Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༅༅།། འབྲི་གུང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེ་མཆོག སྐུའི་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགའ་སྟོན་རྟེན་འབྲེལ་མཚོན་བྱེད་དུ་བརྗོད་པ་སྐལ་ལྡན་ཡིད་ཀྱི་དགའ་སྟོན་ཅེས་བྱ་བ།།

Posted on 2017-04-082017-04-18 By རྔ་བ་རྒྱལ་ཁམས་པ 9 Comments on ༅༅།། འབྲི་གུང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེ་མཆོག སྐུའི་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགའ་སྟོན་རྟེན་འབྲེལ་མཚོན་བྱེད་དུ་བརྗོད་པ་སྐལ་ལྡན་ཡིད་ཀྱི་དགའ་སྟོན་ཅེས་བྱ་བ།།

17807286_10209110343861287_4701897532459184253_o—རྔ་བ་རྒྱལ་ཁམས་པ།

འཇམ་དཔལ་མེ་ཏོག་འཛུམ་པའི་ཟེའུ་འབྲུ་ལ།།
དབྱངས་ཅན་སྦྲང་རྩི་འཁྱིལ་བའི་དགའ་སྟོན་གྱིས།།
སྙན་ཚིག་བུང་བ་གཞོན་ནུ་རོལ་བའི་མཚོ།།
སེམས་ཉིད་དག་པའི་རོལ་མོ་འདི་ན་དཀྲོལ།།
ལྷ་ཡི་ལྷ་མཆོག་དགའ་ལྡན་ཞིང་ཞིག་ནས།།
གཟིགས་པ་ལྔ་ཡིས་ལྷོ་རྒྱུད་འཛམ་གླིང་དུ།།
ཆོས་དང་འཇིག་རྟེན་མཛད་པ་སྣ་ཚོགས་ཀྱིས།།
བསྐལ་བཟང་རྣམ་འདྲེན་ཞིང་གི་མགོར་པོ་གྱུར།།
དེ་ཚེ་ལས་སྨོན་བཟང་བོའི་ཞིང་ས་ལ།།
བསོད་ནམས་མྱུ་གུ་ཐེབས་པའི་གངས་ཅན་པ།།
གཅིག་ལས་གཅིག་ལྷག་བྱུང་སྟེ་བྱང་ཕྱོགས་འདིར།།
འཕགས་པའི་ཤེས་རིག་སྤེལ་བའི་རྣམ་ཐར་མང་།།
ཁམས་ཞེས་གྲགས་པ་མཐོ་རིས་ལྷ་ཡི་གྲོང་།།
དཔའ་བོ་སྟག་སྡེ་ཆོས་འབྱོར་དཔལ་གྱིས་ཕྱུག།
འབྲོང་སྨད་སྐྱིད་གཤོངས་གཞི་ལ་མཚན་དཔེ་ནི།།
ལྟ་བས་མི་ངོམས་ལྷ་ཡི་སྲས་པོ་བཞིན།།
དེ་ཚེ་ཆོས་ཀྱི་སྤྱན་ལྡན་དྲང་སྲོང་དག།
བསྟན་འགྲོ་བདེ་བའི་དཔལ་བསྐྱེད་ལས་སྨོན་གྱི།།
སྐལ་བཟང་དག་པའི་ཁྱེའུར་སྣང་ངོ་ཞེས།།
དགྱེས་འཛུམ་དགེ་བའི་མེ་ཏོག་ཅིར་ཡང་འཐོར།།
དཔལ་གྱི་ཆོས་སྡེ་ལྷོ་རོང་ནགས་མའི་ལྗོངས།།
འགྲིམས་པའི་སེང་ཕྲུག་རྩལ་ཆེན་མ་རྫོགས་ཀྱང་།།
ཆོས་ཀྱི་ཁྲི་ལ་རྡོ་རྗེའི་སློབ་དཔོན་གྱི།།
གཡུ་རལ་ཆུང་ངུའི་དུས་ནས་གསིག་དགོས་བྱུང་།།
མདོ་རྒྱུད་ཤེས་རིག་ནམ་མཁའི་དཀྱིལ་འཁོར་ནང་།།
འཇུག་ཚེ་ངལ་བ་ཆེས་ཆེར་མ་བསྟེན་ཀྱང་།།
ངོ་མཚར་བློ་གྲོས་ཉི་ཟླའི་རང་འགྲོས་ཀྱིས།།
འཁོར་འདས་གསལ་བ་ཁྱོད་ཀྱི་ངང་ཚུལ་ལགས།།
གཙུག་ལག་རིག་པའི་སྤོས་ཀྱི་རྫིང་བུ་ལ།།
བློ་གསར་ངང་ཕྲུག་རྐྱལ་རྩལ་སྦྱོང་བའི་དུས།།
ནག་ཕྱོགས་ཀླ་ཀློའི་སྲིན་ལག་རྣོན་པོ་ཡིས།།
བསྟན་འགྲོའི་བདེ་རྩ་བཅད་པའི་ཝོ་བརྒྱལ་ལྕི།།
བླ་དཔོན་ཆེ་དགུ་ཤར་ཕྱོགས་ཉི་མའི་ཁབ།།
གངས་རིའི་བླ་སྲོག་རྩོད་པའི་ཟློས་གར་ནང་།།
ཙི་ནའི་དམག་བདག་སྤྱང་ལྟོགས་ཧོ་ལོང་གིས།།
གཡོ་སྒྱུའི་ལྕེ་ཞགས་འཕངས་པ་ཁྱོད་ཀྱིས་གཟིགས།།
སྲིད་གསུམ་མི་རྟག་སྟོན་ཁའི་སྨུག་སྤྲིན་ནང་།།
འོད་དཀར་འཇུ་ཐག་འཚོལ་བའི་རྣལ་འབྱོར་པ།།
འཕགས་པའི་ཤེས་རིག་དར་བའི་རྒྱ་གར་དུ།།
ཞབས་རྗེས་རི་མོ་བཀོད་པ་ཨེ་མ་ཧོ།།
ཆ་རྒྱུས་མེད་པའི་རྒྱང་རིང་མི་ཡུལ་ནས།།
རང་ཉིད་བློས་བཏང་གཞན་དོན་ཁུར་འཁྱེར་གྱི།།
རྒྱལ་སྲས་མཛད་འཕྲིན་བསྡུ་བཞིའི་དཔལ་ཡོན་གྱིས།།
སྲི་ཞུའི་ལེགས་ཚོགས་བསྟན་འགྲོའི་བདེ་རྩ་བཞེངས།།
ས་དགེ་བཀའ་རྙིང་མཁས་གྲུབ་གསེར་རིའི་ཕྲེང་།།
སྤྱི་བོའི་རྒྱན་བཀོད་མདོ་རྒྱུད་མན་ངག་དང་།།
སྒྲུབ་ཐབས་ལག་ལེན་གར་ཐིག་དབྱངས་ལ་སོགས།།
འཁྲུལ་མེད་བཞུགས་པ་རིན་ཆེན་གཏེར་མཛོད་འདྲ།།
སྲིད་པ་འཇིག་རྟེན་ལུགས་ཀྱི་མི་ཆོས་དང་།།
ཞི་བ་མྱང་འདས་ལུགས་ཀྱི་ལྷ་ཆོས་བཅས།།
ལྟ་གྲུབ་གཙང་མའི་རང་ལུགས་འཛིན་མཚམས་སོགས།།
དུས་གསུམ་དུས་ཀྱི་ཆོས་ཉིད་ཁྱོད་ཀྱིས་མཁྱེན།།
བསྟན་པའི་གཞི་མ་འདུལ་བའི་ལག་ལེན་དུ། །
ཉེར་དགོངས་དཀའ་སྤྱད་འབད་བརྩོན་དུ་མ་ལས།།
ཆོས་རྒྱུད་ཕལ་གྱི་མཁན་ཆེན་འབྲུག་འདྲ་དག།
མཉམ་འཛོམས་དབྱར་གནས་གཞི་བཞེངས་ཁྱོད་ཀྱིས་མཛད།།
སྙན་པའི་གྲགས་པ་འཕགས་བོད་ཞིང་ཁམས་སུ།།
གནའ་ནས་མ་རྙིང་ཁུ་ནུ་བླ་མའི་དྲུང་།།
རིག་གནས་ཆེ་ཆུང་གསར་རྙིང་གདམ་པའི་བཅུད།།
ཕལ་ཆེར་མྱོང་མཁན་ཁྱོད་ལས་སྐལ་ལྡན་སུ།།
སྤོམ་མདའ་མཁན་ཆེན་ཡོ་གེ་རིག་འཛིན་དང་།།
དིལ་མགོ་མཁྱེན་བརྩེ་སྨྱོ་ཤུལ་ཀ་ལི་སོགས།།
གནས་ལུགས་ནང་ནས་སད་པའི་རྟོགས་ལྡན་དག།
ཕལ་ཆེར་བླ་མ་ཁྱོད་ཀྱིས་སྐལ་བས་ཐོབ།།
ལུགས་གཉིས་མཁྱེན་པའི་སྤོབས་པ་གྲོལ་བ་ལ།།
སྒྲུབ་རྒྱུད་བསྟན་བདག་དཔལ་ལྡན་འབྲི་གུང་བས།།
“ལམ་མཁྱེན”ཞེས་བྱ་མཚན་གྱི་བྱིན་རླབས་ཀྱིས།།
ཆེས་ཆེར་བསྔགས་པ་གཟུར་གནས་གུས་བའི་རྒྱན།།
བྱེས་འབྱོར་ཡུལ་གྱར་འཚོ་གནས་ངེས་མེད་ལ།།
གཞིས་ཆགས་གསར་འཛུགས་ལས་བཟོ་བཀོད་སྒྲིག་དང་།།
སྡེ་དགོན་གསར་བཞེངས་སྐམ་པོའི་བྱེ་ཐང་དུ།།
ཆར་ཆུ་ཕབ་འདྲའི་བཀའ་དྲིན་སུ་ཡིས་ཚོར།།
འབྲི་རྒྱུད་གཞིས་བྱེས་དབུ་ལུས་ཁ་བྲལ་ཡང་།།
འབྲི་གུང་སྐྱབས་མགོན་ཆོས་ཀྱི་ཕོ་ཉ་རུ།།
ཁ་བའི་ལྗོངས་ཀུན་ཞབས་ཀྱིས་བཅགས་པ་ལས།།
འབྲུ་བསྟན་གསོ་བའི་ཁུར་ཆེན་ཁྱོད་ཀྱིས་བཞེས།།
ཐོས་བསམ་ལྟ་སྤྱོད་ལག་ལེན་སྒོམ་དང་འདྲིས།།
སྲིད་ཀྱི་གནད་གསང་རྐྱེན་པོའི་བློ་ཡིས་བརྟོལ།།
ཕྲ་ཞིབ་ལོ་རྒྱུས་སྨྲ་ལ་འགྲན་ཟླ་བྲལ།།
མགོན་ཁྱེད་བླ་མིང་གཞན་དང་བསྡུར་ཐབས་མེད།།
བླ་རྒྱུད་གསེར་རིའི་ཕྲེང་བའི་བྱིན་རླབས་ཀྱིས།།
ཡི་དམ་རིམ་གཉིས་རྣལ་འབྱོར་གདེང་ཐོབ་སྟེ།།
གྲུབ་གཉིས་རིག་སྟོང་ཌཱཀ་ཀིའི་འདུ་བ་ཅན།།
རྣལ་འབྱོར་དཔའ་བོའི་དབང་ཕྱུག་ལམ་ཆེན་པ།།
མཉམ་བཞག་ངང་ན་དམིགས་པའི་གཏད་སོ་ཞིག།
རྗེས་ཐོབ་སྣང་བ་འཇའ་ཟེར་ཐིག་ལེར་སྨིན།།
མཉམ་རྗེས་སྣང་སྟོང་འདྲེས་མའི་རྣལ་འབྱོར་ངང་།།
སྲིད་ཞིའི་མཁའ་སྤྱོད་འགྲིམ་པའི་ལམ་ཆེན་པ།།
གནས་ལུགས་ཕྱག་རྒྱ་ཆེན་པོའི་ཞིང་ཁམས་ནས།།
འོད་གསལ་རྫོགས་པ་ཆེན་པོའི་དོན་རྟོགས་ཏེ།།
བློས་བྱས་གྲུབ་མཐའ་ཕལ་ཆེར་ནང་ནས་ཞིག།
ཁྱོད་བཞུགས་སྒྲུབ་རྒྱུད་བསྟན་པ་གནས་པར་གོ།
འཆད་པ་གཞུང་ལུགས་མན་ངག་ནོར་བུའི་མཛོད།།
རྩོད་པ་དགག་སྒྲུབ་ལུང་རིགས་འཕྲུལ་ལྕེ་རྣོ།།
རྩོམ་པ་སྡེབ་ལེགས་འགྲིན་རྩ་གྲོལ་བའི་གསུང་།།
རྣམ་གསུམ་མཁས་པའི་བྱ་བ་ཁྱེད་ལ་མཛའ།།
རྒྱང་ནས་མཇལ་ན་བརྗིད་ཆགས་རྒྱལ་པོ་འདྲ།།
མདུན་དུ་བཅར་ན་སློབ་དཔོན་པདྨ་བཞིན།།
ཉེ་སར་བཅར་ན་བྱམས་ལྡན་ཕ་དང་མ།།
ལམ་ཆེན་བླ་མ་སྲིད་པའི་གངས་རྒན་ཞིག།
མཉེས་གཤིན་ཐུགས་ལ་རིགས་ཀྱི་འདུན་པ་ཟབ།།
སྐྱིད་སྡུག་གྲོས་ལ་ཕྱོགས་སྟོན་ཐབས་ཤེས་བཟང་།།
འཕྲུལ་མོ་ལུང་སྟོན་ཕྱག་རྩིས་བསླུ་བ་མེད།།
ལུས་ཁམས་འཚོ་བཅུད་སྨན་གྱི་རྟེན་འབྲེལ་དགོངས།།
བརྒྱད་ཅུར་ཕེབས་པ་བསྟན་འགྲོའི་རྒྱལ་ཁ་ཡིན།།
མུ་མཐུད་བཞུགས་རྒྱུ་བསྟན་འགྲོའི་རེ་སྨོན་ཡིན།།
བགྲེས་རྒུད་མེད་པར་སྐུ་བདེ་ཐུགས་སྤྲོའི་ངང་།།
ལྷོད་ལྷོད་བཞུགས་གནང་བླ་མ་རིན་པོ་ཆེ།།

ཞེས་འབྲི་གུང་པ་དཔལ་ལྡན་བླ་མ་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེ་མཆོག སྐུའི་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐལ་བཟང་དུས་སྟོན་དུ་མགོན་པོ་གང་གིས་ཐུགས་བརྩེས་སྐྱོང་བའི་སློབ་ཐ་རྔ་བ་རྒྱལ་ཁམས་པར་འབོད་པས་བོད་རྒྱལ་ལོ༢༡༤༤རབ་གནས་མེ་བྱ་ལོའི་ཟླ༤/༡༠རེས་གཟའ་ཕུར་བུ། འབྱུང་བ་མེ་རླུང་འཕྲོད་པས་སྟོབས་ཆེ་ཞིང་བསམ་དོན་འགྲུབ་པར་བཤད་པ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དུས་ཆེན་ཁྱད་པར་ཅན། སྤྱི་ལོ༢༠༡༧ལོའི་ཟླ༤ཚེས༦ཉིན་བྲིས་པ་དགེའོ།།

སྙན་ངག

Post navigation

Previous Post: ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ནག་ཉེས་གླེང་བ།
Next Post: རྡ་སའི་མཛེས་ལྗོངས།

Comments (9) on “༅༅།། འབྲི་གུང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེ་མཆོག སྐུའི་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགའ་སྟོན་རྟེན་འབྲེལ་མཚོན་བྱེད་དུ་བརྗོད་པ་སྐལ་ལྡན་ཡིད་ཀྱི་དགའ་སྟོན་ཅེས་བྱ་བ།།”

  1. གནམ་ལྕགས་རྡོ་རྗེ། says:
    2017-04-09 at 9:31 pm

    རྔ་བ་རྒྱལ་ཁམས་པས་སྙན་ལ་འཇེབས་པ་བྲིས་འདུག
    བླ་རྒན་དེས་བྲིས་པའི་ལོ་རྒྱུས་ཞིག་མཐོང་མྱོང་གནའ་བོའི་རྒྱལ་རབ་འབྲི་སྟང་འདྲ་བོ་ཚོར་བྱུང་།

  2. ཀླུ་སྨྱོན། says:
    2017-04-09 at 10:38 pm

    ཁོང་ལ་ཆ་རྒྱུས་གཞན་མེད་ཁོང་གི་ཨ་ར་ཕྲ་ཞིང་རིང་པོ་དེར་ཧ་ཅང་དགའ། དགུང་ལོ་དེ་ཙམ་མཐོན་པོ་ཡིན་པ་མ་ཤེས། སྐུ་ཚེ་བརྟན།

  3. སྟོབས་ཆེན། says:
    2017-04-10 at 7:38 am

    རིན་པོ་ཆེ་ཁོང་གིས་བྲིས་པའི་ལྡོང་འབྲོང་པའི་ལོ་རྒྱུས་དེབ་གཏེར་དེ་ཀློག་པ་ཡིན། ལོ་རྒྱུས་གཞན་དང་མ་འདྲ་བ་ཞིག་འདུག ཁོམ་པ་བྱུང་ན་ཐེངས་གཅིག་ཀློག་དང་རྒྱལ་རབས་ལ་གོ་བ་མི་འདྲ་བ་ཞིག་འདུག

  4. སྟོབས་ཆེན། says:
    2017-04-10 at 7:45 am

    ད་དུང་། བུད་མེད་རྩོམ་པ་པོ་འོད་ཟེར་གྱི་རྩོམ་ཡིག་ཐེ་ཝན་ནས་དཔར་བ་བོད་འགྱུར་དེའི་ནང་ལམ་མཁྱེན་རྒྱལ་པོའི་གཅུང་པོའི་མི་ཚེའི་བྱུང་རིམ་ཡ་མཚན་པ་ཞིག་བྲིས་འདུག་པས་དེ་གཉིས་བསྡོམས་ནས་གློག་བརྙན་ཞིག་བཟོས་ན་དཔེ་འདྲ་ཞིག་ཡོང་བ་འདུག

  5. ནུབ་ཕྱོགས་གངས་ཕྲུག says:
    2017-04-10 at 4:05 pm

    སྟོབས་ཆེན་ལགས། ལྡོང་འབྲོང་པའི་ལོ་རྒྱུས་ཀྱི་དེབ་དེ་ག་བ་རག་གི་རེད།

  6. རྔ་བ་རྒྱལ་ཁམས་པ says:
    2017-04-10 at 6:45 pm

    ལམ་མཁྱེན་རྒྱལ་པོའི་གསུང་འབུམ་དེ་སྔ་དཔར་སྐྲུན་བྱས་ཟིན་པ་པོད་ཆེན་བཞི་འདུག དེབ་དང་པོ་རྣམ་ཐར་ལོ་རྒྱུས་ཀྱི་སྐོར་དང་། གཉིས་པ། ལྡོང་འབྲོང་པའི་དེབ་ཐེར་སྨུག་པོ། (ཨེ་ཡིན) གསུམ་པ་དང་བཞི་བ། གདམས་ངག་ཟབ་ཁྲིད་ཀྱི་སྐོར་རེད། ཁོང་གི་གསུང་རྩོམ་འདི་དག་དེབ་ཀྱི་ཆེད་དུ་དེབ་རྩོམ་པ་ལྟ་བུ་ཞིག་མ་ཡིན་པར། ཡོངས་གྲགས་བསྐྱར་ཟློས་མ་བྱས་ཤིང་། ཡོངས་སུ་མ་གྲགས་པའི་སྐོར་རྩལ་དུ་བཏོན་ནས་གསུང་བཞག་པ་གསུང་སྒྲོས་བརྗེད་མི་རུང་བ་མང་བོ་འདུག རྣམ་ཐར་ལྟ་བུར་མཚོན་ན་ཁོང་གིས་མཛད་པའི་ཁུ་ནུ་བླ་མའི་རྣམ་ཐར། བླ་མ་དེ་ཉིད་ཀྱི་རྣམ་ཐར་ཁུངས་དག་ཤོས་དང་། ཁྱབ་རྒྱའང་ཤིན་ཏུ་ཆེན་པོར་འགྲོ་བཞིན་འདུག ཁོང་གི་གསུང་རྩོམ་ཕལ་ཆེར་ཞིག་ནང་ཆེན་བཀྲ་ཤིས་ཀྱི་གློག་རྡུལ་འཕྲུལ་དེབ་ཁང་ནས་ཀློག་ཐུབ་ཀྱི་ཡོད་པ་འདྲ། གྲོགས་པོ་ཚོ་ཕེབས་པར་དགའ་བསུ་ཞུ།

  7. སྟོབས་ཆེན། says:
    2017-04-10 at 9:27 pm

    ནུབ་ཕྱོགས་གངས་ཕྲུག་ལགས། དེབ་གཏེར་དེ་བཞིན་རྡ་སར་ཡོད་པའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་དཔར་སྐྲུན་བྱས་པ་ཡིན་འདུག་ཅིང་དེ་ནས་རག་གི་འདུག

  8. ནུབ་ཕྱོགས་གངས་ཕྲུག says:
    2017-04-10 at 9:47 pm

    བཀའ་དྲིན་ཆེ།

  9. ཆོས་ལྡན་དཔལ་མོ། says:
    2017-04-17 at 8:30 pm

    ལམ་ཆེན་མ་རེད། ལམ་མཁྱེན་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme