Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄། །སྔ་འགྱུར་བསྟན་པའི་སྒྲོན་མེ་རྗེས་སུ་དྲན་པ།

Posted on 2015-12-252015-12-25 By ཁ་བརྡ 1 Comment on ༄། །སྔ་འགྱུར་བསྟན་པའི་སྒྲོན་མེ་རྗེས་སུ་དྲན་པ།

unnamed-4—སློབ་དཔོན་བསོད་ནམས་དབང་ཆེན།

 
སྔ་འགྱུར་བསྟན་ལ་རྒྱལ་བ་ཀློང་ཆེན་པ།།
སླར་ཡང་བྱོན་དང་རྣམ་དབྱེར་མ་མཆིས་པའི།།
དྲིན་གྱི་ཟླ་མེད་ཆོས་རྗེ་གྲུབ་པའི་གཙོ།།
ངག་དབང་བློ་གྲོས་མཚུངས་པ་མེད་དེར་འདུད།།

ཁྱེད་ཞལ་མིག་གི་དཔལ་དུ་མ་གྱུར་ཀྱང་།།
གསུང་བཟང་རྣ་བའི་བཅུད་དུ་སྔར་ནས་སིམ།།
མི་ཕམ་ཤེས་རབ་རལ་གྲི་འབར་བའི་འོག།
དམ་པ་ཁྱེད་ནི་གླེགས་བམ་སྒམ་པོ་ཞིག།

གངས་ལྗོངས་མུན་པའི་རུམ་དུ་ཉལ་གྱུར་ཅིང་།།
རྒྱལ་བསྟན་རྙོགས་མ་ཅན་དུ་གྱུར་པའི་སྐབས།།
ཞུམས་པ་མེད་པའི་སྙིང་སྟོབས་གོ་གྱོན་ནས།།
ལྔ་རིག་སྒོ་བརྒྱའི་ལྡེ་མིག་ལྷན་དུ་ཕྱེས།།

ཉམས་རྟོགས་བུད་མེད་རུམ་ནས་རྒྱས་སོ་ཞེས།།
ངག་ངན་བསྟན་པའི་གཤེད་དུ་ཆས་པ་ན།།
མཁན་ཆེན་ཡིད་བཞིན་ནོར་བུ་ཀེ་ཏ་ཀས།།
གསང་ཆེན་འོད་སྐུའི་ཆུ་མགོ་བགྲུང་བར་བྱས།།

དུས་དེར་ཁྱེད་ཐུགས་མཚོ་ཆེན་ཟབ་དྲགས་པས།།
མཁས་གྲུབ་ཀླུ་དབང་ཚོགས་ཀྱང་དགའ་བཞིན་འདུད།།
ཆོས་རིག་བསམ་འཕེལ་ནོར་བུའི་དགའ་སྟོན་གྱིས།།
ཤར་ནུབ་ཁྱོན་ཀུན་ཁྱབ་པར་གྱུར་ཅེས་གྲགས།།

འཇམ་དབྱངས་རལ་གྲི་ཅན་ཞིག་མ་ཡིན་ལ།།
དབྱངས་ཅན་པི་ཝང་སྒྲ་ལ་མ་མ་ཆགས་ཀྱང་།།
དམར་སེར་ངུར་སྨྲིག་འཆང་བའི་དགེ་སྦྱོང་ཆེ།།
གདམས་ཟབ་དབྱངས་སུ་འགུགས་མཁས་ཁྱེད་ཁོ་ན།།

བདག་གི་རྒྱལ་ཚབ་དམ་པ་འདི་འོ་ཞེས།།
སྙིང་གཏམ་སྤྲིན་གྱི་རོལ་མོ་མཁའ་ལ་ལྡིང་།།
དུས་དེར་རྫུན་དུ་ཞུགས་པའི་ཆོམ་པོ་ཀུན།།
སྨྲ་བ་མེད་པའི་བརྟུལ་ཞུགས་ལྷན་དུ་བཟུང་།།

མཁན་ཆེན་སེངྒེའི་རལ་པ་བོད་དུ་ཟིང་།།
གྲུབ་དབང་རྒྱ་སྟག་རི་མོ་འཕགས་ཡུལ་བཀྲ།།
སྐྱེས་ཆེན་སྟག་སེང་མཇིང་པ་བསྣོལ་དུས་དེར།།
སྔ་འགྱུར་བ་ཡི་མགོ་འཕང་དགུང་དང་མཉམ།།

ད་ནི་དམ་པའི་རྣམ་ཐར་སྨྲེང་བཞིན་གླེང་།།
དུས་མཆོད་མིག་ཆུས་བསུ་ཞིང་མིག་ཆུས་སྐྱེལ།།
མི་ངན་ན་སོ་གཞོན་པའི་ཉེར་ལེན་གྱིས།།
གྱང་ཁོག་སྟོང་པས་བཤུ་གླུ་ཀྱུར་རེར་ལུས།།

ཁྱེད་ལ་བསྟོད་པའི་སྙན་ངག་འབྲི་དགོས་ཚེ།།
སྡེ་གསུམ་ཚིག་མཛོད་བྱས་ཀྱང་མ་འདང་ཐལ།།
དེས་ན་སྔ་འགྱུར་བསྟན་པའི་སྒྲོན་མེ་ཞེས།།
བློ་བདེའི་ངང་ནས་བོས་ཏེ་འཐུས་པར་བྱས།།

དེང་འདིར་ཡིད་བཞིན་ནོར་བུ་ཞེས་གྲགས་པའི།།
གསུང་སྐྱེས་སློབ་མ་ཉི་ཟླ་ཟུང་གཅིག་གིས།།
འཛམ་གླིང་འོད་དང་ལྡན་པར་བྱས་པ་འདིས།།
བསྟན་པའི་སྐྱེད་ཚལ་མདངས་དང་ལྡན་ལགས་ན།།

དམ་པ་ཁྱེད་ཉིད་བདེ་ལྡན་དག་པའི་ཞིང་།།
རང་སྣང་འཁོར་ཚོགས་རྒྱས་པའི་ཆོས་གྲྭ་དེར།།
མགོན་པོ་འོད་དཔག་མེད་དང་དབྱེར་མེད་དུ།།
བཞུགས་ནས་འགྲོ་ཀུན་བདེ་བའི་སར་ཕྱིན་མཛོད།།

24/ 12/ 2015/

སྙན་ངག

Post navigation

Previous Post: ༅༅།། སེམས་ཀྱི་རྡོ་རྗེའི་བསྟོད་འགྲེལ།
Next Post: ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་དྲན་སྙན་གྱི་མེ་ལོང་།

Comment (1) on “༄། །སྔ་འགྱུར་བསྟན་པའི་སྒྲོན་མེ་རྗེས་སུ་དྲན་པ།”

  1. བཙན་པོ། says:
    2015-12-28 at 12:46 am

    ཕ་རྒོད་པོ་ཤ་གཟན་ཞིག་ལ་བུ་ཁྭ་ཏ་སྐྱག་གཟན་ཞིག་ཟེར་བའི་དཔེ་བཞིན་མཚུངས་ཟླ་མེད་པའི་བླ་མ་བཀའ་དྲིན་འདིའི་ཤུལ་འཛིན་པ་ཚོ་ལ་ཡིད་ཆད་རབ་ཏུ་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme