Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་ཉེར་གཉིས་པ།

Posted on 2013-12-132013-12-17 By རྔ་བ་རྒྱལ་ཁམས་པ 1 Comment on ༄།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་ཉེར་གཉིས་པ།

རྔ་བ་རྒྱལ་ཁམས་པ།
མདོར་ན། ངས་རྒྱུན་པར་ཤར་ཕྱོགས་པ་ནི་ནང་སེམས་ཀྱི་འཇིག་རྟེན་གྱི་བདག་པོ་དང་། ནུབ་ཕྱོགས་པ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་བདག་པོ་ལྟ་བུ་ཡིན་པས། སྣོད་བཅུད་གཉིས་ཀྱི་དཔལ་ཡོན་ཞི་བདེའི་ངང་གོང་འཕེལ་དུ་འགྲོ་དགོས་ན། ཤར་ནུབ་ཀྱི་རིག་པ་གཉིས་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་གཉེན་སྒྲིག་བྱེད་དགོས་པར་འདོད། ཉིས་སྟོང་བཅུ་གསུམ་ཀྱི་ཟླ་ལྔ་བའི་ཚེས་བཅུའི་ཉིན། འཆར་ཅན་སྨན་ཁང་དུ་འགྲོ་སྐབས་དང་སྟབས་བསྟུན། ཛ་དྲག་ཉེན་སྐྱོབ་སྐབས་བུ་ལ་གཟིགས་སྐྱོང་གནས་མཁན་བོལ་ཁོ་ནོར་སྨན་ཁང་གི་སྨན་པ་སྨན་གཡོག་དང་བཅས་པར་ཐུགས་རྗེ་བཀའ་དྲིན་འཇལ་ཆེད། ཁ་བཏགས་སེར་ཆེན་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོར་ཤིས་ཚིག་གི་མཐའ་རྒྱན་ཅན་གཅིག་དང་། དེང་རབས་བུད་མེད་ཚོ་དགའ་མོས་ཆེ་བའི་ལག་འཛིན་ཁུག་མ་སྨུག་པོ་གཅིག མངར་ཟས་སྒམ་ཆེན་གཅིག་བཅས་བཟུང་ནས་དུས་བཏབ་པ་ལྟར་སྨན་ཁང་དེར་ཕྱིན། སྨན་ཁང་དེར་སྔོན་མ་ལྟར་མི་ཚོགས་ཀྱི་འདུ་ལོང་འཁྲིགས་པོ་འདུག དྲང་མོར་བཤད་ན་སྔོན་མར་ནད་ཀྱིས་གཟུར་ནས་སྨན་ཁང་འདིར་མ་འཛུལ་ཐུ་མེད་བྱུང་བ་རེད། ད་ལམ་ནད་དྲག་ནས་སྨན་ཁང་འདིར་རང་འགུལ་གྱིས་འཛུལ་བཞིན་པ་ཞིག་ཡིན་པས། སེམས་ཁ་དགའ་སྡུག་གི་མཐར་ལྷུང་དགོས་དོན་དེ་ཙམ་མེད་མོད། སྨན་ཁང་འདིའི་འཛུལ་སྒོར་བརྒལ་ཟིན་པ་ནས། སྣང་བ་འཇིགས་ཡེར་རེ། སེམས་པ་སྐྱོ་ལྷང་ངེར་ཕྱིན། ང་རང་བརྒྱུད་མྱོང་བའི་སྨན་ཁང་འདིའི་ནང་གི་རྩིག་ཟུར་རེ་རེ་དང་། ཁང་མིག་ཆེ་ཕྲ་ཚང་མ་སླར་ཡང་སེམས་ངོགས་སུ་ཕྱིར་ལོག་བརྒྱབ། ངའི་ཆུང་མའི་བཞིན་ཉམས་ཅུང་འུར་ཞིང་། མིག་གཉིས་འགུལ་སྐྱོད་སྐྱེན་པོའི་རྣམ་འགྱུར་ལ་བསམས་ན། མོའི་སེམས་ན་སྐྱོ་སྣང་དང་སྤོབས་པ་གཉིས་འཚངས་ཀ་རྒྱག་བཞིན་པ་ཚོར་ཐུབ། ང་ཚོ་བྱིས་པའི་ཛ་དྲག་ཉེན་སྐྱོབ་སྡེ་ཚན་དུ་འབྱོར་འཕྲལ། ཞབས་འདེགས་མདུན་སྟེགས་ཀྱི་མི་ནག་བུད་མེད་དེར་ཡོང་དོན་བཤད། བུད་མེད་དེ་ང་ཚོས་མཐོང་མ་མྱོང་ལ། མོས་ཀྱང་ང་ཚོ་ངོ་ཤེས་ཀྱི་མི་འདུག ང་ཚོས་སྐད་ཆ་ཤོད་སྐབས་སྨན་གཡོག་མ་ཞིག་ཕེབས་ནས། ཞལ་ཅུང་འཛུམ་དམུལ་བཞིན་ངའི་བུའི་གདོང་ལ་བལྟ་ཞོར། ངོ་ཤེས་པའི་བརྡ་ཞིག་བསྟན་ནས་བུད་སོང་། ཞབས་འདེགས་བུད་མེད་དེས་ཁ་པར་བཏང་སྟེ། དྲི་རྨེད་ཐེངས་འགའ་བྱས་རྗེས་གསུངས་རྒྱུར། སྨན་པ་གཙོ་གཞོན་ད་ལྟ་ཚོགས་འདུར་ཕེབས་ནས་ཡིག་ཚང་དུ་བཞུགས་མི་འདུག ཁྱེད་ཚོ་ཆུ་ཚོད་ཕྱེད་ཀའི་རྗེས་སུ་ཕེབས་རོགས་གནང་ཟེར། ང་ཚོ་སྨན་ཁང་གི་ཕྱི་ལ་བུད་ནས་རྒྱ་གར་གྱི་མགྱོགས་ཟས་ཟ་ཁང་ཞིག་ཡོད་པ་དེ་ལས་ཉིན་གུང་གི་ཟ་མ་ཟོས། ཆུ་ཚོད་ཕྱེད་ཀ་ཡས་མས་ཤིག་གི་རྗེས། སླར་ཡང་སྨན་ཁང་དེར་ཕྱིན། སྣེ་ལེན་མས་བཀོད་པ་ལྟར། ངང་སྒུག་བསྟི་གནས་ཤིག་ཡོད་པ་དེར་སོང་ནས་བསྡད། སྐར་མ་ལྔ་ཡས་མས་ཤིག་གི་རྗེས། སྨན་གཙོ་གཞོན་མ་ལྕམ་སྐུ་ཁོལ་མན་མཆོག་ཕེབས་བྱུང་། མོའི་གཤིས་ཀ་འཇམ་ཞིང་། བརྩེ་སེམས་འཁྱིལ་བའི་ངོ་གདོང་ལས། ངུ་མ་འཛུམ་གྱི་མདངས་ཤིག་མངོན་བཞིན་ང་ཚོ་རེ་རེ་ལ་སྐེ་འཁྱུད་རེ་བྱས། ངའི་བུའི་མིང་ནས་བོས་ཏེ། བཀྲ་ཤིས། ཁྱོད་རང་བསམ་ཡུལ་ལས་འདས་པར་ཆགས་འདུག ཁྱེད་ཀྱི་མྱོང་ཚོར་ཅི་འདྲ་འདུག ཁྱོད་བདེ་བོ་ཡིན་ནམ། ཞེས་དྲིས། བུས་ལན་དུ་ངའི་ཚོར་སྣང་ཤིན་ཏུ་བཟང་། ང་ཡག་པོར་ཆགས་ཡོད། ཅེས་ལན་བཏབ། མོས་ང་ཚོར་མིག་གིས་ཧྲིག་ཧྲིག་གཟིགས་ཞོར། སྐུ་ཞབས་སྒུ་རིན་བོལ་ད་དུང་སླེབས་མ་སོང་ངམ། ཁོང་ད་ལྟ་ཡིག་ཚང་ན་བཞུགས་ཡོད། ངས་ཁོང་ལ་ཁ་པར་བཏང་སྟེ་ཁྱེད་ཚོ་སླེབས་འདུག་ཅེས་ཞུ་ཡོང་། ཞེས་ཕྱི་ལ་བུད་སོང་། རེ་ཞིག་ནས་སྨན་པ་གཙོ་གཞོན་གཉིས་ཀ་ཕེབས་སོང་། དེ་ནས་ངས་ཁ་བཏགས་སེར་ཆེན་རྟགས་བརྒྱད་ཀྱི་རི་མོ་ཅན་དེ་སྨན་གཙོ་མཆོག་གི་མགུལ་བར་སྐོན་བཞིན། འདི་ནི་ང་ཚོ་བོད་པའི་ལུགས་སྲོལ་སྐྱིད་སྡུག་གི་སེམས་ཚོར་མཚོན་པའི་མཇལ་དར་ཅིག་ཡིན། ཁྱེད་ཚོས་ངའི་བུ་ཆུང་ཉེན་སྐྱོབ་ཀྱི་ལས་རིམ་ནང་སྐུ་ངལ་མང་བོ་ཞིག་བསྐྱོན་གནང་སོང་། ཁྱེད་ཚོས་ངའི་བུ་ཆུང་སྲོག་ཉེན་ལས་བསྐྱབས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། སྨན་གཙོས་ཁ་བཏགས་ངོས་ཀྱི་རི་མོར་གཟིགས་ནས་འདི་དག་ཅི་ཞིག་ཡིན་ནམ་ཞེས་དྲིས་པ་ལྟར། ངས་མཇལ་དར་སྟེང་གི་རི་མོ་དང་། སྨོན་ཚིིག་ལ་འགྲེལ་བཤད་སྟབས་བདེ་ཞིག་བརྒྱབ། སྨན་གཙོས་མགུལ་བར་བསྒྲོན་པའི་ཁ་བཏགས་ལ་ཕྱག་གིས་ཡང་ཡང་བྱིལ་ཞིང་། སྤྱན་གྱིས་ཡང་ཡང་གཟིགས་ཚུལ་ལ་བལྟས་ན། དེ་ནི་ཁོང་གི་མི་ཚེའི་ནང་གི་མཚམས་རྟགས་དམིགས་བསལ་བ་ཞིག་ལ་ངོས་འཛིན་གནང་གིན་ཡོད་པ་སྨྲོས་མ་དགོས་པ་ཞིག་རེད། དེ་ནས་ངའི་ཆུང་མས་ལག་ཁུག་ཆུང་ཆུང་སེར་ནག་ཅིག་ཡོད་པ་དེ་བླངས་ནས། སྨན་གཞོན་མ་ལྕམ་སྐུ་ཁོལ་མན་མཆོག་ལ་ཕུལ། མོས་ལག་ཁུག་དེར་ནན་གྱིས་གཟིགས་ནས། འདོད་པ་ཚིམས་པ་ལྟ་བུའི་ཉམས་བཅས། ཐུགས་རྗེ་ཆེ་ཞེས་ངའི་ཆུང་མའི་མགུལ་ལ་ཡང་ཡང་འཁྱུད། དེ་ནས་གྲ་སྒྲིག་ཟིན་པའི་མངར་ཟས་སྒམ་གང་ཡོད་པ་དེ་ཁོང་གཉིས་ཀྱི་སྤྱན་སྔར་བཞག་སྟེ། འདི་ནི་སྨན་ཞབས་དང་ལས་བྱེད་ཐུན་མོང་ལ་ཕུལ་བ་ཡིན། ཁྱེད་རྣམ་གཉིས་ཀྱིས་ང་ཚོའི་སེམས་ཚོར་ཁོང་རྣམ་པར་འགྲེལ་བརྗོད་གནང་རོགས་གནང་། ཞེས་ཞུས་པས། ཁོང་གཉིས་ཀྱིས་དེ་ལུགས་ཡོང་བའི་དགོངས་བཞེས་གནང་། ང་ཚོས་མཉམ་པོར་དྲན་རྟེན་འདྲ་པར་ཁ་ཤས་བླངས། ཕན་ཚུན་ལག་འཇུ་དང་བདེ་འཚམས་ཀྱི་གྱེས་བརྡ་རེ་བཏང་རྗེས། ང་ཚོ་སླར་ཡང་སྐྲན་ནད་སྨན་ཁང་དུ་ཕྱིན། ང་ཚོ་སྨན་ཁང་དུ་འབྱོར་སྐབས། ཏག་ཏག་བུ་ལ་དབུགས་གཏོང་ལེན་བརྒྱུད་གཏོང་དགོས་པའི་སྨན་ཞིག་ཡོད་དེ་གཏོང་རན་པའི་དུས་ལ་སླེབས། ང་བུ་ཆུང་དང་ལྷན་དུ་ཁང་མིག་ཆུང་ངུ་དེའི་ནང་ཕྱིན། ཆུང་མ་འཕྲོད་བསྟེན་ཉེན་སྲུང་གི་སྐོར་དང་། གཞུག་མའི་སྨན་བཅོས་ཀྱི་འཆར་གཞིའི་ཐད། འབྲེལ་ཡོད་མི་སྣ་འགར་གཏུགས་འདུག་བྱེད་དུ་སོང་། བུ་ཆུང་ངེད་གཉིས་སྨན་གཏོང་སའི་ཁང་མིག་ཏུ་འཛུལ། བུ་མོ་ཆུང་ངུ་ལོ་བཅུ་བཞི་བཅོ་ལྔ་ཅན་ཞིག་ཀྱང་དེ་རུ་ཕེབས་འདུག མོ་ཅུང་ཡ་མཚན་པའི་ངང་། ཁྱེད་ཚོས་ཀྱང་དུས་ཚོད་འདིར་དུས་བཏབ་པ་ཡིན་ནམ། ཞེས་དྲིས་བྱུང་། ངས་ཡིན་ཞེས་ལན་བཏབ་པར། མོས་ཁྱད་མཚར་ང་ལའང་དུས་ཚོད་འདིའི་ཐོག་ཤོག་གསུང་བྱུང་། ཞེས་སྨྲས། གང་ལྟར་ཡང་། དེ་ལ་ཁྱད་པར་མི་འདུག ཁྱེད་ཚོ་སྔོན་མར་སོང་ན་འགྲིགས་ཞེས་གསུངས། སྐབས་དེར་ལས་མི་གཉིས་ཕེབས་ནས། སྨན་གཏོང་འཕྲུལ་ཆས་གཉིས་གྲ་སྒྲིག་གིས་ཁོང་གཉིས་ཀར་དུས་ཐོག་གཅིག་ཏུ་སྨན་བཏང་། སྨན་འདི་གཏོང་སྐབས་ནད་པ་དེ་བཞིན་རྒྱང་ཤིང་གིས་བརྒྱངས་པའི་སྟབས་བདེའི་ཆུ་ཤོག་གི་གུར་ཆུང་ཆུང་ཞིག་ཕུབ་པའི་ནང་བསྡད་རྗེས། སྲོག་རླུང་གཏོང་འཐེན་གྱི་ལྕགས་སྒྲོམ་ནར་མོ་རིང་ཐུང་འདོམ་གང་ཙམ་པ་ཞིག་གི་མགོ་ནས། འགྱིག་སྦུག་ནས་སོག་སྦོམ་པོའི་ཚད་ཙམ་ཞིག་ནད་པའི་ཁར་འཇུག འཕྲུལ་ཆས་དེའི་གློག་ཤུགས་འཛུབ་གནོན་མནན་པ་དང་ཆབས་ཅིག ལྡིར་སྒྲ་འཇམ་པོ་ཞིག་དང་བཅས་སྨན་ཆུ་ཁོག་པར་ཡར་རྔུབ་ཕྱིར་གཏོང་བྱེད། ནམ་རྒྱུན་ངའི་བུ་ཆུང་འགྱིར་གུར་ཆུང་ངུ་དེའི་ནང་སྣ་གླུ་འདྲ་ཞིག་ལེན་ཞོར་མདུན་ངོས་ཀྱི་གཟུགས་མཐོང་བརྙན་འཕྲིན་ལ་བལྟ་བར་དགའ། དབུགས་རྔུབ་ཐེངས་ཅི་ཙམ་མང་བ་དེ་ཙམ་གྱིས་སྨན་ཆུ་དེ་རྫོགས་མྱུར། སྨན་བཅོས་འདིར་ནམ་རྒྱུན་ཆུ་ཚོད་ཕྱེད་ཀ་ལྷག་འགོར་གྱིན་ཡོད། དགོང་གྲོའི་ཆུ་ཚོད་བཞི་ལ་སླེབས་ཉེར་སྨན་དེ་བཏང་ཚར། ངེད་གཉིས་ཀྱིས་སྨན་ཞབས་དེར་ཐུགས་རྗེ་ཆེ་ཞུས་ནས། ཕྱིར་ངང་སྒུག་བར་ཁྱམས་སུ་ཡོང་སྐབས། ཆུང་མས་བཅའ་དངོས་ཚང་མ་བསྡུ་གསོག་བརྒྱབ་སྟེ། ཏག་ཏག་འགྲོ་སྟ་གོན་བྱས་འདུག ཆུང་མས་རྒྱུན་ལྡན་ལྟར་ཁྱེད་གཉིས་གསང་སྤྱོད་དུ་ཕྱིན་ནས། ལག་པ་གཙང་མར་ཁྲུས། གཅིན་སྐྱག་གཏོང་དགོས་ན་ཐོངས་མ་གཏོགས། ད་ལྟ་ལས་ཀ་གྲོལ་ཉེར་སླེབས་པས་ལམ་བར་དུ་འཚངས་ཁ་ཆེན་པོ་ཡོད་ངེས་ཟེར། ངེད་གཉིས་ཀྱིས་ཀྱང་དེ་ལྟར་གྲུབ་རྗེས། གློག་སྐས་བརྒྱུད་འོག་ཤོད་ཀྱི་རླངས་འཁོར་འཇོག་སར་སོང་སྟེ། རྒྱུན་ལྡན་འཇར་པན་ཚོང་ཁྲོམ་གྱི་ཕྱོགས་སུ་བསྐྱོད། ངའི་བུས་མེ་ཙོ་བ་ཞེས་པའི་ཟ་ཁང་ལས་ཕག་ཤ་ནུར་བོའི་བྱེ་ཐུག་ཅིག་ཟ་ཚར་རྗེས། འགྲོ་གོམས་སུ་སོང་ཡོད་པའི་གློག་ཆས་རིགས་དང་། མེ་མདའ་རྫུན་མ་བཙོང་སའི་འཇར་པན་གྱི་ཚོང་ཁང་ཆུང་ངུར་དེར་སོང་། བུ་ཆུང་གིས་མེ་མདའ་རིང་ཐུང་ཁ་ཤས་ཤིག་ལ་ཚོད་ལྟ་བྱས། ངས་མེ་མདའ་དེ་དག་གི་བཟོ་རྟགས་བྱང་བུའི་ཐོག་ལོ་བཅོ་བརྒྱད་མན་ཆད་ཀྱིས་བེད་སྤྱོད་གཏོང་མི་ཆོག་པ་དང་། ཉེན་ཁ་ཆེན་པོ་ཡོད་པའི་ཉེན་བརྡའི་ཡི་གེ་དག་བུ་ཆུང་ལ་བསྟན། ཁོས་ཉེན་བརྡ་དེ་དག་ཕྲུ་གུ་སེམས་མི་ཤེས་མཁན་ཚོར་སྨྲས་པ་ཞིག་རེད། ང་ནི་མོ་ཆལ་ཡིན་པས་སྐྱོན་མེད་ཟེར། ངས་བུ་ལ་ཁྱོད་ཀྱིས་བསྟད་མོར་བལྟས་ན་འགྲིགས། འོན་ཀྱང་ཉོ་མི་ཆོག ཁྱོད་ལ་རྩེད་ཆས་མང་དྲགས་ཡོད། མེ་མདའ་གཅིག་པུ་རིང་ཐུང་བཅུ་གྲངས་ཤིག་ཡོད། ཁྱོད་ཀྱི་རྩེད་ཆས་རྣམས་ངས་བདག་ཉར་ཡང་བྱེད་ཐུབ་ཀྱི་མི་འདུག ཁྱོད་ཀྱིས་རྩེད་ཆས་འདི་འདྲའི་ཐོག་དངུལ་འཕྲོ་བརླག་གཏོང་བ་ལས། གློག་རྡུལ་འཕྲུལ་དེབ་དང་། གློག་ཀླད་སྤུས་ཀ་ཡག་པོ་ཅན། དཔེ་དེབ་སོགས་ཉོས་ན་རྒྱུན་མར་བེད་སྤྱོད་ཆེ་ཞིང་། སློབ་གཉེར་ཡར་ཐོན་གྱི་ཐད་ཕན་ཡོན་ཆེན་པོ་འབྱུང་ངེས། ཞེས་བཤད་པར། ཁོས་འཛུམ་ཅུང་དམུལ་བཞིན་མིག་གཉིས་ངའི་གདོང་བར་ཅེར་ནས་འབྱེད་འཛུམ་ཐེངས་འགའ་བྱས་རྗེས། དེ་ཆོག་གི འོན་ཏེ། ལག་རྟགས་ཤོག་བྱང་དག་གིས་ཅི་ཞིག་ཉོས་དགོས་མིན་ངས་ཧ་གོ་ཡོད་ཟེར།

རྩོམ་རིག

Post navigation

Previous Post: ལྟ་བ་ནི་ཚེ་སྲོག་ལས་ཀྱང་གལ་ཆེ་བ་ཞིག་ཡིན།
Next Post: ཕ་ཡུལ་གྱི་བསླབ་བྱ།

Comment (1) on “༄།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་ཉེར་གཉིས་པ།”

  1. རུ་ཤུལ་བུ་ says:
    2013-12-13 at 11:46 pm

    ཁྱེད་ཀྱི་བུའི་ན་ཚ་དྲག་སྐྱེད་ཡོང་བར་སེམས་ནས་དགའ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme