་ཀྱིས་བཙལ་གཅོད་ཆོག་པ་དགོངས་འཇགས་སུ།

  6. བསྟན་འཛིན་ says:
    2012-12-22 at 5:43 am

    གར་སོང་ཆ་མེད་དུ་གྱུར་པ་མང་པོ་རེད། ཕལ་ཆེར་ལྐོག་གསོད་བྱས་པ་ཡང་མང་པོ་རེད། ད་ཅི་བྱེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (15)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme