Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༡༩༨༧ ལོའི་ལྷ་སའི་ཞི་བའི་སྒེར་ལངས་ཆེན་མོ་གཏམ་བརྗོད་འཁྲབ་སྟོན་གྱི་ལམ་ནས་སྲུང་བརྩི་ཞུས་པ་།

Posted on 2012-09-27 By ཁ་བརྡ་ No Comments on ༡༩༨༧ ལོའི་ལྷ་སའི་ཞི་བའི་སྒེར་ལངས་ཆེན་མོ་གཏམ་བརྗོད་འཁྲབ་སྟོན་གྱི་ལམ་ནས་སྲུང་བརྩི་ཞུས་པ་།

གནས་ཚུལ་མཁོ་གཏོང་བ། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ།(ལྡི་ལི་མཐོ་སློབ)

དེ་རིང་སྤྱི་ཟླ་༩་པའི་ཚེས་༢༧གྱི་ཉིན་རྒྱབ་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་ཙམ་ཞིག་ལ་ལྡི་ལི་རོ་ཧི་ནི་ས་གནས་གཞོན་ནུའི་གོ་སྒྲིག་འོག་རྒྱ་གར་མཐོ་སློབ་ཁག་གི་ནང་སློབ་གཉེར་བྱེད་བཞིན་པའི་བོད་རིགས་མཐོ་རིམ་སློབ་མ་བཅོ་ལྔ་ཙམ་ཞིག་གིས་སྤྱི་ལོ་༡༩༨༧་ལོའི་ཟླ་༩་པའི་ཚེས་༢༧་སྐབས་ཀྱི་ལྷ་སའི་ཞི་བའི་སྒེར་ལངས་ཆེན་མོའི་དུས་དྲན་ཉིན་མོ་སྲུང་བརྩི་ཞུ་ཆེད་དང་། འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཆེད་དུ་ཚེ་སྲོག་བློས་གཏོང་གི་རླབས་ཆེན་མཛད་འཕྲིན་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། དུས་རྒྱུན་མཐོ་སློབ་སློབ་མ་དང་རྒྱ་གར་ཡུལ་མི་རྣམས་ཕར་འགྲོ་ཚུར་འོང་གི་འགྲུལ་ལམ་ལྟེ་བ་ལྟ་བུར་འཁེལ་བའི་(vishwavidyalaya)མེ་འཁོར་འབབ་ཚུགས་ཀྱི་འགྲམ་དུ། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་རིགས་མི་མང་ཚོར་གདུག་རྩུབ་དང་དྲག་གནོན་གྱི་ལམ་ནས་མི་རིགས་རྩ་གཏོར་གཏོང་ཐབས་ཀྱི་ཚུལ་མིན་སྲིད་བྱུས་རྣམས་རྒྱ་གར་ཡུལ་མི་ཚོ་དང་དམིགས་བསལ་གྱིས་མཐོ་སློབ་སློབ་མ་ཚོའི་ཧ་གོ་བའི་ཆེད་དུ་གཏམ་བརྗོད་ཟློས་གར་ཐུང་ངུ་ཞིག་འཁྲབ་སྟོན་ཞུས་ཡོད་པ་དང་། དེ་ནས་པར་རིས་འགྲེམས་སྟོན་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་དང་མཚན་རྟགས་བསྡུ་རུབ་སོགས་ཀྱི་ལས་འགུལ་ཡང་སྤེལ་ཡོད་པ་རེད། དེ་རིང་གི་ལས་འགུལ་འདི་ནི་སླར་ཡང་འདས་ཟིན་པའི་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་ན་བརྗེད་དུ་མེད་པའི་ལོ་རྒྱུས་ཀྱི་སྣང་བརྙན་དང་དྲན་རྟེན་གྱི་རྡོ་རིང་གལ་ཆེན་ཞིག་ལ་དྲན་གསོ་བྱེད་པ་དང་གཅིག་མཚུངས་ཡིན་ཏེ། སྤྱི་ལོ་༡༩༨༧་ལོར་ལྷ་སར་བོད་མི་༡༥༠་ནས་༢༠༠་ཙམ་དང་རབ་བྱུང་བ་ཉི་ཤུ་རྩ་དྲུག་ལྷག་ཙམ་ཞིག་གིས་གངས་སེང་གཉིས་ལས་སྒྲུབ་པའི་རྒྱལ་དར་ནམ་མཁར་འཕྱར་ནས་བོད་རང་བཙན་གཙང་མ་ཡིན་པའི་འབོད་སྒྲ་བསྒྲགས་ཡོད་པ་དང་རྒྱ་ནག་དམར་པོའི་སྲིད་གཞུང་གི་དྲག་པོའི་དཔུང་དམག་རྣམས་བོད་ནས་ཕྱིར་འཐེན་བྱེད་དགོས་པའི་ཞི་བའི་ངོ་རྒོལ་བྱས་ཡོད། སྐབས་དེར་རྒྱ་ནག་བདེ་འཇགས་ཉེན་རྟོག་པས་བོད་མི་༣༦ཙམ་ཞིག་འཇུ་བཟུང་བྱས་ཡོད་ལ། བོད་མི་ཉིས་སྟོང་ལྷག་ཙམ་ཞིག་གིས་སླར་ཡང་ཇོ་ཁང་གི་མདུན་དུ་ཞི་བའི་སྐད་འབོད་བྱས་དུས་ཉེན་རྟོག་པས་རྡུང་རྡེག་དྲག་པོ་ཕོག་ནས་བོད་མི་མང་པོ་ཞིག་འདས་གྲོངས་སུ་གྱུར་ཡོད་པ་རེད། དེར་བརྟེན་དེ་རིང་གི་ཉིན་མོ་འདི་ནི་ལྷ་སའི་ཞི་བའི་སྒེར་ལངས་ཆེན་མོའི་སྐབས་ཀྱི་དཔའ་བོ་དཔའ་མོ་ཚོའི་རྒྱལ་གཅེས་ལྷག་བསམ་གྱི་ཀུན་སློང་དང་འགྱུར་མེད་སྙིང་སྟོབས་ཀྱི་དཔའ་ངར་ལ་རྗེས་སུ་ཡི་རངས་དང་ཁོ་ཚོའི་ལོ་རྒྱུས་ཐོག་བྲིས་པའི་མི་རིགས་ཀྱི་འཐབ་རྩོད་ཁྱད་པར་ཅན་འདི་བོད་མི་ཚང་མའི་སེམས་ནང་ནམ་ཡང་གནས་ངེས་ཡིན་པའི་འབོད་ཚིག་བསྒྲགས་ཡོད་པ་དང་། བོད་མི་རིགས་ཀྱི་འཐབ་རྩོད་འདི་ཉིན་རེ་ནས་ཉིན་རེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཁྱབ་སྤེལ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་སྐོར་ཡང་ལྡི་ལི་རོ་ཧི་ནི་ས་གནས་གཞོན་ནུའི་ཚོགས་གཙོ་ཚེ་རིང་མཐར་ཕྱིན་ལགས་ནས་བརྗོད་སོང་། དེ་རྗེས་ཁོང་གིས་མུ་མཐུད་གསུངས་དོན་ལ་“དེ་རིང་གི་ལས་འགུལ་འདི་བརྒྱུད་ང་ཚོའི་རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་སྤུན་ཟླ་ཚོར་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བ་དང་། ད་བར་ཉིས་སྟོང་དགུ་ཚུན་ཆད་ནས་བོད་ནང་གི་དཔའ་བོ་དཔའ་མོ་༥༡་ཙམ་ཞིག་གིས་མི་རིགས་ཀྱི་བདེན་མཐའ་སེལ་ཐབས་སུ་རང་ལུས་མཆོད་མེ་རུ་ཕུལ་བའི་རླབས་ཆེན་གྱི་མཛད་འཕྲིན་དང་། བོད་མིའི་རང་དབང་། ༧གོང་ས་མཆོག་
བོད་ལ་གདན་ཞུ། སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པའི་ཞལ་ཆེམས་རྣམས་འགྲུབ་ཐུབ་རྒྱུར་བོད་མི་ཚང་མར་འགན་ཡོད་པའི་སྐོར་བརྗོད་སོང་ལ། ལྷག་པར་དུ་བོད་མི་མི་ཐོག་རྒན་པ་རྣམས་ཀྱིས་རྒྱ་ནག་དམར་པོའི་སྲིད་གཞུང་གི་གདུག་རྩུབ་སྲིད་དབང་ལ་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱས་པའི་འོད་སྟོང་འཕྲོ་བའི་མཛད་རྗེས་རྣམས་ང་ཚོ་མི་རབས་གསུམ་པའི་བོད་རིགས་གཞོན་སྐྱེས་རྣམས་ནས་མུ་མཐུད་རྒྱུན་སྐྱོང་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་བརྗོད་སོང། དེར་བརྟེན་དེ་རིང་གི་ལས་འགུལ་འདིར་བོད་རིགས་མཐོ་རིམ་སློབ་མ་ཚོས་བོད་ནང་གི་བོད་མི་ཚོར་རྒྱ་ནག་སྲིད་གཞུང་གིས་མནར་གཅོད་ཇི་ལྟར་གཏོང་གི་ཡོད་མེད་དང་བཙན་བྱོལ་ནང་བོད་མི་ཚོར་དུས་རྒྱུན་འཕྲད་བཞིན་པའི་དཀའ་ངལ་རྣམས་ཀྱི་བརྗོད་གཞི་གཙོ་བོར་བཟུང་ནས་འཁྲབ་སྟོན་བྱས་པའི་གཏམ་བརྗོད་འདིར་རྒྱ་གར་ཡུལ་མི་དང་གཞོན་སྐྱེས་རྣམས་ནས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་དང་ཕལ་ཆེར་མི་གྲངས་ཉིས་སྟོང་ལྷག་ཙམ་ཞིག་གིས་བོད་དོན་རྒྱབ་སྐྱོར་མཚོན་ཆེད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད།

གསར་འགྱུར།

Post navigation

Previous Post: ༡༩༨༧ ལོའི་ལྷ་སའི་ཞི་བའི་སྒེར་ལངས་ཆེན་མོ་གཏམ་བརྗོད་འཁྲབ་སྟོན་གྱི་ལམ་ནས་སྲུང་བརྩི་ཞུས་པ་།
Next Post: ༡༩༨༧ ལོའི་ལྷ་སའི་ཞི་བའི་སྒེར་ལངས་ཆེན་མོ་གཏམ་བརྗོད་འཁྲབ་སྟོན་གྱི་ལམ་ནས་སྲུང་བརྩི་ཞུས་པ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme