Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

་ཚེ་དབང་དང་ཡིག་དྲུག་གི་ལྗགས་ལུང་བཅས་བསྩལ་སོང་།

Posted on 2011-03-262011-03-26 By ཁ་བརྡ་ 5 Comments on ་ཚེ་དབང་དང་ཡིག་དྲུག་གི་ལྗགས་ལུང་བཅས་བསྩལ་སོང་།

1ertt
ས་གནས་ནས་ཐུབ་རྒྱལ་གྱིས།
ཕྱི་ལོ་༢༠༡༡ཕྱི་ཟླ་༣ཚེས་༢༥ཉིན་འདི་གར་ས་སྐྱ་སྤུ་རུ་ཝ་ལ་གཞིས་མི་མང་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་རིང་འདི་གར་སྤུར་རུ་ཝ་ལ་ས་སྐྱ་མ་དགོན་བཤད་གྲྭ་རུ་དཔལ་ས་སྐྱའི་སྐྱབས་མགོན་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཕྱི་ནང་གི་ཆོས་ཞུ་བ་བླ་སྤྲུ་སེར་སྐྱ་བཅས་ཁྱོན་མི་གྲངས་བཞི་བརྒྱ་ལྷག་ལ་ཆོས་འབྲེལ་ཚེ་དབང་དང་ཡིག་དྲུག་གི་ལྗགས་ལུང་བཅས་བསྩལ་སོང་། སྐབས་དེ་ཐོག་མ་མགོན་པོ་གང་གིས་མི་མང་ལ་འཚམས་འདྲི་དང་སྦྲགས། གསུང་ཆོས་ཀྱི་སྔོན་འགྲོ་ལ་ཀུན་སློང་ཀུན་སྤྱོད་སོགས་ལེགས་པ་བཞེས་དགོས་པའི་བཀའ་གནང་སོང་། དེ་ནས་མི་མང་ལ་བཀའ་སློབ་གནང་དོན། ང་རང་ཚོར་འདས་པའི་དུས་སུ་ནོར་འཁྲུལ་ཆེ་ཤོས་དེ་ཆོས་བརྒྱུད་དང་ཆོལ་ཁ་ཕན་ཚུན་དབར་ཕྱོགས་ཞེན་འཐེན་འཁྱེར་བྱས་པ་ལ་བརྟེན་ནས་ད་ལྟའི་གནས་སྟངས་འདི་བྱུང་བ་རེད།དེང་གི་དུས་འདིར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཀའ་སློབ་ལམ་སྟོན་འོག་ངེད་ཅག་ཚང་མ་མཐུན་སྒྲིལ་གོམ་བུ་གཅིག་ཏུ་སྒྲིལ་དགོས་ཡ་དེ་ཞེ་དྲག་གལ་ཆེ་རེད།
ghhhཆོས་བརྒྱུད་ཕན་ཚུན་དབར་མཚོན་ནའང་སྟོན་པ་གཅིག་གི་སློབ་མ་དང་དེས་སྟོན་པའི་ས་ལམ་འབྲས་བུའི་རྣམ་གཞག་ལ་ཁྱད་པ་གཏན་ནས་མེད་པས་ཉམས་ལེན་གཅིག་མཚུངས་རེད། དེ་བཞིན་ཆོལ་ཁ་ཡིན་ནའང་སྟོད་ནས་སྨད་རྒྱ་བོད་ས་མཚམས་ཡན་གྱི་མི་མང་ཚང་མ་དཀོན་མཆོག་ལ་བློ་གཏད་ཞུ་མཁན། ཁ་ནས་མ་ནི་བགྲང་མཁན་རྩམ་ཟན་གཅིག་མཚུངས་ཡིན་པས་ཁྱད་པ་དང་ཕྱོགས་རེས་བྱེད་དགོས་ནམ་ཡང་མེད།དེ་བཞིན་ཚེ་རིང་པོ་འཚོལ་གནས་བྱེད་དགོས་ཚེ་སྤྱི་བཏང་ཚེ་དབང་ཚེ་སྒྲུབ་དགོས་ཀྱང་ཚང་མས་འཕྲོད་བརྟེན་ཐོག་ནས་ཐུགས་གནང་དགོས་པ་མ་ཟད་དེང་གི་དུས་སུ་གཞོན་སྐྱེས་ཚོར་ནང་ལོག་ལ་དུག་རྫས་འདྲ་མིན་ཟས་ནས་ལུས་སེམས་གཉིས་ཀ་འཕྲོ་རླགས་གཏོང་མཁན་ཡོད་ཚོད་འདུག་པས་དེ་དག་ཚང་མ་མི་ཚེ་དོན་ལྡན་ཞིག་ཡོང་ཐུབ་དགོས་ཡ་ལ་འབད་དགོས་པ་དང་། གཞན་ཡང་ངེད་ཅག་གནས་ཡུལ་རྒྱ་གར་ལུང་པ་དེ་གནའ་ནས་ད་བར་དུ་བཀའ་དྲིན་བླ་ལྷག་ཏུ་ཆེ་བས་ལུང་པ་ཞིག་རེད། དེ་ཕྱིར་ཚང་མས་ཡུལ་མི་དང་མཐུན་ལམ་གནང་དགོས་པ་མ་ཟད་ཡུལ་ཁྲིམས་ལ་བརྩི་སྲུང་ངེས་པར་དུ་གནང་དགོས། གཙོ་ཆེ་ངེད་ཅག་རྣམས་ཀྱི་སྐྱབས་མགོན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་མ་གཅིག་བུ་ལ་གདམས་པ་ལྟར་བཀའ་སློབ་ལམ་སྟོན་རྣམས་དུས་ཁོམས་བྱུང་ཚེ་ཀློག་པ་ཙམ་མ་ཡིན་པ་དུས་རྒྱུན་དུ་ལག་ལེན་སྟར་དགོས་ཡ་དེ་ཞེ་དྲག་གི་གལ་ཆེ་རེད་དེ་ལྟར་བྱུང་ཚེ་མཆོད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དེ་བླ་མར་མཆོད་པ་དེ་མཆོག་ཡིན་ཙམ་ཆོས་འཇིག་རྟེན་གཉིས་ཀའི་དོན་ཡིན་པས་ཚང་མ་ཐུགས་ལ་འཇོགས་རོགས་གནོངས་ཅེས་གསུང་སོང་།

གསར་འགྱུར།

Post navigation

Previous Post: ཁྱོད་དང་ངའི་བར་ཐག
Next Post: ཡུལ་མིའི་རྒྱལ་ཁབ་ཟེར་བ་དེ་ཁ་ལ་མི་བདེ་བས་མ་ཚད་དོན་ལ་ཡང་གོ་རྒྱུ་མི་འདུག

Comments (5) on “་ཚེ་དབང་དང་ཡིག་དྲུག་གི་ལྗགས་ལུང་བཅས་བསྩལ་སོང་།”

  1. ཀརྡོ་རབ་འབྱམས་པ་ says:
    2011-03-26 at 5:23 am

    དཔལ་ས་སྐྱ་བའི་ལུང་བསྟན་ནང་ལ། །

    བཀའ་གདམས་བཤེས་གཉེན་ཚོའི་སྟོན་པ། །
    དཔལ་ལྡན་ཨ་ཏི་ཤ་དེ་ཡིས། །
    བོད་ས་སྐྱ་བོའི་གནས་འདི་རུ། །
    ཧྲྰི་དྷྰི་དང་ཧྰུང་སོགས་ཀྱི་སྔགས། །

    ཡིག་གཟུགས་ས་བོན་སྔོན་གཟིགས་ནས། །
    སྐྱེས་ཆེན་འཁྲུངས་འགྱུར་ལུང་བསྟན་བཞིན། །
    བདག་གི་ཤ་ཡི་མིག་གིས་ཀྱང་། །
    མཇལ་བས་བཀའ་དྲིན་འཇལ་དཀའ་འོ། །

    ༸གང་གི་༸སྐུ་ཚེ་ཡུན་བརྟན་ཤོག །

  2. རྡོ་རྗེ། says:
    2011-03-26 at 1:03 pm

    ༄༅། །སྐྱབས་སུ་མཆི། བཀའ་སློབ་གལ་ཆེན་གནག་ཐོག་ཏུ་གཙག་ལྟ་བུར་གནང་འདུག་པས་འདི་བཞིན་ཚང་མས་ཉམས་ལེན་དོན་འཁྱོལ་བྱ་གལ་ཆེ་བ་དགོངས་འཇགས་ཞུ་ཞིང་། ༧བདག་ཁྲི་རིན་པོ་ཆེ་སྐུ་ཚེ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་པའི་སྨོན་འདུན་ཤུགས་དྲག་བཅས་མདོ་སྨད་རེབ་གོང་ནས།

  3. སྤོ་ཕྲུག་ says:
    2011-03-26 at 6:37 pm

    འཆི་མེད་མི་ཞིག་སྲུང་བའི་གུར་ཁང་ནང་། །འཆི་མེད་ཚེ་སྦྱིན་ལྷ་མོ་སྤྱན་བདུན་མ། །འཆི་མེད་ཚེ་ལ་དབང་བའི་ཚོགས་རྣམས་ཀྱི། །འཆི་མེད་ཚེ་དངོས་གྲུབ་སྩལ་དུ་གསོལ།། །།

  4. ཟླ་བ་ཆོས་འཛོམས། says:
    2011-03-27 at 1:55 pm

    ས་སྐྱ་གོང་མ་འདི་བ་ཚང་༧གོང་ས་མཆོག་གི་བཀའ་དགོངས་བཞིན་འགྲོ་མཁན་བོད་ཀྱི་བླ་ཆེན་ཚོའི་གྲས་ནས་ཡག་ཤོས་དེ་ཡིན་པ་རེད།ང་ཁོང་ལ་དགའ་བོ་ཡོད།ཁོང་གི་ཐུགས་དགོངས་ལྟར་ཡོང་སྨོན་ནོ།།

  5. ལྷག་བསམ། says:
    2011-03-27 at 2:03 pm

    ས་སྐྱ་གོང་མ་དབང་ལ་དགའ། །
    ཟླ་བ་ཆོས་འཛོམས་གོང་མར་དགའ། །
    རྟགས་དང་རྟེན་འབྲེལ་འདིར་ཚང་བས། །
    དབང་དགའ་གོང་དགའི་བཀྲ་ཤིས་ཤོག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme