Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། དགུ་བ།

Posted on 2014-12-192014-12-21 By རྔ་བ་རྒྱལ་ཁམས་པ 3 Comments on ༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། དགུ་བ།

རྔ་བ་རྒྱལ་ཁམས་པ།

གསར་དུ་སྐྱེ་བཞིན་པའི་གླིང་ཕྲན།
གསར་དུ་སྐྱེ་བཞིན་པའི་གླིང་ཕྲན།

སྣེ་ཤན་པའི་འཆར་གཞི་ལྟར་ན། ང་ཚོ་སོང་ཟིན་པའི་བྱེ་ནག་མཚོ་ཚལ་དང་། གླིང་ཆེན་གྱི་ལྷོ་སྣེ། ཀོ་ཕི་སྲན་མ་འདེབས་སའི་ས་ཁུལ་དུ་འགྲོ་རྒྱུའི་འཆར་གཞི་འདུག་ཀྱང་། གནས་ཆུང་སྒྲ་དབྱངས་གླིང་དུ་མཆོད་མཇལ་ལ་བསྐྱོད་དུས། ལྷོ་སྣེ་མ་གཏོགས་ས་ཆ་དེ་དག་གི་ནང་དུ་སོང་ཟིན་པས། དེ་རིང་ཡུལ་སྐོར་ས་ཆ་གཞན་ཞིག་ཏུ་འགྲོ་འདོད་ཡོད་པའི་རེ་བ་ཞུས། སྣེ་ཤན་པས་དེ་ལྟར་ན་ང་ཚོ་འདི་ནས། ལྷོ་སྣེ་འཕྲེད་བཅད་ཀྱིས་གླིང་ཆེན་གྱི་རྫོང་ལྟེ་ཧེ་ལོ་ཞེས་པའི་ས་ཁུལ་དང་། དེ་ན་ཡོད་པའི་འཇའ་ཚོན་འབབ་ཆུ། ཕུགས་པ། མེ་རི་ཆེན་པོ་འབར་རྗེས་ཀྱི་རི་སྡིངས་སོགས་ལ་བལྟ། དེ་ནས་མེ་རི་འབར་བཞིན་པའི་ས་ཁུལ་ཉེ་འགྲམ་ཁག་དང་། དགུང་མོར་མེ་རིའི་འོད་སྣང་ལ་ལྟད་མོ་བལྟ་རྒྱུ་ཡིན་ཟེར། ང་ཚོ་ལམ་དུ་བུད་ནས་རིང་བོར་མ་འགོར་བར། སྣེ་ཤན་པས་དབུ་ལ་སྒྲ་བསྐྱེད་ཁ་པར་ཞིག་གོན་ནས། གླིང་ཆེན་འདིར་བྱུང་མྱོང་བའི་ལོ་རྒྱུས་སྟེང་གི་མེ་རི་འབར་འཕྱུར་གྱི་བྱུང་བ་ཁག་དང་།
གླིང་ཆེན་འདི་ཐོག་མར་བཟོ་སྐྲུན་བྱེད་པའི་མེ་རི།
གླིང་ཆེན་འདི་ཐོག་མར་བཟོ་སྐྲུན་བྱེད་པའི་མེ་རི།
དེ་དག་གི་ནུས་ཤུགས་དང་ཁྱབ་ཚད། ཡུལ་འདིའི་གདོད་མའི་མི་ཚོས། ས་ཆ་འདིའི་རི་ཆུ་ཤིང་ནགས་དང་། སྔོ་ལྡུམ་མེ་ཏོག་སོགས་སྐྱེ་ཁམས་ཁོར་ཡུག་ལ་བཟུང་བའི་སླད་མེད་ཀྱི་བརྩེ་སེམས། ངོ་མཚར་བའི་དད་འདུན་གྱི་སྒྲུང་གཏམ་སོགས། རིམ་པར་ང་ཚོའི་རྣ་ལམ་དུ་ངོ་སྤྲོད་གནང་། ཁོང་གི་ངོ་སྤྲོད་དང་ཡུལ་སྐོར་སྤྲོ་འཆམ་གྱི་དཔེ་ཆ་ལས་བཤད་པ་ལྟར་ན། ཧ་བ་ཡས་ཀྱི་གདོད་མའི་མི་རིགས་ནི། ཞི་བདེ་རྒྱ་མཚོའི་མཚོ་ངོགས་ཀྱི་གླིང་དང་གླིང་ཕྲན་དག་ཏུ་འཚོ་ཞིང་གནས་པའི་མི་རིགས་རྣམས།
གླིང་ཆེན་འདིའི་མེ་རི་རྙིང་ཤོས།
གླིང་ཆེན་འདིའི་མེ་རི་རྙིང་ཤོས།
གླིང་ཆེན་འདིར་ཕེབས་ནས་ཤོག་ཁག་འདུས་སྡོད་བྱས་པ་ལས་གྲུབ་པ་ཞིག་རེད། དེའང་སྤྱི་ལོ་སྔོན་གྱི་ལོ༢༥༠༠ཡས་མས་སུ་ཐེ་ཝན་གྱི་ཡུལ་མི་འགྲུལ་བ་སྐོར་གཅིག་ཕྱོགས་འདིར་ཡོང་བའི་མགོ་ཚུགས། སྤྱི་ལོ་སྔོན་གྱི་ལོ༡༥༠༠ཡས་མས་སུ། ཧྥེ་ལི་ཕེན། ཨོ་སི་ཁྲོ་ལིས་ཡ། ནོས་ཟི་ལན་གྲི་ནས་ཡུལ་མི་ཁག་ཅིག་འགྲུལ་བཞུད་ཀྱི་མགོ་ཚུགས་ནས། སྤྱི་ལོ༩༠༠ཡས་སུ་ཧ་ཝ་ཡས་སུ་དངོས་སུ་སླེབས་ཐུབ་པར་བཤད། ཧ་ཝ་ཡས་ཞེས་པ་གནའ་བོའི་ཧ་ཝ་ཡས་ཀྱི་དཔའ་ཆེན་དུ་བསྔགས་པ། (Hawaiiloa)ཞེས་པར་ཆེ་བསྟོད་ཀྱི་ཆེད་མི་མིང་ས་ཆར་ཐོགས་པ་ཞིག་ཡིན་པར་བཤད། དུས་ཕྱིས་ཁ་མ་ཧོ་བ(Kamehameha)ཞེས་རྒྱལ་བོ་ཆེན་པོ་ཞིག་གིས། ཧ་ཝ་ཡས་ཀྱི་གླིང་ཧྲིལ་བོ་མངའ་འོག་ཏུ་བཅུགས་ཏེ། སྤྱི་ལོ༡༨༡༠ལོར་ཧ་ཝ་ཡས་རྒྱལ་ཁབ་དངོས་སུ་བཙུགས། དུས་ཚོད་དེ་ནི་བོད་ན་རྒྱལ་བ་སྐུ་ཕྲེང་དགུ་བ་ལུང་རྟོགས་རྒྱ་མཚོ་དང་། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་བོ་དགུང་ལོ་གསུམ་ལ་ཕེབས་པ། རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་རྡོ་གྲུབ་དགོན་ཕྱག་བཏབ་པའི་ལོར་འཁེལ་འདུག ལོ་རྒྱུས་ལ་ཁུངས་བཅོལ་ནས་ཞུས་ན། གླིང་ཆེན་འདི་མེ་རི་འབར་གས་ཆེན་པོ་ལྔ་ལས་གྲུབ་པ་ཞིག་རེད། དེའང་ཐོག་མཐའ་མི་ལོ་ས་ཡ་གཅིག་ནས་ད་ལྟ་བར། མེ་རི་འབར་གས་རྙིང་ཤོས་ནི(Kohala)ཞེས་པའི་མེ་རི་དེ་ཡིན་ཞིང་། དེ་ཉིད་མི་ལོ་ལྔ་འབུམ་ཡས་མས་ཤིག་ནས་བྱུང་སྟེ། ད་ལྟ་བར་མེ་ཞུན་མུ་མཐུད་མཆེད་བཞིན་རྒྱ་མཚོར་བྱིང་བཞིན་ཡོད།
འཛམ་གླིང་སྟེང་གི་མཚོ་རི་མཐོ་ཤོས།
འཛམ་གླིང་སྟེང་གི་མཚོ་རི་མཐོ་ཤོས།
མེ་རི་གཉིས་པ་ནི། (Mounakea)ཞེས་བརྗོད་ལ། ཡུལ་མི་རང་བཞིན་པའི་སྐད་དུ་དེ་ནི “ས་འཛིན་དཀར་པོ”ཞེས་པའི་དོན་རེད། རི་བོ་དེ་ནི་ཧ་ཝ་ཡས་ཀྱི་མེ་རི་མཐོ་ཤོས་ཏེ། མཚོ་གདན་ནས་རི་རྩེ་བར་ཚད་ཅིག་བརྒྱབ་པ་ཡིན་ན། མཐོ་ཚད་ལ་ཕི་ཁྲི༣༣༡༠༠ཡོད་པས་འཛམ་བུའི་གླིང་གི་རི་བོ་མཐོ་ཤོས་སུ་འགྲོའོ་ཟེར། དེ་ནི་གནམ་གྱི་རང་བཞིན་ལ་བརྟག་དཔྱད་གཏོང་སའི་ས་ཁུལ་ཡག་ཤོས་ཤིག་ཡིན་པར་མ་ཟད། ཉི་ཟླའི་བགྲོད་པ་དང་། མཚན་དུས་རྒྱུ་སྐར་གྱི་བཀོད་པ་གསལ་བོར་མཐོང་ཐུབ་པས། འགྲོ་བ་མིའི་སེམས་ཁམས་ལ་འགྱུར་ལྡོག་གཏོང་ཐུབ་པའི་རི་བོ་ཞིག་ཡིན་པར་བཤད། ད་ནས་ཡར་བརྩིས་པའི་མི་ལོ༤༥༠༠ལོར་ནི། མེ་རི་དེ་འབར་གས་བྱུང་བའི་ཐ་མའི་ལོ་དེ་ཡིན་པར་བཤད་ཀྱང་། མ་འོངས་པར་ད་དུང་ཡང་འབར་གས་འབྱུང་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པ་རེད་ཟེར།
གསེར་ནག་པོ་དང་ཀོ་ཕི་སྲན་མའི་འབྱུང་ཁུངས།
གསེར་ནག་པོ་དང་ཀོ་ཕི་སྲན་མའི་འབྱུང་ཁུངས།
མེ་རི་གསུམ་པ་ནི། ཧོ་ལ་ལེ་ཡ(Hualalai)ཞེས་པ་དེ་ཡིན་ལ། རི་བོ་དེ་ནི་གླིང་ཆེན་འདིའི་ནུབ་རྒྱུད་གཏོགས། སྤྱི་ལོ༡༧༠༠ནང་མེ་རི་དེ་འབར་གས་ཆེན་པོ་བྱུང་སྟེ། ཆ་དྲུག་ཏུ་གྱེས་པ་ལས། ཆ་གཉིས་ཀྱི་མེ་རིས་མཐའི་རྒྱ་མཚོར་སྙེག་བཞིན་ཡོད་པར་བཤད།
གོ་ལའི་ཐོག་གི་མེ་རི་ཆེ་ཤོས།
གོ་ལའི་ཐོག་གི་མེ་རི་ཆེ་ཤོས།
མེ་རི་བཞི་བ་ནི། Mouna Loa)ཞེས་པ་དེ་རེད། མེ་རི་དེ་ནི་གླིང་འདིར་མེ་རི་གསར་བ་གཉིས་ཡོད་པའི་གཅིག་དང་། མེ་རི་འབར་གས་ཀྱི་གཡོ་ཤུགས་ཆེ་གྲས་གཉིས་པ་དེ་ཡིན་པ་མ་ཟད། སའི་གོ་ལའི་ཐོག་གི་མེ་རི་ཆེ་ཤོས་དེ་ཡིན་པར་གྲགས། མེ་རི་དེ་རིམ་པས་རྒྱ་བསྐྱེད་ཀྱིས་ནུབ་བྱང་ས་ཁུལ་དང་། ལྷོ་ནུབ་ཀྱི་ས་ཆ་ཕལ་ཆེ་བ། ཤར་ངོས་ཧེ་ལོ་དང་ཉེ་བའི་ས་ཆར་སླེབས་ཡོད་པ་རེད། མེ་རི་དེ་ནི་ཁ་ཕྱོགས་ངེས་མེད་དུ་མཆེད་བཞིན་པའི་མེ་རི་འཇིགས་སྐྲག་སློང་བ་ཞིག་རེད། ལོ་རྒྱུས་ལྟར་ན་མེ་རི་དེ་ཉིད་སྤྱི་ལོ༡༩༤༩ནས༡༩༥༠དང་། སྤྱི་ལོ༡༩༧༥ནས༡༩༨༤བར་བཅས་ཐེངས་མང་བོར་མཆེད་པ། ཚན་རིག་པ་དང་། ས་གནས་མི་མང་ཚོས་རི་དེར་དྭོགས་ཟོན་ཆེན་པོའི་ལྟ་རྟོག་བྱེད་བཞིན་ཡོད་པར་བཤད།
མེ་རི་དྲུག་ལས་གཞོན་ཤོས་ད་ལྟའང་མཆེད་བཞིན་པ།
མེ་རི་དྲུག་ལས་གཞོན་ཤོས་ད་ལྟའང་མཆེད་བཞིན་པ།
ལྔ་བ་ནི། (Kilavea)ཞེས་པ་དེ་རེད། མེ་རི་དེ་ནི་གླིང་ཆེན་འདིའི་ལྷོ་ཤར་གྱི་ཕྱོགས་སུ་ཡོད། དེ་ནི་མེ་རི་གཞན་དང་མ་འབྲེལ་བའི་མེ་རི་རང་སྐྱ་བ་ཞིག་རེད། དེའང་ས་ཤུན་ནས་འོག་ཏུ་ཀེ་ལོ་མེ་ཏྲར༦༠ཡས་མས་ཀྱི་གཏིང་རིམ་ཞིག་ནས་རྒྱ་བསྐྱེད་བཞིན་ཡོད་པ་མ་ཟད། མེ་རི་དེ་བཞིན་ས་གཞིའི་ཐོག་གི་མེ་རི་ཆེས་འཁྲིགས་ཤོས་ཀྱི་གྲས་ཤིག་ཡིན་པར་བཤད། སྤྱི་ལོ༡༩༨༣ནས་མགོ་ཚུགས་ཏེ། ད་ལྟ་བར་མུ་མཐུད་འབར་བཞིན་ཡོད་པས། མི་ལོ༧༠༠ལོ་རྒྱུས་ལྡན་པའི་ཧ་ཝ་ཡས་ཀྱི་གནའ་བོའི་ལྷ་ཁང་ཞིག་དང་། རྒྱལ་བོའི་སྐྱེད་ཚལ་དུ་གྲགས་པའི་ཁང་ཆེན་བཅས། ཁང་རྩེག་མང་བོ་འཕྲོ་བརླག་ཏུ་བཏང་བ་མ་ཟད། སྤྱི་སྡེའི་ལམ་ཆེན་ཁ་ཤས་ཤིག་ཀྱང་གཏན་དུ་བཀག་པ། རྒྱལ་ཁབ་ཀྱི་སྐྱེད་ཚལ་འགྲུལ་བཞུད་ལྟེ་བ་རྙིང་མ་དེའང་གཏོར་བཅོམ་བྱས་པ་སོགས། ལོ་རྒྱུས་འཇིགས་སུ་རུང་བ་མང་བོ་ཞིག་གླེང་བཞིན་པ་ཐོས། ལར་ནས་གླིང་ཆེན་པོ་འདིའི་ལྷོ་ངོས་ཀྱི་ས་ཁུལ་ཕལ་ཆེར་མེ་རི་འབར་རྗེས་ཀྱིས་གང་བའི་སྐམ་ས་ནག་ལྷོག་གེ་བ་དང་། བྱང་གི་ཕྱོགས་ཕལ་ཆེར་གཤེར་ས་ལྗང་མདོག་ལྡན་པའི་རྩི་ཤིང་ནགས་ཚལ་དང་། སྤང་ཐང་། ཤིང་འབྲས། བཞུར་ཆུ་སོགས་སྐམ་གཤེར་གཉིས་ལས་གཤེར་གཟུགས་ཤས་ཆེ་བ་ཞིག་རེད། རི་བོ་ཞིག་ལ་དཔེ་བླངས་ན་རི་དེའི་བྱང་ཕྱོགས་གཤེར་གཟུགས་ཆེ་བ་དང་། ལྷོ་ཕྱོགས་སྐམ་གཟུགས་ཀྱིས་གྲུབ་པ་ལྟ་བུ་ཞིག་རེད། ང་ཚོ་སྐྱོད་ལམ་གྱི་མིག་རྒྱང་གང་གི་བར་ཚང་མ། མེ་རི་འབར་སྣུར་གྱི་རྗེས་ཤུལ་དག་ནི། དཔྱིད་དུས་ཀྱི་ཞིང་ཁར་འཕྲུ་སློག་པ་ལྟ་བུར་སྣང་། མེ་དྲོད་ཀྱིས་བཞུས་པའི་བྲག་རྡོའི་རླབས་ཕྲེང་རིམ་པར་སྐམ་པའི་རྗེས་ཤུལ་དུ་དོད་པའི་བཀོད་པ་རྣམས་ནི། ཆེས་ངོ་མཚར་ཞིང་ཡིད་དུ་འོང་བ་ཞིག་རེད། བཞུ་རྡོ་དེ་དག་གི་ནང་ས་བཅུད་ཀྱི་ནུས་ཤུགས་ཆེན་པོ་ཡོད་སྟབས། དེ་དག་ལས་གྲུབ་པའི་མཆོད་རྟེན་དང་། གློག་སྒྲོན་གྱི་སྟེགས་པུ། བཞུ་རྡོ་དེ་དག་གི་བར་གསེང་ན་ཡོད་པའི་ཆུ་ཚན་སོགས་ཀྱིས། གཟུགས་པོའི་ནུས་པ་གསོ་ཐུབ་ཅིང་ནད་རིགས་སེལ་བར་ཕན་ཐོགས་ཆེ་བའི་རྒྱུ་མཚན་ཞིག་ནི་དེ་ཡིན་པར་སྣང་།

ལོ་རྒྱུས།

Post navigation

Previous Post: ཨ་སྒོར་ས་ཡ་གསུམ་གྱི་རོགས་དངུལ་གནང་གཏན་འཁེལ་བ།
Next Post: མཁན་ཆེན་དམ་པ་འཇིགས་མེད་རྣམ་རྒྱལ་གྱི་རྟོགས་བརྗོད།

Comments (3) on “༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། དགུ་བ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-12-20 at 12:52 am

    ་་་་་་་་་་་ འཛམ་གླིང་སྟེང་གི་མཚོ་རི་མཐོ་ཤོས།
    མེ་རི་གཉིས་པ་ནི། (Mounakea)ཞེས་བརྗོད་ལ། ཡུལ་མི་རང་བཞིན་པའི་སྐད་དུ་དེ་ནི “ས་འཛིན་དཀར་པོ”ཞེས་པའི་དོན་རེད། རི་བོ་དེ་ནི་ཧ་ཝ་ཡས་ཀྱི་མེ་རི་མཐོ་ཤོས་ཏེ། མཚོ་གདན་ནས་རི་རྩེ་བར་ཚད་ཅིག་བརྒྱབ་པ་ཡིན་ན། མཐོ་ཚད་ལ་ཕི་ཁྲི༣༣༡༠༠ཡོད་པས་འཛམ་བུའི་གླིང་གི་རི་བོ་མཐོ་ཤོས་སུ་འགྲོའོ་ཟེར། ་་་་་་་་་་་་་་་

  2. པདྨ says:
    2014-12-21 at 7:44 am

    ཡག་པོ་བྲིས་སོང་། ཡིན་ན་ཡང་ས་བཅད་དང་གོ་རིམ་ཡོད་པ་ཞིག་གནང་མ་སོང་། དཔེར་ན་སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། བརྒྱད་པ་ཆད་ནས་འདི་ནི་བཅུ་བ་བྱས་སོང་།

  3. རྔ་བ་རྒྱལ་ཁམས་པ་ says:
    2014-12-21 at 10:49 am

    པདྨ་ལགས། ཉིད་ཀྱིས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ། ཨང་གྲངས་བཅོས་ཡོད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme