Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༅༅།། ས་གཤིས་རིག་པའི་ཟིན་བྲིས་ཐོར་བུ། ༥༽

Posted on 2012-04-30 By རྔ་བ་རྒྱལ་ཁམས་པ No Comments on ༅༅།། ས་གཤིས་རིག་པའི་ཟིན་བྲིས་ཐོར་བུ། ༥༽


དུས་རབས་བཅུ་བདུན་པའི་མཇུག་ནས་ཨིན་ཇིའི་རླབས་ཆེན་གྱི་དངོས་ཁམས་པ་ཨ་སེ་ཁི་ནོས་ཁྲོན(Isaac Newton 1643-1727)མཆོག་གིས། གོ་ལའི་ཐོག་གི་དངོས་པོ་རྣམས་འཐོར་ཞིག་ཏུ་མི་འགྲོ་བ་དང་། དངོས་པོ་གང་ཡང་གནམ་ནས་ལྷུང་ན་ཐང་དུ་ཟག་འགྲོ་བ། ཟླ་བ་སའི་གོ་ལས་འཐེན་པ། སའི་གོ་ལ་སོགས་ཉི་ཁྱིམ་གྱི་གོ་ལ་གཞན་དག་ཉི་ཤུགས་ཀྱིས་འཐེན་པའམ། ཉི་མར་སྐོར་བཞིན་པའི་ངོ་མཚར་རང་བཞིན་ལས། འཐེན་ཤུགས་ཀྱི་རྩོལ་བ་གསར་དུ་ཤེས་རྟོགས་བྱུང་ཞིང་། དེ་ལ་བརྟེན་ནས་ས་གཞིའི་ལྕི་ཡང་གི་ཚད་ལེགས་པར་གཞལ་ཐུབ་པ་བྱུང་སྟེ། དངོས་ཁམས་ཚན་རིག་པ་ཚོས་འཇིག་རྟེན་གྱི་བྱ་དངོས་ཞིབ་འཇུག་ཐད་གོམ་སྟབས་ཆེན་པོ་ཞིག་སྤོས་པ་ཡིན་ཞེས་གྲགས། ནོས་ཁྲོས་ཀྱི་ཕྱག་ལས་ཅུང་རྒྱས་པོ་ཞིག་ཁོ་བོས་གཞན་དུ་བྲིས་ཟིན་པས་འདིར་མ་བཀོད། ནོས་ཁྲོན་གྱིས་སའི་གོ་ལ་རང་གི་འཁོར་བསྐྱོད་ལས་ས་གཞིའི་བཀོད་དབྱིབས་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་པའི་དགོངས་ཚུལ་བཏོན་ཞིང་། དེའང་སའི་གོ་ལ་རང་གི་རྟོག་བཏགས་ཚངས་ཐིག་གི་ཐོག་ནས་འཁོར་བཞིན་ཡོད་པ་དང་། རྟོག་བཏགས་ཚངས་ཐིག་དེ་ལྷོ་བྱང་བརྒྱུད་ནས་འཁོར་བཞིན་ཡོད་སྟབས། གོ་ལའི་དཀྱིལ་ཐིག་ལས་འགྲོས་དལ་ཞིང་། གོ་ལའི་དཀྱིལ་ཐིག་དེ་ས་གཞི་སྤྱིའི་འཁོར་བསྐྱོད་ཆ་ཚང་བརྒྱུད་ནས་འཁོར་བཞིན་ཡོད་པས་འགྲོས་མྱུར་བར་བཤད་ཅིང་། རྐྱེན་དེས་སའི་གོ་ལའི་དཀྱིལ་ཐིག་གི་ཕྱོགས་ཅུང་ཟད་ཕྱི་ལ་འབུར་དོད་པའི་རྣམ་པ་དང་། ཚངས་ཐིག་གི་ཆ་ཅུང་མར་ལེབ་ལེབ་ཏུ་གྱུར་ཡོད་པའི་བསམ་འཆར་བཏོན་ཡོད། ལྟ་ཚུལ་དེ་བདེན་པ་ཞིག་ཡིན་ཚུལ་སྤྱི་ལོ༡༩༦༠རེ་གྲངས་ནང་། མིས་བཟོས་མཁའ་དབྱིངས་རྒྱུ་སྐར་གྱིས་སའི་གོ་ལའི་རྣམ་པ་ཆ་ཚང་པར་བརྒྱབ་ནས་ར་སྤྲོད་བྱུང་འདུག དུས་རབས་བཅོ་བརྒྱད་པའི་མཇུག་ནས་སའི་གོ་ལའི་ཆགས་བཀོད་ཀྱི་རྣམ་བཞག་ཐད་ལྟ་སྟངས་མི་འདྲ་བ་འཛིན་མཁན་གྱི་ཤོག་ཁག་ཆེན་པོ་གཉིས་བྱུང་བ་ལས། གཅིག་ནི་སྐར་མ་མཚོ་རྒྱལ(Neptunists)རང་ལུགས་པ་ཡིན་ལ། གྲུབ་མཐའ་འདི་ལྟར་ན་སའི་གོ་ལའི་དཀྱིལ་སྙིང་ནི་ཆུས་ཡོངས་སུ་བཀང་ནས་ཡོད་པ་དང་། གོ་ལའི་ཕྱི་ངོས་ཀྱི་རི་བྲག་སོགས་ནི་གནའ་བོའི་དམ་ཆོས་ལས་བཤད་པའི་ཆུའི་འཇིག་པ་ཆེན་པོའི་སྐབས་ནས་བྱུང་བ་ཞིག་ཡིན་པ་དང་། དེ་ནས་བཟུང་སའི་གོ་ལའི་བཀོད་དབྱིབས་ལ་འགྱུར་བ་ཕལ་ཆེར་བྱུང་མ་མྱོང་བར་འདོད། གྲུབ་མཐའ་དེ་འདོད་མཁན་ཚོར་ས་དཔྱད་རིག་པའི་ལོ་རྒྱུས་ནང་། སྐར་མ་མཚོ་རྒྱལ་རང་ལུགས་པ་ཞེས་འབོད་ཅིང་། མིང་དེ་ནི་གནའ་བོའི་རོ་མན་གྱི་མཚོ་ལྷར་གྲགས་པ་སྐར་མ་མཚོ་རྒྱལ་གྱི་མིང་ལས་གྲས་ཏེ་ཐོགས་པ་ཞིག་རེད། གྲུབ་མཐའ་དེ་འདོད་མཁན་གྱི་མི་སྣ་གཙོ་བོའི་གྲས་ནི། འཇར་མན་གྱི་ས་དཔྱད་རིག་པ་བ་ཨ་བྷིར་ཧེམ་སྒ་ཁྲོབ་བི་ནར(Abraham Gottlob Werner 1749-1817)ཞེས་འབོད་དེ་ཉིད་ཡིན། གྲུབ་མཐའ་གཞན་པ་དེ་ནི་སྐར་མ་གཤིན་རྒྱལ་བ(The Plutonists)ཡིན། འདོད་ཚུལ་འདིའི་ལུགས་ལ་སའི་གོ་ལའི་དཀྱིལ་རྡོ་ཞུན་ལས་གྲུབ་པ། དེ་ཉིད་མེ་རིའི་རྣམ་པར་ཕྱིར་མཆེད་པ་ལས་རི་བྲག་གི་རྣམ་པ་བྱུང་བར་འདོད། འདོད་ཚུལ་འདི་ལྟར་ན་དང་བོ་སའི་གོ་ལ་འདི་ཁ་དོག་དཀར་ཞིང་ཚ་ཤུགས་ཆེན་པོ། རྡོ་སྒོང་རིལ་བོ་ཞིག་ལས་གྲུབ་པ། ཚ་ཤུགས་རིམ་གྱིས་མར་བྲི་བ་དང་མཉམ་པོར་ལྗིད་ཤུགས། མེ་རི། ཆུ། ཚ་དྲོད་སོགས་རང་བཞིན་ནུས་རྩོལ་ལ་བརྟེན་ནས། ད་ལྟའི་ཆགས་བཀོད་ཀྱི་རྣམ་པ་འདི་བྱུང་བ་དང་། དེ་ལའང་དུས་ཡུན་ཤིན་ཏུ་རིང་བོ་ཞིག་བྱུང་ཡོད་པར་འདོད། ལྟ་ཚུལ་དེ་འདོད་མཁན་གཙོ་བོའི་གྲས་ནི། ལྗེམ་སི་ཧ་ཁྲོན(James Hutton 1726-1797)མཆོག་ཡིན། ཁོང་གི་ལྟ་ཚུལ་འདི་ལ་ཡོངསuniformitarianism ཞེས་བརྗོད་ཅིང་།

ཚན་རིག

Post navigation

Previous Post: དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཨ་རི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་གསུང་འཕྲིན་ཞིག་ཕུལ་བ།
Next Post: ཟླ་བཞི་བ་ཚེས་དུས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme